༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༢༣ པ། བོད་ཟླ་གཉིས་པ།

གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དེང་དུས་སྤྱི་ཚོགས་ཀྱི་གནས་བབ་དང་། ཞིབ་འཇུག་བྱེད་ཕྱོགས་ཐད་ཀྱི་དགོས་པར་དམིགས་ནས། ལོ་ངོ་དུ་མའི་སྔོན་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་དག་ལ་བདུན་རེའི་བགྲོ་གླེང་དང་། རྩོམ་རྒྱུགས་སོགས་གནང་བའི་སྲོལ་བཙུགས་ཡོད་ཅིང་། བར་ལམ་ནས་དགོས་དམིགས་ཀྱིས་བདུན་རེའི་བགྲོ་གླེང་གི་ཚབ་ཏུ་ཟླ་རེའི་བགྲོ་གླེང་གཏན་འབེབས་བྱས་ཤིང་། དེ་ཡང་གཡུང་དུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་དང་རིག་གནས་སྡེ་ཚན་གྱིས་འགན་ཁུར་ཐོག་འཛིན་གྲྭ་གོང་འོག་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་ནས་བགྲོ་གླེང་བརྗོད་བྱ་རང་མོས་ནས་བདམ་ཐོག་བགྲོ་གླེང་གནང་བཞིན་པ་ལྟར།

ཁ་སང་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༦༣ བོད་མེ་རྟ་ལོའི་བོད་ཟླ་གཉིས་པའི་ཚེས་ ༡༣  ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༣ པའི་ཚེས་ ༣༠ ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་ ༣༠ ནས་བདུན་པའི་བར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་སྐབས་ ༢༣ པ་འཚོགས་གནང་ཡོད་ཅིང་།

དེ་ཡང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་༧མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་དང་བཤད་སྡེའི་དགེ་རྒན་རྣམ་པ། གཞན་ཡང་དགེ་བཤེས་དང་སློབ་གཉེར་བ་ཚང་འཛོམས་ཀྱིས་

ཐོག་མར་རིག་གནས་འགན་འཛིན་འཇིགས་མེད་དབང་རྒྱལ་གྱི་གཙོ་སྐྱོང་ཐོག་བགྲོ་གླེང་དབུ་འཛུགས་གནང་ཞིང་། གཏམ་བཤད་པ་དང་པོ་འཛིན་གྲྭ་གོང་མའི་ཁོངས་ནས་རྫོགས་ཆེན་སློབ་གཉེར་བ་ཟླ་བ་བསྟན་འཛིན་ལགས་ནས་“དཔལ་སྙ་ཆེན་རིག་འཛིན་གྱི་རྣམ་སྤྲུལ་གྲུབ་དབང་བསྟན་འཛིན་རིན་ཆེན་གྱི་རང་རྣམ་ངོ་སྤྲོད་”ཞེས་པའི་བརྗོད་གཞི་དང་འབྲེལ་ནས་དང་པོར་སྐྱེ་བ་བཞེས་པའི་ཚུལ་དང་། གཞན་ཡང་གཡུང་དྲུང་བོན་གྱི་བླ་རི་གངས་དཀར་ཏི་སེའི་བཀོད་པ་མཛད་ཚུལ་སོགས་བླ་མ་དེ་ཉིད་ཀྱི་མཛད་པ་འཕྲིན་ལས་དང་འབྲེལ་བའི་སྒོ་ནས་གསུང་བཤད་སྐར་མ་བཅོ་ལྔ་དང་། དྲི་བ་དྲིས་ལན་སྐར་མ་བཅོ་ལྔ་བཅས་ཆུ་ཚོད་ཕྱེད་ཀའི་རིང་གི་གཏམ་བཤད་མཇུག་གྲུབ་ཡོད་པ་རེད།

ཟླ་བ་བསྟན་འཛིན་ལགས་ནས་གསུང་བཤད་གནང་བཞིན་པ།

དེ་རྗེས་གཏམ་བཤད་པ་གཉིས་པ་འདུལ་བ་འཛིན་གྲྭའི་སློབ་གཉེར་བ་ཟླ་བ་འཕྲིན་ལས་ལགས་ནས་ “འགྲོ་མགོན་དགོན་པ་དང་འབྲེལ་ནས་འགྲོ་མགོན་བླ་རབས་གོང་མའི་ལོ་རྒྱུས་སྐོར་རགས་ཙམ་གླེང་བ་”ཞེས་པའི་བརྗོད་གཞིའི་ཐོག་

སློབ་གཉེར་བ་ཟླ་བ་འཕྲིན་ལས་ལགས་ནས་གཏམ་བཤད་གནང་བཞིན་པ།

༡ འགྲོ་མགོན་དགོན་པའི་ལོ་རྒྱུས།  ༢ བླ་རབས་གོང་མའི་སྐོར།  ༣ བླ་མའི་སྒྲུབ་ཕུག་གི་སྐོར་བཅས་སྡེ་ཚན་གསུམ་གྱི་སྒོ་ནས་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད།

སློབ་གཉེར་བ་ཚེ་དབང་འབྲུག་གྲགས་ལགས་ནས་གཏམ་བཤད་གནང་བཞིན་པ།

དེ་རྗེས་སྐབས་དང་པོའི་སློབ་གཉེར་བ་ཚེ་དབང་འབྲུག་གྲགས་ལགས་ནས་བརྗོད་གཞི་“མངོན་སུམ་ཚད་མའི་སྐོར”ཞེས་པའི་ཐོག་ལ་ ༡ མངོན་སུམ་ཚད་མའི་ངོ་བོ་བསྟན་པ། ༢ དབང་པོ་མངོན་སུམ་ཚད་མའི་ངོ་བོ་བསྟན་པ།  ༣ ཡིད་ཀྱི་མངོན་སུམ་ཚད་མའི་ངོ་བོ་བསྟན་པ།  ༤ རང་རིག་མངོན་སུམ་ཚད་མའི་ངོ་བོ་བསྟན་པ།  ༥ རྣལ་འབྱོར་མངོན་སུམ་ཚད་མའི་ངོ་བོ་བསྟན་པ་བཅས་སྡེ་ཚན་ལྔ་ཡི་སྒོ་ནས་སྐར་མ་བཅོ་ལྔར་གསུང་བཤད་གནང་ཡོད་པ་དང་།

དེ་འབྲེལ་གྱི་དྲིས་ལན་དང་བཅས་བོད་མེ་རྟ་ལོའི་བོད་ཟླ་གཉིས་པའི་བགྲོ་གླེང་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།

པར་པ། ཆོས་འཁོར་ཚང་རྒྱལ་པོ།

ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
ཀུན་མཁྱེན་ཤར་རྫ་བའི་གསུང་འབུམ་ཆ་ཚང་གློག་རྡུལ་ཅན།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
མེས་པོའི་རིག་མཛོད་དཔེ་ཚོགས། འཕྲུལ་དེབ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
སྤྱི་ལོ་ ༢༠༢༥ ལོའི་སྟབས་བདེའི་ལོ་ཐོ།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཁག་གཉིས་དང་གསོལ་འདེབས་ཀྱི་འགྲེལ་བ་བཅས།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
༄༅། །ཞུ་བཀྲ་ཤིས་བྱམས་མའི་ཉམས་མགུར་ཞེས་བྱ་བ་བཞུགས་སོ།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
previous arrow
next arrow