༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་སྐུ་ཡི་བརྒྱ་སྟོན་དང་དཔལ་ལྡན་ཁྲི་བརྟན་ནོར་རྩེའི་འདུལ་ཁང་གསར་པའི་དབུ་འབྱེད་མཛད་སྒོ།

བལ་ཡུལ་བོན་དགོན་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་༧ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་སྐུ་ཡི་བརྒྱ་སྟོན་མཛད་སྒོ་ཆེན་མོ་དང་གཙུག་ལག་ཁང་གསར་པའི་དབུ་འབྱེད་མཛད་སྒོ་སྤེལ་བ།

དེ་ཡང་སྤྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡ ནས་ ༤ བར་ ༧སྐྱབས་རྗེ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་དང་ཚེས་པ་ ༥ ཉིན་གཙུག་ལག་ཁང་གསར་པའི་དབུ་འབྱེད་རབ་གནས་སྤེལ་མཛད་གནང་། སྤྱི་ཚེས ༦ ཉིན། ༧སྐྱབས་རྗེ་མཆོག་གི་སྐུའི་བླ་གཟའ་ཕུར་བུའི་ཉིན་བཀའ་དྲིན་རྗེས་དྲན་གྱི་བརྒྱ་སྟོན་མཛད་སྒོ་འཚོགས་གནང་སོང་།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་མཛད་སྒོར་གདན་ཞུས་ལྟར་ ༧ རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་གཅིག་ལྕོགས་ཀྱིས་ཆེད་ཕེབས་གནང་ཡོད་ཅིང་། ༢༠༢༥ ཟླ་ ༢ ཚེས་ ༤ ཉིན་བལ་ཡུལ་རྒྱལ་ས་ཀ་ཐཱ་མན་ཌུ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་པ་དང་བསྟུན། སྐབས་དེར་གནད་ཡོད་མི་སྣ་དང་བོན་འབངས་དུ་མ་ཞིག་ནས་གནམ་ཐང་དུ་ཕེབས་བསུའི་སྣེ་ལེན་དུ་འབྱོར་ཡོད་པ་རེད།

དེ་རྗེས་༧དཔལ་ལྡན་ཁྲི་བརྟན་ནོར་རྩེའི་རྒྱལ་སྒོ་ཆེན་མོའི་མདུན་ནས་བླ་གྲྭ་རྣམས་ཀྱིས་སྤོས་རྒྱ་དུང་འཕེན་སོགས་ཀྱི་སེར་འཕྲེང་བཅས་ཕེབས་བསུ་དང་བཅས་གཙུག་ལག་ཁང་གསར་པར་གདན་ཞུས་ཀྱིས་མ་འདལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། སེར་སྐྱ་མི་མང་ཡོངས་ནས་མཇལ་ཁ་ཞུས།

སྤྱི་ཚེས་ ༥ ཉིན་སྔ་དྲོར་༧ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གདན་ཞུས་ཀྱིས་གཙུག་ལག་ཁང་གསར་པ་དབུ་འབྱེད་མཛད་ཅིང་། ཕྱི་དྲོར་ཚོགས་གུར་ཆེན་མོར་མཛད་རིམ་རྣམས་འཚོགས་གནང་ཡོད་པ་དང་། སྤྱི་ཚེས་ ༦ ཞོགས་པར་གཙུག་ལག་ཁང་གསར་པའི་ནང་དུ་བླ་གྲྭ་འདུས་མང་ཡོངས་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམས་ལྷན་འཛོམས་ཀྱིས་སྨྲ་སེང་ཚོགས་འཁོར་གསུང་གྲུབ་མཚམས། ༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གཙུག་ལག་ཁང་གསར་པར་གདན་འདྲེན་ཞུས།

༧ སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བསྟོད་རྩོམ་ཕྱོགས་སྒྲིགས་དབུ་འབྱེད་གནང་ཡོད་པ་དང་། དེ་རྗེས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་ཚབ་སྐྱབས་རྗེ་སྨན་རིའི་དཔོན་རིན་པོ་ཆེ་མཆོག་དང་༧དཔལ་ལྡན་ཁྲི་བརྟན་ནོར་རྩེའི་མཁན་པོ་བསྟན་པ་གཡུང་དྲུང་རྣམ་པ་གཉིས་གཙོས་༧གདན་ས་སྨན་རི་དང་དཔལ་ལྡན་ཁྲི་བརྟན་ནོར་རྩེའི་བླ་བྲང་ནས་མ་འདལ་སྐུ་གསུང་ཐུགས་རྟེན་དང་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་འདེགས་འབུལ་དང་། དེ་ནས་རིམ་བཞིན་ཚོགས་པ་དང་དགོན་སྡེ་མི་སྒེར་སོགས་དུ་མ་ཞིག་ནས་བརྟན་བཞུགས་འདེགས་འབུལ་ཞུས་ཤིང་རིམ་བཞིན་མི་མང་ནས་མཇལ་ཁ་གྲུབ།

སེར་སྐྱ་འདུས་མང་ཀུན་དམིགས་བསལ་གོ་སྒྲིག་ཞུས་པའི་ཚོགས་གུར་ཆེན་མོའི་ནང་འདུ་འཛོམས་ཐོག དཔོན་སློབ་ཚངས་པ་བསྟན་འཛིན་མཆོག་ནས་མཛད་སྒོའི་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་དང་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དགེ་རྩ་ཚོགས་པའི་དྲུང་ཆེ་དགེ་བཤེས་བློ་གྲོས་མཆོག་ལེགས་ནས་བལ་སྐད་ཐོག་མཛད་སྒོ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནངས། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་དབྱིན་སྐད་ཐོག་ནས་མཛད་སྒོ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནངས།

དེ་རྗེས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ ༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གི་སྐུ་ཚབ་ཀྱིས་འཚམས་འདྲི་དང་བཅས་གསུང་འཕྲིན་སྒྲོགས་སྦྱོང་དང་བཅས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་གནང་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་དྲུང་ཆེ་མཆོག་ནས་གསུང་བཤད་གནང་ཡོད་པ་རེད།

གཞན་ཡང་༧ཞྭ་དཀར་གཡུང་དྲུང་བོན་གྱི་བླ་ཆེན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་གི་བཀའ་སློབ་བརྙན་འཕྲིན་བརྒྱུད་ནས་གཟིགས་འབུལ་ཞུས་ཡོད་པ་མ་ཟད་བར་མཚམས་རྣམས་སུ་སྐབས་བསྟུན་གྱིས་རིག་གཞུང་འཁྲབ་སྟོན་གང་འོས་གཟིགས་འབུལ་དང་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས། ཉིན་རྒྱབ་ནས་རིག་གཞུང་འཁྲབ་སྟོན་དང་མཛད་སྒོ་དང་འབྲེལ་བའི་བསྟོད་ཚིག་དང་གླུ་གར་སོགས་ཀྱི་མཆོད་འབུལ་གནང་ཏེ་མཛད་སྒོ་མཇུག་ཡོངས་སུ་ལེགས་པར་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།

༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
previous arrow
next arrow