༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་གསུམ་པའི་སྒྲུབ་གྲྭ་བ་རྣམས་ཀྱིས་སྔོན་འགྲོ་འབུམ་དགུའི་བསག་སྦྱོང་གྲུབ་པ།

༧སྐྱབས་རྗེ་༸རྒྱལ་བ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་ལམ་སྟོན་དང་ཐུགས་དགོངས་འོག་༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བའི་ཁྲོད་སྐབས་བབ་གཞུང་ཁྲིད་ཀྱི་རིམ་པ་རྣམས་གྲུབ་པའི་རྗེས། སྒོམ་སྒྲུབ་ཀྱི་ཉམས་ལེན་དངོས་སུ་རང་རྒྱུད་ལ་སྨིན་ཕྱིར་སྔོན་འགྲོ་དང་དངོས་གཞི། རྩ་རླུང་དང་མུན་མཚམས་སོགས་གནང་རྒྱུ་གལ་གནད་དུ་གཟིགས་ཏེ་སྨན་རིའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེ་སླར་གསོ་གནང་བར་མ་ཟད། རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་བཅའ་ཁྲིམས་གཏན་འབེབ་གནང་ཞིང་།

༢༠༢༣ ལོའི་བོད་ཟླ་དང་པོའི་ཚེས་ལྔ་༸རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཉིན་སྐབས་དང་པོའི་སྒྲུབ་ཐོན་པའི་ཁྲི་བཞེངས་རྟེན་འབྲེལ་གྱི་མཛད་སྒོ་དང་། ཕྱག་འཁྱེར་གསོལ་བསྩལ་གནང་རྗེས། སྤྱི་ལོ་ ༢༠༢༤ བོད་ཤིང་འབྲུག་ལོའི་བོད་ཟླ་དང་པོའི་ཚེས་ལྔ་རྗེ་མཉམ་མེད་ཆེན་པོའི་འདས་མཆོད་ཉིན་གཤེན་གྱི་རྣལ་འབྱོར་བ་གཉིས་ལ་སྒྲུབ་ཐོན་གྱི་ཕྱག་འཁྱེར་བསྩལ་གནང་ཡོད་པ་རེད།


དེ་ནས་འདི་ལོར་སྐབས་གསུམ་པའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་སྒྲུབ་གྲྭ་བ་གྲངས་ ༤ གསར་ཞུགས་གནང་ཡོད་པ་བཞིན། བོད་ཟླ་ ༤ པའི་ཚེས་ ༥ དང་སྤྱི་ལོ་ ༢༠༢༤། ཟླ་ ༥ པའི་ཚེས་ ༡༢ ཉིན་སྔོན་འགྲོ་བསག་སྦྱོང་གི་དབུ་བརྩམས་ཤིང་། བོད་ཟླ་དྲུག་པ་ཕྱི་མའི་ཚེས་ ༡༥ བར་ཉིན་གྲངས་བརྒྱ་ཐམ་པའི་རིང་ཉིན་གཅིག་ཆད་ལུས་མེད་པར་ཞོགས་པ་ཆུ་ཚོད ༤:༣༠ ནས་དགོང་དྲོའི་ཆུ་ཚོད་ ༦:༤༠ བར་སྔོན་འགྲོ་འབུམ་དགུ་ཆ་ཚང་པ་གནས་གཅིག་གདན་གཅིག་གི་ཐོག་ཏུ་གསོག་སྒྲུབ་གནང་གྲུབ་ཡོད་པ་དང་།


སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༨ པའི་ཚེས་ ༢༠ བོད་ཤིང་འབྲུག་ལོའི་བོད་ཟླ་༦ པ་ཕྱི་མའི་ཚེས་༡༦ ཉིན་གྱི་ཞོགས་པར། སྨན་རིའི་སྐུ་གདུང་ཁང་དུ་། ༸རྗེ་མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་སྒོ་ནས་གཏང་རག་གི་ཚོགས་འཁོར་རྒྱས་འབུལ་གནང་སོང་།

སྤྱིར་སྨན་རིའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སློབ་གཉེར་བ་རྣམས་ཀྱིས་ཐོག་མར་རྒྱུད་དག་པར་བྱེད་པ་གསོག་སྦྱོང་སྔོན་འགྲོའི་རིམ་པ་རྣམས་ཚར་རྗེས་དངོས་གཞི་ཨ་གཏད་དང་། འཕོ་བ་སོགས་ཀྱི་ཉམས་ལེན་ལ་འཇུག་རྒྱུ་དང་། བསླབ་པ་མཐར་མ་ཕྱིན་གྱི་བར་ཉིན་རེ་བཞིན་སྦྱིན་པ་རྣམ་བཞི་དང་། ཐུན་སྒོམ་ཁྲིད་སོགས་ཀྱིས་ཉམས་ལེན་དང་། རྩ་རླུང་གཏུམ་མོའི་ཉམས་ལེན་ཞགས་བརྒྱ་དང་། མུན་མཚམས་བཅད་རྒྱའི་རིམ་པ་ཞགས་བརྒྱ་སོགས་གནང་དགོས་པ་རེད་འདུག་པ་བཅས་ཀྱི་གནས་བསྡུས་སུ། གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས་ ༢༠༢༤། ༨། ༢༡ ཉིན་སྤེལ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow