གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཁྱུང་སྤྲུལ་རིན་པོ་ཆེའི་མིང་གཞི་དང་བརྡ་སྤྲོད།

indexགངས་ཅན་བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས་དགོས་འབྱུང་ནོར་བུའི་གཏེར་ཆེན་ཞེས་བྱ་བ་བཞུགས།
ཁྱུང་སྤྲུལ་རིན་པོ་ཆེས་མཛད།
གདོད་ནས་དག་པ་གཉིས་ལྡན་བོན་སྐུ་མེ་ཞལ་རྫིང་རིང་སྤྲོས་པའི་སྣང་མཚན་ཡོངས་བྲལ་མཁའ་དབྱིངས་ཟབ་གསང་ཀློང༌། །
རང་བཞིན་གསལ་སྣང་རབ་འབྱམས་རྒྱལ་བའི་ཞིང་བཀོད་ཁྲི་གདུགས་འབུམ་བརྡལ་དབུས་མཐའ་མི་མངོན་ལྷུན་གྲུབ་རྫོགས་པ་ཆེ། །
ཟུང་འཇུག་ཐུགས་རྗེས་གཟུགས་སྐུའི་འོད་སྣང་བྱེ་ཕྲག་བརྒྱར་འབྱེད་མི་མཇེད་ཞིང་མགོན་སྟོན་མཆོག་རྒྱལ་བ་གཤེན་རབ་ཅེས། །
མཛད་འཕྲིན་མཚན་སྙན་སྲིད་པའི་མཐར་བརྒལ་སྣང་སྲིད་ལྷ་ཀླུ་མི་སོགས་གཙུག་གི་བླ་རུ་བརྗིད་དེ་ལན་བརྒྱར་འདུད། ། 

རྒྱལ་བ་ཀུན་བསྐྱེད་ཤེས་རབ་དཔལ་སྟེར་ལྷ་མོ་བཅུ་དྲུག་ཉམས་སྒེག་ཟླ་གཞོན་མཛེས་མའིསྐུ། །
རྫོགས་ཆས་རི་བོང་ཅན་སྤྲས་ཟག་མེད་བུམ་བཅུད་བཅུ་ཕྲག་མངོན་སྣང་མེ་ལོང་གཡས་དང་གཡོན། །
རིག་ཕྲག་བྱེ་བར་སྟོན་འདོད་རྣམ་འགྱུར་དགྱེས་གཡོའི་འཛུམ་ཞལ་ཚེམ་ཕྲེང་གངས་རིའི་ཚལ་དུ་དངར། །
མཚན་མཆོག་དུ་མར་མངའ་ཡང་ངོ་བོ་ཨེར་སངས་བྱམས་མས་རིག་ལམ་རྒྱ་མཚོའི་དཔལ་སྩོལ་ཅིག །

གསང་ཆེན་བསྒྲགས་གསུམ་ལ་སོགས་བོན་སྒོ་བརྒྱད་ཁྲིའི་དཔལ་བརྙེས་པའི། །
སྟོན་མཆོག་འཆི་མེད་བཟང་བཟའ་ཡུམ་དང་གཤེན་ཆེན་གསང་བ་འདུས། །    ཆེ་དྲུག་བཅུ་གསུམ་མཁས་བཞི་ལ་སོགས་གྲུབ་བརྙེས་བརྒྱད་ཅུའི་ཚོགས། །
མོས་པས་འདུད་དོ་ཁྱོད་ལྟར་འོད་སྐུར་དེངས་བའི་དགའ་མཚན་སྩོལ། །

སྔོན་གོམས་ཐུགས་བསྐྱེད་གངས་རི་སྤོ་མཐོན་རྩེར། །
མཛད་ཕྲིན་གཡུ་རལ་འབུམ་ཕྱུག་སེང་ཆེན་རྗེ། །
བཀའ་དྲིན་གཞལ་མེད་རྟ་ལྗང་མཚན་འཆང་བ༌། །
སྙིགས་འགྲོའི་དཔལ་མགོན་བླ་མ་རྣམ་གསུམ་འདུད། །

༼སྤ་ཉི་མ་འབུམ་གསལ། སྒོ་སྟོན་ཉི་མ་རྒྱལ་མཚན། དྲང་སྲོང་ཉི་མ་གྲགས་པ།༽

བསྟན་སྲིད་གཞི་འདིང་ཡེ་སྲིད་སངས་པོ་འབུམ། །
ཡེ་མཁྱེན་སྒྲ་བླ་ཡེ་དཔལ་མཐུ་སྟོབས་རྒྱལ། །
ཡེ་རྗེ་སྨན་བླ་ཡེ་དབང་ས་རྒྱལ་ཏེ། །
རིག་གནས་འབྱུང་ཁུངས་ལྷ་མཆོག་ལྔ་ལ་བསྟོད། །

ཐོགས་མེད་སྒྲ་སྐད་སྨྲ་བའི་བཀའ་བབས་ཆེ། །
ཡེ་གཤེན་སྨྲ་བའི་སེང་དང་ཐིག་ལེ་ཆེ། །
ཡིད་ཀྱི་ཆེ་ཆུང་མཚོ་བྱུང་ལྷ་མོ་སོགས། །
སུམ་བརྒྱ་དྲུག་ཅུའི་སྐད་བསྒྱུར་བརྒྱུད་བཅས་བསྔགས། །

སྔ་དར་ལུགས་འབྱུང་གྱེར་བསྟན་རྒྱལ་མཚན་ཆེ། །
མི་ཉམས་འཚོ་སྐྱོང་འཕྲིན་ལས་ཐོགས་མེད་བདག །
སྲིད་གསུམ་དབང་བསྒྱུར་མ་ཆེན་སྡེ་བརྒྱད་དང༌། །
གཅན་ལྷ་བདུད་བཙན་ཕོ་རྒྱུད་རྒྱ་མཚོས་སྐྱོངས། །

དེང་འདིར་བརྗོད་དོན་གངས་ཅན་བོད་ཀྱི་བརྡ། །
ལེགས་བཤད་སྲིད་པའི་སྒྲོན་མེའི་ཡན་ལག་ཏུ། །
མིང་གཞིའི་བསྟན་བཅོས་དགོས་འབྱུང་ནོར་གཏེར་ཞེས། །
བོད་བརྡ་མ་ལུས་རྣམ་གསལ་རབ་སྤྲོ་བ། །
དེ་ཡང་བསྟན་པ་རྣམ་པར་དག་པ་ལ་བྱུང་ཁུངས་སྟོན་པ་རྣམ་པར་དག་དགོས་ཕྱིར། བདག་ཅག་སྟོན་པ་རྫོགས་པའི་སངས་རྒྱས་སམ། མི་མཇེད་ཞིང་མགོན་གཤེན་རབ་ཆེན་པོ་ཡིས། བྱང་ཆུབ་ཐུགས་བསྐྱེད་གྲངས་མེད་གསུམ་ཚོགས་བསགས། སྐུ་གསུམ་རྫོགས་སངས་རྒྱས་ནས་སྲིད་ཁམས་མཚོའི། འགྲོ་ལ་རྣམ་བརྩེས་ལན་གཅིག་གཟུགས་སྐུའི་ཕྱིར། དགོངས་ནས་སྲིད་པ་གུང་སངས་གནས་སུ་འཁྲུངས། འོག་མིན་གཤེན་ལྷར་འགྲོ་འདུལ་བོན་ལུང་ཞུས། མགོན་བཙུན་ཕྱྭ་ལ་ཤེས་རབ་རིག་རྩལ་སྦྱངས། ཡེ་སངས་གནས་སུ་སྲིད་པ་སངས་པོར་སྦྲེལ། བར་ལྷར་གཡུང་དྲུང་སེམས་དཔའི་ས་ཐེག་སྤར། སྐྱེ་མཆེད་མུ་བཞི་གཟུགས་ཁམས་བཅུ་བདུན་ནས། རིམ་བབས་རྩ་གསུམ་ལྷ་གནས་བོན་འཁོར་བསྐོར། བྱམས་ལྡན་ཐང་སྒྲོན་ལྷ་ཁམས་འདུལ་ཚབ་བསྐོས། རི་རབ་ཁ་ཁྱེར་སྤྱི་འདུལ་གར་དབང་བཞེངས། ལྷ་ཆེན་ལྷ་མིན་དྲེགས་ཚོགས་དམ་ལ་བཏགས། སྲིད་པ་གཡུང་དྲུང་བསྟན་སྐྱོང་ཆེད་དམ་བཞག ལྷོ་ཕྱོགས་རྒྱལ་ཆེན་རྒྱལ་ས་གོང་མར་ཕེབས། གཟིགས་དགོངས་རྣམ་ལྔ་ཐུགས་བཀྲམ་རྟག་གཟིགས་སུ། དམུ་རིགས་རྒྱལ་པོའི་སྲས་སྤྲུལ་རོལ་རྩེད་དང༌། རྒྱལ་པོར་མངའ་གསོལ་བཟོ་རིག་གཏན་ལ་ཕབ། ཕྱྭ་སྣང་འཕྲུལ་སྲིད་རྒྱུ་ཐེག་རྣམ་བཞི་དང༌། དགེ་དྲང་ཨ་ཡེ་འབྲས་བུའི་ཐེག་པ་བཞི། རྒྱུ་འབྲས་འདུལ་ཐེག་བླ་མེད་དང་བཅས་དགུ། སྲིད་གསུམ་སྒྲོལ་བའི་དཔལ་དུ་བསྟན་པའི་རྗེས། སངས་པོའི་བཀས་བསྐུལ་སྤྱི་རྗེ་ཁྱུང་ལ་བཅིབས། གཡུང་དྲུང་དགུ་བརྩེགས་རི་ཡི་རྩེ་མོར་གཤེགས། ལྷ་ཀླུ་མི་སོགས་འཁོར་མཆོག་གྲངས་མེད་བསྐོར། ཕྱོགས་བཅུའི་འགྲོ་བ་རིགས་དྲུག་སོ་སོའི་གནས། སྐད་འགྱུར་སུམ་བརྒྱ་དྲུག་ཅུའི་བོན་སྟོན་ཕྱིར། སྐུ་ཡིས་གནས་བཅུར་འོད་ཟེར་ཕྱོགས་བཅུར་འགྱེད། མུ་ལ་གྲམ་གྱི་སྟོང་གསུམའདི་ཉིད་དང༌། སྟོང་གསུམ་སྟོང་ཆེན་འདི་ཡི་ཕར་འདས་པའི། ཤར་ཕྱོགས་ཞི་བ་འོད་མ་རྒྱ་འབྱམས་ཞིང༌། བྱང་ཕྱོགས་རྒྱས་པ་རླུང་འགྱུར་ཚལ་གྱི་ཞིང༌། ནུབ་ཕྱོགས་དབང་ལྡན་མེ་འོད་གསལ་བའི་ཞིང༌། ལྷོ་ཕྱོགས་ལྕང་ལོ་དྲག་པོ་ཚལ་ཆེན་ཞིང༌། ལྷོ་ཤར་བདེ་བ་གཟུགས་བཟང་ཆགས་པའི་ཞིང༌། བྱང་ཤར་འགྲོ་བ་མུན་པ་རབ་སངས་ཞིང༌། བྱང་ནུབ་ཤིང་ལོ་གྲིབ་སོ་འོད་ཚལ་ཞིང༌། ལྷོ་ནུབ་མུ་རྒྱས་ལམ་སྣང་ཞིང་ཁམས་དང༌། སྟེང་ཕྱོགས་རིན་ཆེན་གྲམ་བུ་ཚལ་གྱི་ཞིང༌། འོག་ཕྱོགས་མུ་མཚོ་ཀློང་འཁྱིལ་ཞིང་དང་བཅུ། ལ་སོགས་སྟོང་གསུམ་རབ་འབྱམས་གྲངས་མེད་ཁམས། འོད་ཀྱིས་སྣང་བས་ཡོངས་སུ་ཁྱབ་པར་སྤྲོས། ཕྱོགས་བཅུའི་འགྲོ་བའི་ལས་སྣང་ཞི་བར་བྱས། ཚུར་འདུས་ཐུགས་ལ་ཡོངས་ཁྱབ་དེ་བཞིན་ཉིད། ཏིང་ངེ་འཛིན་ལ་མི་གཡོ་སྙོམས་པར་བཞུགས། དེ་ཚེ་ཡེ་གཤེན་སུམ་བརྒྱ་དྲུག་ཅུའི་ནང༌། བླ་མེད་སེམས་དཔའ་ཡེ་གཤེན་ཐིག་ལེ་ཆེ། གདན་ལས་བཞེངས་ཏེ་ཨུ་དུམ་ཝ་ར་ཕུལ། སྟོན་པའི་སྒྲོན་མ་གཤེན་རབ་མི་བོ་ལགས། ཐུགས་ལས་འོད་ཟེར་སྤྲོ་བསྡུའི་དོན་ཅིའི་ཕྱིར། ད་ལྟའི་མཛད་པ་འདི་ཉིད་གང་གིས་སྐབས། བདག་སོགས་འཁོར་མཆོག་ཡོངས་ལ་བསྟན་དུ་གསོལ། ཞེས་ཞུས་དེ་ལ་མཆོག་གིས་བཀའ་བསྩལ་པ། མི་མཇེད་ཞིང་དང་ཕར་འདས་རབ་འབྱམས་ཞིང༌། སྤྲུལ་སྐུ་བྱེ་