སྐབས་ཞེ་ལྔ་པའི་༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་རྣམ་ཀྱི་ལས་ཁུར་དབུ་འཛུགས།

དེ་རིང་བོད་ཤིང་འབྲུག་ལོའི་བོད་ཟླ་བདུན་པའི་ཚེས་པ་ ༢༩ དང་སྤྱི་ལོ་ ༢༠༢༤ ཟླ་བ་ ༡ པའི་ཚེས་པ་ ༡ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༥ དང་སྐར་ཆ་༣༠ཐོག་ ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག བཤད་སྒྲུབ་འདུས་སྡེའི་ཚོགས་འདུ་ཆེན་མོ་བསྐང་འཚོགས་གནང་སྟེ། སྐབས་ ༤༤ པའི་གཡུང་དྲུང་བོན་གྱ་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ཀྱི་ལས་ཡུན་གཙང་རྗེས་སྐབས་ ༤༥ པའི་རྒྱུན་ལས་ཀྱིས་རྩིས་ལེན་དང་། ལས་ཁུར་དབུ་འཛུགས་གནང་ཡོད་པ་རེད།

དེ་ཡང་འཕགས་ཡུལ་བྱང་རྒྱུད་ཧི་མ་ཅལ་དུ་གནས་བཅས་པའི་ ༸ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་འདི་སྤྱི་ལོ་ ༡༩༧༨ ལོར་བཤད་སྒྲུབ་འདུས་སྡེ་གསར་དུ་བཙུགས་ནས་ལོ་གཉིས་ཀྱིི་རྗེས་ཏེ་ ༡༩༨༠ ལོ་ནས་༸རྩ་བའི་བླ་མ་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་ནས་འདུས་སྡེ་འདི་ཉིད་ཀྱི་ཤེས་ཡོན་སོགས་གང་ཅིའི་ཐད་ཡར་རྒྱས་དང་ཚགས་ཚུད་ཡོང་ཆེད། བཤད་སྡེའི་རྒྱུན་ལས་ཀྱང་ཚོགས་སྡེ་སྤྱི་མཚུངས་ལྟར་གཏན་འབེབ་གནང་ཡོད་པ་དང་། ད་ལྟའི་ཆར་ལོ་རེར་མང་མོས་ཀྱིས་འོས་འདེམ་བྱས་པའི་རྒྱུན་ལས་མི་དྲུག་རེ་དང་། ཟུང་འབྲེལ་འགན་འཛིན་དུ་འཛིན་སྐྱོང་ཚོགས་པའི་ཚོགས་མི་དགེ་བཤེས་རེ་ཡོད་པ་རེད། དེ་ཡང་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག བོད་ཟླ་བདུན་པའི་ཚེས་ཤར་ལ་དེང་དུས་ཀྱི་ལམ་སྲོལ་ལྟར་ཁྱབ་ཁོངས་འདུས་མང་ནས་འོས་འདེམས་སྔོན་འགྲོ་དངོས་གཞི་གཉིས་བྱས་ཏེ། མི་དྲུག་འདེམ་སྒྲུག་གནང་མཐར་མི་དྲུག་པོའི་ནང་ཁུལ་ཚོགས་གཙོ་དགེ་སྐོས་སོགས་ལས་གནས་སོ་སོར་ཆ་བགོས་གནང་སྲོལ་ཡོད་པ་ལྟར།

ད་ཐེངས་དབུས་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟང་འཛིན་འོག སྐབས་ ༤༥ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་ཀྱི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་ཁྲོད་ནས་རྒྱུན་ལས་དྲུག་པོ་མང་མོས་ཀྱི་གསང་བའི་འོས་བསྡུའི་ལམ་ནས་འདེམས་སྒྲུག་གནང་ཡོད་པ་རེད།

དེ་རྗེས་འདེམས་ཐོན་བྱུང་བའི་འཆར་ལོའི་རྒྱུན་ལས་དྲུག་པོ་ནང་མོལ་ཚོགས་འདུ་འཚོགས་པ་དང་༸སྐྱབས་རྗེ་མཁན་སློབ་རྣམ་པར་མཇལ་བཅར་དང་བཀའ་སློབ་ལམ་སྟོན་ཞུས་ཤིང་རྒྱུན་ལས་སོ་སོའི་ལས་བགོས་བྱས་པར། སྐབས་ ༤༥ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་བསྟན་འཛིན་རྒྱལ་པོ་དང་། ཚོགས་གཞོན་ཉི་མ་དབང་རྒྱལ། དྲུང་ཡིག་གཡུང་དྲུང་གཙུག་ཕུད། གཉེར་པ་གཡུང་དྲུང་བློ་ལྡན། རྩིས་པ་བསྟན་པ་མཆོག་ལྡན། དགེ་བསྐོས་མཁས་གྲུན་རིན་ཆེན་བཅས་ལ་གཏན་ཁེལ་གནང་ཡོད་འདུག

ཟུང་འབྲེལ་འགན་འཛིན་དང་རྒྱུན་ལས་རྙིང་པ་རྣམ་པ།

དེ་རིང་བོད་ཤིང་འབྲུག་ལོའི་བོད་ཟླ་བདུན་པའི་ཚེས་པ་ ༢༩ དང་སྤྱི་ལོ་ ༢༠༢༤ ཟླ་བ་ ༡༠ པའི་ཚེས་པ་ ༡ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༥།༣༠ ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག བཤད་སྒྲུབ་འདུས་སྡེའི་ཚོགས་འདུ་ཆེན་མོ་བསྐང་འཚོགས་གནང་སྟེ། སྐབས་ ༤༤ པའི་རིང་བཤད་སྒྲུབ་སློབ་གཉེར་བའི་ཁྲོད། འཚོགས་འཆད་དང་། དམ་བཅའ་དཔེ་ཁྲིད་སོགས་མ་ཆད་པའི་རིགས་དང་། དེ་བཞིན་ཡིག་གཟུགས་འཛིན་གྲྭའི་ཨང་རིམ་ཐོན་པ་རྣམས་ལ་ཕྱག་འཁྱེར་བྱ་དགའ་བསྩལ་གནང་རྗེས།  འདི་ལོར་དམིགས་བསལ་འཛིན་གྲྭ་འོག་མ་རྣམ་ལ་བོན་གྱི་རྒྱུན་ཤེས་སྐོར་ཟླ་རེའི་ཟབ་སྦྱོང་གནང་བའི་ཁྲོད་ནས་ཨང་རིམ་ལྟར་མི་ལྔ་ལ་བྱ་དགའ་གནང་ཡོད་པ་དང་། གཞན་ཡང་འདི་ལོར་སྐབས་ ༤༤ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་དང་རིག་གནས་སྡེ་ཚན་གཉིས་ནས་གོ་སྒྲིག་ཞུས་པའི་རྩོམ་ཡིག་འགྲན་བསྡུར་གྱི་ཨང་ཐོབ་རྣམ་ལ་ཕྱག་འཁྱེར་དང་བྱ་དགའ་བསྩལ་གནང་སོང་།

ཟུང་འབྲེལ་འགན་འཛིན་དང་རྒྱུན་ལས་གསར་པ་རྣམ་པ།

དེ་རྗེས་རྒྱུན་ལས་རྙིང་པས་ཉམས་མྱོང་གི་གཏམ་བཤད་དང་། ལས་བྱེད་གསར་པའི་རྩིས་ལེན་དམ་བཞེས་གནང་བ་དང་། དེ་བཞིན་ཟུང་འབྲེལ་འགན་འཛིན་རྙིང་པ་དགེ་བཤེས་ཤེས་རབ་བློ་གྲོས་ལགས་དང་། གསར་པ་དགེ་བཤེས་འཕྲིན་ལས་རྒྱ་མཚོ་ལགས་གཉིས་ཀྱང་རྩིས་སྤྲོད་རྩིས་ལེན་གནང་།  དེ་ནས་རིམ་བཞིན་དབུས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པའི་སྐུ་ཚབ་སོགས་ལས་སྣེ་རྣམས་ཀྱིས་བཀའ་སློབ་ལམ་སྟོན་གནང་མཐར། ༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས། ལས་བྱེད་རྙིང་པ་ཚོས་རང་ནུས་གང་ལྕོགས་ཀྱིས་ཐུགས་འགན་བཞེས་སོང་བར་ལེགས་གསོལ་དང་། མ་འོངས་པར་ལས་དོན་གཉེར་ཕྱོགས་སོགས་དང་།  དེ་བཞིན་རྒྱུན་དུ་དཔེ་ཁྲིད་གནང་མཁན་གྱི་དགེ་རྒན་རྣམས་ལ་སློབ་མའི་འོས་ནས་གུས་བརྩི་དགོས་སྐོར་དང་། སློབ་གཉེར་བ་རྣམས་ནས་མུ་མཐུད་དེ་སློབ་སྦྱོང་ལ་ཐུགས་སྣང་ཆེན་པོ་གནང་དགོས་སྐོར་སོགས་བཀའ་སློབ་ཟབ་རྒྱས་གནང་མཐར་ཚོགས་འདུ་མཇུག་གྲུབ་ཏེ། ༸ཞྭ་དཀར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་ ༤༥ པའི་རྒྱུན་ལས་རྣམས་ཀྱིས་ལས་ཁུར་དབུ་འཛུགས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ་གཡུང་དྲུང་བོན་དྲྭ་ཚིགས་ཁང་ནས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow