དེ་ཡང་བོན་གྱི་དགོན་སྡེ་དང་། བོན་ཚོགས་ཁག་གིས་ལོ་ལྟར་བོད་ཟླ་དང་པོའི་ཚེས་པ་ ༥ ཉིན་སྙིགས་དུས་ཀྱི་འདྲེན་པོ་ཆེན་པོ་༸རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་དེ་ཉིད་ཀྱི་འཁྲུངས་མཆོད་ཆེན་མོ་རྒྱས་བསྡུས་ཅི་རིགས་པའི་སྒོ་ནས་རྩི་སྲུང་བྱེད་བཞིན་པ་ལྟར།



ཕྱི་ལོ་ ༢༠༢༦ཟླ་༢ པའི་ཚེས་ ༢༡ དང་ ༢༢ ཉིན་གཉིས་རིང་པོ་ལན་ཌེ་རུ་ཡོད་པའི་བླ་ཁྲི་མཁན་པོ་ཉི་མ་གྲགས་པ་མཆོག་གི་བོན་ཚོགས་ (ཤར་རྫ་གླིང་)དུ་བོད་མེ་པོ་རྟ་ལོའི་༧རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་འཁྲུངས་མཆོད་སྲུང་རྩིའི་མཆོད་འབུལ་ཞུས་གནང་ཡོད་རེད། གནས་ཚུལ་དང་པར་རིས་མཁོ་འདོན་པ་ལྷ་ཐོག་དགེ་བཤེས།












