ལ་དྭགས་གཡུང་དྲུང་ལྷ་རྩེ་དགོན་གྱི་རབ་གནས་དབུ་འབྱེད་མཛད་སྒོ།

སྤྱི་ལོ་༢༠༢༤ཟླ་༩ཚེས་༣ཉིན་ལ་དྭགས་གཡུང་དྲུང་ལྷ་རྩེ་དགོན་གྱི་དབུ་འབྱེད་མཛད་སྒོ་སྤེལ་བ་དང་། རབ་གནས་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤མཆོག་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

དེ་ཡང་༧ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤རིན་པོ་ཆེ་མཆོག་ལ་དྭགས་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་སྐབས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་དབུ་འཛིན་གཙོས་དད་ལྡན་སེར་སྐྱ་མི་མང་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། ཆིབས་བསུའི་རྣམ་པའི་གཡུང་དྲུང་ལྷ་རྩེ་དགོན་དུ་གདན་ཞུ་ཞུས་ཡོད་པ་རེད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ཚོགས་ཁང་སྒོ་འབྱེད་དང་སྣང་གསལ་སྒྲོན་མེ་ཞལ་ཕྱེས་རྗེས་སྐུ་མགྲོན་དག་ཚོགས་གྲལ་དུ་འཁོད་པ་དང་། ཐོག་མར་མཁན་པོ་ལུང་རིག་ཉི་མ་མཆོག་ནས་དགོན་པའི་ངོ་སྤྲོད་གནང་རྗེས་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་ཡོད་པ་དང་།

ཆུ་ཚོད་༡༠།༢༥ནས་གཡུང་དྲུང་ཐར་གླིང་གི་དབུ་བླ་བ་ཀུ་ལ་རང་གྲོལ་ཉི་མ་མཆོག་ནས་གསུང་བཤད་གནངས་བ་དང་རིམ་བཞིན་ལ་དྭགས་དགོན་གྱི་ཚོགས་གཙོ། ས་གནས་ཚོགས་གཙོ།

བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན། སྤྱི་འཐུས་ཀུན་དགའ་བསོད་སྟོབས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན།

དཔལ་ལྡན་ཆོས་རིགས་དྲུང་ཆེ་སོགས་ནས་རིམ་བཞིན་གསུང་བཤད་གནང་ཡོད་པ་དང་། གསུང་བཤད་བར་མཚམས་དག་ཏུ་ཞབས་བྲོ་སོགས་རིག་གཞུང་འཁྲབ་སྟོན་གྱི་མཛད་རིམ་ཡང་བསྐྱངས་ཡོད་པ་རེད།

ཆུ་ཚོད་༡༢།༡༥སྟེང་༧ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བཀའ་སློབ་ལམ་སྟོན་དང་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་བསྟོད་ཁག་གསོལ་བསྩལ་གནང་བ་དང་།

མཇུག་མཐར་ཁྱུང་ལུང་བློ་བཟང་རྒྱ་མཚོ་མཆོག་ནས་ཐུགས་རྗེ་ལེགས་གསོལ་གྱི་མཛད་རིམ་གྲུབ་ནས་ཉིན་འདིའི་མཛད་རིམ་མཇུག་གྲུབ་ཡོད་པ་རེད།

སྤྱི་ཚེས་༤ཉིན་དཔོན་གསས་བླ་མ་དམ་པ་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བླ་གྲྭ་དགེ་བའི་བཤེས་གཉེན་དང་གྲྭ་མང་ཡོངས་ནས་མངའ་དབུལ་བཀྲ་ཤིས་གཏེར་མཛོད་དང་། ཆུ་གཏོར་རྩིས་འགོ་བདུན་པ་གཉིས་ཀྱི་སྒོ་ནས་རབ་གནས་མཛད་ཡོད་པ་དང་། 

སྤྱི་ཚེས་༥ཉིན་གྱི་སྔ་དྲོར་མགོན་པོ་གང་ཉིད་ནས་ཚེ་དབང་བྱ་རི་མའི་བཀའ་དབང་བསྩལ་ཡོད་པ་དང་། ཉིན་གུང་བཀྲ་ཤིས་གཏང་རག་གི་གསོལ་ཚིགས་རྒྱས་འབུལ།

ཕྱི་དྲོར་སྙིང་བོ་རྣམ་གསུམ་གྱི་ཁྲིད་ལུང་བྱིན་རླབས་ཀྱི་བཀའ་དྲིན་བསྐྱངས་ནས་མཛད་སྒོ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས། པར་ཁྱུང་ཁྲི་རྒྱལ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow