གདན་ས་སྨན་རིའི་མུན་མཚམས་ཁང་གསར་རྙིང་ལ་རབ་གནས་དང་སྐབས་ལྔ་པའི་སྒྲུབ་གྲྭ་བའི་མུན་མཚམས་དབུ་འཛུགས།

དེ་་རིང་བོད་མེ་རྟ་ལོའི་བོད་ཟླ་ ༡༠ པའི་ཚེས་ ༡༩ དང་ ཕྱི་ལོ་ ༢༠༢༦ ཟླ་ ༡༡ པའི་ཚེས་ ༢༨ ༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དང་འཕྲོད་སྦྱོར་བཟང་པོའི་ཉིན་གྱི་སྔ་དྲོར་༧ གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བསྐྱར་གསོ་བྱས་པའི་མུན་མཚམས་ཁང་མིག་རྙིངབ་གཉིས་དང་མུན་མཚམས་ཁང་མིག་གསར་པ་གཉིས་གཞན་ཡང་མཚམས་ཁང་གི་ཐབ་ཚང་དང་སྡོད་ཁང་སོགས་གསར་དུ་བསྐྲུན་གནང་བའི་ཁང་པ་མིག་བཅས་ལེགས་གྲུབ་ཀྱི་རབ་གནས་འཚོགས་གནང་བ་དང་། གཞན་ཡང་མཚམས་ཁང་གི་ཐོག་ཤོད་སོགས་རྗེས་སུ་མཇུག་སྐྱོང་གནང་རྒྱུ་རེད་འདུག

རབ་གནས་སྐབས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དང་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དགེ་བཤེས་བསྟན་འཛིན་རྒྱལ་པོ། རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་དགེ་རྒན་དགེ་བཤེས་གཡུང་དྲུང་ཡོན་ཏན་དང་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་ལྔ་པའི་སྒྲུབ་གྲྭ་བ་རྣམ་པ་དང་མུན་མཚམས་ལ་བཞུགས་མཁན་གྱི་མཚམས་པ་རྣམ་པ་གཞན་ཡང་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད་རྣམ་པ་བཅས་ཕེབས་གནང་མཛད།

དེ་རིང་དགོང་མོ་ནས་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་ལྔ་པའི་སྒྲུབ་གྲྭ་བ་རྣམ་པ་དང་དམིགས་བསལ་དུ་བཞུགས་མཁན་སྒྲུབ་ཐོན་པ་གཅིག་བཅས་<ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་>ལས་འོད་གསལ་བདུན་སྐོར་གྱི་དམིགས་རིམ་གཙོར་བཟུང་གིས་ཉིན་ཞེ་དགུའི་རིང་ལ་མུན་མཚམས་བཅད་རྒྱར་བཞུག་གནང་རྒྱུ་ཡིན་འདུག་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།

ཕྱི་ལོ་༢༠༢༦ ལོའི་སྟབས་བདེའི་ལོ་ཐོ།
ཕྱི་ལོ་༢༠༢༦ ལོའི་སྟབས་བདེའི་ལོ་ཐོ།
previous arrow
next arrow
https://youtu.be/Gd3N6nhXb8A?si=3HkrmQ5Nx_Hhvp9W