༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གི་སྐུ་ཡི་འཁྲུངས་སྐར།

དེ་ཡང་འཛམ་གླིང་བོན་འབངས་ཡོངས་ཀྱི་དབུ་ཁྲིད་བླ་ཆེན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༤་པ་ལུང་རྟོགས་ཟླ་བ་དར་རྒྱས་དཔལ་བཟང་པོ་མཆོག་ནི། ༧དཔལ་གཤེན་བསྟན་དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་ལྷ་འབངས་སུ་གཏོགས་པ། མ་ཡོན་སྡེ་བའི་ཕྱུག་ཕྲུག་ཚང་ཞེས་པའི་རིགས་རུས་ཕུན་སུམ་ཚོགས་པའི་ཁྱིམ་གཞིས་དེར།  ཡབ་དཔལ་ཡོན་འབུམ་གསལ་དང་ཡུམ་ཀླུ་གཡང་ཕྱུག་མོ་གཉིས་ཀྱི་སྲས་སུ་གཤེན་གྱི་འབྱུང་ལྡན་ ༣༠༡ གི་ནང་ཚན་བོད་ཆུ་ཕོ་བྱི་བའི་ལོ་སྟེ།  ཕྱི་ལོ་ ༡༩༧༢ ཟླ་བ་ ༡༡ ཚེས་ ༢༩ ཉིན་སྐུ་ཡི་མཚན་དཔེ་མངོན་པར་བཞད་པ་ལྟར་

དེ་རིང་སྤྱི་ལོ་ ༢༠༢༤ ཟླ་ ༡༡ པའི་ཚེས་ ༢༩ རིན་པོ་ཆེ་མཆོག་གི་སྐུ་ཡི་འཁྲུངས་སྐར་དང་བསྟུན། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་༧གདན་ས་སྨན་རིའི་གླིང་དང་བཙུན་དགོན་རཏྣ་སྨན་གླིང་གི་གྲྭ་བཙུན་འདུས་མང་ཡོངས་དང་།

བོན་གཞིས་མི་མང་དང་སློབ་ཕྲུག་རྣམས་ནས་༧སྐྱབས་རྗེ་རིན་པོ་མཆོག་གི་གསང་གསུམ་གྱི་མི་མཐུན་རྒུད་པའི་ཚོགས་ཐམས་ཅད་ཡོངས་སུ་ཉེ་བར་ཞི་ཞིང་སྐུ་ཚེའི་བསྐལ་བརྒྱར་བཞུགས་པ་དང་། རླབས་ཆེའི་བསྟན་འགྲོའི་མཛད་འཕྲིན་མཐའ་དག་ཡོངས་སུ་འགྲུབ་ཕྱིར་བོན་གཞིས་ཐོབ་རྒྱལ་གསར་པའི་ལྷ་རྒྱལ་རིར་རྩ་གསུམ་བོན་སྐྱོང་སྡེ་ཚོགས་རྣམས་བསང་གསོལ་ལྷ་རྒྱལ་དང་གསོལ་འདེབས་འཕྲིན་བཅོལ་ཞུས་ཤིང་།

དེ་རྗེས་སེར་སྐྱ་མི་ཡོངས་ནས་གསོལ་ཇ་དང་སྤྲི་གོར་དང་མངར་ཟས་སོགས་བདའ་བའི་རོ་ཡི་ལོངས་སྤྱོད་ཀྱི་རྟེན་འབྲེལ་ལ་རོལ་གནང་སོང་།

གཞན་ཡང་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་བསྟུན་སྤྱི་ཟླ་བཅུ་གཅིག་པའི་ཚེས་པ་ ༢༨དང་ ༢༩ སྟེ་ཉིན་གཉིས་ཀྱི་རིང་<གསོ་རིག་འབུམ་བཞི་མཐོ་སློབ་སྨན་རིའི་གླིང་>དང་<གསོ་རིག་ཚང་>སྨན་ཁང་གཉིས་མཉམ་འབྲེལ་ཐོག་དགོན་གྱི་ཉེ་མཁྲིས་ Nauni དུ་ཡོད་པའི་རྒྱལ་སྤྱིའི་མཐོ་སློབ་Dr YS Panwar University of Horticulture & Forestry, དུ་རིན་མེད་ཐོག་ནད་པར་སྨན་བཅོས་དང་བརྟག་དཔྱད། སྨན་སྦྱིན་སོགས་གནང་ཡོད་པ་རེད་འདུག་ལ།

དེ་ཡང་ནམ་རྒྱུན་དུ་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་”འཛམ་གླིང་ཞི་བདེའི་དོན་དུ་ང་ཚོ་ཚང་མ་མཉམ་རུབ་དགོས་པ་དང་། མཉམ་རུབ་ཡག་ཤོས་ནི་བྱམས་དང་སྙིང་རྗེའི་འདུས་ཤེས་ཀྱི་ཐོག་ནས་རང་རང་གི་ཆེད་ལས་དང་ནུས་པ་གང་ཡོད་ཀྱི་གཞན་ལ་རོགས་རམ་བྱ་རྒྱུ་དེ་ཡིན་” ཞེས་ཡང་ཡང་བཀའ་གནང་བཞིན་པ་ལྟར་རིན་པོ་ཆེ་མཆོག་གི་དགོས་གཞིའི་ཆ་རེ་ཙམ་འགྲུབ་ཐུབ་ཐབས་དང་རིན་པོ་ཆེ་མཆོག་གི་སྐུ་ཚེའི་མཛད་འཕྲིན་ཐ་དག་གེག་མེད་ལྷུན་གྱིས་འགྲུབ་ཕྱིར་ལས་འགུལ་འདི་བཞིན་སྤེལ་བ་ཡིན་པར་གསོ་རིག་ཚང་གི་སྨན་པ་གཡུང་དྲུང་འོད་ཟེར་ལགས་ཀྱིས་ངེད་དྲྭ་ཚིགས་ལ་འགྲེལ་བརྗོད་གནང་སོང་། ལས་འགུལ་འདི་བཞིན་གསོ་རིག་སྨན་པ་དཔའ་རྩལ་སྟོབས་ཆེན་ལགས་ནས་མཐུན་སྦྱོར་དང་ལམ་སྟོན་གནང་བ་ཞིག་ཡིན་འདུག ༸རྒྱལ་བ་སྨན་རི་བའི་རྣམ་ཐར་ལ་གཟིགས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow