གསོན་གཤིན་སྤྱི་དང་བྱེ་བྲག་འབྲེལ་འཇོག་བྱུང་རིགས་ཀྱི་དགེ་རྩར་དམིགས་ཏེ་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ཤིང་གནས་སྦྱང་ཉི་ཟེར་ཞགས་པའི་བྱང་ཆེན་དང་གསུར་སྦྱིན་སོགས་གནང་བ།

དེ་ཡང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་འདིར། ༸སྐྱབས་རྗེ་ཞིང་གཤེགས་དམ་པ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་ནས་བཀའ་བཀོད་གནང་བ་བཞིན། དགོན་པ་གྲྭ་ཚང་སྤྱི་དང་། སྨན་རིའི་བླ་བྲང་སོགས་ལ་རྒྱལ་ཕྱི་ནང་གི་དད་ལྡན་དུ་མ་ཞིག་ནས་རྒྱུན་དུ་སྐྱབས་རྟེན་བསྔོ་འབྲེལ་མི་ཉུང་བ་ཞིག་ཕུལ་དང་འབུལ་བཞིན་པ་དེ་དག་ལ་དུས་ནས་དུས་སུ་སྨན་རིའི་བླ་བྲང་དུ་། སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་བྱང་བུ་དང་གསུར་བསྔོ་སོགས་གནང་དང་གནང་མུས་ལགས་ནའང་།

ཆེད་དམིགས་ཀྱིས་ལོ་རེའི་བོད་ཟླ་ ༦ པའི་ཚེས་པ་ ༡༤ དང་ ༡༥ སྟེ་ཉིན་གཉིས་ཀྱི་རིང་། གྲྭ་ཚང་འདུས་མང་ཡོངས་ནས་རྒྱལ་བ་བྲུ་ཡི་རིང་ལུགས་ཀྱི་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཚོགས་མཆོད་རྒྱས་འབུལ་དང་། གྲྭ་ཚང་གཉེར་པས་ཀྱང་སྔ་ཕྱིར་བསྔོ་སྨོན་འབྲེལ་རྟེན་བྱུང་རིགས་ཐམས་ཅད་ཀྱི་མིང་བྱང་ཆད་ལུས་མེད་པར་༸སྐྱབས་རྗེ་མཁན་སློབ་རྣམ་པར་གཟིགས་འབུལ་ཞུས་ཐོག གནས་སྦྱང་ཉི་ཟེར་ཞགས་པའི་བྱང་ཆེན་དང་།  ཚེ་འདས་ཟས་སྦྱིན་གྱི་གསུར་བསྔོ་ལས་སོགས་དགེ་རྩ་བླ་ན་མེད་པར་གནང་བའི་ལམ་སྲོལ་བཟང་པོ་སྔར་ཡོད་ལྟར།

འདི་ལོར་ཡང་ཁ་རྩང་དང་དེ་རིང་སྟེ་བོད་ཆུ་ཡོས་ལོའི་བོད་ཟླ་ ༦ པའི་ཚེས་པ་ ༡༤ དང་ ༡༥ ཉིན་གཉིས་ཀྱི་རིང་རྒྱལ་བ་སྨན་རིའི་གྲྭ་ཚང་དང་། བཙུན་དགོན་རདྣ་སྨན་གླིང་གཉིས་ནས་ཞི་ཁྲོའི་ཚོགས་མཆོད་རྒྱས་འབུལ་དང་། གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དབུ་བཞུགས་ཀྱིས་གནས་སྦྱང་ཉི་ཟེར་ཞགས་པའི་བྱང་ཆེན་བཞུས་ཡོད་པ་དང་། དེ་བཞིན་བསྔོ་བ་བདེ་ལེགས་མ་དང་། གསུར་སྦྱིན་ལ་སོགས་སྔར་སྲོལ་བཞིན་གནང་ཡོད་པའི་གནས་བསྡུས་སུ། གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow