ཀུན་གྲོལ་སྤྲུལ་སྐུ་མཆོག་ནས་༸རྒྱལ་བ་སྨན་རིའི་གླིང་དུ་སྐུ་གསུང་ཐུགས་རྟེན་ཕུལ་གནང་བ།

ད་ལན་སྤྲུལ་སྐུ་རྣམ་བཞིའི་ཡ་གྱལ་རྒྱལ་དབང་ཀུན་གྲོལ་གྲགས་པའི་སྐུ་ཕྲེང་བདུན་པ་ཀུན་གྲོལ་ནམ་མཁའ་འཕྲིན་ལས་དབང་རྒྱལ་མཆོག་ནས་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་བསྟན་དོན་མཛད་འཕྲིན་མཐའ་དག་དར་ཞིང་རྒྱས་ལ་སྐུ་ཚེ་གཡུང་དྲུང་གི་གཤིས་སུ་བརྟན་པའི་ཆེད་དུ་དང་། ཕྱི་ནང་བོན་འབངས་ཡོངས་སྔར་ལྷག་ཐུགས་མཐུན་ཁྲིམས་གཙང་ཡོང་བ་དང་བསྟན་འགྲོ་སྤྱི་ཡི་དགེ་རྩ་དང་བདེ་སྐྱིད་ཀྱི་ཆེད་དགོངས་པ་ཟབ་བཞེས་ཀྱིས་སྨན་རིའི་སྒྲུབ་ཆེན་གྱི་སྒྲུབ་ཞག་ཉིན་བཅུ་བཞི་པ་སྟེ་སྤྱི་ལོ་ ༢༠༢༤ ཟླ་ ༤ པའི་ཚེས་ ༢༤ ཉིན་

བོད་ཡུལ་ནས་གདན་དྲངས་གནང་བའི་ཁྱུང་པོ་སྟེང་ཆེན་དགོན་གྱི་དཔར་མ་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་རིན་པོ་ཆེ་པོད་ ༢༠༠ ཡི་བདག་ཉིད་ཅན་དང་། ཧི་མ་ལ་ཡའི་རིག་མཛོད་ཀྱིས་དཔར་དུ་བསྐུན་པའི་“བོད་ཀྱི་བརྡ་སྤྲོད་ཀུན་བཏུས་ཆེན་མོ་པོད་ ༡ ནས་ ༥༧ བར། བོད་ཀྱི་རྩིས་རིག་ཀུན་བཏུས་ཆེན་མོ་པོད་ ༡ ནས་༦༩ བར། བོད་ཀྱི་སྙན་ངག་ཀུན་བཏུས་ཆེན་མོ་པོད་ ༡ ནས་ ༤༦ བར། བོད་དོང་པན་ཆེན་གྱི་གསུང་འབུམ་པོད་ ༡ ནས་ ༩༥ བར་བཅས་གསུང་རབ་ཕོན་ཆེན་དང་། བལ་པོའི་ལྷ་བཟོས་བཞེངས་སྐྲུན་གནང་བའི་བདེར་གཤེགས་གཙོ་བཞིའི་སྐུ་འདྲ་སྤུས་ལེགས་བཞི་དང་།  རྒྱུ་ཟངས་གསེར་ལས་གྲུབ་པའི་བསྟན་སྲུང་མི་བདུད་ཀྱི་སྐུ་ཕུ་ཊི ༥ ཅན་གཅིག  གཞན་ཡང་རྒྱ་གར་ལྷ་བཟོས་བཞེངས་གནང་བའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་བརྒྱ་དང་བརྒྱད་བཅས་ཀྱི་སྐུ་གསུང་ཐུགས་རྟེན་གྱི་རྟེན་བཞག་མི་ཉུང་བ་ཞིག་རྒྱལ་བ་སྨན་རིའི་སྒྲུབ་ཁང་དང་། དཔེ་མཛོད་ཁང་སོགས་སུ་ཕུལ་གནང་སོང་།

དེ་ཡང་ཀུན་གྲོལ་སྤྲུལ་སྐུ་མཆོག་ཉིད་ནས་དེ་སྔ་ཡང་སྨན་རིའི་སྒྲུབ་ཁང་དུ་མ་མཆོག་སྲིད་རྒྱལ་ཡེ་ཤེས་དབལ་མོའི་སྐུ་དང་དཔེ་མཛོད་ཁང་དུ་གསུང་རབ་མང་པོ་གདན་འདྲེན་ཞུས་གནང་ཡོད་འདུག

རྒྱལ་དབང་ཀུན་གྲོལ་སྐུ་ཕྲེང་བདུན་པ་ཀུན་གྲོལ་ནམ་མཁའ་འཕྲིན་ལས་དབང་རྒྱལ་མཆོག་ཉིད་ནས་ཇི་ལྟར་ཕུལ་བ་འདི་དག་ཀྱང་སྤྱིར་ན་ཉིད་ཀྱིས་རྒྱལ་བ་སྨན་རི་ནི་རང་ཉིད་ཀྱི་མིག་གཡས་པ་ལྟར་རུ་བརྩི་བཞིན་ཡོད་པ་དང་། རྒྱལ་བ་སྨན་རི་བ་ལ་ང་ཚོ་བོན་འབངས་ཡོངས་ཀྱིས་ཕྱར་གྲུ་མཉམ་འདེགས་ཀྱིས་ཞབས་ཞུ་ཞུ་དགོས་པའི་སྐུལ་མ་དང་མིག་དཔེ་བཟང་པོ་ཞིག་འགྲོ་ཆེད་དུ་ཡིན་ལ། ང་ཚོས་ནམ་ཡང་ཕྱོགས་གང་ཐད་ནས་བསྟན་པ་དགོན་པ་འདི་ལ་ཐུགས་བསམ་བཞེས་དགོས་པ་གལ་ཆེན་པོ་ཡིན་ཚུལ་སོགས་གསུང་གནང་འདུག

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow