༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེས་མི་འགྱངས་པར་བྱང་ཨ་རིར་མཛད་འཕྲིན་བསྐྱང་རྒྱུའི་གསལ་བསྒྲགས།

དེ་ཡང་སྤྱིར་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། སྒོས་སུ་འབྲེལ་ཆགས་དད་ལྡན་སློབ་འབངས་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ད་ལོའི་ཕྱི་ཟླ་བཞི་བའི་ཟླ་མཇུག་ཙམ་ནས་ཟླ་བ་གཉིས་མ་ཟིན་ཙམ་ཡུ་རོབ་བོན་ཚོགས་རྣམས་དང་། དེ་མིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དུ་མས་ཇི་ལྟར་གསོལ་བ་བཏབས་དོན་ལྟར་རིས་སུ་མ་ཆད་པའི་དད་ལྡན་སྟོང་ཕྲག་མང་པོར་བོན་ཁྲིད་དང་། བཀའ་དབང་། ལེགས་ཉེས་བླང་དོར་གྱི་ཞལ་གདམས་བཀའ་སློབ་སོགས་གང་ལ་གང་དགོས་དེ་ལ་དེར་སྟོན་གྱི་བསྟན་འགྲོའི་མཛད་འཕྲིན་སྐྱོང་བཞིན་པར།

༢༠༢༥ ཟླ་ ༠༦ ཚེས་ ༡༢ ཉིན་ ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་དབང་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་སྐུ་མྱ་ངན་ལས་འདས་པའི་ཆེས་ཡིད་སྐྱོ་བའི་གནས་ཚུལ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་པོ་བསྟན་པ་གཡུང་དྲུང་མཆོག་གིས་རྒྱལ་བ་སྨན་རི་བ་མཆོག་ལ་དེ་དོན་སྙན་སེང་ཞུས་དོན་ལྟར། ༧སྐྱབས་རྗེ་མཆོག་ནས་ཀྱང་ཐུགས་སྐྱོ་བའི་གནས་ཚུལ་དེ་གསན་འཕྲལ་དབྱིན་ཇི་དང་ཨ་རི་སོགས་ཀྱི་བསྟན་འགྲོའི་མཛད་འཆར་ཀུན་མཚམས་འཇོག་གནང་ཏེ་བལ་ཡུལ་དུ་ཕེབས་པའི་གནས་ཚུལ་ཁག་ཀུན་གྱིས་མཁྱེན་གསལ་ལྟར་ལ།

དེ་ཡང་ཉེ་ཆར་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བྱང་ཨ་རིའི་ཚོགས་སྡེ་ཁག་གི་ཇི་ལྟར་གསོལ་བ་འདེབས་དོན་དུས་སུ་སྨིན་ཕྱིར་མི་འགྱངས་པར་དེ་གར་འགྲོ་དོན་སྐྱོང་རྒྱུ་བཅས་ཀྱི་གསལ་བསྒྲགས་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲྭ་ཚིགས་ལས་དྲངས།

མཛད་རིམ་རེའུ་མིག་གཤམ་ནས་ཕབ་ཞུས་བྱས་ཆོག

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
previous arrow
next arrow