སྤྱི་ལོ་ ༢༠༢༤ ལོར་སྐབས་ ༤༤ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་དང་རིག་གནས་སྡེ་ཚན་གཉིས་མཉམ་འབྲེལ་ཐོག་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་རྣམས་ཀྱི་སློབ་སྦྱོང་ལ་བསྐུལ་འདེགས་དང་དོ་དབྱིངས་སྔར་ལྷག་ཡོང་བར་དམིགས་ཏེ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་བཀའ་ཁྲོལ་འོག་འཛིན་གྲྭ་རྒན་རིམ་ལྟར་དཔྱད་རྩོམ་དང་། སྙན་རྩོམ། དཔོད་བྲིས་བཅས་སྡེ་ཚན་གསུམ་དུ་ཕྱེས་ཏེ་ཨང་ཐོབ་ལྟར་བྱ་དགའ་སྟེར་བའི་ལས་འགུལ་ཞིག་སྤེལ་ཞིང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་པ་གཉིས་དང་། རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སློབ་དཔོན། བཤད་སྒྲུབ་འདུས་སྡེའི་རྒན་ལགས་རྣམ་པ་བཅས་ལ་འགྲན་ཞུགས་ཐོབ་སྐར་གྱི་བརྒྱ་ཆ་གནང་བར་གསོལ་ཞུས་ཏེ། བརྒྱ་ཆའི་རིམ་པ་ལྟར་སྡེ་ཚན་རེ་ནས་མི་ལྔ་རེ་ལ་ཨང་ཐོབ་བྱ་དགའ་སྟེར་རྒྱུའི་གསལ་བསྒྲགས་སྔོན་དུ་བཏང་ནས་དེ་རིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་གསར་རྙིང་བརྗེ་ལེན་གྱི་ཚོགས་འདུའི་སྐབས་ཨང་ཐོབ་པ་རྣམས་ལ་༸སྐྱབས་རྗེ་༸རྒྱལ་བ་སྨན་རི་བ་མཆོག་ནས་བྱ་དགའི་ཕྱག་འཁྱེར་དང་ཕྱག་དངུལ། དེ་བཞིན་བཤད་སྒྲུབ་མཁན་པོ་མཆོག་ནས་མགུལ་དར་བཅས་བསྩལ་གནང་ཡོད་འདུག
དེ་ཡང་དཔྱད་འདེམས་སློབ་དཔོན་རྣམ་པས་འདེམས་སྒྲུག་གནང་བ་ལྟར་གྱི་ཨང་ཐོབ་རིམ་པ་གཤམ་གསལ།
དང་པོ་དཔྱད་རྩོམ།
དཔྱད་འདེམས་པ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་པ་གཉིས།
- ཨང་དང་པོ་རྫོགས་ཆེན་འཛིན་གྲྭའི་སློབ་གཉེར་བ་བསོད་ནམས་ཉི་མ་ལགས།
- ཨང་གཉིས་པ་རྫོགས་ཆེན་འཛིན་གྲྭའི་སློབ་གཉེར་བ་གཡུང་དྲུང་བསྟན་དར་ལགས།
- ཨང་གསུམ་པ་གསང་སྔགས་འཛིན་གྲྭའི་སློབ་གཉེར་བ་ཤེས་རབ་ཀུན་གསལ་ལགས།
- ལེགས་གསོལ་བྱ་དགའ། རྫོགས་ཆེན་འཛིན་གྲྭའི་སློབ་གཉེར་བ་གཡུང་དྲུང་ཚུལ་ཁྲིམས་ལགས།
- སྐུལ་ལྕགས་བྱ་དགའ། རྫོགས་ཆེན་འཛིན་གྲྭའི་སློབ་གཉེར་བ་གཡུང་དྲུང་ཉི་མ་ལགས།
གཉིས་པ་སྙན་རྩོམ།
དཔྱད་འདེམས་པ། བཤད་སྡེའི་རྒན་ལགས་དགེ་བཤེས་གཡུང་དྲུང་ཡོན་ཏན་དང་དགེ་བཤེས་བསོད་ནམས་རིན་ཆེན་རྣམ་པ་གཉིས།
སྙན་རྩོམ་ཨང་དང་པོ་སྐབས་གཉིས་པའི་སློབ་གཉེར་བ་དཔལ་བཟང་རྒྱ་མཚོ་ལགས།
སྙན་རྩོམ་ཨང་གཉིས་པ། དབུ་མ་འཛིན་གྲྭའི་སློབ་གཉེར་བ་བཀྲ་ཤིས་རྒྱ་མཚོ་ལགས།
སྙན་རྩོམ་ཨང་གསུམ་པ། དབུ་མ་འཛིན་གྲྭའི་སློབ་གཉེར་བ་ཟླ་བ་འཕྲིན་ལས་ལགས།
ལེགས་གསོལ་བྱ་དགའ། སྐབས་གཉིས་པའི་སློབ་གཉེར་བ་སྐལ་བཟང་ཤེས་རབ་ལགས།
སྐུལ་ལྕགས་བྱ་དགའ། དབུ་མ་འཛིན་གྲྭའི་འཛིན་གྲྭའི་སློབ་གཉེར་བ་གཡུང་དྲུང་བློ་ལྡན་ལགས།
གསུམ་པ་དཔོད་བྲིས།
དཔྱད་འདེམས་པ། རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སློབ་དཔོན་དགེ་བཤེས་སེམས་དཔའ་རྒྱལ་མཚན་མཆོག་དང་བཤད་སྒྲུབ་རྒན་ལགས་དགེ་བཤེས་སྐལ་བཟང་ཕུན་ཚོགས།
- ཨང་དང་པོ་། ཐེག་རིམ་འཛིན་གྲྭའི་སློབ་གཉེར་བ་ཚུལ་ཁྲིམས་རྣམ་དག་ལགས།
- ཨང་གཉིས་པ། ཐེག་རིམ་འཛིན་གྲྭའི་སློབ་གཉེར་བ་ཚེ་དབང་དོན་འགྲུབ་ལགས།
- ཨང་གསུམ། ཐེག་རིམ་འཛིན་གྲྭའི་སློབ་གཉེར་བ་ཚེ་དབང་མཐུ་སྟོབས་ལགས།
- ལེགས་གསོལ་བྱ་དགའ། སྡུད་གྲྭའི་སློབ་གཉེར་བ་སྐལ་བཟང་ཚེ་བརྟན་ལགས།
- སྐུལ་ལྕགས་བྱ་དགའ། སྡུད་གྲྭའི་སློབ་གཉེར་བ་བསྟན་པ་གཡུང་དྲུང་ལགས།