རྒྱལ་བ་སྨན་རིའི་འབུམ་ཚོགས་བོད་ཟླ་བདུན་པའི་བར་ཕར་འགྱང་གནང་བ།

ཉེ་སྔོན་འདི་ག་༸གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ། ཕྱི་ལོ་༢༠༢༤ ཟླ་ ༥ ཚེས་ ༡༢ ནས་ ༡༨ བར་དང་། བོད་ཤིང་འབྲུག་ལོའི་ཟླ་བ་ ༤ པའི་ཚེས་ ༥ ནས་ ༡༠ བར་དུ་༸སྲིད་རྒྱལ་འབུམ་ཚོགས་ཆེན་མོ་འབུལ་ཚེས་གྱི་གསལ་བསྒྲགས་བྱས་ཟིན་ནའང་། ༧ རྒྱལ་བ་སྨན་རི་བའི་སྨན་སྒྲུབ་འོད་ཟེར་འཁྱིལ་བ་གྲུབ་མ་ཐག་ཡིན་སྟབས་འདི་ག་སློབ་གཉེར་བ་རྣམ་པས་སློབ་སྦྱོང་གི་ཆེད་དང་ལས་དོན་འགའི་ཐད་འགྱུར་བ་གཏོང་དགོས་བྱུང་རྐྱེན། ཕྱི་ལོ་ ༢༠༢༤ ཟླ་ ༠༩ པའི་ཚེས་ ༡༡ ནས་ ༡༧ བར་དང་། བོད་ཤིང་འབྲུག་ལོའི་ཟླ་བ་ ༧ པའི་ཚེས་ ༨ ནས་ ༡༤ བར་བདུན་ཕྲག་གཅིག་གི་རིང་དུ་ ༸ དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་འདུན་འདུས་པ་རྒྱ་མཚོ་དང་། བོན་ཕྲུག་བདེ་དོན། བཙུན་དགོན་རདྞ་སྨན་གླིང་གི་བཙུན་མ་བཅས་ནས་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་རྒྱས་འབུལ་ཞུ་རྒྱུ་གཏན་འཁེལ་བྱུང་སོང་ན། དེ་ལུགས་སུ་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་༧སྟོན་པ་རྣམ་འདྲེན་བརྒྱད་པ་༧རྒྱལ་བ་གཤེན་རབ་མི་བོ་མཆོག་གི་རྗེས་འཇུག་དད་ལྡན་སེར་སྐྱ་མི་མང་ཡོངས་ཀྱིས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་བརྩོན་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་པས་ཀུན་གྱིས་དགོངས་འཇགས་ཞུ་རྒྱུ་དང་།

དེ་ལྟར་ཕྱོགས་སོ་སོར་གནས་འཁོད་རྒྱ་ཆེའི་དད་ལྡན་པ་རྣམས་ནས་མཆོད་འབྲེལ་ཞུ་མཁན་ཡོད་ཚེ་གཤམ་གྱི་འབྲེལ་ལམ་ཁ་བྱང་སོགས་བརྒྱུད་ནས་འབྲེལ་
བ་གནང་རོགས་མཁྱེན།

མཆོད་འབྲེལ་ཞུ་སའི་འབྲེལ་གཏུག་མི་སྣ།
གྲྭ་ཚང་གཉེར་པ། བློ་གྲོས་དབང་རྒྱལ། ཁ་པར་དང་། སྐད་འཕྲིན། WhatsApp བཅས་ཀྱི་ཨང་གྲངས། 8219595260
གྲྭ་ཚང་གཉེར་པ། བརྩོན་འགྲུས་གོང་འཕེལ། ཁ་པར་དང་། WhatsApp 7018366535 སྐད་འཕྲིན་ཨང་གྲངས། 1287979578
༧ དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས། ཕྱི་ལོ་༢༠༢༤ ཟླ་ ༣ ཚེས་༢༣ ཉིན།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow