༧སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་གི་སྐུའི་ཁྲུངས་སྐར་སྲུང་བརྩི་དང་འབྲེལ་མགོན་པོ་གོང་གི་ཞབས་པུས་དྲག་བསྐྱེད་ཆེད་བདུན་གཅིག་རིང་སྨན་སྦྱིན་གྱི་ལས་འགུལ་ཞིག་སྤེལ་འདུག

དེ་ཡང་རྒྱ་གར་བྱང་ཕྱོགས་སོ་ལན་དུ་རྟེན་གཞི་བྱས་པའི་“གསོ་རིག་ཚང་”སྨན་ཁང་དང་། བོན་གཞིས་སུ་ཐོབ་རྒྱལ་གསར་པར་ཡོད་པའི་“གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་”གཉིས་ཟུང་འབྲེལ་གྱིས། ཕྱི་ལོ ༢༠༢༤ ཟླ་བ་ ༧ ཚེས ༦ ནས་ཚེས ༡༢ བར་བདུན་ཕྲག་གཅིག་གི་རིང་། ༸གོང་ས་སྐྱབས་མགོན་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་སྟབས་བསྟུན་དམིགས་བསལ་གྱི་༧སྐྱབས་མགོན་རིན་པོ་ཆེའི་ཞབས་པུས་སྨན་བཅོས་ལམ་ལྷོང་དང་དྲག་བསྐྱེད་ཀྱིས་༸རྒྱལ་བའི་ཕོ་བྲང་དུ་ཞབས་སོར་གང་མྱུར་ཕེབས་པའི་ཆེད་དུ་བོད་ཀྱི་གསོ་བ་རིག་པའི་ངོ་སྤྲོད་དང་རིན་མེད་ཀྱི་སྨན་སྦྱིན་གྱི་ལས་འགུལ་ཞིག་སྤེལ་འདུག

ལས་འགུལ་དེའི་སྐབས་སུ་བོན་གྱི་གདན་ས་སྨན་རིའི་གླིང་གི་ཉེ་འགྲམ་གྱི་མཐོ་སློབ་ཆེན་མོ་གཉིས་ཏེ་ Sholini University དང་ University of Hoticulture and Forestry, Nauni དུ་གསོ་བ་རིག་པའི་ངོ་སྤྲོད་ཀྱི་གཏམ་བཤད་བྱས་ཡོད་པ་དང་རིན་མེད་ཐོག་ནས་བརྟག་དཔྱད་དང་སྨན་སྦྱིན། དེ་བཞིན་སྨན་བཅོས་ལག་ལེན་སྐམ་ཁབ། མེ་བཙའ བསྐུ་མཉེ། ཟངས་བུམ་དང་དུགས་ལུམས་སོགས་ཀྱི་ལམ་ནས་སྨན་བཅོས་གང་ཐུབ་གནང་ཡོད་འདུག 

Sholini University མཐོ་སློབ་དུ་སྨན་སྦྱིན་གྱི་ཐོག་མའི་སྒོ་འབྱེད་སྐབས་མཐོ་སློབ་ཀྱི་Chancellor, P.K Khosla དང་ Dr. Samdup Cheetri, Director of Spirituality and happiness Department རྣམ་གཉིས་དངོས་སུ་བཅར་ནས་༧རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་སྣང་གསལ་མར་མེའི་ཞལ་འབྱེད་ཀྱིས་དབུ་འཛུགས་གནང་འདུག སྐབས་དེར་༧གོང་ས་༧རྒྱལ་བ་རིན་པོ་ཆེ་ནི་བོད་མི་ཙམ་མིན་པར་འཇིག་རྟེན་གྱི་ཞི་བདེ་དང་བྱམས་པ་གོང་འཕེལ་ཆེད་དུ་སྐུ་ཚེ་བརྟན་དགོས་པ་གལ་ཆེན་ཡིན་སྐོར་འགྲེལ་བརྗོད་གནང་འདུག གཞན་ཡང་སྐབས་དེར་བོད་སྨན་དང་སྨན་བཅོས་ཀྱི་ཡོ་བྱད་ཁག་ངོ་སྤྲོད་འགྲེམས་སྟོན་ཐོག་སྨན་སྦྱིན་ལས་གཞི་འདི་བཞིན་སྤེལ་འགོ་བཙུགས་ཡོད།

དེ་བཞིན་University of Horticulture and Forestry, Nauni དུ་ཡང་སྒོ་འབྱེད་མཛད་སྒོའི་སྐབས་མཐོ་སློབ་ཀྱི་ངེས་སྟོན་པ་ Vice Chancellor  Dr. Rajeshwar Singh Chandel དང་ Dr. K.K Raina Dean, Student Welfare Association. རྣམ་གཉིས་གཙོས་པའི་མཐོ་སློབ་ཀྱི་འབྲེལ་ཡོད་ལས་སྣེ་སུམ་ཅུ་ལྷག་ལྷན་འཛོམས་ཐོག་༧རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་སྒྲོན་མེའི་ཞལ་འབྱེད་གནང་ཡོད་པ་དང་བོད་ཀྱི་གསོ་བ་རིག་པའི་ངོ་སྤྲོད་དང་ལྷག་པར་དུ་གནས་ཡུལ་དུ་རང་རེའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་བྱུང་ཡོད་པ་དེ་རྒྱ་གར་གཞུང་དང་མི་དམངས་ཀྱི་བཀའ་དྲིན་ཡིན་པས་ད་ལྟ་ང་ཚོའི་རིག་གནས་བརྒྱུད་ནས་ཁོང་རྣམས་ལ་ཞབས་འདེགས་ཞུ་འོས་ཤིང་དུས་ལ་བབ་ཡོད་པ་སོགས་ཀྱི་འགྲེལ་བརྗོད་བྱས་འདུག

ལས་དོན་འདིའི་སྐབས་གསོ་རིག་ཚང་དང་འབུམ་བཞིའི་མཐོ་སློབ་ནས་བརྟག་དཔྱད་སྨན་པ་གསུམ་དང་མཐོ་སློབ་གྱི་སློབ་མ་དགུ་ནས་མཉམ་ཞུགས་རོགས་འདེགས་བྱས་ཤིང་། ས་གནས་མི་མང་ ༥༠༠ ལྷག་ལ་བོད་ཀྱི་གསོ་བ་རིག་པའི་སྐོར་ངོ་སྤྲོད་དང་མི་གྲངས་ ༣༠༠ མ་ཟིན་ཙམ་ལ་བརྟག་དཔྱད་དང་སྨན་སྦྱིན་སྨན་བཅོས་རིན་མེད་ཐོག་གནང་ཐུབ་པ་བྱུང་ཡོད་འདུག དེ་ཡང་༧གཡུང་དྲུང་བོན་གྱི་བླ་ཆེན་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་བཀའ་དགོངས་གཞིར་བཟུང་ཐོག གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སློབ་སྟོན་པ་དང་“སྤུ་ཎ་ལམ་འོད་གསོ་རིག་ཚང་”དང་སོ་ལན་“གསོ་རིག་ཚང་”གི་འགན་འཛིན་སྨན་པ་པ་སངས་སྟོབས་ཆེན་ནས་མཐུན་རྐྱེན་ཆ་ཚང་སྦྱར་གནང་ཡོད་པ་དང་།

གཞན་ཡང་བརྟག་དཔྱད་སོགས་ཀྱི་ཆེད་དུ་ཕེབས་མཁན་ཡོངས་ལ་༧རྒྱལ་བའི་སྐུ་ཚེ་བསྐལ་བརྒྱར་གནས་ཆེད་དང་སྐུའི་ཞབས་པུས་དྲག་བསྐྱེད་བྱུང་ནས་རྒྱལ་བའི་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དུ་གང་མྱུར་ཞབས་སོར་འཁོད་སླད་དུ་ཐུགས་སྨོན་གསོལ་འདེབས་གནང་རོགས་ཞེས་རེ་བསྐུལ་གྲངས་མེད་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་སུ། གནས་ཚུལ་མཁོ་འདོན་པ་གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་དགེ་རྒན་དང་གསོ་རིག་ཚང་གི་སྨན་པ་གཡུང་དྲུང་འོད་ཟེར་ལགས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow