གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༡༤ པ་འཚོགས་པ། བོད་ཟླ་བརྒྱད་པ།

༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སློབ་གཉེར་གྱི་མཐུན་རྐྱེན་དུ་དམིགས་ནས་འཆར་ཅན་ལྟར་ཟླ་རེར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ཞེས་གཏམ་བཤད་ཀྱི་བརྗོད་གཞི་སློབ་གཉེར་བ་སོ་སོས་རང་མོས་ལྟར་བདམ་ཐོག་དཔྱད་རྩོམ་སྤེལ་ཞིང་བགྲོ་གླེང་གནང་སྲོལ་ཡོད་པ་དང་།

དེ་ཡང་ཚོགས་ཐེངས་རེར་གཏམ་བཤད་པ་འཛིན་གྲྭ་རྒན་གཞོན་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་རེ་དང་། མི་རེར་གཏམ་བཤད་ཀྱི་དུས་ཡུན་སྐར་མ་བཅོ་ལྔ་དང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་སྐར་མ་ ༡༥ རེ་གནང་དང་གནང་མུས་ལྟར། དེ་རིང་གཤེན་གྱི་འབྱུང་ལྡན་ ༣༠༡ སྤྱི་ལོ་ ༢༠༢༤ ཟླ་ ༡༠  པའི་སྤྱི་ཚེས་ ༡༢ དང་། བོད་ཟླ་ ༨ པའི་ ༡༠ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༥:༣༠ པའི་ཐོག ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་་དབུ་བཞུགས་ཐོག  བཤད་སྒྲུབ་མཁན་སློབ་གཉིས་རྣམ་པ་གཉིས་དང་བཤད་སྡེའི་དགེ་རྒན་རྣམ་པ། དེ་བཞིན་བླ་གྲྭ་དགེ་བཤེས་གང་མང་མཉམ་ཞུགས་དང་བཅས་རིག་གནས་འགན་འཛིན་གཡུང་དྲུང་ཉི་མས་གཙོ་སྐྱོང་འོག གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བོད་ཤིང་འབྲུག་ལོའི་བོད་ཟླ་ ༨ པའི་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་དང་།

སློབ་གཉེར་བ་འགྱུར་མེད་ཀུན་གྲགས་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

དེ་ཡང་གཏམ་བཤད་པ་དང་པོ་རྫོགས་ཆེན་སློབ་གཉེར་བ་འགྱུར་མེད་ཀུན་གྲགས་ལགས་ཀྱིས་《ཐུན་མོང་ཕྱི་ཡི་སྔོན་འགྲོ་བློ་ལྡོག་རྣམ་བཞིའི་སྐོར་》༡ དལ་འབྱོར་རྙེད་དཀའ་བ།  ༢ ཚེ་མི་རྟག་པ། ༣ འཁོར་བའི་ཉེས་དམིགས། ༤ ལས་རྒྱུ་འབྲས་ལ་བསམ་པ་ཅེས་སྡེ་ཚན་བཞིའི་སྒོ་ནས་གཏམ་བཤད་དང་དེ་འབྲེལ་གྱི་དྲི་བ་དྲིས་ལན་གནང་ཡོད་པ་རེད།

སློབ་གཉེར་བ་ཚེ་དབང་ལྷུན་འགྲུབ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

དེ་རྗེས་གསང་སྔགས་འཛིན་གྲྭའི་སློབ་གཉེར་བ་ཚེ་དབང་ལྷུན་འགྲུབ་ལགས་ཀྱིས་《དཔའ་བོ་འབྲུ་ལྔའི་སྐོར་ལ་རག་ཙམ་གླེང་བ་》ཞེས་པའི་བརྗོད་གཞིའི་ཐོག ཐོག་མར་དཔའ་བོ་འབྲུ་ངོས་བཟུང་ཚུལ་བཤད་པ། གཉིས་པ་དེ་དག་གི་མཚོན་དོན་རྒྱས་པར་བཤད་པ། གསུམ་པ་དཔའ་བོ་འབྲུ་ལྔ་ལ་དཔའ་བོ་ཞེས་སྨོས་པའི་གོ་དོན་བཅས་ཀྱི་སྒོ་ནས་གཏམ་བཤད་དང་དྲི་བ་དྲིས་ལན་གནང།

ཕར་ཕྱིན་སློབ་གཉེར་བ་དཔལ་བཟང་རྒྱ་མཚོ་ལགས་ནས་གཏམ་བཤད་གནང་བཞིན་པ།

གཏམ་བཤད་པ་གསུམ་པ་ཕར་ཕྱིན་སྐབས་གཉིས་པའི་སློབ་གཉེར་བ་དཔལ་བཟང་རྒྱ་མཚོ་ལགས་ནས་བརྗོད་གཞི་《སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་དང་འབྲེལ་ནས་སྙན་ངག་གི་སྐོར་》ཞེས་པའི་ཐོག ༡ སྙན་ངག་གི་གོ་དོན། ༢ བོད་ལ་སྙན་ངག་ག་དུས་ནས་ཡོད་དམ། ༣ སྙན་ངག་དེ་འཆད་བརྩོད་རྩོམ་གསུམ་ལས་རྩོམ་པའི་ཁོངས་སུ་གཏོགས་ཚུལ། ༤ བོད་ཀྱི་སྙན་ངག་གི་གཞུང་ཐོག་མ་དེ་གང་ཡིན་ནམ། ༥ གཙང་གཤེན་སྙན་ངག་རང་གྲོལ་གྱིས་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་དེ་ཇི་ལྟར་མཛད་པ། ༦ གཙང་གཤེན་སྙན་ངག་ལས་འཕྲོས་པའི་སྙན་འགྲེལ་ཁག་བཅས་སྡེ་ཚན་དྲུག་གི་སྒོ་ནས་གཏམ་བཤད་གནང་ཡོད་པ་དང་། དེ་རྗེས་དྲི་བ་དྲིས་ལན་སྐར་མ་ ༡༥ གནང་མཐར་ཕྱི་དྲོའི་དུས་ཚོད་ ༧:༠༠ ཐོག་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༡༤ པ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས་ ༢༠༢༤། ༡༠ ། ༡༢ ཉིན།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow