གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་འདིར་སྔར་སྲོལ་ད་གནས་ཀྱི་ཚུལ་དུ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་རེ་རེའི་སྐུ་ཐོག་རེར་(སྨན་རིའི་སྒྲུབ་ཆེན་)ཞེས་གཡེར་པོ་ཆེ་ཞིག་འཚོགས་སྲོལ་ཡོད་པ་ལྟར། གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༦༡ ཕྱི་ལོ་ ༢༠༢༤ བོད་ཤིང་འབྲུག་ལོའི་ཕྱི་ཟླ་ ༤ ཚེས་ ༡༡ བོད་ཟླ་ ༣ ཚེས་ ༣ཉིན་ཏེ་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་དབུ་བཟུང་སྟེ། ཕྱི་ཟླ་ ༤ ཚེས་ ༢༧བོད་ཟླ་ ༣ ཚེས་ ༡༩ བར། གདན་ས་སྨན་རིའི་དགོན་དུ་ཞི་ཁྲོ་སྨན་གསུམ་ཟུང་འབྲེལ་གྱིས་སྒྲུབ་པ། (བདུད་རྩི་འོད་ཟེར་འཁྱིལ་བ་སྨན་གྱི་སྒྲུབ་ཆེན་)འཚོགས་རྒྱུའི་གསལ་བརྡ་སྔོན་སོང་ལྟར་སྒྲུབ་ཆེན་སྐབས་ཀྱི་ཉིན་སོ་སོའི་མཛད་རིམ་གཙོ་ཁག་གཤམ་གསལ།
མཛད་རིམ་བོད་ཡིག་ཅན།
མཛད་རིམ་དབྱིན་ཡིག་ཅན།
མཛད་རིམ་ར་ཤི་ཡ་ཡི་གེ་ཅན།