༸གདན་ས་སྨན་རིའི་གླིང་གི་བོད་ཤིང་འབྲུག ༢༠༢༤ ལོའི་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་རྒྱས་འབུལ་ཡོངས་སུ་མཇུག་གྲུབ་པ།

དེ་ཡང་སྤྱིར་ན་ཡངས་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་འགྲོ་ཀུན་གྱི་མི་མཐུན་རྒུད་པའི་ཚོགས་རྣམས་ཉེ་བར་ཞི་ཞིང་། དཀར་ཕྱོགས་དགེ་བའི་དོན་ཀུན་ཡར་ངོའི་ཟླ་ལྟར་རྒྱས་པ་དང་། བྱེ་བྲག་ཏུ་༧གོང་ས་སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་མོ་མཆོག་དང་། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ་དབུས་པའི་རིས་མེད་ཆོས་རྒྱུད་ཁག་གི་བསྟན་འཛིན་གྱི་སྐྱེས་བུ་རྣམ་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་གསང་གསུམ་གྱི་མཛད་འཕྲིན་རབ་ཏུ་རྒྱས་པའི་ཆེད། འདི་ག་༧སངས་རྒྱས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ནས་ལོ་རེའི་འཆར་ཅན་ལྟར། “ལོ་དུས་ཀྱི་གསོལ་ཁ་དང་། ཟླ་དུས་ཀྱི་མཆོད་པ་”རུ་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་འབུལ་ལམ་ཡོད་པ་བཞིན།

      འདི་ལོར་ཡང་བོད་ཟླ་བདུན་པའི་ཚེས་༠༧ནས་དབུ་བཟུང་སྟེ་བདུན་ཕྲག་གཅིག་གི་རིང་༧དཔལ་གཤེན་བསྟན་སྨན་རིའི་གླིང་དང་། བཙུན་དགོན་རཏྞ་སྨན་གླིང་གི་འདུས་མང་ཡོངས་ནས། ཡི་དམ་དབལ་གསས་ཀྱི་ཚོགས་གཞུང་དང་། བོན་སྐྱོང་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་ཚོགས་གཞུང་སྦྲགས་མའི་སྒོ་ནས་འབུམ་ཚོགས་རྒྱས་འབུལ་དང་། དེ་བཞིན་ཉིན་གྲངས་དེ་དག་གི་རིང་། བོན་ཕྲུག་བདེ་དོན་གྱི་སློབ་མ་དང་། སྨན་རིའི་གཞི་རིམ་གྱི་སློབ་ཕྲུག། བོན་གཞིས་མི་མང་བཅས་ནས་ཚོགས་བསྡུས་བསག་སྒྲུབ་བཅས་བགྱིས་ཤིང་།

དེ་རིང་ ༢༠༢༤ ཟླ་ ༡༡ ཚེས་ ༡༧ ཉིན་རྒྱབ་སྨན་རིའི་འདུལ་ཁང་ཆེན་མོར་བོན་གཞིས་སེར་སྐྱ་མི་མང་ཡོངས་ནས་བོན་སྐྱོང་སྤྱི་ཡི་མངའ་གསོལ་གསུང་གྲུབ་པ་དང་། སྨན་རིའི་གྲྭ་ཚང་ནས་ལོངས་སྤྱོད་ཚོགས་ཀྱི་དངོས་གྲུབ་ཞུ་རོལ་གནང་ཡོད་པ་བཅས། གཡུང་དྲུང་བོན་དྲ་ཚིགས་ཁང་ནས་སྤྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༧ ཉིན།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow