༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་ལ་ཁྲི་བརྟན་ནོར་རྩེ་འདུས་སྤྱི་ནས་མན་གདལ་བརྟན་བཞུགས་ཕུལ་བ།

༧རྒྱལ་བ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་ས་ཁྱི་ལོའི་ཟླ་བ་ ༠༢ ཚེས་ ༠༧ ཉིན་ཏེ། ཕྱི་ལོ་ ༢༠༡༨ ཟླ་བ་ ༠༣ ཚེས་ ༢༤ ཉིན། བལ་ཡུལ་༧དཔལ་ཁྲི་བརྟན་ནོར་བུ་རྩེ་འདུས་སྤྱི་ཐུན་མོང་ནས། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་༧དཔལ་ཁྲི་བརྟན་ནོར་རྩེ་ལ་ཐེངས་དང་པོར་ཞབས་སོར་འཁོད་པ་དང་། ༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་བསྟན་འགྲོའི་མགོན་དུ་ཞབས་པད་ཡུན་དུ་བརྟན་ཅིང་གསང་གསུམ་གྱི་འཕྲིན་ལས་ཡར་ཟླ་ལྟར་འཕེལ་བའི་སྨོན་འདུན་རྟེན་འབྲེལ་ཞུ་ཆེད་མན་གདལ་སྐུ་གསུང་ཐུགས་རྟེན་དང་ན་བཟའ་གོས་དྲུག་སོགས་འདེགས་འབུལ་ཞུས་པ།

སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ་གཟིམ་ཁང་ནས་གདན་འདྲེན་ཞུས་ཏེ་༧དཔལ་ཁྲི་བརྟན་ནོར་རྩེའི་གཙུག་ལག་ཁང་དུ་སྤྱན་དྲངས་ཏེ་གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་གསོལ་མཛད་པ་དང་།

དགེ་བཤེས་བླ་སྤྲུལ་འདུས་མང་ནས་ཚེ་སྒྲུབ་བྱ་རི་མའི་གཞུང་བསྲང་བ་དང་། ༧མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་མན་གདལ་བཤད་པ་ཕུལ་ཞིང་མན་གདལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།

དེ་ནས་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་མཆོག་དང་། སྒྲུབ་གྲྭ་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་མཆོག་དང་།

བཤད་སྒྲུབ་མཁན་རིན་པོ་ཆེ་སྐལ་བཟང་སྨོན་ལམ་མཆོག་དང་གྲྭ་ཚང་ལས་སྣེ་སོགས་ཀྱིས་རིམ་བཞིན་དུ་བརྟན་བཞུགས་ཀྱི་མཆོད་རྫས་བཀྲ་ཤིས་རྟགས་བརྒྱད་དང་ན་བཟའ་གོས་དྲུག རྒྱལ་བའི་བཀའ་རིན་པོ་ཆེ་དང་། རྣམ་ལྔའི་མཆོད་པ་སོགས་རིམ་གྱིས་ཕུལ་བ་དང་།

མཇུག་མཐར་སེར་སྐྱ་མང་ཚོགས་ཡོངས་ཀྱིས་མཇལ་ཁ་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་བལ་ཡུལ་གྱི་རྒྱལ་ས་ནས་འཕྲལ་དུ་སྤེལ།

གྱེར་ནག་ཚང་གིས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow