དེ་རིང་སྨན་རིའི་སྒྲུབ་ཆེན་ཉིན་གསུམ་པར་རྣམ་ཀློང་གཉིས་ཀྱི་དངོས་གཞིའི་བཀའ་དབང་བསྩལ་གནང་སོང་།




དེ་རིང་རྒྱལ་བ་སྨན་རིའི་སྒྲུབ་ཆེན་ཐེངས་ ༣༤ པའི་ཉིན་གསུམ་པའི་ཉིན་གྱི་ཉིན་རྒྱབ་དུས་ཚོད་གཉིས་པའི་ཐོག སྨན་རིའི་གྲྭ་ཚང་གཉེར་པས་༸རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གདན་ཞུས་དང་བཅས་ ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་པོ་བསྟན་པ་གཡུང་དྲུང་མཆོག



བཤད་སྒྲུབ་མཁན་སློབ་དང་བླ་མ་ཁྲི་པ་རྣམ་པ། གཞན་ཡང་དད་ལྡན་སེར་སྐྱ་སྟོང་ཚོ་ལྷག་ཙམ་ལ་ཡི་དམ་རྣམ་ཀློང་གཉིས་ཀྱི་དངོས་གཞིའི་བཀའ་དབང་ཡོངས་སུ་རྫོགས་པར་བསྩལ་གནང་སོང་།



དེ་ཡང་དངོས་གཞིའི་དབང་གི་སྐབས་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་དབང་གི་དམ་ཚིག་དང་།དེ་བཞིན་སྐྱབས་འགྲོའི་བསླབ་བྱ་སོགས་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས་རེ་གསུང་གནང་སོང་།



དབང་གི་རིམ་པ་རྣམས་གྲུབ་རྗེས་༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་སྒྲུབ་གཤེན་པ་རྣམས་ཀྱིས་ཡི་དམ་རྣམ་ཀློང་གཉིས་ཀྱི་བཀྲ་ཤིས་བཤེགས་བསྐྱོད་སོགས་མཇུག་ཡོངས་སུ་གྲུབ་ཡོད་པ་བཅས་ཀྱི་གནས་ཚུལ་དུ།

