༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་འབུལ་འཆར་གྱི་གསལ་བསྒྲགས།

ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བྱེ་བྲག་ཏུ་རང་རེའི་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ། བསླབ་གསུམ་བསྟན་པའི་མངའ་བདག་༧ སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་པ་དབུས་པའི་རིས་མེད་ཀྱི་སྐྱེས་ཆེན་རྣམ་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་གསང་གསུམ་གྱི་མཛད་འཕྲིན་རྒྱས་པ་དང་། ཡངས་པའི་ཁམས་སུ་སྐྱེ་འགྲོ་ཀུན་གྱི་མི་མཐུན་རྒུད་པའི་ཚོགས་རྣམས་ཉེ་བར་ཞི་ཞིང་། ཁྱད་པར་དུ་ཉེ་བའི་ལོ་ཤས་ནང་འཛམ་གླིང་ཡོངས་ལ་ཁྱབ་བདལ་དུ་སོང་བའི་ཏོག་དབྱིབས་ནད་ཡམས་མྱུར་དུ་ཞི་སྟེ། སྐྱེ་འགྲོ་མཐའ་དག་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་ཆེད་དུ། ལོ་རེའི་འཆར་ཅན་ལྟར་ལོ་དུས་ཀྱི་གསོལ་ཁ་དང་། ཟླ་དུས་ཀྱི་མཆོད་པ། ཞེས་པ་ལྟར་འདི་ག་༧གཡུང་དྲུང་བོན་གྱི་རྩ་བའི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ནས་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་འབུལ་ལམ་ཡོད་པ་བཞིན། འདི་ལོར་ཡང་གཟའ་སྐར་ཚེས་བཟང་དང་བསྟུན་ཏེ། ཕྱི་ལོ་༢༠༢༣ཟླ་༤པའི་ཚེས་༢༤ནས་ཚེས་༣༠བར་དང་། བོད་ཟླ་༣པའི་ཚེས་༤ནས་༡༠བར་བདུན་ཕྲག་གཅིག་གི་རིང་དུ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་འདུན་འདུས་པ་རྒྱ་མཚོ་དང་། བོན་ཕྲུག་བདེ་དོན། བཙུན་དགོན་རདྞ་སྨན་གླིང་གི་བཙུན་མ་རྣམས་ཀྱིས་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་རྒྱས་འབུལ་ཞུ་འཆར་ཡོད་པ་དང་། དེ་བཞིན་གསང་སྔགས་སྒོམ་སྒྲུབ་གླིང་དུ་བོན་གཞིས་མི་མང་གིས་སྲིད་རྒྱལ་ཚོགས་བསྡུས་བསོག་སྒྲུབ་གནང་རྒྱུ་ལགས་ན། དེ་ལུགས་སུ་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་༧སྟོན་པ་རྣམ་འདྲེན་བརྒྱད་པ་༧རྒྱལ་བ་གཤེན་རབ་མི་བོ་མཆོག་གི་རྗེས་འཇུག་དད་ལྡན་སེར་སྐྱ་མི་མང་ཡོངས་ཀྱིས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་བརྩོན་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་པས་ཀུན་གྱིས་དགོངས་འཇགས་ཞུ་རྒྱུ་དང་། དེ་ལྟར་ཕྱོགས་སོ་སོར་གནས་འཁོད་རྒྱ་ཆེའི་དད་ལྡན་པ་རྣམས་ནས་མཆོད་འབྲེལ་ཞུ་མཁན་ཡོད་ཚེ་གཤམ་གྱི་འབྲེལ་ལམ་ཁ་བྱང་སོགས་བརྒྱུད་ནས་འབྲེལ་བ་གནང་རོགས་ཞུ།

༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས། 

ཕྱི་ལོ་༢༠༢༣ཟླ་༠༣པའི་ཚེས་༢༦ཉིན།

མཆོད་འབྲེལ་ཞུ་སའི་འབྲེལ་གཏུག་མི་སྣ།

གྲྭ་ཚང་གཉེར་པ། བློ་གྲོས་དབང་རྒྱལ། ཁ་པར་དང་། སྐད་འཕྲིན། WhatsApp བཅས་ཀྱི་ཨང་གྲངས། 8219595260

གྲྭ་ཚང་གཉེར་པ། བརྩོན་འགྲུས་གོང་འཕེལ། ཁ་པར་དང་། སྐད་འཕྲིན་ཨང་གྲངས། 7018366535  WhatsApp 1287979578

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow