སྨན་སྒྲུབ་འོད་ཟེར་འཁྱིལ་བའི་ཁྲོལ་སྨན་ཞིབ་བརྡུང་དང་༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་བོན་ཁྲིད།

སྤྱི་ལོ་ ༢༠༢༤ཟླ་ ༤ ཚེས་ ༡༩ སྨན་རིའི་སྒྲུབ་ཆེན་ཉིན་དགུ་པའི་སྔ་དྲོ་ཕྱག་ཚོད་༧/༣༠ཐོག་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱིས་དབུ་འདྲེན་སེར་ཕྲེང་གི་སྒོ་ནས་ཁྲོལ་སྨན་རྣམས་ཞིབ་བརྡུང་གནང་སར་སྤྱན་དྲངས་ནས་བདུད་རྩི་སྨན་གྱི་བཀྲོལ་བསྲེ་ཁྲུས་བརྡུང་བཅས་ཀྱི་རིམ་པ་རྣམས་མཛད་ཡོད་པ་རེད།

 དེ་ཡང་ཐོག་མར་སྨན་རིའི་འདུལ་ཁང་གྱི་སྒོ་མདུན་ནས་རིམ་བཞིན་འཕན་དར་དུང་རྒྱ་སྤོས་སྣ་ཚོགས་ཀྱིས་སྣེ་དྲངས་ཏེ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དང་སྨན་སྒྲུབ་གྱི་སྒྲུབ་གཤེན་པ། དེ་བཞིན་སེར་སྐྱ་འདུས་མང་ཡོངས་སེར་འཕྲེང་དང་བཅས་ཁྲོལ་སྨན་རྣམས་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་ཚོགས་ཁང་དུ་གདན་ཞུས་གནང་གྲུབ་གྲུབ་མཚམས།

༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་སྨན་གྱི་བུམ་པ་དང་། སྨན་ཁུག་སོགས་ཁ་ཕྱེས་ཏེ་ཁྲུས་ཆབ་དང་རིམ་བཞིན་ཁྲོལ་བུ་རྣམས་ཞིབ་བརྡུང་གནང་མཛད་ཡོད་པ་དང་། དེ་རྗེས་བཤད་སྒྲུབ་མཁན་སློབ་རྣམས་དང་སྒྲུབ་གཤེན་པ། དེ་བཞིན་བླ་མ་ཁྲི་པ་བཅས་སེར་སྐྱ་ཡོངས་ཀྱིས་རིམ་པར་ཁྲོལ་སྨན་ཞིབ་བརྡུང་དང་།

༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་སྨན་འཐག་འཁྲུལ་ཆས་ནས་ཁྲོལ་སྨན་ཞིབ་འཐག་དང་། སྨན་གྱི་བསྲེ་སྦྱོར་སོགས་མཛད་དེ་སླར་སེར་འཕྲེང་གི་ལམ་ནས་སྨན་སྣ་རྣམས་དཀྱིལ་འཁོར་དུ་གདན་འདྲེན་ཞུས་ཤིང་། སྨན་སྒྲུབ་འོད་ཟེར་འཁྱིལ་བའི་ལས་ཆོག་ལྟར་སྨན་བུམ་རྣམས་དང་རྒྱན་རྫས་ཙཀལི་བཅས་པ་ཆ་ཚང་དཀྱིལ་འཁོར་དུ་བཀོད་གནང་སོང་།

དེ་རིང་སྤྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༠ ཉིན་སྔ་དྲོ་ཕྱག་ཚོད་ ༩ ཐོག་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་འཆད་ར་གཡུང་དྲུང་དགའ་ཚལ་གླིང་དུ་བོན་འཁོར་ཚིག་བཞིའི་བཀའ་ཁྲིད་གནང་ཡོད་པ་དང་།

ཕྱི་དྲོར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཟབ་ལམ་སྔགས་ཀྱི་ཐེག་པའི་སྒོ་ནས་ཚོགས་བསག་ཉམས་ལེན་གནང་སྟངས་ཀྱི་སྐོར་བོན་ཁྲིད་བཀའ་དྲིན་བསྩལ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་དྲྭ་ཚིགས་ཁང་ནས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow