༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བས་ཤེས་རབ་སྨྲ་བའི་སེང་གེའི་བཀའ་དབང་བསྩལ་བ།

དེ་ཡང་ཐེངས་འདི་ཡི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་མཆོད་དང་འབྲེལ་བའི་གནས་ཚུལ་ཞིབ་པ་སྔོན་བསྒྲགས་བཞིན། དེ་རིང་སྟེ། བོད་ཟླ་༠༡པའི་བོད་ཚེས་༣༠ཉིན་ནི་གདན་ས་ཆེན་མོ་དཔལ་གཤེན་བསྟན་༢སྨན་རིའི་གླིང་གི་སྐབས་༤༣པའི་ཤེས་རབ་སྨྲ་སེང་གི་སྒྲུབ་པ་འཚོགས་པའི་ཉིན་མཐའ་མར་འཁེལ་ཡོད་པ་དང་། 

དེ་རིང་ཞོགས་པའི་ཆུ་ཚོད་དྲུག་པ་ནས་རྗེ་རིན་པོ་ཆེ་༧མཉམ་མེད་ཆེན་པོའི་བླ་སྒྲུབ་དང་། ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་གཞུང་སོགས་སྦྲགས་ཏེ་གཏང་རག་གི་ཚོགས་འཁོར་རྒྱས་འབུལ་གྲུབ་རྗེས། སྔ་དྲོའི་ཕྱག་ཚོད་༩/༣༠ཐོག་འཆར་ཅན་ལྟར། ༧ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་༣༤པ་དཔལ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ནས་བོན་གཞིས་སེར་སྐྱ་མི་མང་ཡོངས་དང་།

ཕྱི་གླིང་གི་ཡུལ་གྲུ་ཁག་ནས་ཆེད་བཅར་གནང་བའི་དད་ལྡན་རྣམས་དང་། དེ་བཞིན་ས་གནས་སློབ་ཕྲུག་བཅས་ལ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་གཞུང་དང་གཡུང་དྲུང་ཚེ་དཔག་མེད་ཀྱི་ཚེ་སྒྲུབ་དང་བཅས་པའི་བཀའ་དབང་ཟབ་མོའི་བཀའ་དྲིན་བླ་མེད་ཆེ་ཆེར་བསྐྱངས་གནང་བའི་གནས་བསྡུས་སུ་ཕུལ་བ་ལགས་སོ། །

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow