དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༡ ཉིན་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ལས་དོན་དང་གྲངས་ཉུང་མི་རིགས་ལས་དོན་གྱི་བློན་ཆེན་སྐུ་ཞབས་ཀི་རེན་རཱ་ཇུ་(Kiren Rijiju)མཆོག་དང་ ༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ་དང་།
སྐབས་དེར་༸སྐྱབས་རྗེ་སྨན་རི་བ་མཆོག་ནས་བོད་ཀྱི་གནའ་བོའི་ཆོས་ལུགས་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་། དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་མངའ་ཁོངས་སུ་ཆགས་པའི་བོན་གཞིས་དང་བོན་གྱི་གདན་ས་སྨན་རིའི་གླིང་། དེ་བཞིན་སློབ་གྲྭ་དང་བཙུན་དགོན་སོགས་ཀྱི་སྐོར་ངོ་སྤྲོད་དང་། དེ་དག་བཙུགས་དགོས་པའི་དགོས་དམིགས། སྡེ་ཚན་ཁག་སོ་སོའི་སློབ་སྦྱོང་བྱེད་ཚུལ་སོགས་ངོ་སྤྲོད་གནང་ཡོད་པ་རེད་འདུག
རིན་པོ་ཆེ་མཆོག་གིས་སྐུ་ཞབས་ཀི་རེན་རཱ་ཇུ་(Kiren Rijiju)མཆོག་མ་འོངས་པར་བོན་གཞིས་སུ་ཕེབས་རྒྱུར་དགའ་བསུ་ཡོད་སྐོར་སོགས་གསུང་གནང་ཡོད་པ་དང་། བཀའ་བློན་མཆོག་གིས་ཀྱང་དགའ་ཚོར་ཆེན་པོས་བོན་གཞིས་དང་དགོན་པ་བཅས་སུ་ངོ་བཅར་ཞུ་རྒྱུའི་འདུན་པ་ཡོད་སྐོར་གསུང་གནང་ཡོད་འདུག
གཞན་ཡང་སྐབས་དེར་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དང་། རྒྱལ་ས་ལྡི་ལིར་ཡོད་པའི་ རྒྱ་གར་དབུས་གཞུང་མཉམ་འབྲེལ་དྲུང་ཆེ་དང་དངུལ་རྩའི་སློབ་སྟོན་པ། (Joint Secretary & Financial Advisor Ministry of Civil Aviation Government of India)སྐུ་ཞབས་པཱ་དམ་ལལ་ནེ་གེ་(Pafam lal negi)མཆོག་དང་།
བོན་གཞིས་ཐོབ་རྒྱལ་གསར་པ་ཐོག་མར་འཛུགས་སྐབས་རོགས་རམས་ཤུགས་ཆེར་གནང་མཁན་གྱི་ལྕམ་སྐུ་རཱ་མ་ཌེ་ཝན་(RAMA Dhawan) ལགས་བཅས་རྒྱ་གར་གྱི་དཔོན་རིགས་ཁག་དང་མཇལ་འཕྲད་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིག་ཁང་ནས།