༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་སྒྲུབ་གྲྭ་བ་རྣམས་ཀྱི་མུན་མཚམས་བཅད་རྒྱ་གྲོལ་བ།

༧སྐྱབས་རྗེ་༸རྒྱལ་བ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་ལམ་སྟོན་དང་ཐུགས་བཀོད་འོག་བཤད་སྒྲུབ་འདུས་སྡེའི་འཆར་ཅན་ལྟར་གྱི་འཛིན་རིམ་སོ་སོའི་གཞུང་ཁྲིད་ཀྱི་རིམ་པ་རྣམས་ཡོངས་སུ་རྫོགས་རྗེས་བསླབ་པ་འཆད་ཉན་གྱི་བོན་ལ་དངོས་གཞིའི་ཉམས་ལེན་གྱི་སྡེ་གལ་གནད་དུ་གཟིགས་ནས་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སློབ་གཉེར་གྱི་ལས་རིམ་དབུ་འཛུགས་གནང་ཡོད་པ་ལྟར་འདི་ལོའི་བོད་ཟླ་ ༨ པའི་ ༡༥ ནས་ ༸གདན་ས་སྨན་རིའི་གླིང་གི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་སློབ་གཉེར་བ་རྣམས་ཆ་གཉིས་སུ་བགོས་ཏེ་སྔ་ཕྱིར་ཉིན་ཞག་ཞེ་དགུའི་རིང་མུན་མཚམས་བཅད་རྒྱའི་ཉམས་ལེན་དུ་བཞུགས་གནང་ཡོད་པ་དང་།

དེ་ཡང་མཚམས་པ་སྔ་མ་རྣམས་ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡༢ ཚེས་ ༥ དང་བོད་ཟླ་ ༡༠ པའི་ཚེས་ ༤ལ་ཉིན་ཞག་ཞེ་དགུའི་ཆ་ཡོངས་སུ་རྫོགས་མཚམས་ཕྱི་དྲོར་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་མཚམས་སྒོ་ཕྱེས་ཏེ་སྐུ་མཚམས་བདེ་ལེགས་ངང་གྲོལ་ཞིང་།

དེ་རིང་བོད་ཤིང་འབྲུག་ལོའི་བོད་ཟླ་ ༡༡ པའི་ཚེས་ ༢༨ དང་སྤྱི་ལོ་ ༢༠༢༥ ལོའི་ཟླ་དང་པོའི་ཆེས་  ༢༧ ཉིན་མཚམས་པ་ཕྱི་མ་རྣམས་ཉིན་ཞག་ཞེས་དགུ་ཡོངས་སུ་ཚང་པ་དང་དགོང་མོར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ནས་མཚམས་སྒོ་ཕྱེས་ཏེ་སྐབས་གཉིས་པའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སློབ་གཉེར་བ་རྣམས་ཀྱི་མུན་མཚམས་བཅད་རྒྱ་ཡོངས་སུ་བདེ་ལེགས་ངང་མཇུག་གྲུབ་ཡོད་པ་རེད།

དེ་ཡང་སྙན་རྒྱུད་རིན་པོ་ཆེ་གཟེར་བུ་ལས་“བསྡམ་པ་གསུམ་གྱིས་གཡེང་བའི་ལས་སྤང༌། གློད་པ་གསུམ་གྱིས་བློ་རྣལ་དུ་དབབ།” ཅེས་དང་། ཉམས་སུ་བླངས་པའི་ཕན་ཡོན་དུའང། གཟེར་བུ་ལས་“སྙིགས་མ་ཀློང་དུ་ཐིམ་ནས་དྭངས་མ་འོད་དུ་གསལ། །བློ་ཡི་གཡང་ལུགས་བུད་ནས་རིག་པ་གཅེར་བུར་འཆར། །རྟོག་པའི་སྤྲིན་ཚོགས་སངས་ནས་ཡེ་ཤེས་སྒྲིབ་གཡོག་མེད།”ཅེས་པ་ལྟར་རྩལ་སྦྱོང་གི་གནད་དེ་དག་ནི་ཤིན་ཏུ་གལ་ཆེ་བར་སྔོན་བྱོན་དམ་པ་རྣམས་ཀྱིས་གསུངས་པ་ལྟར་ཕྱི་ནང་གི་གནད་རྣམས་ཚུལ་བཞིན་དོན་དང་མཐུན་པ་ཡོང་སླད་མདུན་དང་པོ་ནས་རིམ་བཞིན་བདུན་ཚིགས་སོ་སོརརྩ་བའི་བླ་མ་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱིས་མུན་ཁྲིད་ངོ་སྤྲོད་གསལ་འདེབས་ཀྱི་རིམ་པ་རྣམས་གནང་ཞིང་ཉམས་ལེན་དང་བོག་འདོན་གྱི་འགྲོ་རིམ་རྣམས་ཚུལ་དང་མཐུན་པར་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་དྲྭ་ཚིགས་ཁང་ནས།

༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
previous arrow
next arrow