གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ལས་བོད་ཤིང་འབྲུག་ལོའི་བོད་ཟླ་ ༢ པའི་བགྲོ་གླེང་།

དེ་ཡང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འཆར་ཅན་ལྟར་ཟླ་རེར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ཞེས་གཏམ་བཤད་ཀྱི་བརྗོད་གཞི་སློབ་གཉེར་བ་སོ་སོས་རང་མོས་ལྟར་བདམ་ཐོག་དཔྱད་རྩོམ་སྤེལ་ཞིང་བགྲོ་གླེང་གནང་སྲོལ་ཡོད་པ་དང་།

དེ་ཡང་ཚོགས་ཐེངས་རེར་གཏམ་བཤད་པ་འཛིན་གྲྭ་རྒན་གཞོན་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་རེ་དང་། མི་རེར་གཏམ་བཤད་ཀྱི་དུས་ཡུན་སྐར་མ་བཅོ་ལྔ་དང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་སྐར་མ་ ༡༥ རེ་གནང་དང་གནང་མུས་ལྟར།

དེ་རིང་གཤེན་གྱི་འབྱུང་ལྡན་ ༣༠༡ སྤྱི་ལོ་ ༢༠༢༤ ཟླ་ ༠༣ པའི་སྤྱི་ཚེས་ ༡༣ དང་། བོད་ཟླ་ ༢ པའི་ཚེས་ ༣ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༥:༣༠ པའི་ཐོག ༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག  བཤད་སྒྲུབ་མཁན་པོ་མཆོག་དང་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སློབ་དཔོན་མཆོག བཤད་སྡེའི་དགེ་རྒན་རྣམ་པ། དེ་བཞིན་བླ་གྲྭ་དགེ་བཤེས་གང་མང་མཉམ་ཞུགས་དང་བཅས་རིག་གནས་འགན་འཛིན་འཇིགས་མེད་དབང་རྒྱལ་གྱིས་གཙོ་སྐྱོང་འོག གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བོད་ཤིང་འབྲུག་ལོའི་བོད་ཟླ་ ༢ པའི་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་དང་།

སློབ་གཉེར་བ་ཤེས་རབ་གཙུག་ཕུད་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

དེ་ཡང་གཏམ་བཤད་པ་དང་པོ་རྫོགས་ཆེན་སློབ་གཉེར་བ་ཤེས་རབ་གཙུག་ཕུད་ལགས་ཀྱིས་《གསང་སྔགས་ལག་ལེན་གཏོར་མའི་སྐོར་རོབ་ཙམ་བཤད་པ་》ཞེས་པའི་བརྗོད་གཞིའི་ཐོག གཏོར་མའི་བྱུང་ཁུངས་དང་ལོ་རྒྱུས་སྐོར་། གཏོར་མའི་ངོ་བོ་དང་གཏོར་མ་བཞེངས་ཚུལ་སྐོར། གཏོར་མའི་རྣམ་གྲངས་ཕན་ཡོན་བཅས་སྡེ་ཚན་གསུམ་གྱི་སྒོ་ནས་གཏམ་བཤད་དང་། དྲི་བ་དྲིས་ལན་གནང་ཡོད་པ་རེད།

སློབ་གཉེར་བ་ཉི་མ་དབང་རྒྱལ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

དེ་རྗེས་རྫོགས་ཆེན་འཛིན་གྲྭའི་སློབ་གཉེར་བ་ཉི་མ་དབང་རྒྱལ་ལགས་ཀྱིས《༧རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་སྐུ་ཡི་མཛད་པ་འཕྲིན་ལས་ཟུར་ཙམ་གླེང་བ་》ཞེས་པའི་བརྗོད་གཞིའི་ཐོག ༡ སྐུ་སྐྱེ་བ་བཞེས་པའི་སྐོར། ༢ཐོས་བསམ་མཛད་ཚུལ། ༣སྒོམ་སྒྲུབ་ཉམས་ལེན་དང་མཛད་པའིནའཕྲིན་ལས་ཇི་ལྟར་བསྐྱངས་ཚུལ་བཅས་ཀྱི་སྒོ་ནས་གཏམ་བཤད་དང་། དྲི་བ་དྲི་ལན་གནང།

སློབ་གཉེར་བ་བསོད་ནམས་རྒྱ་མཚོ་ལགས་ནས་གཏམ་བཤད་གནང་བཞིན་པ།

གཏམ་བཤད་པ་གསུམ་པ་ཕར་ཕྱིན་སྐབས་གཉིས་པའི་སློབ་གཉེར་བ་བསོད་ནམས་རྒྱ་མཚོ་ལགས་ནས་བརྗོད་གཞི་《དལ་འབྱོར་གྱི་མི་ལུས་རིན་པོ་ཆེའི་སྐོར་》ཞེས་པའི་ཐོག གཅིག་དལ་འབྱོར་མི་ལུས་འདི་གལ་ཆེན་ཡིན་ཚུལ། གཉིས་དལ་འབྱོར་མི་ལུས་བདག་པོ་བྱེད་ཚུལ། གསུམ་དལ་འབྱོར་མི་ལུས་བདག་སྐྱོང་བྱེད་དགོས་པའི་རྒྱུ་མཚན་བཅས་སྡེ་ཚན་གསུམ་གྱི་སྒོ་ནས་གཏམ་བཤད་གནང་ཡོད་པ་དང་། དེ་རྗེས་དྲི་བ་དྲི་ལན་སྐར་མ་ ༡༥ གནང་མཐར་།

གཙོ་སྐྱོང་པ། རིག་གནས་འགན་འཛིན་འཇིགས་མེད་དབང་རྒྱལ།

ཕྱི་དྲོའི་དུས་ཚོད་ ༧:༠༠ ཐོག་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆར་ཅན་གྱི་ཟླ་རེའི་བགྲོ་གླེང་སྐབས་ ༡༡ པ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས་ ༢༠༢༤། ༣ །༡༣ ཉིན།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow