དེ་རིང་སྨན་རིའི་སྒྲུབ་ཆེན་ཉིན་བདུན་པའི་ཉིན་རྒྱལ་ཕྱི་ནང་གི་ཡུལ་གྲུ་གང་ས་ནས་ཕེབས་པའི་སྐུ་མགྲོན་ཁག་གིས་བཙུན་དགོན་རཏྣ་སྨན་གླིང་གི་རྟེན་དང་བརྟེན་པ་བཅས་ལ་མཇལ་ཁ་དང་ཕྱི་ནང་གི་འཁོར་ཡུག་ལ་གཟིགས་སྐོར་གནང་སོང་།
དེ་ཡང་དེ་རིང་ཞོགས་པའི་་དུས་ཚོད་ ༩ ནས་ཕྱི་དྲོའི་དུས་ཚོད་ ༥ བར་ཨ་རི་དང་། ཡོ་རོབ་ར་ཤི་ཡ་སོགས་དང་། དེ་བཞིན་རྒྱ་བལ་འབྲུག་གསུམ་སོགས་ཤར་ནུབ་ཀྱི་རྒྱལ་ཁབ་གང་ས་ནས་ཕེབས་པའི་མགྲོན་པོ་སྟོང་ཚོ་མ་ཟིན་ཙམ་གྱིས་བཙུན་དགོན་གྱི་ཚོགས་ཁང་། སྒྲུབ་ཁང་། དཔེ་མཛོད་ཁང་སོགས་ལ་མཇལ་ཁ་དང་། ཕྱི་ནང་གི་འཁོར་ཡུག་ལ་གཟིགས་སྐོར་གནང་སོང་།