༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་“རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་”དབུ་འཛུགས་གནང་བ།  

༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གི་བཀའ་མངགས་དང་དགོངས་པ་ལྟར་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་གོ་སྒྲིག་གནང་སྟེ་༸རྒྱལ་བ་སྨན་རིའི་སྒྲུབ་ཆེན་དང་བསྟུན་རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་ཞེས་པ་འཚོགས་ཡོད་པ་དང་། བགྲོ་གླེང་འདིར་གཏམ་བཤད་གནང་མཁན་རྒྱལ་སྤྱིའི་བོད་རིག་པའི་མཁས་པ་གཏམ་བཤད་པ་གྲངས་༡༣ དང་། གཞན་ཡང་ཟུར་ཉན་དུ་འཛམ་གླིང་ཡུལ་གྲུ་གང་སར་ནས་ཕེབས་པའི་ཞིབ་འཇུག་པ་དང་སློབ་གཉེར་པ་སོགས་གྲངས་ ༡༥༠ ཙམ་ཞིག་ཕེབས་གནང་ཡོད་འདུག

དེ་རིང་སྤྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༨ བོད་ཟླ་གསུམ་པའི་ཚེས་ ༡༠ སྔ་དྲོར་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་སྣང་གསལ་སྒྲོན་མེའི་ཞལ་འབྱེད་གནང་གྲུབ་མཚམས་

གོ་སྒྲིག་ཚོགས་གཙོ་དགེ་བཤེས་ཁྲི་གཡུང་དྲུང་ནས་བོད་སྐད་ཐོག་མཛད་སྒོའི་ངོ་སྤྲོད་དང་ཞིབ་འཇུག་པ་སྐལ་བཟང་ནོར་བུས་དབྱིན་སྐད་ཐོག་ཚོགས་འདུ་ངོ་སྤྲོད་གནང་ཡོད་པ་རེད།

དེ་རྗེས་སྐུ་མགྲོན་གཙོ་བོ་༸རྒྱལ་བ་སྨན་རི་བ་མཆོག་ནས་མཚམས་འདྲི་དང་བཅས་དེ་རིང་བགྲོ་གླེང་འཚོགས་དགོས་པའི་བཀའ་སློབ་གནང་སྐབས་“དེ་སྔ་ཡོད་པའི་རྒྱལ་སྤྱིའི་ཐོག་བོན་གྱི་སྐོར་ཞིབ་འཇུག་བྱེད་མཁན་མང་དག་ཅིག་དགུང་ལོ་བགྲེས་པོར་ཕེབས་ཡོད་ལ། ང་ཚོས་མུ་མཐུད་ནས་ན་གཞོན་བོན་གྱི་ཞིབ་འཇུག་པ་སྐྱེད་བསྲིངས་བྱེད་དགོས་པ་ཕན་ཚུན་འབྲེལ་ལམ་ཡོང་བའི་ཆེད་དུ་རེད་།” “ལྷག་པར་དུ་བདག་ཅག་གི་རྩ་བའི་བླ་མ་ཁྲི་འཛིན་ ༣༣ པ་མཆོག་ཞིབ་འཇུག་རིག་པར་ཐུགས་སྣང་དང་། ཞིབ་འཇུག་པ་མང་པོ་ཞིག་ལ་ཕན་ཚུན་འབྲེལ་ལམ་ཡག་པོ་ཡོད་པ་རེད། དེ་དག་ང་རང་གིས་འགན་འཁུར་ནས་ལོ་དྲུག་ཕྱིན་པ་རེད། མུ་མཐུད་ནས་འབྲེལ་བ་འཇོག་ཐུབ་ན་བསམ་གྱི་ཡོད།” “ང་ཚོས་བོན་ཙམ་མ་ཡིན་པར་བོད་ཀྱི་རིག་གཞུང་ཡང་དག་པ་འཚོལ་བ་ལ། ཞང་ཞུང་དེ་གལ་ཆེན་པོ་ཡིན་པ་དང་བོད་ཀྱི་ལོ་རྒྱུས་ཡུན་རིང་པོ་ཞིག་དང་བོད་ཀྱི་རིག་གཞུང་གི་འགོ་ཁུངས་དེ་འཚོལ་བ་ལ་གལ་ཆེན་པོ་རེད་” “སྤྱིར་སྟངས་ང་ཚོས་ཆོས་ཀྱི་ངོས་ནས་བཤད་པའི་ལོ་རྒྱུས་དང་། དེང་དུས་ཞིབ་འཇུག་རིག་པའི་ཐོག་ནས་ལོ་རྒྱུས་བཤད་སྟངས་ལ་མ་འདྲ་བ་རེད། གཅིག་དངོས་སྟོབས་རིག་པའི་ཐོག་ནས་བཤད་དགོས་པ་དང་གཅིག་ཡིད་ཆེས་རྗེས་དཔག་ནས་སྒོ་ནས་བཤད་པ་རེད།” ཅེས་སོགས་གསུང་སོང་།

དེ་རྗེས་སློབ་དཔོན་ཆེན་མོ་“ཕེར་ཁུ་ཝེར་ན་”མཆོག་གིས་བགྲོ་གླེང་འདིར་གནང་བའི་གསུང་འཕྲིན་བཀའ་སློབ་གསན་འབུལ་དང་། མཁས་དབང་མཁར་རྨེའུ་བསམ་གཏན་གྱིས་བགྲོ་གླེང་འདིར་གནང་བའི་གསུང་འཕྲིན་བཀའ་སློབ་ཀྱི་བརྙན་དེ་བཞིན་སློབ་དཔོན་ཆེན་མོ་སློབ་དཔོན་ཆེམ་མོ་“ཆལ་སེ་རབ་བྷོལ་”ལགས་ཀྱིས་མཁར་རྨེའུ་བསམ་གཏན་གྱི་ལོ་རྒྱུས་དང་གསུང་འཕྲིན་གནང་བའི་བརྙན་བཅས་གཟིགས་འབུལ་གནང་སོང་།

དེ་ནས་རྗེས་བོན་སྒོ་རྩོམ་སྒྲིག་པ་དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་ལགས་ཀྱིས་བོན་སྒོ་ཨང་ ༡ ནས་ ༢༠ ཀྱི་དཔྱད་རྩོམ་ཕྱོགས་སྒྲིགས་བྱས་པའི་དེབ་གསུམ་གྱི་ངོ་སྤྲོད་གསུང་བཤད་དང་་༸སྐྱབས་རྗེ་༸རྒྱལ་བ་སྨན་རི་བ་མཆོག་ནས་དབུ་འབྱེད་གནང་ཡོད་པ་དང་།

མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱི་གསུམ་འབུམ་རྩོམ་སྒྲིག་པ་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས་ངོ་སྤྲོད་གསུང་བཤད་དང་། ༸སྐྱབས་རྗེ་༸རྒྱལ་བ་སྨན་རི་བ་མཆོག་ནས་མཁས་པ་དཔལ་ཚུལ་གྱི་གསུམ་འབུམ་དེབ་དྲུག་དབུ་འབྱེད་གནང་སོང་།

དངོས་གཞིའི་བགྲོ་གླེང་གི་ཚོགས་ཐུན་དང་པོར་ཕྱི་རྒྱལ་ཞིབ་འཇུག་པ་“ཌ་ནིལ། བྷི་རོན་སེ་ཀི་”(Daniel Berounsky) ལགས་ནས་བོད་ཀྱི་བོན་དང་ལེའུའི་ཆོ་ག་ཞེས་པའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་དང་།

དེ་རྗེས་དགེ་བཤེས་ཚུལ་ཁྲིམས་རབ་བརྟན་ལགས་ནས་བོད་ཀྱི་དུར་རྫས་མཚོན་དོན་སྐོར་ལ་རགས་ཙམ་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་བཅས་གནང་སོང་།

ཉིན་རྒྱབ་བགྲོ་གླེང་གི་ཚོགས་ཐུན་གཉིས་པར་དགེ་བཤེས་གཡུང་དྲུང་སྐལ་བཟང་ལགས་ནས་གདན་ས་སྨན་རིའི་སྨན་སྒྲུབ་དང་འབྲེལ་ནས་གཡུང་དྲུང་བོན་ལུགས་ཀྱི་བདུད་རྩི་སྨན་སྒྲུབ་ཀྱི་བྱུང་རབས་སྐོར་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན།

  ཕྱི་རྒྱལ་ཞིབ་འཇུག་པ་ ཀོ་ལིན་། མི་ལར་(Colin Millard) ནས་ཁྱུང་སྤྲུལ་ནམ་མཁའི་རྡོ་རྗེས་མཛད་པའི་རིན་ཆེན་རིལ་བུའི་ལག་ལེན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་དང་དྲིས་ལན་བཅས་གནང་སོང་།

ཚོགས་ཐུན་གསུམ་པར་ཕྱི་རྒྱལ་ཞིབ་འཇུག་པ་ཨག་ནི་ཡེཤཀ ཧེ་མན་ཝ་ཛ་ནེ། (Agnieszka Helman Wazny) ལགས་ནས་གློ་བོ་རྒྱལ་པོའི་བླ་མཆོད་ཀྱི་ཆོ་གའི་ཡིག་རྙིང་ཁག་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན།

བོད་རིག་པའི་ཞིབ་འཇུག་པ་དགེ་བཤེས་དྲང་སྲོང་རྣམ་རྒྱལ་ལགས་ཀྱིས་གཡུང་དྲུང་ཐེག་པ་ཆེན་པོའི་མདོ་གཙང་མ་ཀླུ་འབུམ་གསུང་རབ་ཀྱི་དགེ་མཚན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན།

ཞིབ་འཇུག་པ་སྐལ་བཟང་ནོར་བུ་ནས་རྒྱུད་ཏིང་མུར་གཡུ་རྩེའི་དཔེ་རྙིང་མི་འདྲ་བར་དཔྱད་པ་ལས་འཕྲོས་པའི་དགེ་སྐྱོན་གླེང་བ་ཞེས་པའི་ཐོག་གཏམ་བཤད་གནང་མཐར་རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་གི་ཉིན་དང་པོའི་མཛད་རིམ་གྲུབ་ཡོད་པ་རེད།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow