དེ་རིང་སྤྱི་ལོ་ ༢༠༢༥ ཟླ་དང་པོའི་ཚེས་ ༡ སྟེ་སྤྱི་ལོ་ ༢༠༢༥ གསར་དུ་བཞད་པའི་དུས་ཚེས་ཉིན་བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་དགོན་གཉིས་ནས་བོན་སྐྱོང་སྤྱི་ཡི་བསང་གསོལ་བཏང་གནང་སོང་།


དེ་ཡང་འཆར་ཅན་ལྟར་སྟོང་ལོ་འམ་སྤྱི་ལོ་གསར་ཚེས་ཀྱི་ལོ་སར་ཉིན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་༸རྒྱལ་བ་སྨན་རིའི་འདུས་སྤྱི་དང་བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་མི།


བོན་གཞིས་ཉིན་སློབ་སོགས་ནས་སྤྱིར་སྐྱེ་འགྲོའི་བདེ་སྐྱིད་ཀྱི་ལེགས་ཚོགས་ཐམས་ཅད་གོང་དུ་འཕེལ་ཞིང་རྒྱས་པ་དང་། འཛམ་གླིང་ཁྱོན་ཡོངས་ཀྱི་ནད་མུག་མཚོན་འཁྲུག་སོགས་མི་མཐུན་པའི་ཚོགས་ཀུན་ཡོངས་སུ་ཞི་བ་དང་། ཕྱྭ་དཔལ་དབང་ཀླུང་གི་དབུ་འཕང་དགུང་དུ་བཏེགས་ཤིང་། རྣམ་དཀར་བསྟན་དོན་གྱི་དགེ་ཚོགས་ཐམས་ཅད་ཡར་ངོའི་ཟླ་ལྟར་རྒྱས་པའི་ཆེད་དཀར་ཕྱོགས་སྐྱོང་བའི་བོན་སྐྱོང་ལྷ་སྲུང་སྤྱི་ཡི་བསང་གསོལ་གནང་སྲོལ་ཡོད་པ་ལྟར།


དེ་རིང་ཞོགས་པའི་དུས་ཚོད་ ༨།༣༠ ཐོག་བོན་གཞིས་ཐོབ་རྒྱལ་གསར་པའི་ལྷ་རྒྱལ་རིར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ་གཉིས་དབུ་བཞུགས་ཀྱིས་བསང་གསོལ་དང་ལྷ་རྒྱལ་གསོལ་གནང་སོང་།