ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ཨེ་ཤི་ཡའི་ནང་པའི་ལྷན་ཚོགས་ཐེངས་དང་པོར་ཆེད་ཕེབས་གནང་བ།

དེ་ཡང་སྤྱི་ལོ་ ༢༠༢༤ ཟླ་བ ༡༡ པའི་ཚེས་ ༤ དང་ ༥ སྟེ་ཉིན་གྲངས་གཉིས་ཀྱི་རིང་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་ལས་ཁུངས་དང་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་གཉིས་ཀྱིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Ashok མགྲོན་ཁང་དུ་ཨེ་ཤི་ཡའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཞིག་སྐོང་འཚོགས་གནང་ཡོད་པ་དང་སྐབས་དེར་༧གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཆེད་ཕེབས་ཡོང་བའི་མགྲོན་བརྡ་ཕུལ་འབྱོར་བྱུང་བ་བཞིན། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཚོགས་ཆེན་དེའི་དབུ་འབྱེད་དང་མཇུག་སྡོམ་མཛད་སྒོར་ཆེད་ཕེབས་གནང་འདུག

དེ་ཡང་མཛད་སྒོ་དེར་རྒྱ་གར་རྒྱལ་ཁབ་ཀྱི་སྲིད་འཛིན་ལྕམ་སྐུ་ Droupadi Murmu མཆོག་དང་། རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་སྐུ་ཞབས་ Gajendra Singh Shekhawat མཆོག། རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ལས་དོན་གྱི་བློན་ཆེན་སྐུ་ཞབས་  Kiren Rijiju མཆོག་སོགས་གཞུང་འབྲེལ་གྱི་གནད་ཡོད་མི་སྣ་དུ་མ་ཞིག་ཆེད་ཕེབས་གནང་ཡོད་པ་མ་ཟད། རྒྱལ་ཁབ་ ༣༢ ལྷག་ནས་དབུ་འཁྲིད་བླ་ཆེན་དང་། བླ་མ། མཁས་དབང་། དགེ་སློང་། ཉམས་ལེན་པ་སོགས་བརྒྱ་ཕྲག་ལྔ་ལྷག་ཙམ་ལྷན་འཛོམས་བྱུང་འདུག

༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་དེར་ཕེབས་པའི་དབུ་ཁྲིད་དང་བླ་ཆེན་རྣམས་དང་གཞན་ཡང་གོ་སྒྲིག་ཚོགས་མི་རྣམས་དང་གནད་ཡོད་མི་སྣ་མི་ཉུང་བ་ཞིག་ལ་མཇལ་འཕྲད་ཀྱིས་བཀའ་་གསུང་གླེང་མོལ་གནང་ཡོད་པ་དང་།

༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དང་། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ Dr. Damenda Porage (PhD)

དམིགས་བསལ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་ཚེ་རིང་དབང་ཕྱུག་དང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ Dr. Damenda Porage (PhD) རྣམ་གཉིས་ནས་རིན་པོ་ཆེ་མཆོག་ལ་ཆེད་བཅར་གྱིས་ཞང་ཞུང་དང་བོན་གྱི་ཆོས་དང་རིག་གཞུང་སྐོར་ལ་དོ་སྣང་ཆེན་པོས་བཀའ་འདྲི་དང་ཞུ་ལན་ལྷུག་པོར་གནང་འདུག་པ་མ་ཟད་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཀྱང་་ཁོང་རྣམས་ལ་བོན་དང་ཞང་ཞུང་། བོད་ཀྱི་རིག་གནས་དང་ནང་པའི་སྐོར་ལ་ཐུགས་གནང་དང་ཞིབ་འཇུག་གནང་བར་བསྔགས་བརྗོད་དང་། ད་དུང་སླད་མར་ཡང་མུ་མཐུད་ནས་དེ་ལྟར་གནང་དགོས་པའི་བཀའ་སློབ་སོགས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

གནས་ཚུལ་མཁོ་སྤྲོད་པ། ཕྱག་ཞབས་སྨན་པ་གཡུང་དྲུང་འོད་ཟེར།

གྲུབ་མཐའ་གཞན་པའི་བླ་ཆེན་དང་མཁས་དབང་ཁག་གཅིག་ཀྱང་ཚོགས་འདུ་དེར་མཉམ་ཞུག་གནངཡོད་པ་རེད་འདུག
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow