བོད་དུ་ཐུ་མི་ཨ་ནུ་ཞེས་པ་ཞིག་བྱུང་མྱོང་ཡོད་མེད་སྐོར་དཔྱད་པ།

tompa_shenrab12ནམ་རྒྱུན་བོད་མིའི་ངག་ཐོག་ནས་བཤད་སྲོལ་ལ་སློབ་དཔོན་ཐུ་མི་བཀའ་དྲིན་ཅན་ཞེས་པ་དང་དེ་ ཡིས་བོད་ཡིག་གསར་གཏོད་དང་སུམ་ཅུ་པའི་གཞུང་མཛད་པ་པོ་ཡིན་པ་སོགས་དུས་རབས་བཅུ་གཅིག་པ་མན་ཆོད་དུ་བོད་ཁམས་སུ་གྲགས་པའི་ཐུ་མི་ཨ་ནུ་ཞེས་པ་དེ་དོན་ངོ་མ་གངས་ཅན་ལྗོངས་སུ་མི་དེ་འདྲ་ཞིག་བྱུང་མྱོང་ཡོད་མེད་ཤིན་ཏུ་དཀའ་བའི་གནས་ཤིག་རེད་འདུག་པར་སྙམ། རྒྱལ་པོ་སྲོང་བཙན་ནས་བཟུང་བོད་རྒྱལ་ལྷ་སྲས་དར་མ་བར་གྱི་རྒྱལ་བློན་དག་གིས་ལོ་དང་ཟླ་བ་རེ་རེ་བཞིན་བཟང་ངན་ཅི་བྱས་ཀྱི་ལོ་རྒྱུས་ཕྲ་ཞིང་ཕྲ་བ་ནས་ཡོད་པའི་ཏུན་ཧོང་གི་གཏེར་ཡིག་ནང་ཐུ་མི་ཞེས་པའི་མིང་ཚིག་རྐང་གཅིག་ཀྱང་མེད་པ་དང་། དེར་མ་ཚད་ཏུན་ཧོང་གི་གཏེར་ཡིག་ནང་སྲོང་བཙན་གྱིས་རྒྱ་ནག་ནས་རྒྱ་བཟའ་དང་བལ་ཡུལ་ནས་བལ་བཟའ་གདན་དྲངས་པ་དང་། ཞང་ཞུང་འབངས་སུ་བསྡུས་པ་དང་། རྒྱ་ཡི་དམག་ཁྲི་བརྒྱད་ཀྱིས་བོད་དམག་སྟོང་ཕྲག་ཁ་ཤས་མ་ཐུབ་ནས་ཕམ་པ་དང་།   བཙན་པོ་བལ་ཡུལ་དུ་ཕེབས་པ་སོགས་གསལ་པོ་ཡོད་ཀྱང་ཐུ་མི་ཨ་ནུ་ཞེས་པ་ཞིག་མེད།   གལ་སྲིད་ཐུ་མི་ཨ་ནུ་རྒྱལ་པོ་སྲོང་བཙན་གྱིས་བོད་ལ་བོད་ཡིག་བསྐྲུན་པའི་ཆེད་དུ་རྒྱ་གར་ལ་བཏང་པ་ཞིག་དང་དེ་ཡན་ཆོད་བོད་ལ་ཡི་གེ་མེད་པ་དང་བོད་ཀྱི་ཡི་གེ་གསར་སྐྲུན་བྱེད་མཁན་ཞིག་ཡིན་ན་མ་མཐར་རྒྱལ་  པོའི་བཙུན་མོ་ལེན་ས་དང་བཅས་པ་ཕྲ་ཞིང་ཕྲ་བ་ནས་ལོ་རྒྱུས་ཡོད་དུས་བོད་སྤྱི་ཡི་ལས་དོན་ཆེན་པོ་དེ་འདྲ་ཞིག་མིང་ཙམ་མེད་པའི་དོན་གང་ཡིན་ནམ། ད་དུང་ཡ་མཚན་པ་ཞིག་ལ་རྒྱལ་པོ་རང་གིས་བྱ་བ་ དང་བློན་པོ་དག་གི་བྱ་བ་ཡག་སྡུག་བཟང་ངན་ཚང་མ་ཟླ་བ་རེ་རེ་བཞིན་བཀོད་ཡོད་ཀྱང་། རྒྱལ་རང་ཉིད་ཀྱི་སྐབས་སུ་བྱ་བ་ཆེས་བཟང་བའི་ཡི་གེ་གསར་བསྐྲུན་གྱི་སྐོར་ཚིག་འབྲུ་རྐང་གཅིག་མེད་པའི་ཁར་རྒྱལ་པོ་རང་ཉིད་ཀྱིས་ཡི་གེ་ཤེས་པ་དང་བོད་ཀྱིས་ཡི་གེ་བེད་སྤྱོད་བྱེད་ཀྱི་ཡོད་པའི་དཔང་རྟགས་སོགས་གསལ་པོར་ཡོད་པ་ཧ་ཅང་གིས་ཡ་མཚན་དགོས་པ་ཞིག་རེད།

ཡང་ཐུ་མི་ཨ་ནུས་བོད་ཡིག་གསར་གཏོད་བྱས་པ་ལས་ལྡོག་སྟེ། ཞང་ཞུང་དབང་དུ་བསྡུ་རྒྱུའི་ཆེད་དུ་  སྲོང་བཙན་གྱིས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་ལ་ཆབ་སྲིད་ཀྱིས་བཙན་མོ་སད་མ་དཀར་རམ་པད་མ་   དཀར་མནའ་མ་སྤྲད། བཙན་མོའི་གསང་བ་འཁྱེར་མཁན་གྱིམ་བཙན་རྨང་ཅུང་བཙན་པོའི་སྤྱན་སྔར་
མཆིས་ནས་བཙན་པོ་ལ་སྨྲས་པ་འདི་ལྟར་གསལ། ‘‘བཙན་མོས་བཀའ་ལན་ཡི་གེར་གསོལ་བ་ནི་ཅང་མ་མཆིས། མགུར་བླངས་པའི་ཚིག་ནི་འདི་རྣམས་  ཡིན་,,ཞེས་པ་འདིས་དེ་དུས་བཙན་པོས་ཡི་གེ་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་བོད་ལ་ཡི་གེ་ཡོད་པ་     གསལ་པོ་བསྟན་ཡོད། ཐུ་མིས་ཡི་གེ་བཟོས་པའི་རྫུན་སྒྲུང་གིས་བཟི་བའི་ཁ་ཅིག་གིས་བཙན་མོས་བཀའ་ལན་ཡི་གེར་གསོལ་བ་ནི་ཅང་མ་མཆིས། མགུར་བླངས་པའི་ཚིག་ནི་འདི་རྣམས་ཡིན་ཞེས་པའི་དཔང་རྟགས་འདི་ལ་དེ་དུས་བོད་པས་ཞང་ཞུང་གི་ཡི་གེའི་ནང་བོད་སྐད་འབྲི་བཞིན་ཡོད་པ་འདྲ་ཞེས་ཨུ་     ཚུགས་ཀྱི་གཏམ་ཡང་བཤད་ཡོད། ཡང་གཞན་ཞིག་ནི།
བོད་རིག་པའི་དཔྱད་གཞིར་གྱུར་བའི་བོན་དཔེ་སྲིད་པ་སྤྱི་མདོས་ཞེས་པ་ཞིག་ཡོད་པ་དེ་ཡི་མཇུག་བྱངདུ་གསལ་པོར་འཁོད་ཡོད་པ་ནི། ‘‘གཤེན་པོ་གཅོ་འོད་ནས་རིམ་པར་རྒྱུད་པ། སངས་པོ་ཁྲིན་ཁོད་     བདག་གིས་ཡི་གེར་བཏབ། ,,ཞེས་འཁོད་ཡོད་པར་བརྟག་ན་གཅོའུ་འོད་དཀར་ནི་བོད་རྒྱལ་བཞི་པ་སོ་ཁྲི་བཙན་པོའི་སྐུ་གཤེན་ཡིན་པས་བོད་རྒྱལ་བཞི་པའི་དུས་ནས་ཡི་གེ་ཡོད་པར་གསལ། དེ་བཞིན་སངས་པོ་ཁྲི་ནེ་ཁོད་བོད་རྒྱལ་སུམ་ཅུ་སོ་གཅིག་པ་སྟག་རི་གཉན་གཟིགས་ཀྱི་སྐུ་ཡི་གཤེན་པོ་ཡིན། ད་དུང་   དམིགས་སུ་བཀར་ནས་བརྗོད་དགོས་པ་ཞིག་ལ། དེང་སྐབས་རང་ཅག་བོད་ཀྱི་སྤྱི་ཚོགས་ནང་མགྲིན་   གཅིག་ཏུ་བརྡ་སྤྲོད་པའི་གཞུང་ལུགས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་འདི་སྤྱི་ལོའི་དུས་རབས་     བདུན་པའི་ནང་སློབ་དཔོན་ཐུ་མི་ཨ་ནུས་མཛད་པ་རེད་ཟེར་བཞིན་པའི་རྟགས་ཀྱི་འཇུག་པ་འདི།    མཁན་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་གིས་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་  པའི་ཡི་གེའི་སྦྱོར་བ་ཞེས་པ་དེ་ཡིན་པའི་དཔང་རྟགས་གསལ་པོར་བཀོད་ཡོད།
མཁས་དབང་ཁོང་གིས་ད་ཡོད་བཙན་པོའི་དུས་རྡོ་རིང་སོགས་ཀྱི་ཡི་གེ་དང་།  ཏུན་ཧོང་སོགས་ནས་ཐོན་པའི་བོད་ཀྱི་གནའ་ཡིག་འདི་དག་ཞིབ་ཏུ་དཔྱད་ན།
གལ་ཏེ་ཐུ་མིས་མཛད་པའི་བརྡ་སྤྲོད་གཞུང་ལུགས་ཤིག་ཡོད་ན་སྐབས་དེ་དུས་ཀྱི་གནའ་ཡིག་རྣམས་
བརྡ་སྤྲོད་འདི་དང་མི་མཐུན་པའི་དོན་ཅི་ཡོད་ཞེས་པའི་ཚུལ་གསུངས་ཡོད།

ཡང་མཁས་དབང་ཁོང་གིས། ‘‘ཡང་ན་ཐུ་མིས་མ་འོངས་པའི་དུས་རབས་འགའ་ཞིག་གི་ནང་བོད་ཀྱི་   སྐད་ཡིག་འཕེལ་འགྱུར་གྱི་ཆོས་ཉིད་མངོན་པར་མཁྱེན་ཏེ་ལེགས་པར་བརྩམས་ནས་མི་ལོ་ལྔ་བརྒྱ་ཙམ་གྱི་རིང་གཏེར་དུ་སྦས་གནང་མཛད་པ་མིན་ལས་ཆེ། འོན་ཀྱང་དེ་ལྟ་བུའི་གཏམ་རྒྱུད་བཟོ་མཁན་བྱུང་མེད་ལ།  མཚན་ཡོངས་སུ་གྲགས་པའི་གཏེར་སྟོན་སུས་ཀྱང་ཐོས་མྱོང་མེད། ,,ཞེས་གསུངས་ཡོད།

འདིའི་དོན་ནི་སུམ་རྟགས་ཀྱི་གཞུང་འདི་ཉིད་དུས་ཕྱིས་འབྱུང་ས་པཎ་སྐབས་ནས་གྲགས་ཡོང་པ་ཞིག་ལས་ལོ་ལྔ་བརྒྱའི་ནང་མིང་ཙམ་མེད་པ་མ་ཟད་གཞུང་འདི་ཉིད་གཏེར་སྟོན་གང་གིས་གཏེར་ནས་སྟོན་མྱོང་མེད་པ་གསལ་པོར་གསུངས་ཡོད། དེ་དང་ཕྱོགས་མཚུངས་དུས་རབས་བདུན་པ་ནས་བཅུ་གཅིག་  པའི་བར་གྱི་གནའ་ཡིག་དག་གི་ནང་ཐུ་མི་ཨ་ནུ་ཞེས་པ་ཞིག་མིང་ཙམ་མེད་པ་གང་ཡིན་ནམ།

ཡང་མཁས་དབང་ཁོང་གིས། ‘‘གོང་གསལ་བསྟན་བཅོས་དེ་གཉིས་ཕན་ཚུན་གཟབ་ནན་ཆེན་པོས་ཞིབ་ བསྡུར་ཞིག་མཛད་ནས། འགོ་བརྩམ་པར་དམ་བཅའ་བ་ནས། བར་སུམ་ཅུ་པའི་རྣམ་དབྱེ་བརྒྱད་དང་དེ་དག་གི་སྦྱོར་ཚུལ་སོགས་ཇི་མ་ཇི་བཞིན་དུ་མཚུངས་པ་ནི་ངོ་མཚར་དང་རྒྱུ་མཚན་ཤིན་ཏུ་ཆེ་བ་ཞིག་ ཏུ་མཐོང་། གལ་ཏེ་སུམ་རྟགས་ཀྱི་གཞུང་འདི་སློབ་དཔོན་ཐུ་མིས་མཛད་པ་ཞིག་ཡིན་ན། རྗེ་ས་པཎ་  གྱིས་བསྐྱར་ཟློས་འདི་ལྟ་བུ་གནང་དགོས་དོན་ག་ལ་ཡོད་གསུངས་པ་འདི་རིགས་པས་བརྟག་ཆོག་རིན་   ཞིག་ཏུ་མཐོང་།,, ཞེས་དང་།
ཡང་མཁས་དབང་ཁོང་གིས། ‘‘ལྷག་པར་དུ་བརྩམ་པར་དམ་བཅའ་བའི་ཚིག་རྐང་མཐའ་མ། ཡི་གེའི་སྦྱོར་བ་བཤད་པར་བྱ་ཞེས་པའི་མདུན་གྱི་ཚིག་འབྲུ་བཞིས་ས་པཎ་གྱིས་མཛད་པའི་བསྟན་བཅོས་ཀྱི་མཚན་དངོས་སུ་བསྟན་པ་དེ་སུམ་རྟགས་ཀྱི་རྩ་བར་ཡང་སོར་ན་གནས་པ་འདིས་བསྟན་བཅོས་དེ་ ཉིད་ཀྱི་མ་ཕྱི་དངོས་ཡིན་པ་མངོན་སུམ་དུ་མཚོན་མི་འདུག་གམ།,, ཞེས་གསུངས་པ་དེ་གཞུང་ལུགས་  དང་མཐུན་པའི་གསུངས་ཤིག་ཡིན་པ་ལས་ཚོད་དཔག་ཙམ་རེད་མི་འདུག་སྙམ། གཞུང་ལུགས་མང་ཆེ་བའི་བརྩམ་པ་དམ་བཅའི་ནང་གཞུང་དེ་ཉིད་ཀྱི་མཚན་དང་ལུས་རྣམ་བཞག་བསྟན་སྲོལ་ཡོད་པ་ལྟར་སུམ་རྟགས་ཀྱི་རྩ་བ་ཡི་དམ་བཅའི་ནང་ས་པཎ་གྱིས་བརྩམས་གནང་བའི་ལུས་རྣམ་བཞག་གམ་མཚན་དངོས་སུ་བསྟན་འདུག་པས་ས་པཎ་གྱིས་བརྩམས་པར་མངོན།

ཡང་ཁོང་གིས། ‘‘གལ་ཏེ་སུམ་རྟགས་ཀྱི་རྩ་བ་འདི་སྤྱི་ལོའི་དུས་རབས་བདུན་པའི་ནང་སློབ་དཔོན་ཐོན་   མིས་མཛད་པ་ཞིག་ཡིན་ན། བར་དེར་མི་ལོ་དྲུག་བརྒྱ་ཙམ་གྱི་རིང་བོད་དུ་བསྟན་པ་སྔ་དར་དང་ཕྱི་ དར་གཉིས་ཀར་སྒྲ་སྒྱུར་གྱི་ལོ་ཙྭ་བ་གཙོ་བོར་གྱུར་པའི་བོད་ཀྱི་རིག་གནས་ལ་མཆོག་ཏུ་མཁས་པ་བརྒྱ་  སྟོང་མང་པོ་བྱོན་ཡོད་པ་དེ་རྣམས་ཀྱིས་བརྡ་སྤྲོད་པའི་གཞུང་ལུགས་སུམ་ཅུ་པ་དང་རྟགས་འཇུག་     གཉིས་ལ་འགྲེལ་པ་རྒྱས་བསྡུས་ཅི་རིགས་ཤིག་མཛད་མཁན་མ་བྱུང་བ་ཅི་ལ་སྲིད་དམ།,, ཞེས་གསུངས་པ་དང་། སུམ་རྟགས་ཀྱི་འགྲེལ་མེད་པ་མ་ཙམ་མ་ཚད་འདི་ཡི་མིང་ཙམ་བརྗོད་མཁན་བྱུང་མེད་པ་རེད།
‘‘ཡང་གསན་པ་ལ་བསྩནད་པ་ཞེས་པ་ལ་སོགས་ཡི་གེ་སྦྱོར་ཚུལ་གཅིག་ཏུ་མ་ངེས་པ་ལྟ་བུ་ཇི་སྙེད་ཅིག་ མཐོང་རྒྱུ་ཡོད་པ་འདིའི་རིགས་ལ་དཔག་ན། སློབ་དཔོན་ཐུ་མིས་བོད་ལ་ཡི་གེའི་གསར་གཏོད་གནང་བ་དང་དུས་མཚུངས་བརྡ་སྤྲོད་པའི་གཞུང་ལུགས་བརྒྱད་དམ། ད་ཡོད་སུམ་རྟགས་ཏེ་དེང་སྐབས་རང་ ཅག་གིས་སྦྱོང་སྤྱོད་བྱེད་བཞིན་པའི་བསྟན་བཅོས་འདི་ཡང་གསར་རྩོམ་མཛད་པར་གྲགས་པ་དེ།
ཇི་ལྟར་བྱས་ཀྱང་འདྲ་པོ་དང་འགྲིག་པོ་རྩ་བ་ནས་མེད་པའི་དོགས་གཞི་ཞིག་ཆགས་རུང་སུ་ལའང་    བརྗོད་མི་ཕོད་པ་དེ་མུར་གནས་ཐོག། ཏུན་ཧོང་ས་ཕུག་ནས་ཐོན་པའི་གནའ་བོའི་བོད་ཡིག་གི་ཁྲོད་   ནས་སློབ་དཔོན་ཐུ་མིའི་ལོ་རྒྱུས་དང་། བརྡ་སྤྲོད་གཞུང་ལུགས་ཀྱི་དུམ་ཛར་འདྲ་རྙེད་དུ་རེ་བའི་འདུན་པ་དུ་མར་བཅངས་ནའང་ད་ཕན་ནི་མཐོང་བ་ལྟ་ཅི། ཐོས་རྒྱུ་ཙམ་ཡང་མེད།,, ཞེས་གསུངས་པ་ནི། ཁོང་གིས་དོན་ངོས་ཐོག་ཐུ་མི་ཞེས་པ་ཞིག་མེད་པ་བརྗོད་མ་ཕོད་ཀྱང་ཤུགས་ལས་ཐུ་མི་ཞེས་པ་དེ་དུས་རབས་བཅུ་པ་ནས་སྒྲུང་བརྩམས་བཞག་པ་ཙམ་ལས་དོན་ངོ་མ་མཁས་དབང་ཞིག་བྱུང་མྱོང་མེད་པ་   གསལ་པོར་བསྟན་ཡོད།
‘‘ཡང་དཔལ་ས་སྐྱ་པཎྚི་ཏའི་《ཡི་གེའི་སྦྱོར་བ》ཞེས་པའི་གསུང་གི་རྗེས་སུ་འབྲངས་ནས་སྨྲས་པ་  ཞེས་ལྷང་ངེར་ཐོས་ཤིང་ལྷན་ནེར་དྲན་པ་ནི་རེ་ཞིག་རང་སྣང་གི་དཔྱད་པ་ཙམ་ལགས་སོ། ད་དུང་“སྨྲ་བའི་དབང་ཕྱུག་གི་རྗེས་སྨྲས་”ཞེས་གསུངས་པ་འདིས་སུམ་རྟགས་ཀྱི་གཞུང་མཛད་པ་པོ་གང་ཟག་ཁྱད་དུ་འཕགས་པ་དེ་ཉིད་ཀྱི་ཐུགས་དགོངས་ལ་བསྟན་བཅོས་འདི་བཞིན་སློབ་དཔོན་ཐོན་མིས་མཛད་པར་རྫུ་བའི་ཀུན་སློང་དེ་རིགས་རྩ་བ་ནས་མེད་པ་མཐར་ཕྱིན་པར་བསྟན་ཡོད། དེ་ནི་གོང་གི་རྗེས་འཇུག་པ་དག་གིས་བར་སྐབས་ཤིག་ལ་བསྟན་བཅོས་མཛད་བྱང་སྔ་རབས་འགའ་   ཞིག་གི་ལད་མོ་བྱས་ཏེ། སློབ་དཔོན་ཐུ་མི་སམ་བྷོ་ཊས་མཛད་ཅེས་ཆེར་སྒྲོག་བྱས་པ་དེ་ནི་“སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་གཏོང་”ཞེས་པའི་དཔེ་དོན་ཐོག་ཏུ་མངོན་པ་ཞིག་ཡིན་སྙམ། འོན་ཀྱང་  དེའི་རྗེས་འབྲངས་ནི་《མ་ཎི་བཀའ་འབུམ》ཟེར་བ་སོགས་དང་གཏན་ནས་མི་འདྲ་བར་ཆོས་    ལུགས་གྲུབ་མཐའ་མི་འདྲ་བའི་ཕྱོགས་ཞེན་མེ་ལྟར་འབར་བའི་དུས་རབས་རིང་པོའི་ནང་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་འཕེལ་རྒྱས་ཁྱབ་གདལ་དུ་འགྱུར་བའི་ཕན་འབྲས་བརྗོད་ཀྱིས་མི་ལང་བ་ཞིག་ཐོན་ པས་དེ་རིགས་ཀྱི་ཕན་གནོད་ལྟ་བུར་ཉ་ཉུང་མཉམ་བསྲེས་རྩ་བ་ནས་བྱེད་མི་རུང་ངོ་། ,,ཞེས་དང་། ‘‘སུམ་རྟགས་ཀྱི་རྩ་བ་ནི་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལྟ་ཅི། ཐ་ན་བཙན་པོའི་རྒྱལ་རབས་ཀྱི་ མཇུག་ཆར་ཡང་བྱུང་མེད་པ་ཤུགས་ལས་རྟོགས་ཐུབ་པ་ཡིན་ནོ།,, ཞེས་གསུངས་པ་འདི་རྣམས་དོན་     དངོས་སུ་གྲུབ་ཡོད་པ་ཞིག་རེད། རྒྱུ་མཚན་འདི་དག་གིས་བོད་ཡིག་སྲོང་བཙན་སྐབས་སུ་གསར་བཟོ་
བྱས་མེད་པ་གསལ་པོར་ཤེས་ཐུབ་པ་མ་ཟད་སྲོང་བཙན་གྱི་བློན་པོ་ཐོན་མི་ཨ་ནུ་ཞེས་པ་ཞིག་མེད་པའི་ དཔང་རྟགས་ཀྱང་བྱེད་ནུས།
དཔེར་ན་གཙུག་ལག་ཁང་མདུན་གྱི་རྡོ་རིང་ནང་། ཐང་ཁྲང་ཡོན་ལོ་དང་པོ་དང་སྤྱི་ལོ་821-822ཐང་བོད་བར་ཕོ་ཉ་མངགས་ནས་ཁྲང་ཨན་དང་ལྷ་སར་མཇལ་འདུམ་ཆེན་པོ་བྱས་པ་དང་། ཐང་བོད་ཕྱོགས་གཉིས་ཀྱིས་ཁྲང་ཨན་དང་ལྷ་སར་རྡོ་རིང་དུ་ཡི་གེ་བརྐོས་ནས་དམ་བཅའ་མི་འགྱུར་  བར་བྱས་པ་དང་། ཡི་གེར་ཐང་བོད་རྒྱ་བོད་རིམ་བྱོན་གྱི་རིང་གི་མཛའ་འབྲེལ་ནན་བཤད་དང་ཁྱིམ་  མཚེས་མཉམ་མཐུན་དགོས་པའི་ཐུན་མོང་གི་རེ་འདོད་བསྟན་ནས། སླར་ཡང་ཐང་བོད་ཕྱོགས་གཉིས་ སོ་སོར་དབང་བའི་ཡུལ་དང་ས་མཚམས་སྲུང་ཞིང་། དེའི་ཤར་ཕྱོགས་ནི་རྒྱའི་ས་ཆ་དང་ནུབ་ཕྱོགས་ཐམས་ཅད་ནི་བོད་ཆེན་པོའི་ས་ཆ་ཡིན་པ། ཕན་ཚུན་དགྲར་མི་ལངས་པ་དང་། དམག་མི་འདྲེན་པ། ས་ཆ་མི་འཕྲོག་པའི་དམ་བཅའ་དང་། མཇུག་ཏུ་ཐང་བོད་ཕྱོགས་གཉིས་ཆབ་སྲིད་གཅིག་ཏུ་མཐུན་    ཞིང་། བདམས་བསྒྲིགས་ཆེན་པོ་འདི་ལྟར་མཛད་པས་ཐང་བོད་གཉིས་བར་ཕན་ཚུན་དགའ་བའི་འཕྲིན་བཟང་ཡང་ཕར་ཚུར་གཏོང་རེས་བྱེད་དགོས་པའི་རེ་བ་བཏང་པ་སོགས་བཀོད་པའི་གནའ་ཡིག་ནང་ ད་ལྟ་ང་ཚོས་སྤྱོད་བཞིན་པའི་བརྡ་སྤྲོད་དང་མཐུན་གྱི་མེད་པ་རེད། གལ་ཏེ་ཐུ་མིས་མཛད་པའི་བརྡ་
སྤྲོད་གཞུང་ལུགས་ཤིག་ཡོད་ན་སྐབས་དེ་དུས་ཀྱི་གནའ་ཡིག་རྣམས་བརྡ་སྤྲོད་འདི་དང་མི་མཐུན་པའི་དོན་ཅི་ཡོད། དེ་བཞིན་བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་དང་པོ་ཏ་ལའི་ཞོལ་གྱི་རྡོ་རིང་ཕྱི་མ།
ཁྲི་སྲོང་ལྡེ་བཙན་གྱིས་སྟག་སྒྲ་ཀླུ་གོང་ལ་གནང་བའི་བཀའ་གཙིགས། སྟག་སྒྲ་ཀླུ་གོང་ནི་ཁྲི་སྲོང་ལྡེ་
བཙན་སྐབས་ཀྱི་བློན་ཆེན་ཞིག་ཡིན་པ་དང་། དུས་རབས་བརྒྱད་པར་ཐང་བོད་བར་འཁྲུག་རྩོད་མང་པོ་བྱུང་ནས། ཁྲི་སྲོང་ལྡེ་བཙན་གྱི་རིང་བློན་ཆེན་སྟག་སྒྲ་ཀླུ་གོང་གིས་763ལོར་བོད་དམག་ཁྲང་ཨན་དུ་དྲངས་པ། རྡོ་རིང་འདི་སྐབས་དེའི་ལོ་རྒྱུས་ཞིབ་པར་བྲིས་ནས་སྟག་སྒྲ་ཀླུ་གོང་ལ་བསྟོད་བསྔགས་ཀྱི་ཆེད་དུ་བཞེངས་ཤིག་རེད། རྡོ་རིང་གི་ཡི་གེར་སྟག་སྒྲ་ཀླུ་གོང་གི་ཡོན་ཏན་དང་མཛད་རྗེས་བསྟོད་བསྔགས་དང་ཁྲི་སྲོང་ལྡེ་བཙན་གྱིས་ས་ཞིང་དང་། གཞིས་མཁར་སོགས་གནང་བ་མ་ཟད། ཁོའི་མི་རབས་ལ་     དམིགས་བསལ་གྱི་དབང་ཆ་མང་པོ་གནང་བ་སོགས་བཀོད་ཡོད་པའི་རྡོ་རིང་འདི་རྣམས་བོད་ཀྱིས་ཡི་གེ་དང་མི་རིགས་གྲོལ་ཚུལ་སོགས་དུས་རབས་བཅུ་གཅིག་པ་མན་ཆད་སྒྲུང་གཏམ་མང་དག་ཅིག་བཟོས་པའི་གསལ་བཤད་བྱས་ཡོད། འདི་དག་ནི་ཤིག་ངན་བྱས་ནས་ལྭ་བ་ཐབ་འདེབས་ཞེས་པའི་དཔེ་ལྟར་ བོན་གྱི་རིག་གཞུང་རྩ་མེད་དུ་གཏང་ཐབས་ཀྱི་ཆེད་དུ་སྲོང་བཙན་སྔོན་ཡི་གེ་མེད་པ་དང་བོད་ཀྱི་མི་  རྒྱུད་སྤྲེའུ་ལས་མཆེད་པ་བོད་ཡུལ་རྒྱ་མཚོས་གང་བ་སོགས་ཀྱི་སྒྲུང་གཏམ་བཟོས་པ་འདི་རྣམས་ཀྱིས་   དེང་སྐབས་གར་འགྲོ་ཆ་མེད་དུ་བཟོས་ཡོད་པ་འདི་རེད། སྤྱིར་ལོ་ངོ་སྟོང་ཕྲག་གཉིས་མ་ཟིན་ཙམ་གྱི་  ནང་བོན་པོས་དཀའ་སྡུག་མྱོང་ཚུལ་རྣམས་བོད་ཀྱི་ལོ་རྒྱུས་དྲང་བདེན་གྱི་ལམ་ནས་བཤད་མཁན་མང་དག་ཅིག་གིས་གསུངས་ཡོད་ཀྱང་ངས་འདིར་དཔེ་མཚོན་ཙམ་ཞུས་ན་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་བྱས་ནས་པར་དུ་བསྐྲུན་མཁན་གླང་རུ་ནོར་བུ་ཚེ་རིང་ལགས་ཀྱིས་འདི་ལྟར་གསུངས། ‘‘དུས་རབས་བརྒྱད་པའི་སྐབས་ཏེ་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་དུས་སུ་བན་བོན་དབར་རྩོད་ཟིང་   བྱུང་ནས་བོན་བསྣུབས་པར་བརྟེན་བོན་པོ་རྣམས་ཐབས་ཟད་འུ་ཐུག་གིས་བོན་དཔེ་ཕལ་ཆེ་བ་གཏེར་གྱི་རྣམ་པའི་ཚུལ་དུ་ས་འོག་ཏུ་སྦས་སོ།,, ཞེས་དང་། ཆོས་ལུགས་གཞན་གྱིས་བོན་གྱི་རིག་གཞུང་རྣམས་རྩ་མེད་དུ་བཏང་ཐབས་སུ། ‘‘ད་དུང་འགའ་ཞིག་  ་ནི་ཆུ་ལ་བསྐུར། འགའ་ཞིག་མེས་འཇིག་འགའ་ཞིག་ནི་མཆོད་རྟེན་གྱི་འོག་དང་བྲག་གི་གསེབ་ལ་སྦས་སོ་ཞེས་བོན་དཔེ་ཕལ་ཆེ་བ་ཧ་ལམ་རྩ་མེད་དུ་སོང་། འཕྲོ་ལུས་ཀྱི་བོན་དཔེ་རྣམས་ནི་བསྟན་པ་ཕྱི་དར་ཀྱི་སྐབས་དུས་ཀྱི་དབང་དང་བསྟུན་ནས་བཅོས་མར་སོང་བའི་ཐོག་ཁ་ཅིག་ནི་གཏེར་ནས་དྲངས་པའི་  ཚུལ་གྱི་དཔེ་རྒྱུན་གསར་པ་ལྟ་བུ་ཡིན་པ་སྟེ། དེང་སྐབས་མཇལ་རྒྱུ་ཡོད་པའི་བོན་དཔེ་རྙིང་གྲས་དཔེར་ན། མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་དང་། སྲི་གསས་བུང་བ་སྟག་ཆུང་། ངར་གླུད། སྐྱུང་མོ་མདའ་ཁྱེར་གྱི་རྒྱུད། ཅེས་པ་ལ་སོགས་པ་ཞིག་ཆེས་གནའ་བོའི་བོན་དཔེ་ཡིན་པ་གོར་མ་ཆག་ཀྱང་། ཚིག་སྦྱོར་ཕལ་ཆེ་བ་དང་ཡིག་གཟུགས་ལ་གཞིག་ཚེ་དེ་དག་ནི་བསྟན་པ་ཕྱི་དར་སྐབས་ཀྱི་བྲིས་པ་ལྟ་བུར་སྣང་།  འོན་   ཀྱང་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་མཆོད་རྟེན་ནང་ནས་ཐོན་པའི་བོན་དཔེ་ནི་ལོ་ངོ་ཆིག་སྟོང་གི་གནའ་དཔེ་རྩ་ཆེའི་བྲིས་མ་འབའ་ཞིག་ཡིན་པས། དེ་དག་སླར་ཡང་འུ་ཅག་གི་འདྲེན་བྱེད་ཡུལ་དུ་གྱུར་པ་ནི་ཇི་འདྲའི་གོ་སྐབས་བཟང་པོ་ཞིག་མ་ཡིན་ནམ།,, ཞེས་གསུངས་ཡོད།
དེང་དུས་ཡང་ཁ་ཅིག་གིས་ཐུ་མི་ཨ་ནུས་བོད་ཡིག་གསར་གཏོད་བྱས་པ་མིན་ཡང་རྟགས་འཇུག་སྐོར་ གསར་གཏོད་བྱས་པ་རེད་ཅེས་རྗོད་བཞིན་འདུག་དེ་དག་ཁྲོམ་པའི་སྦལ་པས་རང་གཟུགས་སུ་མངོན་པ་ལས་ཞིབ་འཇུག་གི་རྣམ་པ་འབུར་དུ་ཐོན་པའི་གྲལ་དུ་འགྲོ་མི་ནུས། དེ་ཡི་སྔོན་བོད་རང་ས་ལ་དག་ཡིག་དང་རྟགས་འཇུག་གི་སྐོར་དང་སྒྲ་ཡི་གནས་དང་སྒྲ་དྲག་ཞན་བར་གསུམ་ཕྲད་རྣམ་དབྱེ། ཕོ་མོ་མ་ནིང་སོགས་ཆ་ཚང་པ་དེ་ཡི་སྔོན་བོན་དཔེ་ནང་ལ་ཡོད་པ་རེད། དེ་ཡི་སྒྲུབ་བྱེད་རྣམས་རིམ་པས་བཀོད་ན།
ཚེ་ལོ་བརྒྱ་པའི་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབས་མི་བོའི་བཀའ་ཡི་ནང་ཚན་མ་རྒྱུད་སྐྱེ་མེད་ཐིག་ལེའི་འགྲེལ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་སྤྱི་ལོའི་སྔོན་ལ་མཛད་པ་ལས། ‘‘ཡེ་ཤེས་དབྱིངས་ལས་ཡི་གེར་སྤྲུལ་པ་ནི། ཡེ་ཤེས་ཡུལ་ཅན་གསལ་བའི་ཆ་དང་།  དབྱིངས་ཡུལ་སྟོང་ཉིད་ཀྱི་ཆ་གཉིས་ཀྱི་བྱིན་རླབས་ལས།
དབྱིངས་ལས་མ་བྲི་ཡེ་ཤེས་མ་ལུས་པར། ཐུགས་རྗེ་སྤྲུལ་པའི་རང་བཞིན་ཡི་གེར་བྱུང་སྟེ།  སྒྲ་དག་པ། ཚིག་གསལ་བ། དོན་ངེས་པའི་འཕྲུལ་ཆེན་དུ་མངོན་པར་བསྟན་པ་ལ།  རྩ་བ་ཡང་དག་པའི་ཡི་གེ་བཞི་ཅུ་ནི།                                                           ཀ་ཁ་ག་ང་།  ཅ་ཆ་ཇ་ཉ།   ཏ་ཐ་ད་ན།  པ་ཕ་བ་མ།   ཙ་ཚ་ཛ་ཝ།  ཞ་ཟ་འ་ཡ།  ར་ལ་ཤ་ས། ཧ་ཨ་བྷི་མྷིང་། ཀྴ་ཨི་ཨུ་ཨེ་ཨོ་ཨཾ་ཨཿ་ཥྚ། ཡི་གེ་བཞི་བཅུའི་སྡེ་ཚན་རྣམས་འབྱུང་ཆེན་འོག་འབྱུང་ཆུང་ངོ་།  ཐང་བབ་མི་འཆོལ་བ་གྲོང་ཁྱེར་ལྔ། ཐང་འཆོལ་གསུམ། བརྡའ་སྐོར་རླུང་གི་ཡི་གེ་བརྒྱད། འདི་ནི་ཡང་དག་སྟག་གཟིག་དང་ཞང་ཞུང་གི་ཡི་གེ་སྟེ།  འབྱུང་ཆུང་བརྒྱད་དང་སྦྱར་ནས་བཀོད་པའོ།  འབྱུང་ཁུངས་ནི། མགྲིན་པ། རྐད་ན། ལྕེ། མཆུ། སོ། སྤྱི། ཁོག་པ་བརྒྱད་ལས་འབྱུང་སྟེ།
འབྱུང་བ་ལྔ་ནི། མེ། ས། ཆུ། རླུང་། ནམ་མཁའ། ཁམས་ནི།
ཤིང་། མེ། ས། ཆུ། རླུང་། ལྕགས། རི་དང་། ནམ་མཁའོ།
དེ་ལ་ཞང་སྐད་དུ་བྷི། བོད་སྐད་དུ། ར་སྟ། ཞང་སྐད་དུ་མྷིང་། བོད་སྐད་དུ། ཡ་སྟ། ཞང་སྐད་དུ་ཀྴ། བོད་སྐད་དུ། མགོ ཞང་སྐད་དུ་ཥྚ། བོད་སྐད་དུ། ཤད། ཨི་གུ་གུ། ཨུ་ཞམ་ཀྱུ། ཨེ་འགྲེང་བུ། ཨོ་ན་རོ། ཨཾ་མ་བཞག ཨཿ་ཚག དྲག་ཙེག་གི་ངོ་བོ། དེ་ལྟར་འཕྲུལ་ཆེན་བཞི་བཅུ་ཐམ་པ་ཡོད་དོ། དེ་ལས་སྒྲ་མཁན་གྱི་འབྱུང་བ་ཆུང་ངུས་བཀླག་པའི་སྒྲ་ལ་བཀོད་ནས།
ཀྴ་ཨི་ཨུ་ཨེ་ཨོ་ཨཾ་ཨཿ་ཥྚ། སྒྲ་ཆེན་པོ་འབྱུང་བ་རླུང་གི་ཡི་གེ།  ཀ་ཅ་ཏ་པ་ཙ་ཞ་ར་ཧ། སྒྲ་དྲག་པོ་འབྱུང་བ་སའི་ཡི་གེ།
ཁ་ཆ་ཐ་ཕ་ཚ་ཟ་ལ་ཨ། སྒྲ་འབྲིང་པོ་འབྱུང་བ་ཆུའི་ཡི་གེ།
ག་ཇ་ད་བ་ཛ་འ་ཤ་བྷི། སྒྲ་ཞན་པ་འབྱུང་བ་མེའི་ཡི་གེ། ང་ཉ་ན་མ་ཝ་ས་རྔུབ་པ་ནམ་མཁའི་ཡི་གེའོ། གཞི་འཕྲུལ་ཆེན་བཞི་ཅུ་ལ་ངེས་པའི་ཐོ་ཡིག་བཞི་བཅུ་བྱའོ།,, ཞེས་གསུངས། ད་འདི་ནས་མར་ལམ་དང་སྦྱར་ན་མང་དགྲ་ནས་ཡིག་ཚོགས་མང་བར་དོགས་ནས་གཞུང་གི་དགོངས་པ་ཇི་བཞིན་བཀོད་ན།
དཔའ་བོ་འབྲུ་ལྔ་དང་དེ་ལས་འཕྲུལ་ཡིག་བཞི་བཅུ་དང་འབྱུང་ཆེན་གྱི་ཡི་གེ་ནི།
‘‘འབྲུ་ལྔ་ཨོྃ་རཾ་སྲུཾ་ཁཾ་ཡཾ།
ཨོྃ་ལས་ནམ་མཁའི་ཡི་གེ་ཀྴ་ཁ་ག་ང་ཧ་ཨ་ཨཾ་དང་བརྒྱད། རཾ་ལས་མེ་ཡིག་ཨེ་ཅ་ཆ་ཇ་ཉ་བྷི་ཥྚ་དང་བརྒྱད།  སྲུཾ་ལས་ས་ཡིག་ཨོ་ཏ་ཐ་ད་ན་མྷིང་དང་བརྒྱད།  ཁཾ་ལས་ཆུ་ཡིག་ཨུ་པ་ཕ་བ་མ་ཟ་འ་ཨཿ་དང་བརྒྱད། ཡཾ་ལས་རླུང་ཡིག་ཨི་ཙ་ཚ་ཛ་ཝ་ཡ་ཤ་ཞ་དང་བརྒྱད།,,
དེ་རྣམས་ཀྱི་འབྱུང་ཁུངས་ནི། ‘‘མགྲིན་པ།  རྐན།  ལྕེ།  མཆུ།  སྣ།  སོ།  སྤྱི་བོ།  ཁོག་པ་དང་བརྒྱད་དོ།
དེ་རྣམས་འབྱུང་ཁུངས་ཀྱི་ཡི་གེ་ནི།  མགྲིན་པ་ལས། ཀྴ་ཀ་ཁ་ག་ང་དང་ལྔ། ཁམས་ཤིང་།
རྐན་ལས། ཨེ་ཅ་ཆ་ཇ་ཉ་དང་ལྔ། ཁམས་མེ།  ལྕེ་ལས་ཨོ་ཏ་ཐ་ད་ན་དང་ལྔ། ཁམས་ས།  མཆུ་ལས།  ཨུ་པ་ཕ་བ་མ་དང་ལྔ།  ཁམས་ཆུ།  སྣ་ལས།  ཨི་ཙ་ཚ་ཛ་ཝ་དང་ལྔ།  ཁམས་རླུང་།  སོ་ལས།  ཨོྃ་ཞ་ཟ་འ་ཡ་དང་ལྔ།  ཁམས་ལྕགས།
སྤྱི་བོ་ནས།  ཨ༔་ར་ལ་ཤ་ས་དང་ལྔ།  ཁམས་རི། ཁོག་པ་ནས།  ཥྚ་ཧ་ཨ་བྷི་མྷིང་དང་ལྔ།  ཁམས་ནམ་མཁའོ།,, འདི་རྣམས་རང་གཞུང་གི་འདོད་ལུགས་ཡིན།

ཡང་གཞུང་འདི་ཉིད་ལས་འཕྲུལ་ཡིག་བཞི་ཅུའི་སྒོ་ནས་བླ་མས་སློབ་བུ་ལ་བོན་བཏོན་དུ་རུང་མི་རུང་   བརྟག་ཐབས་བསྟན་པ་ནི། ‘‘བརྟེན་པའི་གནས་དང་། ཡི་དམ་གྱི་རིགས། གནོད་པའི་གདོན་དང་། འདུ་བའི་ནད་དང་། ཡོ་བྱད་ཀྱི་རྫས་དང་སྡེ་ཚན་ལྔ་བསྟན་ཡོད།  དང་པོ་ནི་དཔོན་སློབ་འཕྲད་མ་ཐག་ཏུ། ཞུ་བ་པོ་དེ་ཉིད་ཀྱིས་གང་ཟེར་བའི་ཡི་གེ་ངོས་བཟུང་སྟེ།  ཡི་གེའི་འབྱུང་བའི་སྒོ་ནས་སློབ་བུ་དེ་བསྒྲུབ་པའི་གནས་བརྟག་པ་དང་སློབ་བུ་དེ་ཉིད་གང་འདྲ་ཞིག་ ཡིན་མིན་བརྟག་པ་དང་།
གཉིས་པ་སློབ་བུ་དེ་ཉིད་ཀྱི་གནོད་པའི་གདོན་རྣམས་ངོས་བཟུང་བ་ནི།
སྐྱེ་གནས་ཀྱི་སྒྲ་ཡི་སྒོ་ནས་བརྟག་ཐབས་བསྟན་པས། ‘‘མགྲིན་བྱུང་སྒྲ་ལ་གཉན་བདུད་རྒྱལ་པོའི་གདོན། རྐན་བྱུང་སྒྲ་ལ་བཙན་དང་དྲི་བོའི་གདོན། ལྕེ་བྱུང་སྒྲ་ལ་ས་སྲིན་མ་ཡམ་མོ། མཆུ་བྱུང་སྒྲ་ལ་ཀླུ་དང་མ་མོ་ལ། སྣ་བྱུང་སྒྲ་ལ་འགོང་པོ་དང་གཟའ་གདོན་ཡོད། སོ་བྱུང་སྒྲ་ལ་བདུད་དང་ཡུལ་ལྷ་གདོན། སྤྱི་བྱུང་སྒྲ་ལ་འགོང་པོ་དཀོར་བདག་གདོན། ཁོག་བྱུང་སྒྲ་ལ་གནམ་ཐེལ་ལྷ་གདོན་ནོ། ,,ཞེས་གསུངས།
དེ་བཞིན། གསུམ་པ་སློབ་བུ་དེ་ཉིད་ཀྱི་འདུ་བའི་ནད་རྣམས་བརྟག་ཐབས་དང་། བཞི་པ་སློབ་བུ་དེ་ཉིད་ཀྱིས་བླ་མ་ལ་ཕུལ་བའི་རྫས་ལ་བརྟག་ཐབས་སོགས་སྐྱེ་གནས་ནས་བྱུང་བའི་སྒྲ་ཡི་སྒོ་ནས་བརྟག་པ་བསྟན།
ལྔ་པ་སློབ་བུ་དེ་ཉིད་ཀྱིས་ཡི་དམ་གང་བསྒྲུབ་དགོས་མིན་དང་ཡང་ན་རྩ་བའི་ཡི་དམ་གྱི་རིགས་ལྔ་གང་གཙོར་བཟུང་དགོས་མིན་བརྟག་ཐབས་བླ་མའི་གསང་མཚན་གྱི་གཞིར་བཟུང་ནས་སློབ་མའི་ཞུ་གསོལ་ཡི་གེ་གཉིས་འབྱུང་ཆེན་གྱི་ནམ་མཁའི་ཡི་གེ་བྱུང་ན། དབུས་དེ་བཞིན་རིགས་དང་། མེ་ཡི་ཡི་གེ་བྱུང་ན་ཤར་གཡུང་དྲུང་རིགས་དང་། རླུང་གི་ཡི་གེ་བྱུང་ན་བྱང་འཁོར་ལོ་རིགས། ས་ཡི་ཡི་གེ་བྱུང་ན་ནུབ་པད་མ་རིགས། ཆུ་ཡི་ཡི་གེ་བྱུང་ན་ལྷོ་རིན་ཆེན་རིགས་བཅས་བསྟན། དེ་ཡང་གཞུང་ནང་ཡོད་པའི་བརྟག་ཐབས་དཔེར་མཚོན་ཙམ་བཀོད་ན།
རྒྱལ་ཞེས་པ་ལ། ‘‘ར་མེའི་མེ་རྒྱལ་པོ་ཡ་རབས་ལུས་སེམས་མཐུན་པ་མེ་འབར་བ་ལྟ་བུ་གཅིག་གོང་དུ་    ཡོད། ག་ནམ་མཁའི་མེ་ཡ་སྟ་ནམ་མཁའི་རླུང་འཁོར་སྟོབས་ཆེན་འགྲོ་མགྱོགས།  ལ་སའི་ས་བློན་པོའམ་གྲོགས་བྱེད་ལུས་སེམས་རང་དང་མཐུན་པ་ཡོད་དོ།,, ཞེས་གསུངས། སྐབས་འདིར་བསྒྲུབ་བྱ་ལྷ་དང་མཐུན་པའི་ཡི་གེའི་སྐོར་ཙམ་ལས་བརྡ་སྤྲོད་ཀྱི་སྐོར་དེ་ཙམ་བསྟན་མེད།འོན་ཀྱང་སྐབས་དེ་དུས་བརྡ་སྤྲོད་སྐོར་རྒྱས་ཤིང་རྒྱས་པ་ཡོད་པ་གསུངས་ཡོད་པ་འདི་ལྟར།  ‘‘འདིར་བརྡ་ཙམ་བསྟན་གྱི་རྒྱས་པར་མ་སྤྲོས། རྒྱས་པར་མ་བསྟན་གཞན་ནས་ཤེས་པར་བྱ།              ཞེས་གསུངས། མདོར་ན་སྤྱི་ལོའི་སྔོན་ནས་བརྡ་སྤྲོད་པའི་སྐོར་རྒྱས་པ་ཡོད་པའི་སྒྲུབ་བྱེད་འདི་ཡིས་ནུས་པ་མ་ཚད་ཡི་གེ་གསར་བཟོ་བྱེད་མཁན་གྱི་ཐུ་མི་ཨ་ནུ་ཞེས་པ་ཞིག་མེད་པ་གསལ་པོར་བསྟན་ཡོད།

ཡང་གཤེན་རབ་མི་བོ་ཆེའི་མཛད་མདོ་འབྲིང་བོ་གཟེར་མིག་ལས། ‘‘ཡིག་འབྲུ་སུམ་ཅུས་བོན་གྱི་ཁོག་པ་   ཕུབ།། མགོ་ཡིས་ལམ་དྲངས་ཤད་ཀྱི་མདོ་ཡང་བཅད། ཚིག་གིས་བར་ཕྱེ་མི་འཁྲུགས་གསལ་བར་བསྙམས།། གུག་འགྲེང་ན་རོ་ཞབས་ཀྱུ་ཡ་སྟ་ཡིས། ། སྐབས་སྦྱར་དོན་དུ་ཡན་ལག་རྒྱས་པར་བཏགས།།,, ཞེས་གསུངས་པ་དེས་མིང་གཞིའི་ཡི་གེ་ཀ་ཁ་ག་ང་སོགས་ནས་ཧ་དང་ཨའི་བར་གྱི་གསལ་བྱེད་སུམ་ཅུ་ཆ་ཚང་ཞིག་བསྟན་ཡོད།

ཡང་ཚེ་ལོ་བརྒྱ་པའི་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོའི་བཀའ་སྤྱི་སྤུངས་ཀྱི་རྩ་ བའི་གཞུང་། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་ཀྱི་རྒྱུད་ལས།
‘‘དབྱིངས་ཉིད་རྣམ་པར་དག་པའི་ཤོག་ཤོག་ལ། ཡེ་ཤེས་འོད་དུ་གསལ་བའི་སྨྱུག་གུས་བྲིས། མ་བྲིས་དོན་དམ་རང་བཞིན་དབྱིངས་ན་དཀྲ ། ཐུགས་རྗེ་དབྱིངས་ཀྱི་ཡི་གེ་དོན་ལ་གསལ། སྣང་སྲིད་ནམ་མཁའ་ཡངས་པའི་ཤོག་ཤོག་ལ། མེ་ཆུ་ས་རླུང་རྒྱུའི་ཡིག་འབྲུ་བཀོད། གླིང་བཞི་གླིང་ཕྲན་ཡི་གེ་རྒྱན་གསལ་བས། སྣང་སྲིད་ཡུལ་གྱི་ཡི་གེ་དཔེ་ལ་གསལ། རྒྱུ་འབྲས་བེམ་རིག་ཕུང་པོའི་ཤོག་ཤོག་ལ། དབང་པོ་གཟུགས་དང་དྲི་མའི་ཡི་གེ་བྲིས། ཕུང་པོ་ལུས་ཀྱི་ཡི་གེ་རྟགས་ལ་གསལ། དཀར་ཐོན་མདངས་དང་ལྡན་པའི་ཤོག་ཤོག་ལ། རིན་ཆེན་ཁ་དོག་གསལ་བའི་ཡི་གེ་བྲིས། ལྐུགས་པ་ཁ་འབྱེད་ཡི་གེ་མཚན་མར་གསལ། བྱེ་བྲག་སྒྲ་གནས་ཕུང་པོ་ལྷ་དང་སེམས། རྫུ་འཕྲུལ་དྲྭ་བ་ཕྱི་ནང་གསང་བར་འབྲེལ། ངོ་བོ་འབྱུང་གནས་བྱེ་བྲག་ཇི་ལྟར་སྦྱར། སྐྱེ་བ་མེད་པ་བོན་གྱི་དབྱིངས་དཀྱིལ་ནས། འགག་པ་མེད་པ་ཐུགས་རྗེའི་འོད་སྤྲོས་པས། ལྐུགས་པ་ཁ་འབྱེད་འཕྲུལ་གྱི་ཡི་གེ་བྱུང་། བཞི་བཅུ་རྩ་ལྔ་ལྷའི་དམིགས་སུ་བཅས། མཚན་མ་རྩ་ལྔ་ཕུང་པོ་གནས་སུ་སྦྱར། སྣང་ལ་དངོས་མེད་སེམས་ཉིད་བཞི་བཅུ་ལྔ། ཕྱི་ནང་གསང་བ་རྫུ་འཕྲུལ་དྲྭ་བ་འདྲ།,, ཞེས་དང་། དཔའ་བོ་འབྲུ་ལྔ་ནི། ‘‘ཨ་ཨཱོྃ་ཧཾ་རཾ་ཛ། ,,དེ་ལས་བྱུང་བའི་འཕྲུལ་ཡིག་བཞི་བཅུ་ནི། ‘‘པ་ཕ་བ་མ། ར་ལ་ཤ་ས། ཀ་ཁ་ག་ང་། ཙ་ཚ་ཛ་ཝ། ཅ་ཆ་ཇ་ཉ། ཏ་ཐ་ད་ན། ཞ་ཟ་འ་ཡ། ཧ་ཧི་ཧུ་ཧེ་ཧོ། ,, གཞན་རྣམས་རྩ་རྒྱུད་ཀྱི་འགྲེལ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ལྟར་འདིར་བཀོད་ན། ཞང་སྐད་དུ་བྷི། བོད་སྐད་དུ། ར་སྟ། ཞང་དུ་མྷིང་། བོད་སྐད་དུ། ཡ་སྟ། ཞང་སྐད་དུ་ཀྴ། བོད་སྐད་དུ། མགོ ཞང་སྐད་དུ་ཥྚ། བོད་སྐད་དུ། ཤད། ཨཾ་མ་བཞག་གམ་ཀླག་ཀོར། ཨཿཚེག། འཕྲུལ་ཡིག་བཞི་བཅུའོ། ཡང་རྩ་རྒྱུད་དེ་ཉིད་ལས། ‘‘དེ་རྣམས་ཀྱི་འབྱུང་བའི་ཁུངས་ནི། བོན་ཉིད་ཡི་གེ་དབྱིངས་ལས་བྱུང་། སྣང་སྲིད་ཡི་གེ་མཁའ་ལས་བྱུང་། ཕུང་པའི་ཡི་གེ་གཞི་ལས་བྱུང་། མཚོན་པའི་ཡི་གེ་སྒྲ་ལས་བྱུང་། ཁོག་པ་མགྲིན་པ་རྐན་དང་ལྕེ། སོ་དང་མཆུ་དང་སྤྱིའི་ཆ། ཨ་ནི་སྐྱེ་མེད་ཁོང་ནས་བྱུང་། ཧ་དང་འ་ཡང་མགྲིན་པ་སྟེ། མའི་སྡེ་ཚན་མཆུ་ལས་སྤྲོ། ཀ་སྡེ་ཅ་སྡེ་རྐན་ལས་བྱུང་མཐོ་དང་དམའ་བ་སྤྲུལ་པའི་ཁྱད། ཏ་དང་ར་སྡེ་ལྕེ་རྩེ་སོ། ཁྱད་པར་ཤ་ནི་སྤྱི་ཡི་ཆ།  ཨཱོྃ་དང་ཧུཾ་ནི་སྤྱི་སྒོ་སྣ། འབྲུ་ཡི་འབྱུང་གནས་དེ་ཉིད་ལ། རྒྱན་དང་གྲོགས་ཀྱི་ཁྱད་པར་གྱིས། ཡི་གེ་མིང་ཚིག་བྱད་བྲག་སྤྲོ།,, ཞེས་གསུངས་པ་རྣམས་ཀྱིས་བོད་རང་སར་གཞན་ལ་ལྟོས་མེད་ཀྱི་སྒྲ་རིག་ཕུན་སུམ་ཚོགས་པ་ཡོད་པ་བསྒྲུབས་ཡོད།

ཡང་སྟོན་པ་གཤེན་རབ་ཀྱི་བཀའ་ཀུན་འབུམ་ཁྲ་བོ་ལས། ‘‘ཀྵ་ཀ་ཁ་ག་ང་ཧར་ཤ་དེ་བ་ཐིབ་སྤུར་ཤག  དེ་རུ་ན་ཡམ་ཡམ་སད་ཤར་ཤིང་བདུད་ཟློག ཨི་ཅ་ཆ་ཇ་ཉ་ཧ་བ་དེ་མུ་དེ་ཡ་ཤོ་དེ་བ་རུ་ཙ་ཐིབ་མུ་ཙུ་ མ་ལྷ་མོ་མེ་བདུད་ཟློག ཨུ་ཏ་ཐ་ད་ན་དུ་ཡེ་ཙ་པྲི་རུ་ན་ཧར་ཙ་མ་ཡེ་ལྷོ་ནུབ་ས་བདུད་ཟློག ཨེ་པ་ཕ་བ་མ་མུ་ཧེ་ཡ་ཡམ་མ་རམ་ཧ་དུ་སེར་ཡ་བྱང་བདུད་ཟློག ཨོ་ཙ་ཚ་ཛ་ཝ་ཡེ་གར་ཐེ་མུ་ཡེ་ཛ་ཡེ་པྲ་བ་དུ་ཡཾ་ཡེ་ལྷོ་ཤར་རླུང་བདུད་ཟློག ཨཾ་ཞ་ཟ་འ་ཡ་ཧ་ཡེ་ཆོམ་རུ་ཏྲ་ཡང་པར་དུ་པེ་ཡ་ཡཾ་ཧེ་ཀ་ནུབ་ལྕགས་བདུད་ཟློག ཎྚ་ར་ལ་ཤ་ས་ཨཿ་ཡེ་ཧུ་ཀ་ཙ་རུ་རྦ་གེ་བྱང་ཤར་རི་བདུད་ཟློག ཧ་ཨ་བྷི་མྷིང་མུ་ཕུ་དེ་བ་གར་ཡང་ཤཾ་ཏིང་མུ་ཡཾ་ལ་ཁྲིན་ཧ་ན་བྱང་ནུབ་གནམ་བདུད་ཟློག ངེས་པའི་ཐོ་ཡིག་བཞི་བཅུ།,, ཞེས་གསུངས་པ་  དང་།
ཡང་གཤེན་རབ་ཀྱི་བཀའ་གསང་བ་འདུས་པ་ཐབས་ཆེན་ཡབ་ཀྱི་རྒྱུད་ལས།,, ཡི་གེ་འཕྲེང་བའི་འཁོར་ལོ་ཞེས། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ན། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ།  ཡ་ཝ་ར་ལ། ཤ་འ་ས་ཧ། ཨི་ཨི། ཨུ་ཨུ། ཨེ་ཨེ། ཨོ་ཨོ། ཞེས་གསུངས་ཡོད་པ་དང་།

ཡང་གསང་འདུས་དོན་རྒྱུད་ལས། ‘‘པ་ཕ་བ་མ། ར་ལ་ཤ་ས་ ཀ་ཁ་ག་ང་། ཙ་ཚ་ཛ་ཝ། ཅ་ཆ་ཇ་ཉ། ཏ་ཐ་ད་ན། ཞ་ཟ་འ་ཡ། ཧི་ཧུ་ཧེ་ཧོ། ཨ་ཨོཾ་ཧུཾ་རཾ་ཛ། སད་ས་ལེ་ལྷན་ནེ་འདུ་འདུ། བོན་ཉིད་ཡི་གེ་དབྱིངས་ལས་བྱུང་། སྣང་སྲིད་ཡི་གེ་མཁའ་ལས་བྱུང་། ཕུང་པའི་ཡི་གེ་གཞི་ལས་བྱུང་། མཚོན་པའི་ཡི་གེ་སྒྲ་ལས་བྱུང་། ཨ་ནི་མི་སྐྱེ་ཁང་ནས་འབྱུང་། ཨོཾ་ནི་སྟོད་ཀྱི་མགྲིན་ལས་བྱུང་། ཧུཾ་ནི་སྨད་ཀྱི་ཆ་ལས་འབྱུང་། པ་ཕ་བ་མ་མཆུ་ལས་བྱུང་། ར་ལ་ཤ་ནི་ལྕེ་རྩེ་རྐན། ས་ནི་སོའི་བར་ལས་འབྱུང་། ཀ་ཁ་ང་མཁའ་ལས་འབྱུང་། ཙ་ཚ་ཛ་ནི་ལྕེ་རྩེ་འོ། ཝ་ནི་མ་མཆུ་ལས་འབྱུང་། ཅ་ཆ་ཇ་ནི་ལྕེ་དཀྱིལ་རྐན། ཉི་ནི་ལྕེ་སྤྱི་སྣེ་ལྕེ་དཀྱིལ་འབྱུང་། ཏ་ཐ་ད་ན་ལྕེ་རྩེའོ། ཞི་ནི་ཁོག་འདྲེན་ཟ་ནི་ལྕེ། འ་དང་ཡ་ནི་དབུགས་ལས་འབྱུང་། ཧ་ནི་སྟོད་སྨད་སྙོམས་ལས་འབྱུང་། ཧི་ཧུ་ཧེ་ཧོ་དྲག་དལ་ཁ་མཁའ། འབྱུང་བ་དབང་པོ་ཆ་ལ་འབྱུང་། གནས་པ་ཕུང་པོ་རྩ་ལ་གནས།,, ཞེས་གསུངས་པ་དང་།
ཡང་གཤེན་རབ་ཀྱི་བཀའ་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་ནང་ནས་འགུ་ཡ་གཏིང་རྫོགས་དབང་གི་འཕྱོང་ལས། ‘‘འཕྲུལ་ཆེན་ཡི་གེ་བཞི་བཅུ་རྩ་ལྔ་ནི། དཔའ་བོ་འབྲུ་ལྔའི་ཀློང་ནས་བྱས་ནས། ཀ་ཁ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ། ཧི་ཧུ་ཧེ་ཧོ།,, ཞེས་གསུངས་པ་དང་།
ཡང་གཤེན་རབ་ཀྱི་བཀའ་གསང་བ་རིན་ཆེན་ཡན་ལག་གི་རྒྱུད་ལས། ‘‘ལྟ་བསྒོམ་ལྟ་བའི་དང་པོ་ལ། མཚོན་པ་དང་ནི་ལྟ་བ་སྟེ། མཚོན་བྱེད་ཡི་གེའི་གཟུགས་ཤར་བ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ན། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ།  ཡ་ཝ་ར་ལ། ཤ་འ་ས་ཧ་ཀྴ། ཨི་ཨི། ཨུ་ཨུ། ཨེ་ཨེ། ཨོ་ཨོ།,, ཞེས་དང་།
ཡང་དུས་རབས་བདུན་པའི་སྔོན་ཞང་ཞུང་དྲན་པ་ནམ་མཁས་མཛད་པའི་མཛོད་སྒྲ་འགྲེལ་འཕྲུལ་གྱི་ སྒྲོན་མེད་ལས། ‘‘ཡི་གེ་སྒྲ་དོན་གྱི་སྡེབས་ལ། ལུང་ལས་ཀྱང་ཐུགས་རྗེ་བྱིན་རླབས་སྒྲ་བྱུང་བས། རྨོངས་པའི་ལྐུགས་ཁ་འབྱེད་པ་ཡི། འཕྲུལ་ཆེན་ཡི་གེ་བཞི་བཅུ་བྱུང་གསུངས་པས། ཨ་ནི་འགག་མེད་ཁོང་ནས་འབྱུང་། ཧ་ནི་ངར་ངར་ས་ནས་འབྱུང་། འ་ནི་འགར་དེ་ཅང་ལས་འབྱུང་། ཀའི་སྡེ་ཚན་གྲེ་བ་སྟེ། ཅའི་སྡེ་ཚན་ལྕེ་དཀྱིལ་དོག ཏའི་སྡེ་ཚན་ལྕེ་རྩེ་ཡངས། པའི་སྡེ་ཚན་མཆུ་ལས་སྤྲོ། ཞའི་སྡེ་ཚན་ས་སྡེ་འདྲེས་མ་ཡིན། ཙའི་སྡེ་ཚན་ལྕེ་རྩེ་ས། ཨོཾ་ཧུཾ་ལས་རྩོགས་སྤྱི་ལས་འབྱུང་། དེ་རྣམས་རྒྱན་དང་བཅས་པ་ནི། དེ་ནི་གོང་མའི་རྗེས་འདེད་ཡིན། ནས་ནི་མ་འོངས་བསུ་བ་ཡིན། ད་ནི་སྐད་ཅིག་སྟོན་པའི་དུས། འོད་ནི་སླད་མ་བསུ་བའི་སྒྲ། ཡེ་ནི་ཡོད་མེད་སྟོན་པའི་སྒྲ། ན་ནི་གཞན་ལ་སྨོན་པའི་སྒྲ། ཐང་ནི་དཔེ་ལྔ་འཇོག་པའི་སྒྲ། འདི་ནི་ཟླ་ལས་འགར་བའི་སྒྲ། རྫོགས་སོ་བཤད་དུ་མེད་པའི་སྒྲ། ཐལ་འགྱུར་གཞན་དུ་འཆུགས་པའི་སྒྲ། ཁྱབ་པ་འདོད་པ་སྤང་གྲུབ་སྒྲ། གཏན་ཚིགས་སྒྲུབ་བྱེད་འབྱོར་བའི་སྒྲ། རྒྱུད་ནི་འབྲེལ་བར་སྟོན་པའི་སྒྲ། ལུང་ནི་འཁོར་འདས་འབྱུང་  བའི་སྒྲ། མན་ངག་ངེས་པར་སྟོན་པའི་སྒྲ། བཀའ་ནི་ཚད་མར་སྒྲུབ་པའི་སྒྲ། རིག་པ་ཟིན་པས་བསུས་པའི་སྒྲ། རིགས་པ་ཡུལ་ལ་སྤྱོད་པའི་སྒྲ། བསྭོ་ནི་བོན་སྒོ་འདུས་པའི་སྒྲ། ཨོཾ་ནི་རྒྱུ་འབྲས་སྒྱུར་བའི་སྒྲ། ཧུཾ་ནི་དོན་ལ་སྡུད་པའི་སྒྲ། རཾ་ནི་གདུལ་བྱ་སྲེག་པའི་སྒྲ། ཛ་ནི་དམིགས་ནས་འདྲེན་པའི་སྒྲ། བྱོ་ནི་ལས་ལ་སྐུལ་བའི་སྒྲ། རྦད་ནི་ཉོན་མོངས་གཅོད་པའི་སྒྲ། ཐད་དོ་ཐལ་བར་རློག་པའི་སྒྲ། ཐུན་ནི་གནས་སུ་སྟེམ་པའི་སྒྲ། ཧ་ནི་དཔའ་བར་གྱུར་བའི་སྒྲ། ཧེ་ནི་དགྱེས་པ་ཆེན་པོའི་སྒྲ། ས་ཧ་གནས་སུ་ཞི་བའི་སྒྲ། ཐོར་ཐོར་ཡུལ་ལ་སྤྲོད་བའི་སྒྲ། པྲ་མོ་འཕྲ་ཆ་དམིགས་པའི་སྒྲ། སྤྱི་སྡེ་ཡི་གེའི་སྒྲ་སྡེབས་ཡིན།,, ཞེས་གསུངས་པ་འདི་ཡི་ནང་དག་ཡིག་དང་འཕྲུལ་ཆེན་ཡི་གེ་བཞི་བཅུ་ཆ་ཚང་ཡོད་པ་མ་ཚད་སྐབས་དེ་དུས་ནས་དག་ཡིག་ཡོད་པའི་དཔང་རྟགས་ཀྱང་གསལ་པོར་བསྟན་  ཡོད།
ཡང་སྟོན་པ་གཤེན་རབ་ཀྱི་བཀའ་རྫོགས་ཆེན་ཡེ་ཁྲི་མཐའ་སེལ་མཁའ་འགྲོ་རིན་ཆེན་ཕྲེང་བ་གསང་  སྔགས་ཕྱི་ནང་འབྱེད་པའི་བམ་པོ་ལས། ‘‘དམ་ཚིག་མཁའ་འགྲོ་ལས་སོགས་སྟེ། ཕུན་གསུམ་ཚོགས་པའི་  འཁོར་རྣམས་ཀུན། རྩེ་གཅིག་པའི་ཡིད་ཀྱིས་ཉོན། གསང་སྔགས་རིག་སྔགས་གཟུངས་སྔགས་རྣམས། དོན་ཆེན་དབྱིངས་དུ་དགྲོལ་བ་དང་། སྒྲ་དོན་ངེས་པར་བརྟག་བྱའི་ཕྱིར། ངེས་པའི་ཐབས་ཡིག་ཅུང་   ཞིག་བསྟན། ཡི་གེ་ཀ་སྨད་རྣམས་གྲངས་ལ། བཀླག་ལུགས་བདུན་དུ་ཤེས་པར་བྱ། ཐ་མར་དྲག་ཆེན་    འདྲེན་པ་དང་། དྲག་འདྲེན་དང་ནི་དྲག་བཅད་དང་། དྲག་བཅད་འཐུག་པོ་ཤེས་པར་བྱ། འཐུག་པོ་ཧ་བཏགས་འདྲེན་པ་དང་། ཚེག་དྲག་བཅད་དེ་ཆེན་པོ་ཀློག ཐ་མལ་ཡི་གེ་སྒྲ་ཕྱིན་བཀླག འཐུག་པོ་ལྕེ་ནས་ལྟོང་ལྟོང་བཀླག  ལོག་པ་ལྕེ་རྩེ་བཀུག་ནས་ནི། རྐན་སྦྱར་ཕྱི་ཡིས་བཀླག་པར་བྱ། འདྲེན་པ་འ་བཏགས་བསྲིང་ལ་བཀླག ཞབས་ཀྱུ་གུག་འགྲེང་རྒྱན་འདྲེན་ནོ། དྲག་འདྲེན་སུམ་སྦྲེལ་ཡིན་པར་ངེས།,, ཞེས་དང་།

ཡང་དེ་ཉིད་ལས། ‘‘དམ་ཚིག་མཁའ་འགྲོ་ལས་སོགས་ཏེ། ཕུན་སུམ་ཚོགས་པའི་འཁོར་རྣམས་ཀུན། རྩེ་གཅིག་པ་ཡི་ཡིད་ཀྱིས་ཉོན། རྗེས་འཇུག་འབྲི་དང་ཀློག་པ་ལ། དག་བྱེད་སྒྲ་ཡི་ངེས་པ་གསུངས།
ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ། མ་འཁྱིལ་ཡ་སྟ་ཐོབ་བྱེད་བདུན། ཀྲ་ཁྲ་གྲ་ཏྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཤྲ་ཧྲ། ར་སྟ་ཐོབ་བྱེད་བཅུ་གཉིས་སོ། རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྤ་རྦ་རྨ་རྩ་རྫ་རླ།  ར་མགོ་ཐོབ་པ་བཅུ་བཞིའོ། སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་སླ། ས་མགོ་ཐོབ་པ་བཅུ་གཉིས་སོ། ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ། ལ་མགོ་ཐོབ་པའི་ཡི་གེ་བཅུ། མི་འཕྱུག་ངེས་པར་ཐིམས་སུ་བསྟན། སྒྲ་ཡི་ཐང་ལོག་རྣམ་པ་རྣམས། འདྲ་ལ་མི་མཉམ་ཁྱད་པར་ཆེ། ས་འོག་ཀླུ་དང་ཁ་ཡི་གླུ། གཙང་ནོར་བླུ་དང་ལྷགས་པའི་རླུང་། བྱམས་པའི་གཉེན་དང་རྫས་མཉེད་མཉེན། ད་བཟོད་གཅད་དང་སྔོན་དུ་བཅད། གཏམ་སོགས་བཟླ་དང་ནམ་མཁའི་ཟླ། མ་བཅོས་གཏོགས་དང་ཤེས་ཤིང་རྟོགས། མཆོད་པའི་གདུགས་དང་མ་ཁུགས་རྡུགས། དྲི་མནམ་མེ་དང་ནམ་མཁའི་གནམ། མདའ་བརྡེག་གཞུ་དང་འཁྱགས་པ་བཞུ། སྟེང་གི་གཟའ་དང་ཁ་ ཡིས་བཟའ། ཞལ་ནས་གསུངས་དང་དྲི་ཞིམ་བསྲུང་། སེམས་ཀྱི་དགའ་དང་འཁྱོགས་པའི་རྒས། ས་ཕྱོགས་དམའ་དང་ལུས་ཀྱི་རྨ། བྱིན་གྱིས་རླབས་དང་ཆུ་དར་རླབས། བྲོ་དོར་མནའ་དང་གདོད་མའི་ གནའ།  འཕོང་པའི་དབུལ་དང་ཞབས་ཏོག་དབུལ། ཚོན་རྩི་མཚལ་དང་མི་འདོད་འཚལ། བྱ་བྱེད་མཛད་དང་ཡོ་བྱད་འཛད། གདོད་མའི་སྔོན་དང་འདས་པའི་སྔུན། བདེན་པར་ངེས་དང་འཁྲུལ་ན་ཉེས། བོན་གྱི་ཕྲེང་དང་སེམས་འཕྲེང་བ། གཅོད་པའི་གྲི་དང་སྣོམ་པའི་དྲི། རྒྱ་མཚོའི་གྲུ་དང་ཕུགས་ཀྱི་དྲུ། སེམས་ཉིད་དྲང་དང་ཆུ་རླུང་གྲང་། འབྲུ་ཡི་གྲོ་དང་ཉི་མའི་དྲོ། སྔར་དུ་གྱུར་དང་ད་བཟོད་འགྱུར། གོ་བྱེད་བརྡ་དང་རོ་ཞིམ་གདའ། ཁ་དོག་དཀར་དང་ཕར་ལ་བཀར། རིན་ཆེན་དངུལ་དང་ལུས་ཀྱི་རྔུལ། དཔོན་གྱི་རྗེ་དང་ལུས་དགྱེ། གྲངས་ཀྱི་དགུ་དང་ལུས་དབྱེབས་སྒུར། འོག་གི་ས་དང་ཁ་ཡི་སོ། རྗེས་འཇུག་ཡི་གེ་བཅུ་ནི། གག་དང་ངང་དང་བྱུག་ངོ་དང་། འདུས་ཏེ་སྒྱུ་མ་སྨྲིག་རྒྱུའོ། བྲག་ཅ་གོ་ཆ་མར་མེ་ཏོག གདུགས་དང་བདུག་པ་རྡུགས་པའོ།  ཡང་དེ་ཉིད་ལས། ཀ་མད་སུམ་ཅུ་ཐམ་པ་ལ། དོན་གྱི་ངེས་པ་བཞག་པའི་ཕྱིར། ཕོ་ཡིག་དང་ནི་མ་ནིང་དང་། མོ་ཡིག་དང་ནི་ཅིས་མི་འཕུལ། ནོར་ར་རེ་དང་རྣམ་པ་ལྔ། གདགས་སུ་མི་བཏུབ་ཕོ་ཡིག་སྟེ། ཉི་ཤུ་བདུན་དུ་ཤེས་པར་བྱ། འདོགས་ཀྱི་ཐམས་ཅད་སྐྱེད་པས་ན། ར་ལ་ས་གསུམ་མོ་ཡིག་ཡིན། མ་ནིང་ཡི་གེ་གཅིག་ཡིན་ཏེ། བ་ལ་མིང་གཉིས་བྱུང་བས་སོ། ཅིས་མི་འཕུལ་གྱི་ཡི་གེ་བཞི། ཧ་དང་འ་དང་ཝ་དང་ཨ། འཐུག་པར་བཀླག་པའི་ཡི་གེ་བཞི། གྷ་དང་དྷ་དང་བྷ་དང་ཛྷ། གྲེ་བའི་ནང་ནས་བཀླག་པར་བྱ། སྲབ་མོའོ་ཡི་གེ་རྣམ་པ་བདུན། ཀེ་འེ་ཁེ་གེ་གི་ཀི་ཏི། སྲབ་ལ་དོད་པར་བཀླག་པར་བྱ། ལོག་པའི་སྡེ་ཚན་རྣམ་པ་ལྔ། ཊ་ཋ་ཌ་ཎ་ཥ། འདི་ལྔ་མ་གཏོགས་ལོག་པ་མེད། ཝ་སྟག་ཐོབ་པའི་ཡི་གེ་བརྒྱད། སྭ་ཙྭ་དྭ་ཤྭ་ཚྭ་ཛྭ་ཞྭ་རྭ། ཞབས་ཏོག་བྱེད་པའི་ཡི་གེ་སྟེ། འདི་རྣམས་མཆུ་ཟླུམ་འབོད་པར་བྱ། ཞེས་དང་དེ་ཉིད་ལས། འགོ་འདྲེན་ཡི་གེ་དང་ཀྱོག་ཡིན། ལམ་འདྲེན་ཡི་གེ་ཐིག་ཏུ་བསྟན། ཡི་གེའི་མ་ནི་སུམ་ཅུའོ། ཡི་གེའི་བུ་ནི་དྲུག་ཏུ་བསྟན། ན་རོ་གུག་འགྲེང་སྟེང་བུ་གསུམ། འོག་གི་བུ་གསུམ་བསྟན་པ་ནི། ར་སྟ་ཡ་སྟ་ཞབས་ཀྱུ་གསུམ། ཤད་དང་དབང་ཐང་ལྔ་ཡིན་ཏེ། དཀར་ཤད་ནག་ཤད་ཚེག་ཤད་དང་། དྲག་ཤད་སྦྲུལ་ཤད་ལྔ་ཡིན་ནོ།,, ཞེས་རྒྱས་པར་གསུངས་པ་དང་།

འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ་ ལས། རྣམ་དབྱེ་བརྒྱད་བསྟན་ཏེ། ‘‘སྒྲ་ཡི་གནས་བརྒྱད་དེ་དང་པོ་གང་ཡང་རུང་བའི་སྒྲ་བུམ་པ་ཞེས་པ་  ལས་སོགས་དང་། དེ་བཞིན་དུ་གཉིས་པ་ལས་སུ་བྱ་བ། མི་ནུས་ལས་སོགས་དང་། གསུམ་པ་བྱེད་པས་  བྱས་པ་ནི། ལྷ་སྦྱིན་གྱིས་ཤིང་གཅོད་ལས་སོགས་དང་། བཞི་པ་ཆེད་ཀྱི་བྱས་པ་ནི། འགྲང་བ་བསྐྱེད་ཕྱིར་ཟས་ཟོས་  ལས་སོགས་དང་། ལྔ་པ་འབྱུང་ཁུངས་སྟོན་པ་ལ། མེ་ཏོག་ལས་སྦྲང་རྩི་འབྱུང་ལས་སོགས་དང་། དྲུག་པ་འབྲེལ་བ་སྟོན་པ་ནི། ལྷ་སྦྱིན་གྱི་ཁང་པ་བྱ་རོག་ཅན་ལས་སོགས་དང་། བདུན་པ་གནས་གཞི་   སྟོན་པ་ནི། རྒད་པོ་དབྱུག་པ་ཅན་ལས་སོགས་དང་། བརྒྱད་པ་འབོད་སྒྲ་ནི། ཀྭ་དང་ཡེ་ལ་སོགས་བརྒྱད་ ལ་འདིར་དྲུག་པ་ཡིན་ལ། དེ་ཡང་ཐ་དད་ཀྱི་འབྲེལ་བ་ལྷ་སྦྱིན་གྱི་བུམ་པ་ལྟ་བུ་དང་གཞི་མཐུན་གྱི་    འབྲེལ་བ་ལ་བདག་གཅིག་པ། སྒྲའི་མི་རྟག་པ་དང་། ཚོགས་པ་གཅིག་པ་ཨུད་དཔལ་གྱི་སྔོན་པོ་ལྟ་བུ་སྟེ། འདིར་བདག་གཅིག་པའི་འབྲེལ་བ་གཞི་མཐུན་གྱི་དྲུག་པ་སྟེ། སྒྲ་ནི་དྲུག་པ་འབྲེལ་པའི་ཀྱི། དོན་གྱི་སྐྱེས་བུ་བརྟུལ་ཤུགས་དོན།,, ཞེས་རྣམ་དབྱེ་ཆ་ཚང་པ་ཞིག་གསུངས་ཡོད།  ཁོང་ནི་ས་སྐྱ་པཎ་ཆེན་དང་དུས་མཉམ་ཀྱི་བོན་གྱི་མཁས་པ་གྲགས་ཅན་ཞིག་རེད།  མཁས་པ་ཁོང་དང་ས་པཎ་གཉིས་ལོ་བརྒྱད་ས་པཎ་ཆེ་ཡོད་པ་རེད།
ཡང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། ‘‘དེང་སང་བེད་སྤྱོད་བྱེད་བཞིན་ཡོད་པའི་བོད་ཡིག་འདི་མ་བྱུང་གོང་གི་ལོ་ཆིག་སྟོང་སུམ་བརྒྱའི་སྔོན་ལ་སྟག་གཟིག་གི་སྤུངས་ཡིག་ཟེར་བའི་ཡི་གེ་ཞིག་མངའ་ རིས་ཞང་ཞུང་གི་ལུང་པར་བྱུང་ཞིང་། དེ་ནི་ཧ་ཅང་སྟབས་བདེ་བའི་ཡི་གེ་ཞིག་ཡིན་པ་དེ་དེའི་ཡིག་   གཟུགས་རིམ་གྱིས་དབུ་ཅན་གྱི་ཡི་གེར་འགྱུར་ཞིང་། དབུ་ཅན་གྱི་ཡི་གེ་རྣམས་མགྱོགས་པོར་བྲིས་པས་ དབུ་མེད་ཀྱི་ཡིག་གཟུགས་བྱུང་བ་ཡིན་ཟེར་སྲོལ་ཡོད།,, ཞེས་གསུངས་པ་དང་། ཡང་གྲོང་ཁ་ཚེ་རིང་ཆོས་རྒྱལ་གྱིས་བརྩམས་པའི་གངས་ཅན་ཡིག་སྲོལ་འཕེལ་རིམ་སྐོར་གྱི་གླེང་གཏམ་ཡིད་ཀྱི་རང་སྒྲ་ལས། ‘‘བོད་ཀྱི་ཡི་གེའི་སྲོལ་ཐོག་མ་དེ་ཡང་ཞང་ཞུང་དུ་བྱུང་། ཡི་གེའི་སྲོལ་ཐོག་མ་ཞང་ཞུང་དུ་དར་བ་དེ་ནི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་མཐུན་རྐྱེན་མང་པོ་ཞིག་འདུས་པ་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པ་ལས་སྟེས་དབང་དུ་བྱུང་བ་ཞིག་མ་ཡིན། དེ་ཡང་ལོ་རྒྱུས་ཐོག་ཞང་ཞུང་ཞེས་འབོད་པའི་རྒྱལ་ཕྲན་འདིའི་གནས་ཡུལ་གཙོ་བོ་ནི་ཁ་བའི་ལྗོངས་ཀྱི་ནུབ་ཕྱོགས་འཛམ་གླིང་ཡང་རྩེའི་ཡང་རྩེར་གྲགས་པའི་མངའ་རིས་སྐོར་གསུམ་གྱི་རྒྱུད་དུ་ཡིན། ཞེས་དང་།,, ཡང་དེ་ཉིད་ལས། ‘‘ཞང་ཞུང་གི་ཡི་གེའམ་བོད་ཀྱི་ཡིག་སྲོལ་དང་པོ་དེའི་ཡི་གེའི་ཕྱི་མོ་ནི་བོན་གཞུང་ནང་ཡོངས་གྲགས་སུ་བརྗོད་པའི་འཕྲུལ་ཡིག་གམ་ཐོ་ཡིག་བཞི་བཅུ་ཐམ་པ་དེ་ཡིན།,, ཞེས་གསུངས་པ་དང་།
ཡང་ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རྭ་གའི་ལྡེ་མིག་ལས། ‘‘བོད་ཀྱི་ཡི་གེ་ཆ་ཚང་བ་ཞིག་འབྲི་བའི་སྲོལ་དེ་བོན་གྱི་སྟོན་པ་གཤེན་རབ་ཀྱི་སྐབས་སུ་བྱུང་ཡོད་པའི་ལོ་རྒྱུས་ཡོད།,, ཞེས་གསུངས་པ་དང་། ཡང་ནམ་མཁའི་ནོར་བུས་བརྩམས་པའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས། ‘‘རང་རེས་དྲང་བདེན་གྱི་སྒོ་ནས་དཔྱད་གཞིགས་མཐིལ་ཕྱིན་པ་ཞིག་བྱས་པ་ཡིན་ན། ཆོས་རྒྱལ་སྲོང་བཙན་སྒོམ་པོའི་གོང་དེར་  བོད་ལ་ཡི་གེ་འབྲི་སྲོལ་བྱུང་ཡོད་པའམ་བོད་མི་ཚོས་ཡི་གེ་བེད་སྤྱོད་བྱེད་སྲོལ་བྱུང་ཡོད་པ་ནི་ལུང་དང་རིག་པ་གཉིས་ཀྱི་ཐོག་ནས་བདེན་དོན་མཐིལ་འདོན་ཐུབ་པ་ ཡོད།,, ཞེས་གསུངས་པ་དང་།
ཡང་སྙན་ངག་གི་ཁུངས་དུས་རབས་བདུན་པའི་མཇུག་ཙམ་ནང་གཙང་གཤེན་སྙན་ངག་རང་གྲོལ་གྱིས་    མཛད་པའི་སྙན་ངག་རྒྱན་གསུམ་མ་འདི་སྙན་ངག་ཤེལ་གྱི་མེ་ལོང་མའི་འགྲེལ་བ་དེ་ཡིན། ༼སྙན་ངག་ནམ་མཁའི་མེ་ལོང་དང་།༽ ༼སྙན་ངག་རིན་ཆེན་མེ་ལོང་དང་།༽ ༼སྙན་ངག་ཤེལ་གྱི་མེ་ལོང་།༽སྙན་གཞུང་འདི་གསུམ་ནི་ལྷ་མོ་དབྱངས་ཅན་མའི་ཞལ་ནས་བྱིན་གྱིས་    རླབས་པའི་ཕྱི་ནང་གསང་བའི་མེ་ལོང་རྣམ་པ་གསུམ་རྒྱ་གར་རྟག་གཟིགས་བོད་གསུམ་ལ་དར་བར་   གྲགས་པ་མེ་ལོང་གསུམ་གྱི་ནང་ཚན་སྙན་ངག་ཤེལ་གྱི་མེ་ལོང་གི་འགྲེལ་གཞུང་ལས་མེ་ལོང་གསུམ་ཡོད་པའི་སྒྲུབ་བྱེད་གསལ་པོ་བསྟན་པ་འདི་ལྟར། ‘‘དབྱངས་ཅན་ལྷ་མོའི་ཞལ་གྱི་ལུང་།། ཕྱི་ནང་གསང་བའི་མེ་ལོང་གསུམ། ། རྒྱ་གར་རྟག་གཟིགས་བོད་དུ་གྲགས།། གསང་བ་འདི་ནི་གཙང་གཤེན་ལགས།། ཞེས་གསུངས་པ་འདི་ཡིས་བོད་དུ་དུས་རབས་བདུན་པའི་མཇུག་ཙམ་ནས་སྙན་གཞུང་དེ་ཡི་འགྲེལ་    སོགས་ཡོད་པ་གསལ་པོ་བསྟན་ཡོད། རྒྱན་གསུམ་ནི་གཞུང་རང་ཉིད་ལས། དོན་རྒྱན་སྒྲ་རྒྱན་གབ་ཚིག་ རྒྱན། དང་པོ་དོན་རྒྱན་སོ་ལྔ་སྟེ།,, ཞེས་དང་། སྒྲ་རྒྱན་ནི། ‘‘སྒྲ་ཡི་རྒྱན་གྱི་བྱེ་བྲག་ལ། སྦྱར་དང་ཁྲིད་འདྲེས་དང་ལྡོག་འཁྱོག་འགྲོ། ཕྱེད་དུ་འཁོར་དང་ཀུན་ཏུ་འཁོར། རྣམ་པ་འགའ་ཞིག་དག་ཀྱང་བསྟན།,, ཞེས་དང་། གབ་ཚིག་གི་རྒྱན་ནི། ‘‘གབ་ཚིག་རྒྱན་ཞེས་གྲགས་པ་ཡི། རྣམ་པར་རྟོག་པ་སྤྲོས་པའི་ལུགས། དེ་དག་རྣམ་པ་རབ་ཕྱེས་ནས། གསལ་བར་འདི་རུ་བསྟན་པར་བྱ།,, ཞེས་གསུངས་པ་འདི་ཡིས་བོད་ཀྱི་ལོ་རྒྱུས་སྨྲ་བ་པོ་རྣམས་ཀྱིས་བོད་དུ་སྙན་ངག་ཐོག་མ་རྒྱ་གར་མཁས་པ་བོད་ཀྱི་མིང་དུ་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་ལོང་མ་ཞེས་པ་དེ་བོད་དུ་དུས་རབས་བཅུ་གསུམ་པའི་ནང་དུ་དར་ནས་ ཐོག་མ་ཡིན་པ་བཤད་སྲོལ་ཡོད་ཀྱང་དོན་དུ་དུས་རབས་བརྒྱད་པའི་གོང་ནས་སྙན་གཞུང་ཡོད་པ་གསལ་པོར་རྟོགས་ཐུབ་པར་བསྟན་ཡོད།

འདིར་རྒྱ་ཆེའི་ལུང་དང་རིག་པའི་དབང་ཕྱུག་པ་དག་གི་རྨོངས་དད་དང་ཕྱོགས་རིས་ཀྱི་དྲྭ་བ་ནས་ཐར་ཏེ་སུམ་རྟགས་ཀྱི་རྩ་བ་དང་། ཡི་གེ་སྦྱོར་བ་གཉིས་དཔྱད་བསྡུར་ཞིག་གནང་བར་མཁྱེན་ཞུ།           ‘‘《སུམ་རྟགས་རྩ་བ》དང་《ཡི་གེའི་སྦྱོར་བ》གཉིས་ཕན་ཚུན་གཤིབ་བསྡུར་གྱི་དཔྱད་པ།
《སུམ་ཅུ་པ》ལས། 《ཡི་གེའི་སྦྱོར་བ》ལས།
1)བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།།  བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།
རིག་བྱེད་སྨྲ་བ་རྣམ་ཀྱི་རྒྱུ།               རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།
མིང་ཚིག་བརྗོད་པ་ཀུན་གྱི་གཞི།     མིང་ཚིག་བརྗོད་པ་རྣམས་ཀྱི་གཞི།   ཡི་གེའི་སྦྱོར་བ་བཤད་པར་བྱ།།              ཡི་གེའི་སྦྱོར་བ་བཤད་པར་བྱ།།
2)ཡེ་གེ་ཨཱ་ལི་ཀཱ་ལི་གཉིས།།             ཡི་གེ་ཨཱ་ལི་ཀཱ་ལི་གཉིས།      ཨཱ་ལི་གསལ་བྱེད་ཨི་སོགས་བཞི།    ཨཱ་ལི་གསལ་བྱེད་ཨི་སོགས་བཞི།
ཀཱ་ལི་སུམ་ཅུ་ཐམ་པོའི།།              ཀཱ་ལི་སུམ་ཅུ་ཐམ་པོའི།།
(3)མི་འཇུག་པ་ནི་ཉི་ཤུའོ།།           མི་འཇུག་པ་ནི་ཉི་ཤུའོ།།
4)ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། སྡེ་པ་ཕྱེད་དང་བརྒྱད་པོ་ནི།།                                                       བཞི་བཞི་དག་ཏུ་ཕྱེ་བ་ལས།།                                                                                                    དང་པོ་གསུམ་པ་བཞི་པ་ལ།།          དང་པོ་གསུམ་པ་བཞི་པ་ལ།།
མས་གཉིས་དྲུག་པའི་གསུམ་པ་དང་།    མས་གཉིས་དྲུག་པའི་གསུམ་པ་དང་།                               བདུན་པ་ལ་ནི་ཤ་མ་གཏོགས།          བདུན་པ་ལ་ནི་ཤ་མ་གཏོགས།
རྗེས་འཇུག་ཡི་གེ་བཅུ་རུ་འདོད།       རྗེས་འཇུག་ཡི་གེ་བཅུ་རུ་འདོད།
(5)རྗེས་འཇུག་ཡེ་གེ་བཅུ་ཉིད་ལས།      རྗེས་འཇུག་ཡེ་གེ་བཅུ་ཉིད་ལས།        དང་པོ་གསུམ་པ་ལྔ་པ་དྲུག།།            དང་པོ་གསུམ་པ་ལྔ་པ་དྲུག།།
བདུན་པ་རྣམས་ནི་སྔོན་དུའང་འཇུག།   བདུན་པ་རྣམས་ནི་སྔོན་དུའང་འཇུག་གོ
(6)རྗེས་འཇུག་ཡི་གེ་བཅུ་པོ་ནི།།  རྗེས་འཇུག་ཡི་གེ་བཅུ་པོ་ནི།།
མིང་གང་གི་ནི་མཐར་སྦྱར་བ།། མིང་གང་གི་ནི་མཐར་སྦྱར་བ།།
དེ་ལ་ཨཱ་ལི་བཞི་པ་སྦྱར།།    དེ་ལ་ཨཱ་ལི་བཞི་པ་སྦྱར།།                                                            སླར་བསྡུ་བར་ནི་ཤེས་པར་བྱ།།  སླར་བསྡུ་བར་ནི་ཤེས་པར་བྱ།།
རྗེས་འཇུག་ཡི་གེ་བཅུ་རྣམས་ལས། རྗེས་འཇུག་ཡི་གེ་བཅུ་པོ་ལས།                                              གང་མིང་མཐའ་ན་བཅུ་པ་གནས།། གང་མིང་མཐའ་ན་བཅུ་པ་གནས།།
དེ་ལ་ཨཱ་ལི་གཉིས་པ་སྦྱར།།         དེ་ལ་ཨཱ་ལི་གཉིས་པ་སྦྱར།།
གང་མིང་མཐའ་ན་བརྒྱད་པ་གནས། གང་མིང་མཐའ་ན་བརྒྱད་པ་གནས།
དེ་ལ་གཉིས་པ་ཨུ་ཡང་སྦྱར།།        དེ་ལ་གཉིས་པ་ཨུ་ཡང་སྦྱར།།
གང་མིང་མཐའ་ན་གསུམ་པ་གནས། གང་མིང་མཐའ་ན་གསུམ་པ་གནས།
དེ་ལ་ཨཱ་ལི་གཉིས་པ་སྦྱར། དེ་ལ་ཨཱ་ལི་གཉིས་པ་སྦྱར།                                                            བཞི་པ་དགུ་པ་དངོས་ཀྱང་སྟེ།        བཞི་པ་དགུ་པ་དངོས་ཀྱང་སྟེ།
ལས་དང་ཆེད་དང་རྟེན་གནས་དང་། ལས་དང་ཆེད་དང་རྟེན་གནས་དང་།       དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན།།          དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན།
རྗེས་འཇུག་ཡི་གེ་བཅུ་པོ་ལ།     རྗེས་འཇུག་ཡི་གེ་བཅུ་པོ་ལ།                                                  ཨི་དང་མཐུན་ལུགས་འདི་ཞེས་བྱ།       ཨི་དང་མཐུན་ལུགས་འདི་ལྟ་སྟེ།
དང་པོ་གཉིས་ལ་དང་པོ་མཐུན།     དང་པོ་གཉིས་ལ་དང་པོ་མཐུན།                                         གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར།          གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར།
བདུན་པ་ཉིད་ནི་ལ་བདུན་པ་སྟེ།     བདུན་པ་ཉིད་ནི་ལ་བདུན་པ་སྟེ།                                         ལྷག་མ་རྣམས་ལ་གྱ་སྦྱར་བ།།        ལྷག་མ་རྣམས་ལ་གྱ་སྦྱར་བ།།
དེ་དག་ཨི་སྦྱར་འབྲེལ་བའི་ས།  དེ་དག་ཨི་སྦྱར་འབྲེལ་བའི་ས།                                                དེ་ཉིད་ལ་ནི་བཅུ་པ་སྦྱར།         དེ་རྣམས་ལ་ནི་བཅུ་པ་སྦྱར།
བྱེད་པ་པོ་རུ་ཤེས་པར་བྱ།         བྱེད་པ་པོ་རུ་ཤེས་པར་བྱ།                                                   ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར།    ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར།
ཚིག་རྒྱན་གཉིས་དང་སྡུད་པར་འགྱུར།  །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར།                              ལ་དོན་སུ་ལ་ཨུ་ཕྱིས་ནས།       ལ་དོན་སུ་ལ་ཨུ་ཕྱིས་ནས།                                       དེ་ལ་གསུམ་པའི་དང་པོ་སྦྱར།             དེ་ལ་གསུམ་པའི་དང་པོ་སྦྱར།    དེ་ལ་ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར།        དེ་ལ་ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར།
དེ་ནི་ལྷག་དང་བཅས་པའོ།                 དེ་ནི་ལྷག་དང་བཅས་པའོ།       རྗེས་འཇུག་ཡི་གེ་བཅུ་པོ་ལ།                 རྗེས་འཇུག་ཡི་གེ་བཅུ་པོ་ལ།
དྲུག་པ་སྦྱར་ན་འབྱེད་བསྡུད་ཡིན། དྲུག་པ་སྦྱར་ན་འབྱེད་བསྡུད་ཡིན།                                         རྗེས་འཇུག་ཡི་གེ་བཅུ་པོ་ཡི།                  རྗེས་འཇུག་ཡི་གེ་བཅུ་པོ་ཡི།
བཞི་པ་དགུ་པ་ལ་བཅུ་པ།               བཞི་པ་དགུ་པ་བཅུ་ལ་པ། (ལ་བཅུ་པ)
སྦྱར་པ་འབྱུང་ཁུངས་ས་ཡིན་ཏེ།།             སྦྱར་པ་འབྱུང་ཁུངས་ས་ཡིན་ཏེ།།      དགར་དང་སྡུད་པའང་དེ་བཞིན་ཡིན།       དགར་དང་སྡུད་པའང་དེ་བཞིན་ཡིན།
གང་མིང་བརྗོད་པའི་དང་པོ་རུ།           གང་མིང་བརྗོད་པའི་དང་པོ་རུ།      ཀྱེ་སྦྱར་བ་ནི་བོད་པ་ཡིན།                 ཀྱེ་སྦྱར་བ་ན་ནི་བོད་པར་འགྱུར།
གང་མིང་མཐའ་དང་མཐུན་པ་ཡི།།   གང་མིང་མཐའ་དང་མཐུན་པ་ཡི།།                                    བཞི་པ་ལ་ནི་ཨི་སྦྱར་བ།             བཞི་པ་ལ་ནི་ཨི་སྦྱར་བ།
དགར་དང་བསྣན་པའི་ཚིག་ཏུ་འགྱུར།། དགར་དང་བསྣན་(བརྣན)པའི་ཚིག་ཏུ་འགྱུར།།                  མིང་གང་རུང་བའི་བར་མཚམས་སུ།།    མིང་གང་རུང་བའི་བར་མཚམས་སུ།།    གསུམ་པ་ལ་ནི་གཉིས་པ་སྦྱར།།       གསུམ་པ་ལ་ནི་གཉིས་པ་སྦྱར།     དེ་ནི་སྡུད་དང་འབྱེད་པ་དང་།།         དེ་ནི་སྡུད་དང་འབྱེད་པ་དང་།    རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ།། རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ།།
(7)གང་མིང་གི་ནི་ཡ་མཐའ་རུ།།         མིང་གང་གི་ནི་ཡ་ཐ་ན།།     གསུམ་པ་ལ་ནི་ཨེ་སྦྱར་བ།         གསུམ་པ་ལ་ནི་ཨེ་སྦྱར་བ།      ཐ་སྙད་དབང་དུ་གསུམ་ཡིན་ཏེ།།  ཐ་སྙད་དབང་དུ་གསུམ་ཡིན་ཏེ།།       དངོས་པོའི་དབང་དུ་བཞི་རུ་འགྱུར།། དངོས་པོའི་དབང་དུ་བཞི་རུ་སྦྱར།།        དུས་ཀྱི་དབང་དུ་གཉིས་ཡིན་ནོ།། དུས་ཀྱི་དབང་དུ་གཉིས་ཡིན་ནོ།།
(8)གང་མིང་བརྗོད་པའི་དང་པོ་རུ། མིང་གང་གི་ནི་ཡ་ཐ་རུ།
དང་པོ་ལ་ནི་གཉིས་པ་སྦྱར།།   དང་པོ་ལ་ནི་གཉིས་པ་སྦྱར།།
སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར།   སྤྱི་ལ་བྱ་བ་ཉིད་དུ་འགྱུར།
གང་མིང་གི་ནི་མ་མཐའ་ན།   མིང་གང་གི་ནི་ཡ་(མ)ཐ་ན།།
པུ་ལིངྒ་ཡི་སྒྲ་མེད་པ།དེ་ལ་པུ་ལིངྒ་སྦྱར་ན།      པུ་ལིངྒ་ཡི་སྒྲ་བྱུང་ན།
བདག་པོའི་སར་ནི་ཤེས་པར་བྱ།   བདག་པོའི་སར་ནི་ཤེས་པར་བྱ།
གང་མིང་བརྗོད་པའི་ཡ་མཐའ་ན།།   མིང་གང་གི་ནི་ཡ་ཐ་ན།
སྟཱི་ལིངྒ་ཡི་སྒྲ་མེད་པ།   དེ་ལ་སྟཱྲི་ལིངྒ་སྦྱར་ན།    སྟཱྲི་ལིངྒ་ཡི་སྒྲ་བྱུང་ན།
དགག་པའི་གནས་སུ་ཤེས་པར་བྱ།   དགག་པའི་གནས་སུ་ཤེས་པར་བྱ།
(9 ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས།
ཅུང་ཟད་བསྡུས་པ་ཡོད་ན་ཡང་།།         ཅུང་ཟད་བསྡུས་པ་ཡོད་ན་ཡང་།།
དེ་ནི་དེ་བཞིན་སྦྱར་བར་བྱ།།               དེ་ནི་དེ་བཞིན་སྦྱར་བར་བྱ།།
(གོང་གསལ《ཡི་གེའི་སྦྱོར་བ་》ལས་དྲངས་པ་འདི་དག་ས་པཎ་གསུང་འབུམ་ལྕགས་པར་             གླིགས་བམ་དང་པོའི་ཤ་ཤོག་ངོས་555—559བར་གསལ།)
《རྟགས་ཀྱི་འཇུག་པ》ལས།        《ཡི་གེའི་སྦྱོར་བ》ལས།
(1)སྡེ་པ་ཕྱེད་དང་བརྒྱད་པའང་།།    སྡེ་པ་ཕྱེད་དང་བརྒྱད་གནས་པ།
(2)ཕོ་དང་མ་ནིང་མོ་དང་ནི།།        ཕོ་དང་མ་ནིང་མོ་དང་ནི།།
ཤིན་ཏུ་མོ་དང་བཞི་བཞི་རུ།།       ཤིན་ཏུ་མོ་དང་བཞི་བཞི་རུ།།
སྡེ་བ་བཞི་པ་ཡན་ཆད་དབྱེ།།       སྡེ་བ་བཞི་པ་ཡན་ཆད་དབྱེ།།
ལྷག་མ་བཅུ་བཞི་གནས་པ་ལ།     ལྷག་མ་བཅུ་བཞི་གནས་པ་ལ།
ཙ་སོགས་གསུམ་ནི་ཅ་སོགས་སྦྱར།། ཙ་སོགས་གསུམ་ནི་ཅ་སོགས་སྦྱར།།
ཝ་ནི་བ་དང་སྦྱར་བར་བྱ།།          ཝ་ནི་བ་དང་སྦྱར་བར་བྱ།།
ལྷག་མ་དྲུག་ནི་མོ་རུ་སྦྱར།།         ལྷག་མ་དྲུག་ནི་མོ་རུ་སྦྱར།།
ར་ལ་ཧ་ནི་མོ་གཤམ་སྟེ།             ར་ལ་ཧ་ནི་མོ་གཤམ་སྟེ།
ཨ་ནི་མཚན་མེད་ཅེས་ཀྱང་བྱ།།   མ་ནིང་མཚན་མེད་ཅེས་ཀྱང་བྱ།
(3)མོ་ཡི་ཡི་གེའི་ནང་ནས་ནི།།      མོ་ཡི་ཡི་གེའི་ནང་ནས་ནི།།
འཇུག་པའི་ཡི་གེ་བཅུ་དབྱུང་བྱ། རྗེས་འཇུག་ཡི་གེ་བཅུ་དབྱུང་བྱ།
འཇུག་པ་བཅུ་ཡི་ནང་ནས་ནི།།  འཇུག་པ་བཅུ་ཡི་ནང་ནས་ནི།།
སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ།།   སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ།
(4) སྔོན་འཇུག་ཡི་གེ་ལྔ་པོ་ལ།།        སྔོན་འཇུག་ཡི་གེ་ལྔ་པོ་ལ།།
ཕོ་དང་མ་ནིང་མོ་དང་ནི།       ཕོ་དང་མ་ནིང་མོ་དང་ནི།
ཤིན་ཏུ་མོ་དང་བཞི་རུ་དབྱེ།      ཤིན་ཏུ་མོ་དང་བཞི་རུ་དབྱེ།
(5)  དེ་དག་རེ་རེའིང་བཞི་བྱེད་སྟེ།      དེ་དག་རེ་རེའང་བཞི་བཞི་སྟེ།
གང་ལ་འཇུག་བྱེད་གང་གིས་བྱེད། གང་ལ་འཇུག་བྱེད་གང་གིས་བྱེད།

ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད།    ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད།
གང་ལ་འཇུག་བྱེད་གང་གིས་ན།།       གང་ལ་འཇིག་བྱེད་གང་གིས་ན།།
(6) མི་འཇུག་པ་ནི་འདི་ལྟ་སྟེ།   མི་འཇུག་པ་ནི་འདི་དག་སྟེ།
ཕོ་ནི་མ་ནིང་ལ་མི་འཇུག།   ཕོ་ནི་མ་ནིང་ལ་མི་འཇུག།
མོ་ཕོ་ལ་འཇུག་པ་མིན།            མོ་ནི་ཕོ་ལ་འཇུག་པ་མིན།
མ་ནིང་རང་ལ་རང་མི་འཇུག། མ་ནིང་རང་ལ་རང་མི་འཇུག།
རང་གི་སྡེ་དང་འཕྲད་པ་ན།    རང་གི་སྡེ་དང་འཕྲད་པ་ན།
ཕོ་ཡང་མོ་ལ་འཇུག་མི་འགྱུར།། ཕོ་ཡང་མོ་ལ་འཇུག་མི་འགྱུར།།
མ་ནིང་མོ་ཡང་དེ་བཞིན་ནོ།།     མོ་དང་(མ་ནིང་)མོ་ཡང་དེ་བཞིན་ནོ། །
(7)ཇི་ལྟར་འཇུག་པར་བྱེད་ཅེ་ན།     ཇི་ལྟར་འཇུག་པར་བྱེད་ཅེ་ན།
ཕོ་ནི་དྲག་པའི་ཚུལ་གྱིས་ཏེ།          ཕོ་ནི་དྲག་པའི་ཚུལ་གྱིས་ཏེ།
མ་ནིང་རན་པར་འཇུག་པ་ཡིན།       མ་ནིང་རན་པར་འཇུག་པ་ཡིན།
མོ་ནི་ཞན་པའི་ཚུལ་གྱིས་ཏེ།              མོ་ནི་ཞན་པའི་ཚུལ་གྱིས་འཇུག
ཤིན་ཏུ་མོ་ནི་མཉམ་པས་སོ།         ཤིན་ཏུ་མོ་ནི་མཉམ་པས་སོ།།
ཅི་ཕྱིར་འཇུག་པར་བྱེད་ཅེ་ན།       ཅི་ཕྱིར་འཇུག་པར་བྱེད་ཅེ་ན།
ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།
མ་ནིང་གཉིས་ཀ་ད་ལྟར་ཆེད།         མ་ནིང་གཉིས་ཀ་ད་ལྟར་ཆེད།
མོ་ནི་བདག་དང་མ་འོངས་ཕྱིར།           མོ་ནི་བདག་དང་མ་འོངས་ཕྱིར།

ཤིན་ཏུ་མོ་ནི་མཉམ་ཕྱིར་རོ།            ཤིན་ཏུ་མོ་ནི་མཉམ་ཕྱིར་རོ།།
(8) དེ་ཡང་བྱེད་པ་བཞི་བྱེད་འདི།།      དེ་ཡང་དབྱེ་བ་བཞི་བཞི་སྟེ།
གང་ལ་འཇུག་བྱེད་གང་གིས་བྱེད།   གང་ལ་འཇུག་བྱེད་གང་གིས་བྱེད།
ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད།       ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད།
གང་ལ་ཡི་གེ་ཐམས་ཅད་ལ།    གང་ལ་ཡི་གེ་ཐམས་ཅད་ལ།
གང་གིས་བཅུ་པོ་དེ་དག་གིས།   གང་གིས་བཅུ་པོ་དེ་དག་གིས།
ཇི་ལྟར་རྣམ་པ་གཉིས་ཡིན་ཏེ།    ཇི་ལྟར་རྣམ་པ་གཉིས་ཡིན་ཏེ།
སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ།།  སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ།།                           (9དྲག་ཞན་བར་མ་གསུམ་དུ་འཇུག།   དྲག་ཞན་བར་མ་གསུམ་དུ་འཇུག།
(10)ཅི་ཕྱིར་འཇུག་པར་བྱེད་ཅེ་ན།      ཅི་ཕྱིར་འཇུག་པར་བྱེད་ཅེ་ན།
ཡི་གེའི་ཁོངས་ནས་མིང་དབྱུང་སྟེ།། ཡི་གེའི་ཁོང་(ཁོངས་)ནས་མིང་འབྱུང་སྟེ།
མིང་གི་ཁོངས་ནས་ཚིག་ཕྱུང་ནས། མིང་གི་ཁོངས་ནས་ཚིག་ཕྱུང་ནས།
ཚིག་གི་དོན་རྣམས་སྟོན་པར་བྱེད། ཚིག་གིས་དོན་རྣམས་སྟོན་པར་བྱེད་པའོ།།
(11)མོ་ཡི་ཡི་གེ་མེད་པ་ན།            མོ་ཡི་ཡི་གེ་མེད་པ་ན།
ཕོ་ཡིག་བརྗོད་པ་མེད་པར་འགྱུར།       ཕོ་ཡིག་བརྗོད་པ་མེད་པར་འགྱུར།
ཕོ་ཡིག་དེ་དག་རྣམས་ལ་ཡང་།།        ཕོ་ཡིག་དེ་དག་རྣམས་ལ་ཡང་།།
འཇུག་པར་བཅས་པ་མེད་ན་ནི།         འཇུག་པར་བཅས་པ་མེད་ན་ནི།
མིང་དང་ཚིག་ཀྱང་གསལ་མི་ནུས།     མིང་དང་ཚིག་ཀྱང་གསལ་མི་ནུས།
མིང་ཚིག་གསལ་བར་མེད་ན་ནི།        མིང་ཚིག་གསལ་བར་མེད་ན་ནི།                           དོན་རྣམས་བརྗོད་པར་མི་འགྱུར་རོ།    དོན་རྣམས་བརྗོད་པར་མི་འགྱུར་རོ།།
དེ་ལྟར་གྱུར་ན་འཇིག་རྟེན་དུ།    དེ་ལྟར་གྱུར་ན་འཇིག་རྟེན་གྱི།།⑤
(གོང་གསལ་《ཡི་གེའི་སྦྱོར་བ》ལས་དྲངས་པ་རྣམས་ས་པཎ་གསུང་འབུམ་ལྕགས་པར་གླེགས  ་བམ་དང་པོའི་ཤོག་ངོས་555ནས་559བར་གསལ། གོང་གསལ་བསྟན་བཅོས་དེ་གཉིས་ཕན་ཚུན་གཟབ་ནན་ཆེན་པོས་ཞིབ་བསྡུར་ཞིག་བྱས་ན། འགོ་རྩོམ་པར་དམ་བཅའ་བ་ནས། བར་སུམ་ཅུ་པའི་རྣམ་དབྱེ་བརྒྱད་དང་དེ་དག་གི་སྦྱོར་ཚུལ་སོགས་ གཙོ་བོའི་རྩ་དོན་རྣམས་དང་། དེ་བཞིན་རྟགས་ཀྱི་འཇུག་པའི་རྩ་དོན་མིང་གཞིའམ། རྗེས་འཇུག སྔོན་འཇུག་བཅས་སོ་སོའི་ཕོ་མོ།   མ་ནིང་། ཤིན་ཏུ་མོ་བཅས་པའི་རྟགས་ཀྱི་དབྱེ་བ་དང་། དེ་དག་རང་རང་གི་འཇུག་པ་བཞི་སོགས་ཀྱི་བར་དང་།  མཇུག་“མོ་ཡི་ཡི་གེ་མེད་པ་ན།”ཞེས་ཤོ་ལོ་ཀ་གཉིས་ཀྱི་བརྗོད་དོན་བཅས་ནི་སུམ་རྟགས་ཀྱི་སྙིང་དོན་རྣམས་ཇི་མ་ཇི་བཞིན་དུ་མཚུངས་པ་ནི་ངོ་   མཚར་དང་རྒྱུ་མཚན་ཤིན་ཏུ་ཆེ་བ་ཞིག་ཏུ་མཐོང་། གལ་ཏེ་སུམ་རྟགས་ཀྱི་གཞུང་འདི་སློབ་དཔོན་ཐོན་མིས་མཛད་པ་ཞིག་ཡིན་ན། རྗེ་ས་པཎ་གྱིས་བསྐྱར་ཟློས་འདི་ལྟ་བུ་གནང་དགོས་དོན་ག་ལ་ཡོད།,, འདི་ནི་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་སུམ་རྟགས་ཀྱི་རྩ་བ་དང་ས་པཎ་གྱི་ཡི་གེའི་སྦྱོར་བ་གཉིས་ཞིབ་བསྡུར་བྱས་པ་ཇི་བཞིན་དུ་བཀོད་པ་ཡིན།
གོང་དུ་དྲངས་པའི་ལུང་རིག་དེ་དག་གིས་བསྒྲུབ་བྱ་ནི། ང་ཚོ་བོད་མི་རིགས་ཀྱི་ཡི་གེ་དང་དེ་དང་འབྲེལ་བའི་དག་ཡིག་དང་རྟགས་འཇུག་རྣམ་དབྱེ་སོགས་ང་ཚོའི་སྤྱི་ཚོགས་ཀྱི་འཚོ་བའི་གོམས་གཤིས་དང་     འབྲེལ་བ་མེད་དུ་མི་རུང་བའི་བསམ་བློ་ལ་ཤར་བའི་རིག་རྩལ་གྱི་རྣམ་པ་ཞིག་ཡིན་པ་མ་གཏོགས།    ཐུ་མི་ཞེས་པའི་གང་ཟག་སྒེར་པ་ཞིག་གིས་རང་ཁོ་ནའི་སྐྱེས་སྟོབས་ཀྱི་ཤེས་རབ་ལ་བརྟེན་ནས་གློ་བུར་དུ་གསར་གཏོད་བྱས་པ་ཞིག་གཏན་ནས་མ་ཡིན། གཞན་ཡང་བོན་གྱི་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་ཞང་ཞུང་གི་ཡི་གེ་བོད་ཡིག་ཏུ་བསྒྱུར་བ་བཤད་ཡོད་ཀྱང་། དོན་དུ་ག་དུས་བསྒྱུར་བ་དང་བསྒྱུར་མཁན་སུ་ཡིན་པ་སོགས་བཤད་དཀའ་བའི་གནས་སུ་གྱུར་ཡོད་པ་རེད།
ཁོ་བོས་བསམ་ཚུལ་ཙམ་ཞུས་ན་དེ་སྔོན་ཞང་བོད་གཉིས་ཀས་ཞང་ཞུང་ཡི་གེ་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་ཕྱིས་སུ་ཞང་ཞུང་བོད་འོག་ལ་ཤོར་ནས་བོད་ལ་ཞང་ཞུང་གི་ཡི་གེའི་རྣམ་པ་རིམ་པས་འགྱུར་སོང་བ་ཞིག་ཡིན་པ་འདོད་བཞིན་ཡོད། དཔེར་ན་ཞང་ཞུང་གི་སྨར་ཆེན་དབུ་ཆེན་དུ་འགྱུར་བ་དང་། སྨར་ཆུང་འབྲུ་མར་ནས་རིམ་པས་འགྱུར་ནས་བོད་ཀྱི་ཡིག་རིགས་མང་དག་ཅིག་འཕེལ་ཡོད་པ་ད་ལྟ་  གསལ་པོར་རྟོགས་ཐུབ་པ་འདི་དག་རེད། མདོར་ན་ངས་གོང་དུ་ལུང་དྲངས་པ་དག་བོད་ཀྱི་རྒྱལ་ཁབ་
གཞན་པ་དང་མི་རིགས་གཞན་ལ་ལྟོས་མི་དགོས་པའི་བོད་རང་སར་ཡི་གེའི་སྐོར་དང་། དག་ཡིག་གི་
རྣམ་བཞག་དང་། རྟགས་འཇུག་གི་རྣམ་བཞག་འབྱུང་བ་ཆེ་ཆུང་གི་ལུགས་དང་། ཕོ་མོ་མ་ནིང་གི་ལུགས་སོགས་རྒྱས་ཤིང་རྒྱས་པ་ཡོད་པ་དང་། ཕྲད་རྣམ་དབྱེའི་སྐོར་རྣམ་དབྱེ་བརྒྱད་སོགས་ཆ་ཚང་པ་བོད་   རང་ལ་ཡོད་པའི་སྒྲུབ་བྱེད་ཅིག་དང་། གུས་པའི་རྩོམ་ཡིག་འདིའི་བརྗོད་བྱ་གཙོ་བོ་ནི། དུས་རབས་བཅུ་   གཅིག་པའི་ནང་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་ཡི་གེའི་སྦྱོར་བ་མཛད་པ་ནས་མཐུན་སྒོ་ཇེ་ཚོགས་སུ་སོང་པ་ལས་གངས་ཅན་བོད་ཀྱི་བཀའ་དྲིན་ཅན་ཐུ་མི་ཨ་ནུ་ཞེས་པ་ཞིག་བྱུང་མྱོང་མེད་པའི་སྒྲུབ་  བྱེད་དུ་བཀོད་པ་ཙམ་ཡིན།  རང་རེའི་བོད་ལ་མི་རིགས་གཞན་པ་དང་རྒྱལ་ཁབ་གཞན་གྱི་མཁས་པ་རྣམས་ཀྱིས་མི་ཡི་འགྲོ་བ་དང་ ཤེས་རིག་བྱུང་ནས་ལོ་ངོ་ས་ཡ་ཉེ་བའི་ལོ་རྒྱུས་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད་ཀྱང་རང་རེའི་   མཁས་པ་རྣམས་ཀྱིས་ཆོས་ལུགས་ཀྱི་ཆགས་སྡང་ཙམ་ལ་བརྟེན་ནས་ང་ཚོ་བོད་མི་རིགས་འདི་རྒྱལ་པོ་སྲོང་བཙན་ཡན་ཆོད་ཀླ་ཀློ་དང་མུན་ནག་གི་ཡུལ་གྲུ་ཞིག་ཏུ་བསྒྲུབས་པའི་རྫུན་སྒྲུང་གི་རྗེས་སུ་འཛིན་ནས། དེང་དུས་སྤྲུལ་སྐུ་འམ་བླ་མའི་མིང་འཛིན་མཁན་གྱི་སྲིད་དབང་སྒེར་སྤྱོད་པ་ཁ་ཅིག་གིས་བོད་ཀྱི་ལོ་རྒྱུས་སྨྲ་བའི་སྐབས་སུ། བོད་དང་ཁ་འབྲལ་ཐབས་མེད་པའི་ཐེག་པ་རིམ་པ་དགུ་ཡི་གཞུང་དང་འདུལ་ བའི་ན་བཟའ་གོས་དྲུག་དང་རྒྱལ་ཁབ་གཞན་གྱི་སྐད་ཡིག་གིས་འགྲན་ཟླ་བྲལ་བའི་བོད་ཀྱི་སྐད་ཡིག་  འདི་དང་དེ་བཞིན་ཐེག་པ་ཆེན་པོའི་གཞུང་ལུགས་རྣམས་ཀྱི་ཁུངས་བོད་རང་ས་ནས་ཡིན་བཞིན་དུ་  རྒྱལ་ཁབ་གཞན་ནམ་མི་རིགས་གཞན་ལ་ཁུངས་གཏུགས་བྱེད་བཞིན་པའི་བྱ་བ་འདི་དག། དེ་སྔོན་ང་ཚོ་བོད་ཡུལ་ཕུང་བའི་གཏེ་བོ་དེ་རེད་ལ་ད་དུང་འདིའི་རིགས་ཀྱིས་བོད་མི་དག་ལ་ཆོས་བཤད་ཀྱི་ཚུལ་བཟུང་ནས་ག་ཚོད་བཤད་རུང་བོད་གངས་ཅན་ཚང་ལ་ཕན་པའི་ལས་ཤིག་ཡོང་མི་སྲིད། ཐོས་ཆུང་པ་བདག་གིས་དོན་དུ་ཁེལ་ཡོད་མེད་རྒྱ་ཆེའི་སྨྱུག་ཐོགས་པ་རྣམས་ཀྱིས་གུས་པ་ཐོས་ཆུང་པ་ལ་ལུང་རིག་ཟུང་འབྲེལ་གྱི་སྒོ་ནས་རྨོངས་པའི་དྲྭ་བ་སེལ་བའི་སླད་དུ་ལུང་རིག་ཅིག་བསྩལ་གནང་ཡོད་པར་མཁྱེན། རིག་པ་ཡང་དག་གི་དཔྱད་ཡུལ་དུ་གྱུར་པ་ལས། དེ་ལས་གཞན་ཁས་ལེན་པར་དཀའ་བའི་  རིགས་དཔེ་ཆ་བཞག་ན། དུས་རབས་བཅུ་གཅིག་པ་ཙམ་ནས་བཀའ་དང་བསྟན་བཅོས་སོགས་ང་ཡི་གཏེར་མ་ཡིན་ཞེས་པ་གྲགས་པའི་རྫུན་སྒྲུང་དག་རྒྱབ་རྟེན་དུ་ཁྱེར་ཡོང་ན་རྨོངས་དད་ཀྱི་ཨུ་ཚུགས་ཙམ་ལས་སྒྲུབ་བྱེད་ཆེར་མ་མཐོང་། དཔེར་ན། བཀའ་ཆེམས་བཀའ་བཀོལ་མ་དང་། མ་ཎི་བཀའ་འབུམ་སོགས་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གསུངས་པ་ཡིན་ཟེར་བ་དང་། དེ་བཞིན་གསོ་རིག་རྒྱུ་བཞི་ཡང་ཤཱཀྱ་ཐུབ་པའི་གསུང་ཡིན་ཟེར་བ་དང་། ངེས་ཚིག་བརྗོད་དཀའ་བའི་བཀའ་ཐང་སྣ་ཚོགས་ཨོ་རྒྱན་པདྨ་    འབྱུང་གནས་ཀྱི་གསུང་ཡིན་ཟེར་བ་དང་། སྦ་བཞེད་རྒྱས་བསྡུས་སྣ་ཚོགས་ཀྱང་སྦ་གསལ་སྣང་གི་       གསུངས་པ་ཡིན་ཟེར་བ་སོགས་ཀྱི་རྗེས་སུ་འཛིན་ནས་སྒྲུབ་བྱེད་དུ་བཀོད་པ་རྒྱུ་མཚན་ཆེ་ཞིག་མ་མཐོང་། ད་སྐབས་དགོས་པ་ནི་ཐུ་མི་དང་དེ་ཡིས་མཛད་རྣམ་བསྟན་ཐུབ་པའི་དུས་རབས་བདུན་པ་ནས་བཅུ་པའི་བར་བཅོས་ལྷད་མ་སོང་པའི་གནའ་ཡིག་ཅིག་དགོས་གལ་ཆེ།།
ཨ་ཀྲོང་ཤེས་རབ་ཕུན་ཚོགས་ཀྱིས་བརྩམས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow