༸གདན་ས་སྨན་རིའི་གླིང་གི་བོད་ཤིང་འབྲུག་ལོའི་ལོའཁོར་ཡིག་རྒྱུགས་ཆེན་མོ་མཇུག་གྲུབ་པ།

དེ་ཡང་༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་འདིར་ ༡༩༧༨ ལོར་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གཙོས། ཐུན་མོང་དང་ཐུན་མིན་གྱི་རིག་གནས་བཅས་ལ་ཐོས་བསམ་སློབ་གཉེར་གནང་ཆེད་༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་བཙུགས་ནས་རིམ་བཞིན་ཡར་རྒྱས་དང་ཚགས་ཚུད་གང་ལེགས་བཏང་ཞིང་། བར་ལམ་ནས་དགེ་དགོས་དུ་མར་གཟིགས་ཏེ་དེང་དུས་སློབ་གྲྭ་སྤྱིའི་ལམ་ལུགས་ལྟར་ཡིག་ཚད་དམ་རྒྱུགས་སྤྲོད་ཀྱི་ལམ་སྲོལ་གསར་འཛུགས་བྱས། དེ་ཡང་ལོ་རེར་ཟླ་དྲུག་སྔ་ཕྱིའམ་ལོ་ཕྱེད་དང་ལོ་འཁོར་གྱི་ཡིག་རྒྱུགས་གཉིས་རེ་བཏང་གནང་གི་ཡོད་པ་བཞིན།

འདི་ལོ་སྟེ་གཤེན་གྱི་འབྱུང་ལྡན་ ༣༠༡  ཤིང་འབྲུག་ལོའི་བོད་ཟླ་ ༡༡ པའི་ཚེས ༡༧  སྤྱི་ལོ་ ༢༠༢༥  ལོའི་ཟླ་ ༡ ཚེས་ ༡༥  ཉིན་འདུལ་ཁང་ཆེན་མོའི་མདུན་ཐང་འཆམ་རའི་ནང་དུ་སྨན་རིའི་བཤད་སྒྲུབ་སློབ་གཉེར་བ་དང་། བཙུན་དགོན་རཏྣ་སྨན་གླིང་གི་བཤད་སྒྲུབ་སློབ་གཉེར་བ་བཅས་ཀྱི་འཛིན་སོ་སོའི་རྩ་གཞུང་ཡིག་རྒྱུགས་དང་། བོད་ཟླ་ ༡༡ པའི་ཚེས ༡༨ སྤྱི་ཟླ་ ༡ པོའི་ཚེས་ ༡༦ ཉིན་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་འཛིན་གྲྭ་སོ་སོའི་གཞུང་འགྲེལ་ཁག་གི་ཡིག་རྒྱུགས་བཏང་གནང་ཡོད་པ་དང་། གཞི་རིམ་སློབ་གཉེར་བ་རྣམས་ཉིན་སོ་སོར་སུམ་རྟགས་དག་གསུམ་དང་། དབྱིན་བོད་ཀྱི་སྐད་ཡིག་བཅས་འཛིན་རིམ་སོ་སོའི་སློབ་ཚན་ལྟར་རྒྱུགས་སྤྲོད་གནང་སོང་།

དེ་ཡང་ཡིག་རྒྱུགས་གཏོང་ཕྱོགས་ཐད་སྨན་རིའི་དཔལ་ལྡན་བླ་སྤྱི་དབུས་སྨན་རིའི་དགེ་བཤེས་དག་གིས་ཐུགས་འགན་བཞེས་ཐོག རྒྱུགས་སྤྲོད་གཏང་ཕྱོགས་གསལ་བསྒྲགས་སྔོན་སོང་ལྟར། འཛིན་གྲྭ་ཆེ་འབྲིང་ཆུང་གསུམ་སྤེལ་མར་བཞུགས་གྲལ་དུ་འཁོད་དགོས་པ་དང་། རྒྱུགས་རར་འཛུལ་སྐབས་སློབ་གཉེར་རེ་རེ་བཞིན་ལུས་བཤེར་གྱིས་འཛུལ་དགོས་ཤིང་། རྒྱུགས་རར་སླེབས་རྗེས་ཐེངས་འདིའི་ཡིག་རྒྱུགས་ཆེད་སྤྱོད་ཤོག་བུ་འགྲེམ་སྤེལ་གྱིས་ཁ་ཁུ་སིམ་པའི་ངང་ཡིག་རྒྱུགས་སྒྲིག་གཞི་གཞིར་བཟུང་རྒྱུགས་སྤྲོད་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་དྲྭ་ཚིགས་ཁང་ནས། པར་དགེ་བཤེས་སྐལ་བཟང་ཕུན་ཚོགས།

༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
previous arrow
next arrow