སྨན་རིའི་གླིང་གཡུང་དྲུང་བོན་གྱི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་གཏུམ་མོ་ཉམས་ལེན་རྩ་རླུང་ཞག་བརྒྱ་དབུ་འཛུགས་གནང་བ།

དེ་རིང་སྤྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༡༠ པའི་ཚེས་ ༢༤ ཉིན། གཡུང་དྲུང་བོན་གྱི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་“གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་”དུ་། གཡུང་དྲུང་བོན་གྱི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་སྒྲུབ་གཤེན་པ་རྣམས་དང་ཟུར་ཞུགས་དགེ་བཤེས་གཅིག་བཅས་དགེ་འདུན་པ་ཞལ་གྲངས་ ༡༡ ཙམ་རྫོགས་པ་ཆེན་པོའི་ཐུན་མོང་གཏུམ་མོའི་ཉམས་ལེན་ནམ་རྩ་རླུང་འཁྲུལ་འཁོར་ཉམས་ལེན་གྱི་ཞག་བརྒྱ་དངོས་སུ་དབུ་འཛུགས་གནང་བའི་གནས་བསྡུས།

དེ་ཡང་དེ་རིང་ཞོགས་པའི་དུས་ཚོད་བརྒྱད་པའི་ཐོག་སྨན་རིའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་སྒྲུབ་གཤེན་པ་རྣམས་རྩ་རླུང་ཞག་བརྒྱ་ལ་བཞུགས་ཕྱིར། སྒོམ་སྒྲུབ་འདུས་སྡེའི་སློབ་དཔོན་མཆོག་དང་སྒྲུབ་གཤེན་པ་རྣམས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེར་མཇལ་བཅར་ཞུས།

དེ་རྗེས་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་གི་འཚོགས་ཁང་དུ་དཔོན་གསས་ལྷ་དང་རིགས་ལྡན་གནས། མཚན་ལྡན་གྲོགས་དང་ཡོ་བྱད་རྫས་སོགས་མཐུན་རྐྱེན་ཕུན་སུམ་ཚོགས་པ་རྒྱལ་བའི་བཀའ་ལུང་དང་མཐུན་པར་བསགས་ཏེ་དཀྱིལ་འཁོར་དང་གཏོར་མ་བཅའ་བཟོ་སོགས་སྟ་གོན་གྱི་རིམ་པ་རྣམས་ཚགས་སུ་ཚུད་པར་བྱས་ནས། ཞང་ཞུང་མེ་རིའི་སྒྲུབ་གཞུང་བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་ཐབས་དང་། རྒྱལ་བ་གཉིས་པ་མཉམ་མེད་བླ་མའི་སྒྲུབ་གཞུང་བསྦྲགས་མའི་དཀྱིལ་འཁོར་གྱི་ཞལ་ཕྱེ་སྟེ། ཕྱི་མཚམས་དང་ནང་མཚམས་བཅད་ནས་ཕྱོགས་བཞིའི་ཐོ་ཆེན་བཙུགས་ཤིང་སྒྲུབ་མཚམས་དམ་པོར་བྱས་ནས་ཡི་དམ་གྱི་ཚོགས་འཁོར་རྒྱས་འབུལ་སྣ་སེལ་གྱི་ཚུལ་དུ་ཞུས་ནས་དབུ་འཛུགས་དང་དགོང་མོར་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེར་མཇལ་བཅར་ཞུས་གནང་སོང་།

སང་ཉིན་ཐོ་རེངས་ནས་ཐོག་མར་མ་རྒྱུད་དགོངས་སྤྱོད་རྣམ་གསུམ་གསོལ་འདེབས་ཏིང་འཛིན་དང་བཅས་པ་ཆ་ཚང་བར་གསུང་ནས་འཇམ་རླུང་དབུ་བཟུང་སྟེ། ཀུན་མཁྱེན་ཤར་རྫ་པའི་ཡང་ཟབ་ནམ་མཁའི་མཛོད་ཆེན་ལས་རྩ་རླུང་གནད་ཀྱི་ཞལ་ཤེས་ལྟར་ལག་ལེན་གནང་སྟེ། རིམ་བཞིན་ འཇམ་རླུང་ཟ་མ་ཏོག་གི་ཉམས་ལེན་དང་། བར་རླུང་བུམ་པ་ཅན། དྲག་རླུང་མེ་དཔུང་མའི་་ཉམས་ལེན།  དེ་བཞིན་དྲོད་རྟགས་རྟེན་འབྲེལ་གྱིས་ཆུ་རས་སྐམ་ཚུལ་དང་བཅུད་ལེན་ཐར་བའི་རྒྱགས་ཕྱེ་ཉམས་སུ་ལེན་ཚུལ་སོགས་ཞག་མ་བརྒྱ་ཡི་རིང་རྫོགས་པ་ཆེན་པོ་རྩ་རླུང་གཏུམ་མོའི་ཉམས་ལེན་ཆ་ཚང་པ་གཞུང་བཞིན་གནང་རྒྱུ་ཡིན་འདུག་པ་བཅས་ཀྱི་གནས་བསྡུས་སུ། གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow