༸གདན་ས་སྨན་རིའི་གླིང་དུ་སྐབས་ ༢༥ བའི་གཡས་རུའི་འཆད་རྩོད་ཆེན་མོ་མཇུག་ལེགས་པར་གྲུབ་པ།

སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༡༠ ཚེས་ ༡༥ ནས་ཟླ་ ༡༡ པའི་ཚེས་ ༦ ཉིན་གྱི་བར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་ཉེར་ལྔ་པ་དེ་ཉིད་འཚོགས་ཤིང་མཇུག་ལེགས་པར་གྲུབ་ཡོད་པ་རེད།

དེ་ཡང་གནས་ཚུལ་སྔོན་སོང་ལྟར་གླིང་སྟོད་སྨད་གཉིས་ནས་བདུན་ཕྲག་གི་ཐུག་ཆེན་གྲུབ་མཚམས་གླིང་སྟོད་སྨད་གཉིས་ཀྱི་བདུན་ཕྲག་གསུམ་གྱི་ཾརིང་བོན་གྱི་སྤྱན་ལྡན་ཆེན་མོའི་ཚད་མ་ལས་“སྤྱི་བྱེ་བྲག་ལ་ཁེགས་ཚུལ་དང་། བཀའ་ལུང་ཚད་མ་ཡིན་ན་ཤེས་པ་ཡིན་མིན་དང་། གཞལ་བྱ་འཇལ་ཚུལ། མི་བསླུ་རྟོགས་པའི་བོན་གསུམ་ལྡན་ཡིན་མིན་”སོགས་ཀྱི་སྐོར་ལ་ལུང་དང་རིག་པའི་རྐྱ་བར་ནས་བཤར་ཏེ་དགག་སྒྲུབ་ཚུལ་བཞིན་བྱས་ཤིང་། བདུན་ཕྲག་གསུམ་རིང་གི་གླིང་སྟོད་སྨད་གཉིས་ཀྱི་ཐུག་ཆེན་གྲུབ་མཚམས། བཤད་སྒྲུབ་རྒན་ལགས་རྣམས་ཀྱིས་གླིང་སྟོད་སྨད་གཉིས་ཀྱི་ཁྱབ་ལོག་རེ་རེ་བཞིན་གྲངས་ཚད་དང་བཅས་ཚོགས་དབུས་སུ་སྙན་སྒྲོན་ཞུས་ཡོད་པ་དང་།

སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༡༡ ཚེས་ ༥ དང་ ༦ བཅས་ཉིན་གཉིས་ཀྱི་རིང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུས་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་དགེ་བའི་བཤེས་གཉེན་དུ་མ་ཚང་འཛོམས་འོག་གཡས་རུའི་འཆད་རྩོད་ཆེན་མོའི་རྩོད་རྒྱུགས་དམ་བཅའ་དབུ་འཛུགས་གནང་ཞིང་སྔར་སྲོལ་བཞིན་ད་ལོའི་ཁྲིད་མཚམས་ཀྱི་གཞུང་དོན་དཀའ་གནད་གང་ཡོད་ཤོག་དྲིལ་དུ་སྒྲིལ་ཡོད་པ་རྣམས། སློབ་གཉེར་བ་སོ་སོས་རང་འདེམས་ཀྱིས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེའི་ཕྱག་ཏུ་ཕུལ་ནས་ཤོག་དྲིལ་ཡིག་རྒྱུགས་གསུང་མཛད་གནང་ནས། སློབ་གཉེར་བ་སོ་སོས་དེ་མཚུངས་ཀྱི་རིག་པས་བརྡར་ཤ་ལེགས་པར་བཅད་ནས་སྐབས་ཉེར་ལྔ་བའི་གཡས་རུ་འཆད་རྩོད་ཆེན་མོ་མཇུག་བསྡུས་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow