༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་ནས་ཤེས་རབ་སྨྲ་བའི་སེང་གེའི་བཀའ་དབང་བསྩལ་བ།

དེ་ཡང་བོད་ཤིང་མོ་སྦྲུལ་ལོའི་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་དང་འབྲེལ་བའི་གནས་ཚུལ་སྔོན་བསྒྲགས་བཞིན། དེ་རིང་སྟེ། བོད་ཟླ་༠༡པོའི་བོད་ཚེས་༣༠ཉིན་གདན་ས་ཆེན་མོ་དཔལ་གཤེན་བསྟན་༢སྨན་རིའི་གླིང་གི་སྐབས་༤༥པའི་ཤེས་རབ་སྨྲ་སེང་གི་སྒྲུབ་པ་འཚོགས་པའི་ཉིན་མཐའ་མར་ཁེལ་ཡོད་པ་དང་།

དེ་རིང་ཞོགས་པའི་ཆུ་ཚོད་དྲུག་པ་ནས་རྗེ་རིན་པོ་ཆེ་༧མཉམ་མེད་ཆེན་པོའི་བླ་སྒྲུབ་དང་། ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་གཞུང་སོགས་སྦྲགས་ཏེ་གཏང་རག་གི་ཚོགས་འཁོར་རྒྱས་འབུལ་གྲུབ་རྗེས།


སྔ་དྲོའི་ཕྱག་ཚོད་༩/༣༠ཐོག་འཆར་ཅན་ལྟར། ༧ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་ནས་བོན་གཞིས་སེར་སྐྱ་མི་མང་ཡོངས་དང་།

ཕྱི་གླིང་གི་ཡུལ་གྲུ་ཁག་ནས་ཆེད་བཅར་གནང་བའི་དད་ལྡན་རྣམས་དང་། དེ་བཞིན་ས་གནས་སློབ་ཕྲུག་བཅས་ལ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་གཞུང་དང་གཡུང་དྲུང་ཚེ་དཔག་མེད་ཀྱི་ཚེ་སྒྲུབ་དང་བཅས་པའི་བཀའ་དབང་ཟབ་མོའི་བཀའ་དྲིན་བླ་མེད་ཆེ་ཆེར་བསྐྱངས་གནང་ཞིང་དེ་རྗེས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ངོས་ནས་ཕྱོགས་ཕེབས་ཀྱི་སེར་སྐྱི་མི་མང་ཡོངས་ལ་གཏང་རག་ཚོགས་ཀྱི་དངོས་གྲུབ་ཞུ་རོལ་གནང་ཡོད་པ་བཅས་ཀྱིས་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས། ནས་ཚུལ་སྔ་མར་གཟིགས།

སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
previous arrow
next arrow