རྒྱལ་བ་སྨན་རིའི་སྒྲུབ་ཆེན་གྱི་མཛད་སྒོའི་སྟ་གོན་དང་སྒྲུབ་ཆེན་སྐབས་ཀྱི་མཛད་སྒོ་ཁག

གདན་ས་ཆེན་མོ་འདིར་སྔར་སྲོལ་ལྟར་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་སོའི་སྐུ་ཐོག་རེར་(སྨན་རིའི་སྒྲུབ་ཆེན་)ཞེས་གཡེར་པོ་ཆེ་ཞིག་འཚོགས་སྲོལ་ཡོད་པ་ལྟར། ༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་༧སྐྱབས་རྗེ་ལུང་རྟོགས་ཟླ་བ་དར་རྒྱས་༧དཔལ་བཟང་པོ་མཆོག་སྤྱི་ལོ་ ༢༠༡༨ ནས་བོན་འབངས་ཡོངས་ཀྱི་སྐྱབས་དང་མགོན་དུ་བསྟན་སྲུང་དམ་ཅན་རྒྱ་མཚོས་ཇི་ལྟར་བསྐོས་པ་བཞིན། གདན་ས་སྨན་རིའི་གསེར་ཁྲིར་མངའ་གསོལ་བགྱིས་ནས་ དེང་གི་ཆར་མགོན་པོ་གང་ཉིད་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་གྱི་འཕྲིན་ལས་རླབས་པོ་ཆེ་ཁུར་བཞེས་ཀྱིས། ད་ལན་འདི་ག་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༦༡ཕྱི་ལོ་ ༢༠༢༤ བོད་ཤིང་འབྲུག་ལོའི་ཕྱི་ཟླ་ ༤ ཚེས་ ༡༡ བོད་ཟླ་ ༣ ཚེས་ ༣ ཉིན་ཏེ་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་དབུ་བཟུང་སྟེ། ཕྱི་ཟླ་ ༤ ཚེས་ ༢༦བོད་ཟླ་ ༣ ཚེས་ ༡༨ བར་སྨན་རིའི་སྒྲུབ་ཆེན་ཐེངས་ ༣༤ པ་འཚོགས་རྒྱུའི་གསལ་བརྡ་སྔོན་སོང་ལྟར།

དེ་རིང་བོད་ཤིང་འབྲུག་ལོའི་བོད་ཟླ་ ༣ ཚེས་ ༢ སྤྱི་ལོ་ ༢༠༢༤ ཟླ་ ༤ ཚེས་༡༠ ཉིན་སྒྲུབ་ཆེན་མཛད་སྒོ་ཆེན་མོའི་རྒྱུན་བཞིའི་གེགས་སེལ་གྱི་ཆེད། གྲྭ་ཚང་འདུས་མང་ནས་ ཁམས་ཆེན་དང་འབུམ་ཉི་མ་དགུ་ཤར། ཡུམ་མདོ་སོགས་ལྗགས་ཀློག་དང་། བོན་གཞིས་བཙུན་དགོན་རཏྞ་སྨན་གླིང་གི་བཙུན་མ་ཁག་གཅིག་དང་། བོན་གཞིས་མི་མང་ནས་ས་ཚ་འདེབས་པ་དང་། ལམ་འཕྲང་བཅོས་པ་སོགས་སྣ་སེལ་གྱི་བྱེད་སྒོ་ཁག་དང་།

ཡི་དམ་རྣམ་ཀློང་གཉིས་ཀྱི་གཏོར་མ་བཅའ་བཅའ་བཟོ་དང་། དཀྱིལ་འཁོར་སྒྲིག་བཀོད། མཆོད་བཤམས་སོགས་སྟ་གོན་གྱི་རིམ་པ་རྣམས་ལེགས་པར་བགྱིས་སོང་།

གཞན་ཡང་ཨ་རི་དང་། ཡོ་རོབ། ར་ཤི་ཡ། འཇར་པན། ཐེ་ཝན། བལ་ཡུལ་སོགས་རྒྱལ་ཕྱི་ནང་གི་ཕྱོགས་མཐའ་ཁག་ནས་དད་ལྡན་སེར་སྐྱ་དུ་མ་ཞིག་གལ་ཆེའི་མཛད་སྒོ་འདིར་འདུ་འཛོམས་གནང་དང་གནང་མུས་རེད་འདུག་ལ།

༸དཔལ་ལྡན་རྒྱལ་བ་སྨན་རི་བའི་བཀའ་དགོངས་ལྟར། མཛད་སྒོ་འདི་དང་བསྟུན་ནས་ཕྱོགས་མཐའ་ཁག་གི་སྐུ་མགྲོན་རྣམས་ལ་༸ དབང་ལུང་ཁྲིད་གསུམ་གྱི་གདམས་པ་གང་མང་གནང་རྒྱུ་དང་། བོན་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཐེག་དགུའི་མཆོད་ཆ་ཡོ་བྱད་བཅས་ངོ་སྤྲོད་འགྲེམས་སྟོན། བཙུན་དགོན་རཏྞ་སྨན་གླིང་གི་རྟེན་དང་བརྟེན་པ་བཅས་ལ་མཇལ་ཁ་དང་ཁོར་ཡུག་གཟིགས་སྐོར། དམུ་ཁྲི་བཙད་པོ་ཞང་བོད་རིག་གཞུང་སློབ་གཉེར་ཁང་སྨན་རིའི་རིག་གནས་སྡེ་ཚན་གྱི་རིག་པའི་གནས་ལྔའི་སྡེ་ཚན་སོ་སོར་གཟིགས་སྐོར་ངོ་སྤྲོད་ཞུ་རྒྱུ། སྤྱི་ཟླ་ ༤ པའི་ཚེས་ ༡༨ དང་ ༡༩ གཉིས་ལ་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་སོགས་མཛད་སྒོ་ཁག་སྣ་མང་གོ་སྒྲིག་གནང་འདུག་པ་བཅས་ཀྱི་གནས་ཚུལ་དུ། གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow