སྨན་རིའི་སྒྲུབ་ཆེན་གྱི་ཉིན་གཉིས་པའི་གནས་ཚུལ།

དེ་རིང་སྨན་རིའི་སྒྲུབ་ཆེན་ཐེངས་ ༣༤ པའི་སྒྲུབ་ཞག་ཉིན་གཉིས་པའི་སྔ་དྲོ་ས་སློང་དང་། ཕྱི་དྲོར་རྣམ་ཀློང་གཉིས་ཀྱི་སྔོན་འགྲོའི་བཀའ་དབང་བཅས་ཀྱི་མཛད་རིམ་ཁག་བསྐྱངས་གནང་སོང་།

དེ་རིང་ཞོགས་པ་དུས་ཚོད་ ༥: ༣༠ ནས་༸སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་སྒྲུབ་ཆེན་གྱི་སྒྲུབ་གཤེན་པ་རྣམས་སྨན་རིའི་འདུལ་ཁང་ཆེན་མོར་དཀྱིལ་འཁོར་གྱི་གཡས་གཡོན་ནས་གྲལ་གཉིས་སུ་ཕྱེས་ཏེ་ཡི་དམ་རྣམ་ཀློང་གཉིས་ཀྱི་ཆོ་གའི་སྒོ་ནས་འདོན་པ་དབུ་འཛུགས་དང་། གྲྭ་ཚང་འདུས་མང་གཞན་རྣམས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་དུ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་གཞུང་བསྲང་གནང་སོང་།

སྔ་དྲོའི་དུས་ཚོད་ ༨: ༣༠ ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་དང་༧རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་པོ་བསྟན་པ་གཡུང་དྲུང་མཆོག གཞན་ཡང་བཤད་སྒྲུབ་མཁན་སློབ་རྣམ་པ་དང་སྲུང་མ་སྡེ་བཞིའི་འཆམ་པོ་བ། བླ་མ་ཁྲི་པ་དང་དགེ་བའི་བཤེས་གཉེན་རྣམ་པ། སེར་སྐྱ་མི་མང་བཅས་ས་སློང་གི་སེར་འཕྲེང་དུ་ཕེབས་ཤིང་།

ཆུ་གཏོར་དང་ས་སློང་གི་ལས་ཆོག་རྣམས་གསུང་རྗེས་། ༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་ས་ཕུད་བླངས་ཤིང་བུམ་གཏེར་ཕུལ་མཚམས་སེར་སྐྱ་མང་ཚོགས་ནས་ས་སྦར་མོ་གང་རེ་བསྣམས་ཏེ་ཕྱི་སྐོར་ཕེབས། དེ་རྗེས་སྨན་རིའི་འདུལ་ཁང་ཆེན་མོར་སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་ནས་དཀྱིལ་འཁོར་ཐིག་ཆག་གདབས་གནང་མཛད་སོང་།

ཉིན་རྒྱབ་དུས་ཚོད་ ༡: ༣༠ ཐོག་སྨན་རིའི་འདུལ་ཁང་ཆེན་མོའི་མདུན་ཐང་དུ་རྒྱལ་ཕྱི་ནང་གང་ས་ནས་ཕེབས་པའི་སྐུ་མགྲོན་དང་གཉུག་མར་གནས་པའི་དད་ལྡན་པ་བཅས་མི་མང་སྟོང་ཚོ་ལྷག་ཙམ་ལ་

རྣམ་ཀློང་གཉིས་ཀྱི་སྔོན་འགྲོའི་བཀའ་དབང་བསྩལ་གནང་མཛད་ཡོད་པ་བཅས་ཀྱི་གནས་ཚུལ་དུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow