༸གདན་ས་སྨན་རིའི་གླིང་གི་བོད་མེ་རྟ་ལོའི་ལོ་སར་བོན་ཕྱོགས་ཀྱི་ཆོ་གའ་ིམཛད་རིམ་གནང་བའི་གནས་བསྡུས།

དེ་ཡང་འཛམ་གླིང་གི་ཡུལ་གྲུ་དང་། མི་རིགས་སོ་སོ། ཡུལ་ལུང་སོ་སོར་ལོ་གསར་པའི་དུས་སྟོན་གྱི་རྟེན་འབྲེལ་མཛད་སྒོ་རེ་ཡོད་པ་བཞིན། རང་རེའི་བོད་མི་རིགས་ཀྱིས་ཀྱང་བོད་ཟླ་དང་པོའི་ཚེས་གཅིག་སྟེ་གནམ་ལོ་གསར་ཚེས་ཀྱི་དུས་ཚིགས་ཉིན། དགོན་པ་དང་གྲོང་སྡེ། ཚོགས་པ་དང་གྲོང་པ་སྒེར་སོགས་སོ་སོ་ནས། དགའ་སྤྲོའི་སྟོན་མོ་དང་། དགེ་སྤྱོད་ཕུན་ཚོགས་ཀྱི་རྟེན་འབྲེལ་གྱི་བྱ་བཞག་དུ་མ་ཞིག་གནང་སྲོལ་ཡོད་པ་སྤྱི་མཚུངས་ལྟར་ལགས་ཀྱང་། འདི་ལོར་གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་པའི་ཡིད་སྐྱོའི་གནས་ཚུལ་བྱུངས་སྟབས་༧གདན་ས་སྨན་རིའི་གླིང་དུ་ལོ་སར་གྱི་དགའ་སྟོན་སོགས་མི་གནང་རྒྱུའི་གསལ་བསྒྲགས་སྔོན་སོང་ལྟར་ལ།

རྟེན་འབྲེལ་བོན་ཕྱོགས་ཆོ་གའི་མཛད་རྣམས་ཏེ། གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༦༣ མེ་ཕོ་རྟ་ཡི་ལོའི་ལོ་སར་ཚེས་པ་ ༡ ཐོ་རངས་ཀྱི་དུས་སུ་སྨན་རིའི་སྒྲུབ་ཁང་དབང་དྲག་ཕོ་བྲང་ནས་རྒྱལ་བའི་ཚེམས་དུང་འཕར་ཆུང་གི་གསུང་དབྱངས་ཕྱུངས་ཤིང་གསེར་འོད་ནོར་བུ་འོད་འབར་གྱི་གཡང་འབོད་གསུངས་གནང་ཡོད་པ་དང་།

སྔ་དྲོ་དུས་ཚོད་བདུན་པའི་ཐོག་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་ཁང་ཆེན་མོ་རུ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་བླ་བྲང་ནས་དགེ་འདུན་འདུས་པ་རྒྱ་མཚོར་བསྙེན་བཀུར་མང་ཇ་རྒྱས་འབུལ་དང་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག བཤད་སྒྲུབ་མཁན་སློབ་དང་བླ་སྤྲུལ་དགེ་བཤེས་སེམས་དཔའ་འདུས་སྡེ་རྒྱ་མཚོའི་ཚོགས་ཀྱིས་གནམ་ལོ་གསར་པའི་ནང་བསྟན་དང་འགྲོ་བའི་ལེགས་ཚོགས་གོང་འཕེལ་ཡོང་བའི་གསོལ་འདེབས་སྨོན་ལམ་གསུང་ཡོད་པ་དང་།

གསོལ་ཇ་དང་དངོས་གྲུབ་རྣམས་དྲངས་ནས་ཇ་མཆོད་སྐྱབས་མཆོག་དམ་པ་གྱེར་དབྱངས་དང་བཅས་གསོལ་ཇ་བཞེས་ཤིང་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གཉིས་ནས་བཀྲ་ཤིས་ཚིག་བཀྲ་གྱེར་གནང་ཡོད་བཅས་ཀྱིས་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
previous arrow
next arrow