སྨན་རིའི་བཤད་སྒྲུབ་མཁན་པོ་མཆོག་དང་སྨན་རིའི་གར་འཆམ་པ་ཁག་གཅིག་ལྷོ་ཕྱོགས་སུ་ཕེབས་པ།

སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་ལ། རྒྱལ་སྤྱིའི་Shri Sathya Sai Seva Organisation ཚོགས་པས། ས་ཡི་བྱང་ཕྱོགས་འཐུས་མིའི་ཚོགས་གཙོ་སྨན་པ་གྲགས་ཅན་ Dr Sanjay Agarwal བརྒྱུད་ཇི་ལྟར་གདན་ཞུས་གསོལ་བ་བཏབ་པ་བཞིན། འདི་ཟླའི་བོད་ཚེས་བཅོ་ལྔའི་ཉིན་༸སྨན་རིའི་བཤད་སྒྲུབ་མཁན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་རིས་མེད་ལྟ་བའི་གྲུབ་མཐའ་འཛིན་པའི་ས་ཡི་བླ་ཆེན་Shri Sathya Sai Baba མཆོག་གི་གདན་ས་ Prasanthi Nilayam Ashram དུ། གནས་བརྟན་སྡེ་པའི་ལུགས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དུས་ཆེན་ཆེན་པོ་གསུམ་འཛོམས་ Buddha Poornima Celebration ཀྱི་དགེ་བའི་དུས་ཆེན་མཛད་སྒོའི་ཚོགས་མགོན་དུ་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་། ཚོགས་པ་དེ་གས་གདན་ཞུས་ལྟར་༧གདན་ས་སྨན་རིའི་གཤེན་གྱི་གར་འཆམ་པ་ཁག་གཅིག་ཀྱང་ཕེབས་ཐོན་མཛད། དེ་ཡང་སྤྱི་ཟླ་ ༥ ཚེས་༢༡ ཉིན་༧སྨན་རིའི་བཤད་སྒྲུབ་མཁན་པོ་མཆོག་སྟོན་འཁོར་ལྷན་རྒྱས། བྱང་ཕྱོགས་ས་ཡི་འགན་འཛིན་སོ་ལན་སྨན་པ་ Dr Sanjay Agarwal མཆོག་གིས་གདན་ཞུས་ལྟར་རང་དགོན་ནས་ཆིབས་གྲུའི་བརྒྱུད་རྒྱལ་ས་ཅན་དྷི་སྒར་ Chandigarh ཕེབས། ཅན་དྷི་སྒར་ Chandigarh ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་ས་སྦེང་ལོར་ Bangalore གནམ་ཐང་དུ་ཕེབས་ཐོན་གནང་། དེ་ནས་ཆིབས་གྲུའི་བརྒྱུད་ཕྱག་ཚོད་གཉིས་ཙམ་རྗེས་ས་ཡི་བླ་ཆེན་གྱི་གདན་ས་Prashanti Nilayam Asharam ཕེབས་བསུ་སྣེ་ལེན་ཟབ་རྒྱས་ངང་བདེ་བར་འབྱོར།

གཤེན་གྱི་གར་འཆམ་པ་དང་རྔ་རོལ་པ་བཅས་ཁྱོན་བསྡོམས་དགེ་བཤེས་དང་སློབ་གཉེར་བ་གྲངས་ཉི་ཤུ་རྩ་གཅིག་ཙམ་ཕྱི་ཟླ་ ༥ ཚེས་༡༩ཉིན་རང་དགོན་ནས་འགྲིམ་འགྲུལ་སྣུམ་འཁོར་བརྒྱུད་ཕེབས་ཐོན་གནང་སྟེ། སྤྱི་ཚེས་ ༢༢ཉིན་རྒྱ་གར་ལྷོ་ཕྱོགས་ས་གནས་Shri Sathya Sai Baba མཆོག་གི་མ་དགོན་དུ་སྣེ་ལེན་ཟབ་རྒྱས་ངང་བདེ་བར་འབྱོར།

ཕྱི་ཚེས་ ༢༣ཉིན། ཞོགས་པ་ཕྱག་ཚོད་༨ཐོག་ Sai Kulwant Hall, Prasanthi Nilayam, ཚོགས་ཁང་དུ་ཤར་ཕྱོགས་ནང་པའི་རྒྱལ་ཁབ་བཅུ་གཉིས་ལྷག་ཙམ་ནས་ཕེབས་པའི་སྐུ་མགྲོན་དང་། དད་ལྡན་མི་མང་གཅིག་ཁྲི་ལྷག་ཙམ་དང་། དྲྭ་རྒྱའི་ཐད་གཏོང་བརྒྱུད་ནས་རྒྱལ་ཁབ་ ༡༡༨ ལྷག་ཙམ་ནང་ཡོད་པའི་ Sri Satya Sai Seva Organisation རྒྱལ་སྤྱིའི་ཚོགས་པའི་ཚོགས་མི་མཉམ་ཞུགས་ཐོག་མཛད་སྒོ་ངོ་སྤྲོད་དང་འབྲེལ་དབུ་འཛུགས་གནང་།  ཕྱག་ཚོད་ ༨། ༣༠ ཐོགས་༧གདན་ས་སྨན་རིའི་གཤེན་གྱི་གར་འཆམ་པས་རྔ་རོལ་སྤོས་འདྲེན་གྱིས་མདུན་བསུས་ཏེ་མཛད་སྒོའི་སྐུ་མགྲོན་གཙོ་བོ་༧སྨན་རིའི་བཤད་སྒྲུབ་མཁན་པོ་མཆོག་མཛད་སྒོའི་ཚོགས་དགོན་དུ་གདན་ཞུས་ལྟར་དབུ་བཞུགས་ཐོག ༧གདན་ས་སྨན་རིའི་བླ་གྲྭ་རྣམ་པས་སྣེ་ཁྲིད་འོག བལ་ཡུལ་ནས་ཕེབས་པའི་དགེ་འདུན་པ་རྣམས་དང་། ཐ་ཡི་ལེནཊ་ནས་ཕེབས་པའི་དགེ་འདུན་པ། ལའུས་ནས་ཕེབས་པའི་དགེ་འདུན་པ། སིང་གྷ་པུར་ནས་ཕེབས་པའི་དགེ་འདུན་པ། གཞན་ཡང་རྒྱ་གར་གྱི་ཕྱོགས་ཁག་བཞིའི་ཚོགས་གཙོ་དང་ཚོགས་མི་རྣམ་པ་བཅས་ལྷན་འཛོམས་ཐོག ས་ཡི་ཆོས་ལུགས་ཀྱི་བླ་ཆེན་ཞིང་གཤེགས་དམ་པ་ Shri Sathya Sai Baba མཆོག་གི་སྐུ་གདུང་མདུན་དུ་བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་དང་། བསྟན་པ་རྒྱས་པའི་སྨོན་ལམ་གསུངས།

ཕྱི་དྲོ་ཕྱག་ཚོད་ ༥ པའི་ཐོག་༧གདན་ས་སྨན་རིའི་བླ་གྲྭ་རྣམ་པས་གཤེན་གྱི་གར་འཆམ་གཤེན་རབ་དགུ་འཆམ་དང་སེང་འཆམ་སྤྱན་འབུལ་ཞུས།  ས་ཡི་བྱང་ཕྱོགས་འགན་འཛིན་ Dr Sanjay Agarwal མཆོག་ནས་ས་ཡི་ཆོས་ལུགས་ཀྱི་གདན་སའི་དགོན་པའི་འཁོར་ཡུག་སོགས་གཟིགས་འབུལ་ཞུས། Shri Satya Sai Seva Organisation རྒྱལ་སྤྱིའི་ཚོགས་པའི་ཚོགས་གཙོ་བླ་མ་ Shri K. Chakrawarti དང་། ཞིང་གཤེགས་བླ་མ་ Shri Satya Sai Baba མཆོག་གི་སྐུ་ཚ། བླ་མ་ Shri R.J. Rathnakar མཆོག  སོ་ལན་སྨན་པ་ Dr Sanjay Agarwal བཅས་མཉམ་འཛོམས་ཐོག སྨན་རིའི་བཤད་སྒྲུབ་མཁན་པོ་མཆོག་ལ་ཐུགས་རྗེ་ལེགས་གསོལ་དང་སྦྲག། མ་འོངས་པ་སླར་ཡང་མཁན་པོ་མཆོག་གཙོས་གྲྭ་བཙུན་རྣམས་ངེས་ཕེབས་ཡོང་བའི་འབོད་བསྐུལ་ཡང་ཡང་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ། གནས་ཚུལ་མཁོ་སྤྲོད་པ་དྲུང་ཆེ་དགེ་བཤེས་ཚེ་དབང་དངོས་གྲུབ་ལགས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow