༸གདན་ས་སྨན་རིའི་གླིང་དུ་སྐབས་ ༢༦ པའི་གཡས་རུའི་འཆད་རྩོད་ཆེན་མོ་མཇུག་ལེགས་པར་གྲུབ་པ།

སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༡༡ ཚེས་ ༢ ནས་ཟླ་ ༡༡ པའི་ཚེས་ ༢༦ ཉིན་གྱི་བར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་ཉེར་དྲུག་དེ་ཉིད་འཚོགས་ཤིང་མཇུག་ལེགས་པར་གྲུབ་ཡོད་པ་རེད།

དེ་ཡང་གནས་ཚུལ་སྔོན་སོང་ལྟར་གླིང་སྟོད་སྨད་གཉིས་ནས་བདུན་ཕྲག་གི་ཐུག་ཆེན་གྲུབ་མཚམས་གླིང་སྟོད་སྨད་གཉིས་ཀྱི་བདུན་ཕྲག་གསུམ་གྱི་རིང་བོན་གྱི་སྤྱན་ལྡན་ཆེན་མོའི་ཚད་མ་ལས་ལེའུ་བཞི་པ་མངོན་སུམ་ཚད་མའི་ལེའུ་ཆ་ཚང་པར་དགེ་རྒན་རྣམ་པ་གཉིས་ནས་དཔེ་ཁྲིད་གནང་ཞིང་ཁྱད་པར་དུ་“རིག་པ་ཚད་མའི་སྐོར་དང་། མངོན་གསུམ་བཞི”སོགས་ཀྱི་སྐོར་ལ་ལུང་དང་རིག་པའི་རྐྱ་བར་ནས་བཤར་ཏེ་དགག་སྒྲུབ་ཚུལ་བཞིན་བྱས་ཤིང་། བདུན་ཕྲག་གསུམ་རིང་གི་གླིང་སྟོད་སྨད་གཉིས་ཀྱི་ཐུག་ཆེན་གྲུབ་མཚམས། བཤད་སྒྲུབ་རྒན་ལགས་རྣམས་ཀྱིས་གླིང་སྟོད་སྨད་གཉིས་ཀྱི་ཁྱབ་ལོག་རེ་རེ་བཞིན་གྲངས་ཚད་དང་བཅས་ཚོགས་དབུས་སུ་སྙན་སྒྲོན་ཞུས་ཡོད་པ་དང་།

འཆར་ཅན་ལྟར་ཉིན་གཉིས་ཀྱི་རིང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུས་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་དགེ་བའི་བཤེས་གཉེན་དུ་མ་ཚང་འཛོམས་འོག་གཡས་རུའི་འཆད་རྩོད་ཆེན་མོའི་རྩོད་རྒྱུགས་དམ་བཅའ་དབུ་འཛུགས་གནང་ཞིང་། ད་ལོའི་ཁྲིད་མཚམས་ཀྱི་གཞུང་དོན་དཀའ་གནད་གང་ཡོད་ཤོག་དྲིལ་དུ་སྒྲིལ་ཡོད་པ་རྣམས། སློབ་གཉེར་བ་སོ་སོས་རང་འདེམས་ཀྱིས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེའི་ཕྱག་ཏུ་ཕུལ་ནས་ཤོག་དྲིལ་ཡིག་རྒྱུགས་གསུང་མཛད་གནང་ནས།  ངག་སྐྱོར་དང་། རྩོད་སྤོང་སོགས་གང་བབ་ལྟར་སློབ་གཉེར་བ་སོ་སོས་དེ་མཚུངས་ཀྱི་རིག་པས་བརྡར་ཤ་ལེགས་པར་བཅད་དེ་གཡས་རུ་འཆད་རྩོད་ཆེན་མོ་མཇུག་བསྡུས་ཡོད་པ་དང་།

གཞན་ཡང་བཙུན་དགོན་རཏྣ་སྨན་གླིང་དུ་ཡང་དེ་མཚུངས་ཟླ་བ་གཅིག་གི་རིང་གླིང་སྟོད་སྨན་གཉིས་སུ་ཕྱེས་ཏེ་བཤད་སྒྲུབ་མཁན་པོ་དགེ་བཤེས་བསྟན་འཛིན་ཀུན་ཁྱབ་མཆོག་དང་དགེ་རྒན་དགེ་བཤེས་མ་ཤེས་རབ་དཔལ་འཛིན་གཉིས་ཀྱིས་བོན་གྱི་སྤྱན་ལྡན་ཆེན་མོའི་ཚད་མ་ལས་ལེའུ་དང་པོ་དཔེ་ཁྲིད་གནང་ཞིང་སློབ་མ་རྣམས་ནས་དེ་འབྲེལ་“ཤེས་བྱ་ཡུལ་གྱི་རང་བཞིན་གྱི་སྐོར་དང་། ཤེས་བྱེད་བློ་ཡི་ངོ་བོ། དེ་བཞིན་ཚད་མ་དང་ཚད་མིན། བློ་རིག་བརྒྱད་དུ་དབྱེ་ཚུལ་”སོགས་ཀྱི་སྐོར་ལ་བདུན་གསུམ་གྱི་རིང་དགག་སྒྲུབ་རྩོད་སྤོང་བྱས་ཤིང། གླིང་སྟོད་སྨད་གཉིས་ཀྱི་ཐུག་ཆེན་གྲུབ་མཚམས་གཡས་རུའི་འཆད་རྩོད་ཆེན་མོའི་རྒྱུགས་སྤྲོད་བྱས་ཡོད་འདུག་པ་བཅས་ཀྱི་གནས་བསྡུས་སུ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow