གཡུང་དྲུང་བོན་གྱི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྐབས་ ༢༣ པའི་དགེ་བཤེས་མཛད་སྒོ་དབུ་འཛུགས་གནང་བ།

རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༦༣ མེ་ཕོ་རྟ་ལོའི་བོད་ཟླ་ ༡ ཚེས་ ༡༠ དང་། ཕྱི་ལོ་ ༢༠༢༦ ལོའི་ཕྱི་ཟླ་ ༢ པའི་ཚེས ༢༦ ཉིན་གདན་ས་སྨན་རིའི་གླིང་གི་སྐབས་ ༢༣ པའི་དགེ་བཤེས་མཛད་སྒོ་དབུ་འཛུགས་གནང་སོང་ལ། འདི་ལོར་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་གནང་མཁན་བཀའ་རམས་པ་ ༡༣ ཡོད་འདུག

གོང་ཚེས་ཉིན་གྱི་ཞོགས་པར་ཞོགས་འཚོགས་གྲོལ་རྗེས་ཉིན་འདིའི་བཀའ་རམསཔ་རྣམས་ནས་ལྷ་རྫས་ཀྱི་མཆོད་པ་ཅི་རིགས་པ་དང་བཅས། སྐྱབས་རྗེ་༸རྒྱལ་བ་སྨན་རིའི་མཁན་སློབ་རྣམས་གཉིས་ལ་མཇལ་བཅར་ཞུས། སྔ་དྲོའི་ཆུ་ཚོད་ ༩:༠༠ སྟེང་། གྲྭ་ཚང་མཆོད་དཔོན་ནས་རྡོ་ཏིང་གི་ཚོགས་བརྡ་བཏངས་རྗེས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཚོགས་ཁང་གི་གཡས་གཡོན་ནས་སྤོས་སྣ་རྒྱ་གླིང་གིས་ཕེབས་བསུ་དང་།

བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་ཉིན་འདིའི་བཀའ་རམས་པ་བར་གླེ་དྲང་སྲོང་ཤེས་རབ་གཙུག་ཕུད་རྒྱལ་མཚན། བཀའ་རམས་པ་མེ་ཉག་དྲང་སྲོང་གཡུང་དྲུང་ཕྱོགས་ལས་རྣམ་རྒྱལ། བཀའ་རམས་པ་སྤུ་ལ་དྲང་སྲོང་གཡུང་དྲུང་བསྟན་དར་རྒྱལ་མཚན། བཀའ་རམས་པ་ལྟ་ཁ་དྲང་སྲོང་འགྱུར་མེད་ཤེས་རབ་ཀུན་གྲགས་བཅས་འཆམ་རའི་ཤར་ལྷོ་གཉིས་ནས་དུས་གཅིག་ཏུ་ཕེབས་བསུ་དང་བཅས་ཚོགས་ཁང་དུ་ཕེབས་ནས་བཞུགས་ཁྲི་དང་བཞུགས་གྲལ་དུ་འཁོད་པ་དུས་མཚུངས་སྤྱི་སྒེར་གྱི་སྐུ་མགྲོན་རྣམས་ཀྱང་བཞུགས་གནས་སུ་འཁོད་གནང་ཡོད་པ་དང་།

དེ་མཚམས་འདུས་མང་ཡོངས་ནས་ཀུན་གསལ་བྱམས་མའི་སྔགས་བསྟོད་གྲུབ་རྗེས་ཉིན་འདིའི་བཀའ་རམས་པ་རྣམས་ཀྱི་འབྲས་སིལ་དང་ཟབ་ཇ་འདེགས་འབུལ། དེ་བཞིན་གཏོང་སྒོ་ཆེན་མོའི་སྐུ་འགྱེད་ཀྱི་མཛད་རིམ་བསྐྱངས།

ཚོགས་ཆེན་ཞལ་ངོ་ནས་ཉིན་འདིའི་གཞུང་བཤད་གནང་མཁན་གྱི་བཀའ་རམས་པ་རྣམས་ལ་ཆབ་ཕུལ་མཚམས་སྔར་སྲོལ་ལྟར་༧སྐྱབས་རྗེ་མཁན་སློབ་རྣམས་ལ་མཇལ་ཁ་ཞུས་རྗེས་གྲལ་མཇུག་ནས་རྩེ་ཞྭ་ཕྱག་ཏུ་བསྣམས་ནས་ལུས་གུས་པ་དང་བཅས་བཞེངས་ཏེ། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཚིག་བཤད་ཉི་ཟེར་གཞའ་འོད་གུར་ཁྱིམ་དབྱངས་སུ་གྱེར་གནང་བ་དང་།

དེ་རྗེས་བར་གླེ་དྲང་སྲོང་ཤེས་རབ་གཙུག་ཕུད་རྒྱལ་མཚན་ལགས་ནས་སྔོན་འགྲོའི་ཚིག་བཤད་གཤེན་རབ་སྤངས་རྟོགས་སོགས་གྱེར་ཡོད་པ་དང་།  དེ་རྗེས་རིམ་བཞིན་ ཀའ་རམས་པ་མེ་ཉག་དྲང་སྲོང་གཡུང་དྲུང་ཕྱོགས་ལས་རྣམ་རྒྱལ་དང་བཀའ་རམས་པ་སྤུ་ལ་དྲང་སྲོང་གཡུང་དྲུང་བསྟན་དར་རྒྱལ་མཚན།བཀའ་རམས་པ་ལྟ་ཁ་དྲང་སྲོང་འགྱུར་མེད་ཤེས་རབ་ཀུན་གྲགས་བཅས་དཀའ་ཆེན་དང་དཀའ་ཆུང་སོ་སོའི་གཞུང་བཤད་གྱེར་གྲུབ་མཚམས་འདུས་མང་ཡོངས་ནས་བར་ཆད་ལམ་སེལ་གསུངས་ནས་ཚོགས་ཐུན་དང་པོ་གྲོལ་བ་དང་།

ཆུ་ཚོད་༡༢།༠༠སྟེང་ཚོགས་བརྡ་དང་བཅས་འདུས་མང་ཚོགས་བཞུགས་ཀྱིས་གཏོང་སྒོའི་དམ་ཐུག་ཆེན་མོ་གསོལ་ནས་སྔ་དྲོའི་མཛད་རིམ་མཇུག་གྲུབ་ཡོད་པ་རེད།

ཕྱི་དྲོའི་ཆུ་ཚོད་ ༢།༣༠ སྟེང་གོང་ལྟར་༧སྐྱབས་རྗེ་མཁན་སློབ་གདན་འདྲེན་དང་སྣུམ་འཁུར་བཀྲ་ཇ་མཆོད་གྲུབ་རྗེས། སྔར་ལྟར་ཚོགས་ཆེན་ཞལ་ངོ་མཆོག་ནས་ཆབ་ཕུལ་མཚམས། གྲལ་མཇུག་ཏུ་ཕེབས་ནས་མཆོད་ཚིག་དང་། བཀྲ་ཤིས་མངའ་དབུལ་གྱི་ཚིག་བཤད་སོགས་གྱེར་ཞོར་བཀྲ་ཤིས་མཆོད་འབྲུ་གཏོར་ནས་མཇུག་རྗེ་རྒྱལ་བ་སོགས་སྨོན་ལམ་གྲུབ་ནས་ཚོགས་ཐུན་གསུམ་པ་གྲོལ།

ཕྱི་དྲོའི་ཆུ་ཚོད་ ༤།༠༠ སྟེང་འདུས་མང་ཡོངས་ནས་སྨོན་ལམ་རྣམ་གསུམ་གསུང་ནས་བཞེས་ཐུག་མཆོད་རྗེས་སྐབས་ ༢༣ པའི་ཉིན་དང་པོའི་དགེ་བཤེས་མཛད་སྒོ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
previous arrow
next arrow