གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ནས་པར་དུ་སྐྲུན་པའི་བྱང་ཆུབ་གསང་བའི་དབྱངས་ཀྱི་བོད་འགྱུར་དཔེ་དེབ་དབུ་འབྱེད་མཛད་སྒོ།

དེ་རིང་སྟེ་ཕྱི་ལོ་༢༠༢༦ཟླ་༢ཚེས་༢༧ཉིན་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་ཉེ་ཆར་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ནས་པར་སྐྲུན་ཞུས་པའི་བྱང་ཆུབ་གསང་བའི་དབྱངས་ཞེས་པའི་འགྱུར་དེབ་གསར་པ་ཞིག་པར་སྐྲུན་གྲུབ་ནས་དབུ་འབྱེད་མཛད་སྒོ་སྤེལ་ཡོད་པ་དང་།

དེ་ཡང་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ནས་ལོ་མང་རིང་གཞུང་ལུགས་དང་ལོ་རྒྱུས་གཙོས་དཔེ་དེབ་འདྲ་མིན་པར་སྐྲུན་བྱེད་བཞིན་ཡོད་ལ། ད་ལོ་ཡང་ངེད་དཔེ་མཛོད་ཁང་གི་ལས་བྱེད་བཀའ་རམས་པ་དགེ་ལེགས་ཉི་མ་ལགས་ནས་《བྱང་ཆུབ་གསང་བའི་དབྱངས།》ཞེས་པའི་འགྱུར་དེབ་ཞིག་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དང་། གསོ་རིག་འབུམ་བཞི་མཐོ་སློབ་སྨན་རིའི་གླིང་གཉིས་ཟུང་འབྲེལ་སྒོས་དཔེ་དེབ་དབུ་འབྱེད་མཛད་སྒོ་སྤེལ་ཡོད་ཅིང་།

དེ་ཡང་དཔེ་དེབ་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་དང་། རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་གཉིས་གཙོས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་གཉིས། བལ་གཞུང་ནང་ཆོས་དར་སྤེལ་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་གཡུང་དྲུང་ཤུག་ཚལ་དགོན་གྱི་མཁན་པོ་སྨན་རིའི་དགེ་བཤེས་དམུ་རིགས་ཉི་མ་ཀུན་ཁྱབ། བོན་སྤྱི་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་བཅས་དགེ་བཤེས་དང་སྨན་སློབ་གང་མང་འདུ་འཛོམས་ཐོག་སྤེལ་ཡོད་ཅིང་།

དེ་ཡང་དཔེ་དེབ་འདི་ནི་ལོ་ཙཱ་བ་བཀའ་རམས་པ་དགེ་ལེགས་ཉི་མ་ལགས་ནས་ལོ་གཉིས་རིང་གི་ཆུ་ཚོད་སྤྱད་ནས་བསྒྱུར་ཡོད་ཅིང་། དེབ་འདི་ནི་ལོ་མང་རིང་གདན་ས་འདིར་དཔུང་རོགས་ཚད་མེད་གནང་མཁན་རྩོམ་པ་པོ་རྗེ་བཙུན་དར་མ་ཉིད་ནས་རྩོམ་གནང་མཛད་ཡོད་པ་རེད།

དེ་ཡང་དེབ་འདི་ནི་བུད་མེད་ཕལ་བ་ཞིག་གིས་རང་གི་མི་ཚེར་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་མདུན་ནས་གཡུང་དྲུང་བོན་གྱི་དཔེ་རྒྱུན་མང་དུ་ཞུས་ཤིང་ལོ་མང་རིང་ཉམས་སུ་བླངས་པའི་མྱོང་བ་དག  རང་ཉིད་ཀྱི་གཏམ་རྒྱུད་དང་སྦྱར་ནས་བྲིས་གནངས་མཛད་ཡོད་པ་དང་།

གསང་དབྱངས་ཐོས་པའི་གདམ་དོན་དག་འཚོ་བའི་དཀའ་སྡུག་རེ་རེའི་གཉེན་པོར་སྦྱར་ནས་དེའི་སྟོབས་ཀྱིས་ལྡོག་པ་དག་རང་དང་འབྲེལ་ཡོད་དག་ལ་མཉམ་སྤྱོད་བྱས་ཡོད་ཅིང་། དེ་ཡང་ཕལ་ཚིག་གི་ལམ་ནས་གོ་བདེ་ཞིང་ཡིད་ངོས་ལ་འཇགས་སླ་བའི་བྱ་ཐབས་སྤྱད་ནས་བརྩམས་ཡོད་པ་བཅས་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་པས།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
previous arrow
next arrow