གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ལས་བོད་ཆུ་ཡོས་ལོའི་བོད་ཟླ་བདུན་པའི་བགྲོ་གླེང་།

དེ་ཡང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དགོས་དགེ་དུ་མ་ཞིག་ལ་དམིགས་ནས། འཆར་ཅན་ལྟར་ཟླ་རེར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ཞེས་བཤད་ཁྲིད་གླེང་སྟེགས་ཆེན་མོ་ཞིག་གཏན་འབེབ་གནང་བ་བཞིན། གཏམ་བཤད་ཀྱི་བརྗོད་གཞི་སློབ་གཉེར་བ་སོ་སོའི་རང་མོས་ལྟར་བདམ་ཐོག་དཔྱད་རྩོམ་སྤེལ་ཞིང་བགྲོ་གླེང་གནང་སྲོལ་ཡོད་པ་དང་། དེ་ཡང་ཚོགས་ཐེངས་རེར་གཏམ་བཤད་པ་འཛིན་གྲྭ་རྒན་གཞོན་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་རེ་དང་། མི་རེར་གཏམ་བཤད་ཀྱི་དུས་ཡུན་སྐར་མ་བཅོ་ལྔ་དང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་སྐར་མ་ ༡༥ རེ་གནང་དང་གནང་མུས་ལྟར།

དེ་རིང་གཤེན་གྱི་འབྱུང་ལྡན་ ༣༠༡ སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༠ ༨ པའི་སྤྱི་ཚེས་ ༡༨ དང་། བོད་ཟླ་ ༠༧ པའི་བོད་ཚེས་ ༠༡ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༠༥ དང་ཕྱེད་ཀའི་ཐོག ༸ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག  སྨན་རིའི་རྫོགས་ཆེན་སྒོམ་སྒྲུབ་གླིང་གི་སློབ་དཔོན་མཆོག བཤད་སྡེའི་དགེ་རྒན་རྣམ་པ། དེ་བཞིན་བླ་གྲྭ་དགེ་བཤེས་གང་མང་མཉམ་ཞུགས་ཀྱིས་རིག་གནས་འགན་འཛིན་ཁྲི་གཙུག་རྣམ་རྒྱལ་གྱི་གཙོ་སྐྱོང་འོག གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བོད་ཆུ་ཡོས་ལོའི་བོད་ཟླ་བ་ ༧པའི་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་དང་།

བཀའ་རམས་པ་གཡུང་དྲུང་འཕྲིན་ལས་ལགས་ཀྱིས་གནས་མཆོག་ཀོང་པོ་བོན་རིའི་་སྐོར་ལ་གཏམ་བཤད་གནང་བཞིན་པ།

དེ་ཡང་གཏམ་བཤད་པ་དང་པོ་བཀའ་རམས་པ་གཡུང་དྲུང་འཕྲིན་ལས་ལགས་ཀྱིས་《གནས་མཆོག་ཀོང་པོ་བོན་རིའི་སྐོར་》ཞེས་པའི་བརྗོད་གཞིའི་ཐོག དང་པོ། སྟོན་པའི་ནོར་ལ་བདུད་ཀྱིས་ཆོ་འཕྲུལ་བསྟན་ཚུལ་དང་སྟོན་པ་བོད་ཡུལ་དུ་ཞབས་བཅག་ཚུལ། གཉིས་པ། བདུད་རིགས་ཐམས་ཅད་ཐར་པའི་ལམ་ལ་བཀོད་ཚུལ། གསུམ་པ། གནས་མཆོག་ཀོང་པོ་བོན་རི་དེ་ཉིད་སྟོན་པས་བྱིན་གྱིས་རླབས་ཚུལ། བཞི་པ། ཕྱིས་སུ་བླ་མ་རྣམས་ཀྱིས་དགོན་པ་ཕྱག་བཏབ་ཚུལ་དང་བསྟན་པ་སྐྱོང་ཚུལ།བཅས་སྡེ་ཚན་བཞིའི་སྒོ་ནས་གཏམ་བཤད་དང་། དྲི་བ་དྲིས་ལན་གནང་ཡོད་པ་རེད།

སློབ་གཉེར་བ་བསོད་ནམས་ཉི་མ་ལགས་ཀྱིས་ན་བཟའ་གོས་དྲུག་ལས་སྟོད་གོས་སམ་སྟོད་འགག་གི་སྐོར་ལ་གཏམ་བཤད་གནང་བཞིན་པ།

དེ་རྗེས་རྫོགས་ཆེན་འཛིན་གྲྭའི་སློབ་གཉེར་བ་བསོད་ནམས་ཉི་མ་ལགས་ཀྱིས་《ན་བཟའ་གོས་དྲུག་ལས་སྟོད་གོས་སམ་སྟོད་འགག་གི་སྐོར་རགས་ཙམ་གླེང་བ》ཞེས་པའི་བརྗོད་གཞིའི་ཐོག ས་བཅད་དང་པོ། སྟོད་འགག་གི་བྱུང་ཁུངས་ངོས་འཛིན་ཚུལ་གྱི་སྐོར།  ས་བཅད་གཉིས་པ། སྟོད་གོས་བཟོ་བྱེད་ཀྱི་རྒྱུ་ཡི་ཁྱད་པར་དང་། དེའི་ཁ་དོག་གི་ཁྱད་པར་གཉིས་ཀྱི་སྐོར།  ས་བཅད་གསུམ་པ།  སྟོད་འགག་གི་དབྱིབས་ངོས་འཛིན་ཚུལ་གྱི་སྐོར།ས་བཅད་བཞི་པ།  སྟོད་འགག་གི་ཚད་ངོས་འཛིན་ཚུལ་གྱི་སྐོར། ས་བཅད་ལྔ་པ།    ལུས་ལ་བགོ་དུས་དང་། བགོ་ཚུལ་གྱི་སྐོར།  ས་བཅད་དྲུག་པ། ཚུལ་བཞིན་དུ་མ་གོན་པའི་ཉེས་པ་དང་གོན་པའི་ཕན་ཡོན་གཉིས་ཀྱི་སྐོར། བཅས་སྡེ་ཚན་དྲུག་གི་སྒོ་ནས་གཏམ་བཤད་དང་། དྲི་བ་དྲི་ལན་གནང་ཡོད་པ་རེད།

སློབ་གཉེར་བ་འོད་ཟེར་རྒྱལ་མཚན་ལགས་ནས་ཐུགས་རྗེ་སེམས་དཔའི་ལུགས་ལ་མཚན་ཉིད་གསུམ་ལས་ཀུན་བཏགས་ཀྱི་སྐོར་ལ་གཏམ་བཤད་གནང་བཞིན་པ།

གཏམ་བཤད་པ་གསུམ་པ་ཕར་ཕྱིན་སྐབས་དང་པོའི་སློབ་གཉེར་བ་འོད་ཟེར་རྒྱལ་མཚན་ལགས་ཀྱིས《ཐུགས་རྗེ་སེམས་དཔའི་ལུགས་ལ་མཚན་ཉིད་གསུམ་ལས་ཀུན་བཏགས་ཀྱི་སྐོར་》ཞེས་པའི་བརྗོད་གཞིའི་ཐོག  ༡ ཐུགས་རྗེ་སེམས་དཔའི་ལུགས་ལ་མཚན་ཉིད་གསུམ་བསྟན་དགོས་པའི་རྒྱུ་མཚན། ༢ བྱེ་བྲག་ཏུ་ཀུན་བཏགས་ལ་སྤྱིར་ཀུན་བཏགས་དང་གཞུང་དངོས་བསྟན་གྱི་ཀུན་བཏགས་གཉིས་སུ་དབྱེ་ཚུལ། ༣སྐྱེ་མཆེད་ཡང་འཁྲུལ་གཉིས་ཀྱི་ཀུན་བཏགས་འདོད་ཚུལ་སོ་སོར་བཤད་པ་བཅས་སྡེ་ཚན་གསུམ་གྱི་སྒོ་ནས་གཏམ་བཤད་གནང་ཡོད་པ་དང་།

            དེ་རྗེས་དྲི་བ་དྲི་ལན་སྐར་མ་ ༡༥ གནང་མཐར་། ཕྱི་དྲོའི་དུས་ཚོད་ ༠༧ པའི་ཐོག་བོད་ཆུ་མོ་ཡོས་ལོའི་བོད་ཟླ་ ༧ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆར་ཅན་གྱི་བགྲོ་གླེང་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས་སྤེལ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow
གཡུང་དྲུང་བོན་གྱི་དྲྭ་རྒྱ།