སྨན་རིའི་སྒྲུབ་ཆེན་གྱི་ཉིན་བཞི་པའི་གནས་ཚུལ།

དེ་རིང་བོད་ཤིང་འབྲུག་ལོའི་བོད་ཟླ་གསུམ་པའི་ཚེས་པ་ ༦ སྤྱི་ལོ་ ༢༠༢༤ ཟླ་བཞི་པའི་ཚེས་ ༡༤ སྨན་རིའི་སྒྲུབ་ཆེན་གྱི་ཉིན་བཞི་པ་ཞི་ཁྲོའི་འཕྲིན་ལས་ཀྱི་སྒོ་ནས་སྒྲུབ་པ་ཆེན་མོ་དངོས་སུ་དབུ་འཛུགས་ཀྱིས་ཡི་དམ་ཞི་ཁྲོ་གཉིས་ཀྱི་སྔོན་འགྲོའི་བཀའ་དབང་བསྩལ་གནང་སོང་།

དེ་རིང་ཐོ་རངས་དུས་ཚོད་ ༥:༣༠ ཐོག་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་སྒྲུབ་པའི་ཨ་མཆོད་རྣམས་ཀྱིས་ཞི་ཁྲོ་སྦྲགས་མའི་འཕྲིན་ལས་དབུ་འཛུགས་གནང་ཞིང་། བསྙེན་པའི་གཞི་མ་སྒོ་དགུ་ལས་“སྔོན་འགྲོ་ཕྱིའི་བསྙེན་པ་གསུམ་གྱི་རིམ་པ་རྣམས་ཚར་ནས།

ཉེ་བ་ནང་གི་སྔོན་འགྲོ་ལས་གསུམ་པ་ཕྱི་རྟེན་སྐོས་ཀྱི་བསྙེན་པའི་སྐབས་སྨན་རིའི་འདུལ་ཁང་གི་ཡང་སྟེང་དུ་སྤྱི་སྤུངས་ཞི་ཁྲོའི་གཞུང་དང་མཐུན་པའི་ཕྱི་རྟེན་སྐོས་ཀྱི་དཀྱིལ་འཁོར་ཡོད་སར། གསེར་སྐྱེམས་མཆོད་ཅིང་འདོན་ཆོག་ཏིང་འཛིན་གྱི་རིམ་པ་རྣམས་གསུང་གནང་སོང་།

དུས་ཚོད་ ༧:༣༠ ནས་སེར་སྐྱ་མི་མང་ལྷན་འཛོམས་ཀྱིས་སྲུང་བ་མཚམས་ཀྱི་བསྙེན་པའི་ལས་ཆོག་རྣམས་སྒྲུབ་ཅིང་དེ་ཐོག་མར་ཕྱོགས་ཀྱི་རྒྱལ་ཆེན་བཞིའི་འཆམ་པོ་བ་དང་། འདུས་མང་བཅས་སེར་འཕྲེང་ཕེབས་ཤིང་ཐོག་མར་ཤར་དང་། དེ་ནས་རིམ་བཞིན་བྱང་དང་ནུབ། ལྷོ་བཅས་ཕྱོགས་བཞིའི་་ཕྱི་མཚམས་ཀྱི་ཚིག་བཤད་དང་ཏིང་འཛིན་སོགས་ཀྱི་སྒོ་ནས་ཐོ་བཞི་རིམ་པར་བཙུག་སྟེ་ཕྱི་ཡི་བར་ཆད་རྣམས་སྲུང་བའི་བཀའ་བསྒོས་ཞིང་མཚམས་བཅད་ཀྱི་རིམ་པ་རྣམས་རྫོགས་པར་མཛད།

དེ་ནས་དཀྱིལ་འཁོར་བཅའ་བཞིའི་བསྙེན་པ་ལས་ཐིག་ཆག་གདབ་པ་ལ་སོགས་ཀྱི་རིམ་པ་རྣམས་གནང་བ་དང་། གཞན་ཡང་སྒྲུབ་གཤེན་པ་རྣམས་ཀྱིས་སྟག་འགྲོས་སེང་སྟབས་དང་། རྣམ་བརྒྱད་འཆམ་པོ་བ་རྣམ་ཀྱིས་རྣམ་བརྒྱད་སོགས་འཕྲིན་ལས་དང་མཐུན་པར་གནང་སོང་།

ཉིན་རྒྱབ་དུས་ཚོད་ ༢:༠༠ ནས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ཪིན་པོ་ཆེ་མཆོག་ནས་ཡི་དམ་ཞི་ཁྲོ་གཉིས་ཀྱི་སྔོན་འགྲོའི་བཀའ་དབང་བསྩལ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ་གཡུང་དྲུང་བོན་གྱི་དྲྭ་ཚིག་ཁང་ནས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow