༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གི་དགུང་ཀེག་དང་བསྟུན་སྐུ་ཕྱྭའི་ཞབས་རིམ་འཚོགས་པ།

སྤྱིར་བླ་མ་དང་སྐྱེས་ཆེན་དམ་པ་རྣམས་ཀྱི་དགུང་ཀེག་ཁེལ་སྐབས། གདུལ་བྱའི་སྤྱི་མཐུན་གྱི་བསོད་ནམས་གོང་སྤེལ་དང་། བླ་མའི་སྐུ་ཚེ་ཡུན་དུ་བརྟན་ཞིང་གསང་གསུམ་གྱི་མཛད་འཕྲིན་ལ་གེགས་དང་བར་ཆད་ཀྱི་ཆ་ཕྲ་མོ་ཙམ་ཡང་མི་འབྱུང་བའི་ཆེད་དུ། དད་འབངས་རྣམས་ཀྱིས་དད་འདུན་མོས་པའི་སྒོ་ནས་ཞབས་རིམ་ཅི་རིགས་གསོག་སྒྲུབ་གནང་སྲོལ་ཡོད་པ་ཇི་བཞིན། གཤེན་གྱི་འབྱུང་ལྡན་ ༣༠༡ བོད་ཆུ་མོ་ཡོས་ཀྱི་ལོ་འདིར། གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེའི་དགུང་ཀེག་ཁེལ་ཡོད་སྟབས། ༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས། ༸སྐྱབས་རྗེ་མཆོག་གི་དགུང་ཀེག་ཡོངས་སུ་ཟློག་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེག་མེད་ལྷུན་གྱིས་འགྲུབ་པ་དང་། བསྟན་པ་དང་གདུལ་བྱའི་མགོན་དུ་སྐུ་ཚེ་མི་ཤིག་གཡུང་དྲུང་གི་གཤིས་སུ་བརྟན་པར་བཞུགས་ཕྱིར། འདི་ལོའི་བོད་ཟླ་གཉིས་པའི་ཚེས་པ་ ༡༥ སྔ་ཕྱི་གཉིས་ཏེ་ཉིན་གཉིས་ཀྱི་རིང་། བླ་མེད་རྫོགས་པ་ཆེན་པོ་ཞང་ཞུང་མེ་རིའི་ཚོགས་མཆོད་རྒྱས་འབུལ་ཞུ་རྒྱུའི་ཐུགས་གཏན་ཁེལ་བ་བཞིན།

   ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ པའི་ཚེས་ ༠༤ བོད་ཟླ་གཉིས་པའི་ཚེས་པ་ ༡༤ ཉིན། གཏོར་མ་བཅའ་བཟོ་དང་མཆོད་པའི་བཤམས་བཀོད་རྣམས་ལེགས་པར་གྲུབ་སྟེ།  ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ པའི་ཚེས་ ༠༥ བོད་ཟླ་གཉིས་པའི་ཚེས་པ་ ༡༥ སྔ་མ་སྟེ། དེ་རིང་ཞོགས་པའི་འཁོར་དུས་དྲུག་པའི་ཐོག་ཚོགས་བརྡ་དང་བཅས་ཏེ། བླ་གྲྭ་དགེ་འདུན་ཡོངས་སྨན་རིའི་འདུལ་ཁང་ཆེན་མོར་འཚོགས་ཤིང་། ཞང་ཞུང་མེ་རིའི་དཀྱིལ་འཁོར་གྱི་ཆོ་གའི་ཞལ་ཕྱེས་ཏེ་འདོན་པའི་དབུ་ཚུགས་ཡོད་པ་དང་།

     དེ་རིང་དང་སང་ཉིན་ཉིན་གཉིས་ཀྱི་རིང་དཔལ་གཤེན་བསྟན་སྨན་རིའི་གླིང་གྲྭ་ཚང་དང་། བཙུན་དགོན་རདྣ་སྨན་གླིང་། སྨན་རིའི་གཞི་རིམ་སློབ་ཕྲུག་བཅས་ནས་མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་ཐམས་ཅད་ཡར་ངོའི་ཟླ་ལྟར་རྒྱས་ཤིང་། རང་ཅག་སློབ་མ་རྣམས་དང་རྒྱ་ཆེའི་དད་འབངས་ཡོངས་ཀྱི་སྐྱབས་དང་མགོན་དུ་སྐུ་ཚེ་ཡུན་ནས་ཡུན་དུ་འཚོ་བཞུགས་གནང་ཞིང་། ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར། གཏན་དུ་འབྲལ་བ་མེད་པར་ཐུགས་རྗེའི་སྐྱབས་འོག་ཏུ་ཚུད་པའི་རྟེན་འབྲེལ་སྨོན་ལམ་ཟབ་མོའི་སྒོ་ནས་ཞང་ཞུང་མེ་རིའི་ཚོགས་མཆོད་རྒྱས་འབུལ་གཙོས། སྐུ་ཕྱྭའི་ཞབས་རིམ་གང་མང་སྒྲུབ་གནང་རྒྱུ་ཡིན་འདུག་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow