སྐྱབས་རྗེ་༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་“ཧི་མ་ལའི་སྲོལ་རྒྱུན་རིག་གཞུང་དང་ཁོར་ཡུག་ཡར་རྒྱས་སྐོར་གྱི་”ཚོགས་འདུར་མཉམ་ཞུགས་ཀྱི་གནས་ཚུལ།

ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་ ༡༢ པའི་ཕྱི་ཚེས་ ༢༡ ཉིན་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་(“Dr YS Parmar University of Horticulture and Forestry Nauni ,Solan”) དུ།  “ ཧི་མ་ལ་ཡའི་ས་གནས་ས་ཐོག་གི་སྲོལ་རྒྱུན་རིག་གཞུང་དང་ཁོར་ཡུག་ལ་གནོད་རྐྱེན་མེད་པའི་འོག་ཡར་རྒྱས་གཏོང་ཕྱོགས་ཀྱི་འཐབ་ཇུས་” ཞེས་པར་དངོས་སུ་ཆེད་བཅར་གྱིས་གལ་གནད་གསུངས་བཤད་གནང་བ་དང་ཕྱོགས་སོ་སོའི་ཚོགས་ཞུགས་པ་ཕན་ཚུན་བར་བཀའ་མོལ་ལྷུག་པོ་གནང་ཡོད་པ་བཅས་དང་། 

དེ་བཞིན་དུ་ཐེངས་འདིའི་ཚོགས་ཐོག་ཏུ་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་བཅས་ཀྱི་་མཐོ་སློབ་ཆེ་ཁག་ནས་ཕེབས་པའི་མཐོ་རིམ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རྣམས་གཙོས་ཤེས་ཚད་རབ་ཏུ་འབར་བའི་མཁས་དབང་གང་མང་མཉམ་བཞུགས་འོག་ཉིན་གསུམ་གྱི་རིང་གི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་ཆེན་འདིའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་ཡོད་པ་དང་། རིན་པོ་ཆེ་མཆོག་གིས་མུ་ནས་རེབ་འདིའི་ཚོགས་ཆེན་དང་འབྲེལ་བའི་བཀའ་སློབ་ཟབ་མོ་གནང་ཡོད་པ་དང་།

མཇུག་མཐར་བཀའ་སློབ་ཡོངས་སུ་བདེ་བར་མཇུག་གྲུབ་རྗེས་ཚོགས་ཆེན་འདིར་དངོས་སུ་ཆེད་ཕེབས་གནང་བའི་ཐུགས་རྗེ་ལེགས་གསོལ་གྱི་ཕྱག་འཁྱེར་ཕུལ་ཡོད་པ་བཅས་ཀྱི་གནས་བསྡུས་སོ། །

གནས་ཚུལ་མཁོ་འདོན་པ་ཟླ་བ་བསྟན་འཛིན།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow