༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧གོང་ས་སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་དགུང་གྲངས་༩༠ཕེབས་པར་འདུས་མང་ཡོངས་ནས་ཉིན་འགྱངས་གཅིག་རིང་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།

༄༅། །ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བསྟི་གནས་ཆེན་མོ། ༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ། ཚུལ་ཁྲིམས་རྣམ་པར་དག་པའི་རྒྱན་གྱིས་མཛེས་ཤིང་། བྱང་སེམས་ཕན་བདེའི་ཐུགས་བཅུད་ཡོངས་སུ་སྨིན་པ། བཤད་སྒྲུབ་འཁོར་ལོ་ཟུང་གི་བོན་འཁོར་བར་མེད་དུ་བསྐོར་བའི་གཤེན་བསྟན་ཉི་ཟླའི་བྱེད་པོ་༧སྐྱབས་རྗེ་མཁན་སློབ་ཟུང་གི་ཐུགས་ཀྱི་བཀའ་དགོངས་གཞིར་བཟུང་འོག

དེ་རིང་སྟེ་ཕྱི་ལོ་༢༠༢༥ལོའི་ཟླ་༦་ཚེས་༩ཉིན་གྱི་ཞོགས་པའི་ཆུ་ཚོད་༥།༠༠ནས་བཟུང་། འདུས་མང་ཡོངས་ནས་༧འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་གང་ཉིད། བོད་ཀྱི་བསྟན་སྲིད་གཉིས་ཀྱི་ཆེད་སྐུ་ངལ་མཛད་མེད་བསྐྱོན་ནས་ད་ལོར་མགོན་པོ་གང་ཉིད་དགུང་གྲངས་༩༠ཕེབས་པའི་གོ་སྟོན་གྱི་དུས་བཟང་ཁྱད་པར་ཅན་འཆར་ལ་ཉེ་བ་དང་བསྟུན།

མགོན་པོ་གང་གི་སྐུའི་དཀྱིལ་འཁོར་འགྱུར་མེད་གཡུང་དྲུང་གི་ཁམས་སུ་ཡུན་རིང་དུ་འཚོ་ཞིང་བཞུགས་པ་དང་། མཁའ་ལ་ཉི་ཟླའི་བགྲོད་པ་མ་ཆད་ཀྱི་བར་དུ་ཆོས་ཀྱི་འཁོར་ལོ་ཟུང་གིས་གླིང་བཞི་འོད་ཀྱིས་བསྐྱངས་ཤིང་། སྙིགས་མའི་སེམས་ཅན་རྣམས་ཞི་བདེའི་དཔལ་ལ་འགོད་ཅིང་།

མགོན་པོ་ཉིད་ཀྱི་གསང་གསུམ་གྱི་མཛད་འཕྲིན་ཐམས་ཅད་གེགས་མེད་ལྷུན་གྱིས་གྲུབ་སྟེ། གཞིས་བྱེས་ལྷན་འཛོམས་ཀྱི་སྐལ་བཟང་རིང་མིན་དུ་འཆར་བའི་ཆེད། ༧གཤེན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་སྤྲུལ་དགེ་བཤེས་འདུས་མང་ཡོངས་ནས་ཉིན་འགྱངས་གཅིག་གི་རིང་ཀུན་གསལ་བྱམས་མ་ཆེན་མོའི་སྔགས་བསྟོད་དང་ཚེ་སྒྲུབ་གསོག་སྒྲུབ་གནང་བཞིན་ཡོད་ཅིང་། སྐུ་ཕྱྭའི་ཞབས་རིམ་འདི་དག་སྒྲུབ་པའི་མཐུས་མགོན་པོ་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་ཆེན་མོ་བཞིས་མཚོན་པའི་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་དུ་འགྲུབ་པར་གྱུར་ཅིག་ཅེས་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས་གནས་བསྡུས་སུ།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
previous arrow
next arrow
གཡུང་དྲུང་བོན་གྱི་དྲྭ་རྒྱ།