༼བོན་སྒོ༽རྩོམ་སྒྲིག་ཚོགས་མི་གསར་དུ་བསྐོས་པའི་སྐོར།

<<བོན་སྒོ་>>ཞེས་པའི་ལོ་དེབ་ནི་བོན་གྱི་སྤྱི་ཚོགས་ཙམ་ལས་བརྒལ་ཏེ་རྒྱལ་ཕྱི་ནང་གི་ལོ་རྒྱུས་སྨྲ་བ་སོགས་བོད་ཀྱི་ཤེས་རིག་ལ་དོ་དབྱིངས་དང་ཉམས་ཞིབ་གནང་མཁན་ཕལ་མོ་ཆེ་ལ་ངོ་སྤྲོད་མི་དགོས་པའི་མཚན་སྙན་ཆེ་བའི་ལོ་དེབ་སྔ་གྲས་ཤིག་ཡིན་ལ། དེ་ཡང་ཕྱི་ལོ་ ༡༩༨༧ ལོར་ཐོག་མར་དབུ་བརྩམས་པ་ནས་རིམ་བཞིན་ནར་སོན་ཏེ་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་“བོན་སྒོ་རྩོམ་སྒྲིག་ཁང་”གི་རྩོམ་སྒྲིག་ཚོགས་མི་མང་པོ་ཞིག་གིས་སྔ་ཕྱིར་དཀའ་བ་ཁྱད་བསད་ཀྱིས་རྩོམ་སྒྲིག་དང་འགྲེམས་སྤེལ་ཞུས་གནང་ཞིང་། ཕྱི་ལོ་ ༢༠༡༤ ལོའི་ལོ་དེབ་<<བོན་སྒོ་>>འདོན་ཐེངས་ ༢༧ པའི་བར་འགྲེམས་སྤེལ་གནང་ཡོད།

      དེ་ལྟ་བུའི་གལ་ཆེའི་རང་བཞིན་ལྡན་པའི་<<བོན་སྒོ་>>ལོ་དེབ་དེ་ཉིད་འདོན་སྤེལ་མ་ཐུབ་ནས་ལོ་གང་འཚམས་རིང་ལྷག་ལུས་ཕྱིན་པས་ལྷག་བསམ་དང་ཐུགས་སྣང་ཅན་མང་པོས་སྐོམ་པ་ཆུ་འདོད་ལྟར་སླར་ཡང་རེ་སྒུག་བྱས་དང་བྱེད་བཞིན་ཡོད་པ་སྨོས་མེད་ཡིན་ལ། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གིས་ཀྱང་སྔ་ཕྱིར་ཐེངས་མང་པོར་<<བོན་སྒོ་>>ལོ་དེབ་བསྐྱར་གསོའི་ཐབས་ལམ་དང་གསུངས་སྐུལ་ནན་གནང་མཛད་ཡོད། ཉེ་ལམ་བོད་ཆུ་ཡོས་ལོའི་ཟླ་བ་གཉིས་པའི་ཚེས་གཅིག་ཉིན་ཏེ། སྤྱི་ལོ་ ༢༠༢༣ ལོ་ཟླ ༣ ཚེས་ ༢༢ ཉིན་༧དཔལ་ལྡན་སྨན་རིའི་བླ་བྲང་ནས། དགེ་བཤེས་གཡུང་དྲུང་སྐལ་བཟང་ལགས་<<བོན་སྒོ་>>ལོ་དེབ་ཀྱི་གཙོ་འགན་རྩོམ་སྒྲིག་པ་གསར་དུ་བསྐོས་ཤིང་། དེ་མཚུངས་བཀའ་རམས་པ་གཙུག་ཕུད་འཇིགས་མེད་དང་། སློབ་གཉེར་བ་སྐལ་བཟང་ཉི་མ། སློབ་གཉེར་བ་མཁས་གྲུབ་རིན་ཆེན་བཅས་རྩོམ་སྒྲིག་ཚོགས་མིར་བསྐོ་བཞག་མཛད་དེ། <<བོན་སྒོ་>>རྩོམ་སྒྲིག་ཚོགས་པ་སྐྱར་འཛུགས་ཐུབ་ཡོད་པ་དང་། ༧དཔོན་གསས་བླ་མ་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་ཀྱང་། སླད་ཕྱིན་ལོ་དེབ་དུས་ཐོག་ཏུ་འདོན་སྤེལ་མཛད་དགོས་ཚུལ་སོགས་རྩོམ་སྒྲིག་ཚོགས་མི་རྣམས་ལ་རྩོམ་སྒྲིག་གི་ལས་དོན་བྱ་ཕྱོགས་སྐོར་ལམ་སྟོན་བཀའ་སློབ་ལྷུག་པོར་གནང་ཞིང་། ཁོང་རྣམ་པས་ཀྱང་རིང་མིན་ལོ་དེབ་རྩོམ་སྒྲིག་གི་ལས་དོན་གཉེར་འཆར་ཡོད་འདུག་པ་བཅས་ཀྱི་གནས་བསྡུས་སུ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow