བསླབ་གསུམ་བསྟན་པའི་བདག་ཉིད་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གདུལ་བྱ་རང་མཐུན་གྱི་ཆ་ལུགས་སུ་མཚན་དཔེའི་སྐུ་མཆོག་མངོན་པར་བལྟམས་ནས་མི་ལོ་ ༡༠༠ ཧྲིལ་པོར་བཞེས་པའི་དགུང་སྟོན་དང་འབྲེལ་༸གདན་ས་སྨན་རིའི་གླིང་དུ་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལྟར། འདུས་མང་ཡོངས་ནས་
བོད་ཤིང་འབྲུག་ལོའི་བོད་ཟླ་ ༡༡ པའི་ཚེས་ ༢༧ ནས་ ༢༩ བར་ཏེ་སྤྱི་ལོ་ ༢༠༢༥ ལོའི་སྤྱི་ཟླ་དང་པོའི་ཚེས་ ༢༦ ནས་ ༢༨ བར་ཉིན་གྲངས་གསུམ་གྱི་རིང་༧སྐྱབས་རྗེ་༧སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་གསང་གསུམ་གྱི་མཛད་པའི་ཆ་ཀུན་ཡར་ངོའི་ཟླ་ལྟར་རྒྱས་ཤིང་རང་ཅག་གདུལ་བྱ་ཡོངས་ཀྱི་མགོན་དང་སྐྱབས་དམ་པར་ཡུན་ནས་ཡུན་དུ་འཚོ་བཞེས་གནང་ཕྱིར་གསོལ་འདེབས་སྐུ་ཕྱྭའི་ཞབས་རིམ་དུ་ཚེ་སྒྲུབ་དང་བྱམས་མའི་སྔགས་བསྟོད་སོགས་གསོག་སྒྲུབ་གནང་བཞིན་ཡོད་པ་རེད།