བ་ཕྲག་བརྒྱར་བཀྱེས་ནས་ཀྱང༌། ཕྱོགས་བཅུར་རིགས་དྲུག་རང་རང་སྒྲ་སྐད་བཞིན། སྐད་འགྱུར་སུམ་བརྒྱ་དྲུག་ཅུར་བསྟན་ཕྱིར་རོ། ཞེས་སོགས་གསུངས་པའི་མདོ་ལུང་དེ་དག་དང༌། བཀའ་གསང་དྲི་མེད་ཡོངས་ཀྱི་བཅུད་ཕྱུངས་ཏེ། འཆད་པར་མངོན་དུ་ཕྱོགས་ལ་སངས་རྒྱས་ཀྱི། བསྟན་པ་རྨད་བྱུང་འཇིག་རྟེན་ཁམས་ཀྱི་རྒྱན། རིག་པའི་གནས་ལྔ་དག་གི་བྱུང་ཁུངས་ནི། གཙང་རིས་ཞིང་ནས་ཡེ་དབང་རིགས་ལྔ་ཞེས། གུང་དྲུག་ལྷ་རྩེར་ཡེ་སྲིད་སངས་པོ་འབུམ། གདན་མཆོག་བྱ་ཡི་རྒྱལ་པོའི་ཁྲི་ལ་བཞུགས། བར་ལྷ་འོད་གསལ་ཡེ་མཁྱེན་སྒྲ་བླའི་རྒྱལ། སྤྱི་རྗེ་ཁྱུང་ཆེན་འབར་བའི་ཁྲི་ལ་བརྟེན། སྲིད་པ་ཡེ་སངས་ཡེ་དབང་ས་ཡི་རྒྱལ། གསེར་གྱི་རུས་སྦལ་བསྣོལ་བའི་ཁྲི་ལ་གནས། འོག་མིན་ཞིང་དུ་ཡེ་སངས་མཐུ་སྟོབས་རྒྱལ། ཆུ་སྲིན་ཡིད་བཞིན་རྒྱལ་བའི་ཁྲི་རུ་བརྗིད། མགོན་བཙུན་ཕྱྭ་ལ་ཡེ་རྗེ་སྨན་བླའི་རྒྱལ། ཡེ་ཡོད་ནམ་མཁའི་བ་མོའི་ཁྲི་མཆོག་གནོན། ཡེ་དབང་དེ་རྣམས་ཡེ་སྲིད་རྒྱུད་ལྔ་ཤར། བཟོ་སྒྲ་ཕྱི་ནང་གསོ་རིག་གནས་ཆེན་ལྔ། བྱ་རྒྱལ་ཤེས་རབ་ཀློང་ནས་བཟོ་རིག་བྱུང༌། ཀུན་རྫོབ་བདེན་པ་འཁོར་ལོ་རྣམ་བཞི་སྟོན། སྤྱི་རྗེ་ཁྱུང་ལས་སྒྲ་ཡི་རིག་པ་ཤར། ཆུ་སྲིན་ཡིད་བཟིན་རྒྱལ་ལས་ནང་རིག་སྲིད། གསེར་གྱི་རུས་སྦལ་དག་ལས་ཕྱི་རིག་སྤྲོ། ནམ་མཁའི་བ་མོར་གསོ་བ་རིག་པ་ཤར། རིག་གནས་དེ་ལྔའི་སྡེ་སྣོད་བསྟན་པ་ནི། བཟོ་རིག་བོན་སྡེ་འབུམ་གསུམ་རིམ་པ་བཞིན། བསྐལ་སྲིད་འཁོར་ལོ་སྲིད་པ་མིའུ་རྒྱུད། འབྱུང་བ་ཆགས་འཇིག་གསུམ་ནི་རི་རབ་རྩེ༌། བར་པོ་སོ་བརྒྱད་སོགས་གསུང་སྣོད་ཀྱི་མཆོག ཉེ་དབང་ལི་ཕྱ་ཧ་རའི་སྲས་གཅིག་པོ། བཟོ་རྒྱལ་གར་མ་ལི་ཤོ་ལ་གཉེར་གཏད། སྒྲ་རིག་དག་ལ་སྡེ་གསུམ་རིམ་པ་བཞིན། ལྷ་སྲིན་འཁྲུགས་འབུམ་ནག་དང་སྒྲ་ཚད་ཀྱི། རྩོད་འབུམ་ཁྲ་བོ་དག་པའི་ལྷ་འབུམ་དཀར། ལྷ་སྲིན་བར་དུ་གཏན་ཕབ་གཉིས་སུ་དབྱེ། སྒྲ་ནི་རྨ་ལོ་ཚད་མ་གཡུ་ལོར་གཏད། ཕྱི་རིག་སྡེ་གསུམ་སྣང་སྲིད་གཏོ་འབུམ་ནག ཀུན་འབུམ་ཁྲ་དང་གཙུག་ལག་དཔལ་འབུམ་དཀར། རི་རབ་རྩ་བར་གཏན་ཕབ་དེ་ཡི་སྣོད། ཀོང་ཙེ་རྒྱལ་དང་འཕྲུལ་བུ་ཆུང་ལ་གཏད། ནང་རིག་སྡེ་གསུམ་དྲག་པོའི་ཀླུ་འབུམ་ནག འདུལ་བའི་ཁྲ་བོ་གཙང་མའི་ཀླུ་འབུམ་དཀར། ཀླུ་ཡུལ་གཏན་ཕབ་ཡེ་ཤེས་སྙིང་པོར་བསྟན། གསོ་རིག་བོན་སྡེ་གསོ་བྱའི་ནད་འབུམ་ནག འཚོ་བྱེད་དཔྱད་འབུམ་ཁྲ་དང་རྣམ་རྒྱལ་གྱི། སྨན་འབུམ་དཀར་པོ་གསུམ་ནི་འོལ་གླིང་དུ། གཏན་ཕབ་སེམས་དཔའ་དཔྱད་བུ་ཁྲི་ཤེས་གཏད། དེ་དག་སྡེ་གསུམ་ཡོང་བའི་དགོས་པ་ནི། མཐུན་པ་བཏུལ་ལ་ནག་དང་ཐུལ་བ་ཁྲ། རྟོགས་པ་དཀར་པོ་བསྟན་ཏེ་གསུམ་གསུམ་སྲིད། དེ་ལས་གྱེས་པའི་རྒྱུད་འབུམ་བྱེ་བ་ཤར། རིག་པའི་གནས་ལ་མཁས་པའི་དགོས་ཆེད་ནི། ཇི་སྐད་ཡེ་དབང་ཆུ་ལྷའི་རྒྱུད་སྡེ་ལས། རིག་པའི་གནས་ཆེན་དག་ལ་མ་མཁས་ན། རྒྱལ་སྲས་རྣམས་ཀྱང་ཐམས་ཅད་མཁྱེན་ལ་རིང༌། འདི་ལྡན་གང་ཟག་ཕལ་གྱི་དོན་ཆེན་འགྲུབ། བཟོ་རིག་ལྡན་པའི་སྐྱེས་བུའི་རྡོ་ཤིང་སོགས། གཟུགས་བརྙན་དུ་ཕྱུངས་འཕགས་རྒྱལ་ཕྱག་གནས་སྤྲུལ། སྒྲ་རིག་ལ་མཁས་སྣང་སྲིད་སྣང་གྲགས་ཀྱིས། སྒྲ་ཚོགས་ཉན་ན་གང་ཡང་བརྡ་སྤྲོད་ནུས། ཕྱི་རིག་ལ་མཁས་སྣང་སྲིད་བདེ་སྡུག་དང༌། ལེགས་ཉེས་མ་འདྲེས་སིལ་བུར་སྟོན་པར་ནུས། ནང་རིག་ལ་མཁས་འཇིག་རྟེན་མི་ལུས་ཀྱང༌། དག་པ་ལྷ་ཡི་སྐུ་རུ་སྒྲུབ་པར་བྱེད། གསོ་རིག་མཁས་ན་སྣང་གྲགས་སྐྱེས་མཐོང་ཚད། སྨན་དུ་ཁོལ་ཏེ་འགྲོ་བའི་དཔལ་མགོན་འགྱུར། ཞེས་དང་བྱམས་མ་རྩ་བའི་འབུམ་དག་ལས། རིག་པའི་གནས་བརྟེན་སེམས་ཅན་ཐབས་ཀྱིས་བཏུལ། བཟོ་ཡི་གནས་ཀྱིས་བསོད་ནམས་ཚོགས་ཆེན་བསགས། ཕས་ཀྱི་རྒོལ་བ་སྒྲ་ཚད་ཚར་ཐག་བཅད། རྒས་ཤིང་རྒུད་དང་འཆི་འཕོ་རྩིས་ཀྱིས་འདུལ། གདོན་གྱིས་གཙེས་ལ་སྔགས་ཀྱིས་བཅོམ་པ་དང༌། ནད་ཀྱིས་གདུང་བ་འཚོ་བྱེད་སྨན་གྱིས་གསོ། ཐབས་དེར་བརྟེན་ནས་མི་དགེའི་ལས་ཚོགས་འཇོམས། ཞེས་བཤད་དེ་ཡང་སྔོན་ཚེ་སངས་རྒྱས་ཀྱི། བསྟན་པ་མི་མཇེད་གནས་སུ་ཆགས་ཕབས་སྐབས། བཟོ་རྒྱལ་གར་མ་ལི་ཤོ་ལ་བསྟེན་པའི། བཟོ་ལ་མཁས་པ་བཟོ་རྗེ་ལྷ་དབང་དང༌། ཕུབ་ལ་མཁས་པ་སྒྱུ་འཕྲུལ་དབང་ཕྱུག་དང༌། བླུག་ལ་མཁས་པ་བླུག་ཐོག་པ་ཝ་སངས། མགར་ལ་མཁས་པ་མགར་ལྷ་ཡུག་པ་དང༌། ལྷ་ལ་མཁས་པ་ལྷ་སྲས་པདྨ་དང༌། བྲིས་ལ་མཁས་པ་ཡི་གེ་འཕྲུལ་ཆུང་སྟེ། ཕུལ་བྱུང་འཛམ་གླིང་བསྟན་པའི་རྒྱན་དྲུག་བྱུང༌། གསས་མཁར་སུམ་བརྒྱ་དྲུག་ཅུའི་བཀོད་པ་མཛད། དེ་དང་དེ་འབྲེལ་ཕྱོགས་བཅུར་བཟོ་རིག་དར། སྒྲ་ལ་མཁས་པ་རྨ་ལོ་གཡུ་ལོ་གཉིས། ཡེ་གཤེན་ཐིག་ལེ་ཆེན་པོ་ལ་སོགས་ཏེ། ཡེ་གཤེན་སུམ་དྲུག་ཅུ་གཞན་ཡང་ནི། མཚོ་བྱུང་དབྱངས་ཅན་ཚངས་པ་བརྒྱ་བྱིན་སོགས། དེ་འབྲེལ་ལྷ་ཀླུ་མི་སོགས་བསམ་མཐའ་ཡས། ཕྱི་རིག་ལ་མཁས་ཀོང་ཙེ་འཕྲུལ་རྒྱལ་དང༌། ཀོང་ཚ་འཕྲུལ་བུ་ཞི་ཙེ་ཡང་ཙེ་དང༌། ལེའུ་ཙེ་ཇི་ཀོང་ཇི་ནང་ཝང་ཐེ་དང༌། ས་བདག་བོན་པོ་གསེར་ཐུབ་འོད་སྲུང་བཅས། དེ་འབྲེལ་སློབ་མ་འཛམ་གླིང་ལྗོངས་ཀུན་ཁྱབ། ནང་དོན་ལ་མཁས་འཆི་མེད་ཡུམ་སྲས་གཤེན། དེར་བསྟན་བོན་གྱི་རིག་འཛིན་བརྒྱད་ཅུའི་གཙོས། ཟག་མེད་འོད་སྐུར་བསྒྱུར་བའི་གྲུབ་ཐོབ་ཆེ། ཐེར་འབུམ་གྲངས་སུ་བརྒལ་བའི་རིག་འཛིན་བྱུང༌། གསོ་རིག་ལ་མཁས་དཔྱད་བུ་ཁྲི་ཤེས་དང༌། སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས་སོགས་བརྒྱད། ཡེ་གཤེན་སེང་གེ་ཟབ་མོ་ལ་སོགས་ཏེ། གཡུང་དྲུང་སེམས་དཔའ་གསུམ་སྟོང་དྲུག་བརྒྱ་དང༌། ལྷ་ཀླུ་མི་སོགས་གྲངས་མེད་བརྗོད་འདས་འཕེལ། དེ་ནས་སྐུ་བསྟན་རྫོགས་པའི་དུས་རྟིང་ལ། རྒྱལ་ཚབ་མུ་ཆོ་མཁའ་ནས་དོག་ལ་ཕེབས། དུས་བསྟུན་བཀའ་བརྟེན་དབྱེ་ཤག་མང་དུ་མཛད། རིག་གནས་ལ་སོགས་རྒྱུ་དང་འབྲས་བུའི་བོན། དང་པོ་ལྗོངས་འདིར་སྤེལ་བའི་ལོ་ཙཱ་བ། མུ་ཆོའི་སློབ་མ་མཁས་པའི་རྒྱན་དྲུག་སྟེ། རྟག་གཟིགས་ཡུལ་དུ་དམུ་ཚ་ཏྲ་ཧེ་དང༌། ཧུ་ལི་སྤར་ཡ་གཡུང་དྲུང་བློ་གསལ་གསུམ། རྒྱ་གར་ཡུལ་དུ་ལྷ་བདག་སྔགས་གྲོལ་དང༌། རྒྱ་ནག་མཁས་པ་ལེགས་ཏང་རྨང་པོ་དང༌། གེ་སར་ཕྲོམ་ལ་གསེར་ཐོག་ལྕེ་འབྱམས་བྱུང༌། དེ་ལ་མང་འབྲེལ་སློབ་མ་བསམ་འདས་ཀྱིས། དཀར་ནག་རྒྱ་དང་བྲུ་ཤ་ཁ་ཆེའི་ཡུལ། ཨོ་རྒྱན་ཞང་ཞུང་བོད་སོགས་འཛམ་གླིང་ཀུན། སོ་སོའི་སྒྲ་སྒྱུར་ཕྱོགས་བཅུ་ཡོངས་ལ་དར། དེ་ལས་བཟོ་གསོ་ཕྱི་ནང་རིག་གནས་སོགས། མ་བཤད་སྤྱིར་ན་རང་རང་གཞུང་སྐབས་གསལ། ཁྱད་པར་ཁོ་བོས་ལུང་རིག་འུབ་བསྡུས་ཏེ། སྙིང་པོར་ཕྱུང་བའི་རིག་གནས་ལྔ་ལ་སོགས། ལེགས་བཤད་འབེལ་གཏམ་པོ་ཏི་བཅུ་དང་གསུམ། གོ་སླ་ཁྱེར་བདེ་ཟུར་དུ་བསྟན་ཡོད་གཟིགས།
༈ སྐབས་འདིར་འཆད་པར་ཕྱོགས་པའི་སྒྲ་རིག་ཀྱང༌། ལོ་རྒྱུས་དོན་གྱིས་མ་བསྟན་ཐེ་ཚོམ་ཕྱིར། ལྷ་མི་སྲིད་གསུམ་མི་མཇེད་སྤྱི་དཔལ་ཆེ། རྫོགས་སངས་རྒྱས་མཆོག་གཤེན་རབ་ཆེན་པོ་ཡིས། དགུ་རྩེགས་རི་བོའི་རྩེ་རུ་གཏན་དབབ་པའི། སྒྲ་སྐད་སུམ་བརྒྱ་དྲུག་ཅུ་ལ་དོན་ལྔ། སྒྲ་དང་སྒྲ་མཐུན་སྒྲ་སྐད་སྒྲ་བསྒྱུར་དང༌། སྒྲ་ཚད་དང་ལྔ་སྒྲ་ནི་ཐོག་མ་རུ། སྟོང་པའི་ཀློང་ནས་སྟོང་ཆེན་འགག་མེད་ཀྱི། རང་སྒྲ་སྒྲོག་ལ་བརྡ་ཡི་མཚན་མ་བཞག སྒྲ་མཐུན་འགྲོ་དྲུག་སེམས་ཅན་རང་རང་གི། གོ་ཡུལ་མཐུན་པའི་རང་སྒྲ་སྒྲོག་ལ་བྱ། སྒྲ་སྐད་སོ་སོའི་རང་སྒྲ་ཅི་བཞིན་དུ། བོན་ཀྱང་དེར་མཐུན་སྒྲ་སྐད་བསྟན་པ་དང༌། སྒྲ་བསྒྱུར་གཡུང་དྲུང་བོན་ལ་མཁས་རྟོགས་ཤིང༌། རྒྱལ་འཕགས་ལོ་པཎ་གཤེན་གྱིས་བོན་ཉིད་ལ། བསྒྱུར་དུ་མེད་ཀྱང་བོན་ཅན་མཚན་མ་ནི། གར་བསྒྱུར་གཏུབ་ཅིང་རང་མཐུན་སྐད་ལ་བསྒྱུར། སྒྲ་ཚད་བོན་ཉིད་དོན་ལ་བརྗོད་མེད་ཀྱང༌། བོན་ཅན་ཚིག་ལ་དོན་གྱི་གདར་ཤ་བཅད། ཐེ་ཚོམ་གཅོད་ཅིང་གལ་པོར་རྩོད་པ་དང༌། རྟག་ཆད་མཐའ་བསལ་འགལ་སྤང་མཐུན་པར་སྡེབ། དཔེ་དོན་རྟག་གཞལ་ཚད་གསུམ་ཟུང་འབྲེལ་ཞིང༌། བདེན་གཉིས་དོ་མཉམ་བྱ་བའི་ཆེད་དུའོ།
༈ སྒྲ་སྐད་དག་ལ་སྤྱི་སྒོས་བྱེ་བྲག་གསུམ། སྤྱིར་ན་འགྲོ་དྲུག་དག་ལ་སྒྲ་སྐད་དྲུག སད་ཝེར་ལྷ་སྐད་སད་མིན་ལྷ་མིན་སྐད། འཕོ་འགྱུར་མི་སྐད་དུད་མུར་བྱོལ་སོང་སྐད། པྲིང་རྒྱུད་ཡི་དྭགས་དུ་ཏི་དམྱལ་བའི་སྐད། སྒོས་སུ་རེ་རེ་ལ་ཡང་དྲུག་དྲུག་དབྱེ། དང་པོ་ལྷ་ཡི་སྐད་དྲུག་གང་ཞེ་ན། ཡེ་སྲིད་ལྷ་སྐད་ཀ་པི་ཏ་ཡི་སྐད། ཏ་རན་ཀ་དང་སཾསྐྲྀ་ཏ་ཡི་སྐད། སེང་ང་ལྷ་སྐད་ཀ་ལ་པིང་སྐད་དྲུག ལྷ་མིན་ལ་དྲུག་ཝང་ཅི་ཟུན་ཞིང་དང༌། ཟུར་མིན་ཐོག་ཐོག་དྲིལ་ཞི་ཐང་ཇི་དྲུག མི་ལ་སྐད་དྲུག་ཤར་གྱི་ལུས་འཕགས་རྣམས། སྙན་མཚེར་ཁྲི་སང་ཤ་ར་ན་ཡི་སྐད། སྒྲ་མི་སྙན་རྣམས་རྔམ་སྒྲོག་གདུག་པའི་སྐད། བ་ལང་སྤྱོད་བརྟན་ཧུ་ཡ་གླང་པོའི་སྐད། འཛམ་གླིང་སྣ་ཚོགས་ཅི་ལེ་བྱ་ཡི་སྐད། རི་བདུན་མི་རྣམས་ལེགས་སྨྲ་རྒྱལ་གྱི་སྐད། མི་འམ་ཅི་ནི་ཏ་ན་ཤི་རློན་དྲུག བྱོལ་སོང་སྐད་དྲུག་སྙན་པ་འདབ་ཆགས་སྐད། རྔམ་ལ་ངར་བ་གཅན་གཟན་ཁྲོམ་གྱི་སྐད། འཚེར་བ་རི་དྭགས་བརྟན་པ་གཡུང་དྭགས་སྐད། དམ་འཆོལ་བླུན་སྐད་ཕུ་ལི་ཀླུ་སྐད་དྲུག ཡི་དྭགས་སྐད་དྲུག་ཏྲི་ཏ་གདོན་ཆེན་སྐད། ས་སྲིན་འབྱུང་པོ་འི་ཅུ་ཁ་འབར་མ། པྲིང་དུ་ཕྱི་ཡི་སྒྲིབ་པ་ཅན་གྱི་སྐད། པྲིང་ཙེ་ནང་གི་སྒྲིབ་པ་ཅན་གྱི་སྐད། པྲིང་དུད་སྒྲིབ་པ་ཅན་གྱི་སྒྲིབ་ཅན་ནོ། དམྱལ་བ་ལ་དྲུག་དུ་པྲི་འཇིགས་པའི་སྐད། དུ་ཝེར་རྔམ་པ་དུ་ན་གདུག་པའི་སྐད། དུ་ཅི་ཉོན་མོངས་དུ་ཤ་ཚ་གྲང་སྐད། དུ་ཏི་ངུ་སྒྲ་མངར་མེད་དམྱལ་སྐད་དོ། བྱེ་བྲག་འགྲོ་བ་རིགས་སྒྲ་སྐད་ལ། སྐད་ཆེན་དྲུག་པོ་རེ་རེ་དག་ལ་ཡང༌། སྐད་ཕྲན་སུམ་བརྒྱ་དྲུག་ཅུ་དབྱེ་བ་སྟེ། སྒྲ་ལ་ཟད་པ་དང་ནི་འབྲི་བ་མེད། ཡང་ཁྱད་སངས་རྒྱས་བསྟན་པ་ཆགས་ཕེབས་པའི། འགྲོ་བ་མི་ཡི་སྐད་ལ་གཉིས་ཡིན་ཏེ། བསྒྱུར་དུ་གཏུབ་དང་མི་གཏུབ་བསྒྱུར་བ་ནི། གླིང་བཞི་དག་པའི་མི་དང་རི་བདུན་མི། འཛམ་གླིང་སྐད་ཆེན་རྣམས་ལ་གཏུབ་པའོ། གླིང་ཕྲན་དང་ནི་མཐའ་འཁོབ་གླིང་བར་རྣམས། ཀུན་རྫོབ་ཆ་ཙམ་མ་གཏོགས་ཡང་དག་གི། རྒྱུ་འབྲས་བདེན་པའི་བོན་རྣམས་བསྒྱུར་མི་གཏུབ། སྤྱི་རུ་བསྒྱུར་བའི་སྐད་ལ་གཉིས་ཡོད་དེ། དག་པ་གཤེན་དང་གང་ཟག་མི་སྐད་དོ། དག་པ་གཤེན་གྱི་སྐད་ལ་ལྔ་བསྟན་ཏེ། རྩ་བའི་སྐད་ཅིག་ཡན་ལག་སྐད་ཆེན་བཞི། རྩ་བ་གཡུང་དྲུང་ལྷ་ཡི་སྐད་དག་ནི། སྐད་རིགས་ཐམས་ཅད་ཟིལ་གནོན་འགྱུར་བ་མེད། དེ་ལ་གཡུང་དྲུང་ཞེས་བྱ་བོན་དབྱིངས་ཀློང༌། འགག་མེད་རང་སྒྲ་རང་དབང་བསྒྱུར་བའོ། ལྷ་ཞེས་བྱ་བ་དམུ་གཤེན་ལྷ་ལས་ཆད། དབང་ཆེན་ཀུན་གྱི་རྗེ་རུ་བྱོན་པའོ། སྐད་ཅེས་དུས་གསུམ་སྟོན་པས་འགྲོ་བའི་དོན། བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པའི་སྐད། དེ་ཉིད་གང་དུ་དར་ན་འོལ་གླིང་གི། རྒྱལ་ས་ཆེན་པོ་ཕོ་བྲང་གླིང་བརྒྱད་དང༌། འཁོར་མོ་གླིང་མཚོའི་རྒྱུད་ལ་བསྒྱུར་བ་སྟེ། དེ་ཡི་མི་རྣམས་སྒྲ་སྙན་སྐད་མཛེས་ཤིང༌། བརྗིད་ཅིང་བཙུན་ལ་སྙན་ཟིལ་ཆགས་པའོ། སྐད་ཆེན་བཞི་ནི་གཙང་མ་ལྷ་ཡི་སྐད། དག་པ་ལྷ་སྐད་སཾསྐྲྀ་ཏ་ཡི་སྐད། ཁྲི་ཝེར་ལྷ་སྐད་བཞི་ནི་ཕྱོགས་བཞི་རུ། ཆུ་བོ་གཞུང་བཞིའི་རྒྱུད་དུ་དར་བ་སྟེ། ཤར་ཕྱོགས་ཆུ་བོ་ན་རན་ཛ་རའི་རྒྱུད། གཙང་མ་ལྷ་ཡི་སྐད་བསྒྱུར་དེ་ཡི་མི། སྒྲ་དག་སྐད་གཙང་བརྡ་གང་འཕྲོད་པའོ། བྱང་ཕྱོགས་ཆུ་བོ་པཀྵུའི་རྒྱུད་ལ་ནི། དག་པ་ལྷ་སྐད་བསྒྱུར་ཏེ་དེ་ཡི་མི། སྒྲ་དལ་སྐད་ནི་སྙན་ཞིང་མཛེས་པའོ། ནུབ་ཕྱོགས་ཆུ་བོ་གྱིམ་ཤང་རྒྱུད་ལ་ནི། སཾ་སྐྲྀ་ཏ་སྐད་བསྒྱུར་ཏཻ་དེ་ཡི་མི། སྒྲ་གཙང་སྐད་མྱུར་མགྱོགས་པར་བསྒྱུར་བའོ། ལྷོ་ཕྱོགས་ཆུ་བོ་སི་ཏུའི་རྒྱུད་འགྱུར་བའི། ཁྲི་ཝེར་ལྷ་ཡི་སྐད་དེ་དེ་ཡི་མི། སྒྲ་ཆེ་སྐད་ནི་བརྗིད་ཅིང་བརྟན་པའོ། སྐད་ཆེན་དེ་བཞིའི་ཡན་ལག་སྐད་བཞི་ནི། མཚམས་བཞིའི་ཆུ་ཕྲན་བཞི་ཡི་རྒྱུད་ལ་བསྒྱུར། དེ་ཡང་གཙང་མ་ལྷ་སྐད་ལས་གྲོལ་བའི། ཧོ་ཅི་འཕྲུལ་གྱི་སྐད་ནི་ལྷོ་ཤར་མཚམས། ཆུ་བོ་གང་གཱའི་རྒྱུད་དུ་བསྒྱུར་ལ་དར། དེ་ཡི་མི་རྣམས་སྐད་མཛེས་ཚིག་དྲང་ངོ༌། ཁྲི་ཝེར་ལྷ་ཡི་སྐད་ལས་གྲོལ་བ་ཡི། སྤོ་ཅི་འཕྲུལ་གྱི་སྐད་ནི་ལྷོ་ནུབ་ཏུ། ཆུ་བོ་སིདྷུའི་རྒྱུད་ལ་བསྒྱུར་བ་སྟེ། དེ་ཡི་མི་རྣམས་སྐད་བརྗིད་ཚིག་ཆེའོ། སཾ་སྐྲྀ་ཏ་ཡི་སྐད་ལས་གྲོལ་བ་ཡི། ཅི་གུང་འཕྲུལ་སྐད་ནུབ་བྱང་ཆུ་བོ་སྟེ། སེང་གྷའི་རྒྱུད་བསྒྱུར་དེ་ཡི་མི་རྣམས་ནི། སྐད་ཀྱི་གདངས་སྙན་ཚིག་ལ་མཁས་པའོ། དག་པ་ལྷ་ཡི་སྐད་ལས་གྲོལ་བ་སྟེ། ཅུ་ཙེ་འཕྲུལ་སྐད་བྱང་ཤར་ཆུ་བོ་ཆེ། གསེར་ལྡན་རྒྱུད་བསྒྱུར་དེ་ཡི་མི་རྣམས་ནི། སྐད་གདུང་ཚིག་ལ་མཁས་པར་གྲགས་པའོ། དེ་ནི་དག་པ་གཤེན་གྱི་སྐད་དུ་ངེས། དེ་མིན་གང་ཟག་མི་ཡི་སྐད་སོ་སོ། འགྲོ་བ་རང་རང་སྐད་དུ་གྲགས་པར་བཞད། ཁྱད་པར་འཛམ་གླིང་མི་ལ་སྐད་ཀྱི་རིགས། སུམ་བརྒྱ་དྲུག་ཅུ་ཡོད་དེ་གྲོལ་ཕུག་ནི། ལྷ་ཡི་སྐད་རིགས་དྲུག་ལས་གྲོལ་བའོ། དེ་ཡང་སྐད་གདངས་ཚིག་གི་འབྱུང་གནས་ལ། སྐད་རིགས་ཆེན་པོ་བཅུ་གཉིས་བྱུང་བ་སྟེ། རྟག་གཟིགས་དང་ནི་ཞང་ཞུང་སྨར་སྐད་སོགས། ཡེ་སྲིད་ལྷ་ཡི་སྐད་ལས་གྲོལ་བའོ། བྲུ་ཤ་ཨོ་རྒྱན་ཏ་རན་ཏ་ལས་གྲོལ། ཟ་ཧོར་སྤུ་གུར་ཀ་པི་ཏ་ལས་གྲོལ། རྒྱ་གར་བལ་སྐད་སཾ་སྐྲྀ་ཏ་ལས་གྲོལ། བོད་དང་མེ་ཉག་ལྡོང་སྐད་སེང་ང་ལ། རྒྱ་ནག་ཕྲོམ་དང་གེ་སར་ཀ་པིང་གི། ལྷ་སྐད་ལས་གྲོལ་སྐད་ཆེན་བཅུ་གཉིས་ཡིན། དེ་ལ་ཅོལ་མེན་ཅན་གྱི་སྐད་བཞི་བྱུང༌། བྷ་དྷ་ཧོར་དང་བྷ་རོ་འཇང་གི་སྐད། བྷ་ལི་མོན་དང་བྷ་བ་གར་ལོག་སྐད། བཅས་ཏེ་བཅུ་དྲུག་དག་ཏུ་གྱེས་པའོ། དེ་ལས་མང་འཕྲོས་སུམ་བརྒྱ་དྲུག་ཅུ་ནི། ལྷོ་ཕྱོགས་འཛམ་གླིང་སྤྱི་ཡི་སྐད་ཀྱི་གྲངས། རྟག་གཟིགས་སོག་ཁ་བོན་གྱི་འབྱུང་གནས་སམ། ཤམ་བྷ་ལ་སྟེ་འོལ་མོ་གླིང་ཆེན་ཞེས། དབལ་སོ་གངས་ཀྱི་ར་བའི་ནང་དུ་གནས། ལྷ་ཀླུ་མི་སོགས་ཡོངས་ཀྱི་བཀུར་བའི་ཞིང༌། དེ་ལ་སྐད་རིགས་བརྒྱ་དང་རེ་བཞི་ཡོད། དེ་ཡི་ཕྱི་རིམ་འཛམ་གླིང་ཆུང་ངུའི་ལྗོངས། བརྒྱ་དང་དགུ་བཅུུ་རྩ་དྲུག་ཡོད་པར་གསུངས། དེ་རྣམས་སྒྲ་སྐད་སྤྱི་ཡི་ལོ་རྒྱུས་སོ།
༈ སྐབས་སུ་བབས་པ་བོད་ཀྱི་བརྡ་སྐད་དེ། རང་གཞན་གྲུབ་མཐའི་རྗོད་བྱེད་ཚིག་སྦྱོར་ལ། བོད་ཀྱི་བརྡ་སྐད་གཅིག་ཏུ་སྟོན་པས་ན། བརྡ་སྤྲོད་དག་སྦྱོར་གཅིག་ལས་གཉིས་མེད་ཀྱང༌། བརྗོད་བྱ་མིང་གཞི་ཤིན་ཏུ་མང་བས་ན། སྔོན་བཞེད་ཕལ་ཆེར་མིང་གཞི་འགའ་ཙམ་ལས། རྒྱས་བཤད་མ་བྱུང་ད་ལམ་སྐབས་འདི་རུ། རང་གཞན་བརྡ་དག་མ་ལུས་ཞིབ་དཔྱད་དེ། འགལ་སྤང་མཐུན་བླང་རྒྱས་པར་འཆད་པ་འདི། མཁས་འདོད་ཕྱོགས་སུ་ལྷུང་བའི་ཀུན་སློང་མིན། བསྟན་འགྲོར་ཕན་སླད་ལྷག་བསམ་དྲི་མེད་བློས། བཀོད་འདི་དཔྱོད་ལྡན་དགྱེས་པའི་དགའ་སྟོན་མཛོད། ཡི་གེའི་གཟུགས་དབྱིབས་མི་འདྲ་རྣམ་བཞག་ཀྱང༌། རྟག་གཟིགས་ཡུལ་དུ་སྤུངས་སོ་ཆེ་ཆུང་གཉིས། ཞང་ཞུང་ལོ་ཙཱས་སྨར་ཆེན་སྨར་ཆུང་བསྒྱུར། བོད་ཀྱི་རྫབ་གཤར་དཀར་ནག་གཉིས་སུ་བསྟན། རྒྱ་གར་ལཉ྄ཚ་ཝཱ་དྷུ་ལ་སོགས་ཏེ། སོ་སོའི་ལུགས་ལ་ཡི་གེའི་བྱེ་བྲག་མང༌། ངོ་བོ་འཕྲུལ་ཡིག་བཞི་བཅུ་འགྱུར་བ་མེད། དེ་ནང་སྐབས་འདིར་བོད་ཡིག་དཀར་ནག་གཉིས། གང་འདོད་ཁྱད་མེད་དག་འཐོབ་གཅིག་ཏུ་ངེས། དེ་ལ་གསལ་བྱེད་སུམ་ཅུའི་གོ་རིམ་བཞིན། འཇུག་པ་བདེ་ཕྱིར་ཀཱ་ལི་རང་རང་སྡེ། རྐྱང་པ་འདོགས་རྩེག་སྦྲག་འཐོབ་སོ་སོ་ལ། དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞིས་དབྱེ་སྟེ། ཕྱོགས་གཅིག་བསྡོམས་ཏེ་རིམ་པར་འཆད་པ་ལ། །

༼ཀ༽
དང་པོ་ཀ་ཡིག་རྐྱང་འཕུལ་རྩེག་དང་གསུམ། དང་པོར་རྐྱང་དངོས་ཡ་ར་ལ་ཝ་ཡི། འདོགས་དང་ལྔ་ཡོད་རེ་རེར་དབྱངས་བཞི་རེས། དབྱེ་སྟེ་དང་པོ་ཀ་རྐྱང་དངོས་ལ་ནི།
ཀ༽ ཀ་དག་སྤྲོས་བྲལ་ཀ་ལ་པིངྐ་བྱ། ཀ་ལཱ་པ་ནི་སྒྲ་དང༌།་འོལ་གླིང་ཤམྦྷ་ལ། ཀལྤ་དུས་དང་ཀས་མ་ཧྲལ་སྨད་ཤམ། ཀ་ཀོ་ལ་སྨན་ཐོད་པ་ཀ་པཱ་ལའང་ལི། ཀ་མ་ལ་ནི་མེ་ཏོག་འདབ་བརྒྱད་སྔོ༌། ཀ་ར་ཤེལ་དཀར་ཀ་ལ་ཤ་བདུད་རྩི། ཀ་ཅ་ནོར་རྫས་མཆིལ་པ་ཀ་ལན་ཏ་ཀ། ཀམ་ཞང༌།་ནི་སོག་པ་ཀན་ཞང༌།་ནི་དཀྱིལ་འཛུབ་སྟེ། ཀ་སངས་ཞང༌།ཀུན་སྣང་ཀ་ལ་མི་གཡོ་ནགརྒྱ། ཀ་རས་དཀར་ཞིག་ཀྱང༌།ཏན་ཀ་གདན་རས་དཀར་ཀ་ཤི་ཀཡུལ་ཡང༌། ཀ་ཡ་ལུས་དང་ཀ་ཀ་རུ་སྡིག་སྲིན། ཀར་ཀར་གཟེར་ཟུག་ཀར་བེའུ་འབྲས་ལ་བརྗོད། ཀརྵ་ཀརྵ་པ་ཎའང༌།པ་ནི་མགྲོན་བུ་ཀ་རུ་དཀར། ཀ་ལི་ཀ་ནི་མེ་ཏོག་ཙམ་པ་ཀ མ་ཤེས་ཀ་མེད་དེ་ཀ་རང་དུ་འདུག ཀ་ལིངྐ་ནི་ཡུལ་མིང་རྒྱ་གར་ཁོངས། ཀ་ཕྱོགས་ཁྱབ་དང༌།ཀུ་བྷ་ཡ་དུག་མོ་ཉུང་གི་མིང༌། ཀ་བ་གདུང་འདེགས་ཀ་ཏོར་ཀ་ཊོ་ར། ཀ་བི་ཝ།པེད་ཀནྡྷ་ཀ་སྟག་ཚེར།རི་གཉིས་ནི་སྨན། ཀ་ར་ཝཱི་ར་རེ་ལྕག་མེ་ཏོག་དམར། ཀ་ཏ྄ཡ་ན་ཀ་ཏིའི་བུ་འཕགས་མིང༌། ཀ་ཤ་ཞང༌།མ་ཆགས་ཀ་ཞང༌།སང་ཀུན་གསལ་ཏེ། ཀརྨ་ཕྲིན་ལས་ཀ་མ་ཏ་པདྨ།ཡུལ་ཞིག་དང༌། ཀ་དམྤ་ནི་ཆུ་སྐྱར་རང་ཤིང་ཞིག
ཀི༽ ཀི་སྒྲ་ཀི་བཏབ་ཀིང་ཀ་ར་ཕོ་ཉ། ཀིམ་པ་དུག་མོ་ཉུང་དུག་ཤིང་ཞིག་ཀྱང་བཤད་ཀི་ཀང་གཟའ་ཡི་མདའ། ཀིངྵ་ཀ་ནི་ཤུག་པ་རྒྱ་སྐྱེགས་སོགས། ཀི་རྒྱ་ལ་ཡ་སྟེ་ཕུར་པའི་མིང་དུ་ཤེས། ཀུ་ཡ་དྲི་ཆུའི་ནང་ཡོད་ཀུ་བིཝ་མོ་རིགས་སྣོད་བྱེད་པ་བ་འབྲུ། ཀུ་ཤུ་ཤིང་ཏོག་ཀུ་རེ་རྩེད་མོ་དང༌། ཀུན་དོང་སྒོག་བཙོང་ཀུན་ད་མེ་ཏོག་དཀར་པོ་བ་སུ་ལ། ཀུ་མུད་ཏ་སྟེ་མེ་ཏོག་དཀར་པོ་ཟླ་བས་ཁ་ཕྱེ་བ་ཅན། ཀུ་ས་ལི་ནི་རི་སུལ་དགེ་བྱེད་མིང༌། ཀུ་ཅོ་ཆོ་ངེ་འདེབས་སམ་སྐད་ཆེ་བ། ཀུ་ཧུ་ཁུ་བྱུག་ཀུན་སློང་གཤིས་བཟང་ངན། ཀུངྐུ་གུར་གུར་ཀུན་ཀ་ཀུ་ཤ་རྩ་དང༌།
ཀེ༽ ཀེ་ཏ་ཀ་ནི་ཆུ་དྭངས་ནུས་ནོར་བུ་ཀེར་ལངས་བསྒྲེང༌། ཀེའུ་ཚང་བྲག་ཕུག་ཀེ་རྒྱལ་པོ་གསལ་རྒྱལ་གྱི་ཡུམ་ཀེ་རུ་ནོར་བུ། ཀེ་ལ་ཤ་གངས་ཀེང་རུས་རུས་ཆེན་ཀེག ཀེ་ཤ་འགྲེང་བུ་སྣ་རུ་གཉིས་རྩེག་ཅན། ཀེང་ཤུ་ཤིང་ཏོག་ཀེ་སར་ཟེའུ་འབྲུ་མཚུངས། ཀེང་ཙེ་ཕྱྭ་སྲས་ལོ་ཟླའི་འོག་གཉིས་ཀྱང་ཀེག་རྩུབ་དང༌།
ཀོ༽ ཀོང་བུ་རྐོང་བུའང་ཀོང་པོ་ཀོ་ས་ལ་གཉིས་ཡུལ། ཀོ་ལྡུམ་སྟག་བྱིལ་སྨན་དང་ཀོ་བ་དུད་འགྲོའི་ལྤགས། རང་དོན་ཀོར་ཙེ་ཀོ་ཀྲད་ལྷམ་ཀྲད་ཀྱང་ཀོ་གྱོང་འདྲ། ཀོང་ཙེ་འཕྲུལ་རྒྱལ་ཀ་སྐོ་ཡང་ཀོས་ཀོ་མ་ལེའི་གཤོངས། ཀཽཎྟ་ཤིའམྦཱི་མཛོད་ལྡན་དང་རྩྭ་ཀུ་ཤུ། ཀོང་ཀོང་དབྱིབས་དང་ཀོལ་མ་ཟན་དྲོན་མིང༌། ཀོའུ་ཤི་ཀ་དབང་ཆེ་བ་བརྒྱ་བྱིན་མིང་སོགས་མང༌། ཀོ་ཀེ་འབྲུག་དང་ཁུ་བྱུག་ལ་འང་བརྗོད། གཉིས་པ་ཀ་རྐྱང་དག་ལ་ཡ་འདོགས་ནི།
ཀྱ༽ ཀྱལ་ཀ་ཀུ་རེ་ཀྱལ་ཀྱལ་སྟོང་མྱུར་སྒྲ།
ཀྱི༽ ཀྱི་རི་འཁོར་ལོ་ཀྱི་ཧུད་མྱ་ངན་སྒྲ། ཀྱི་ལྕེ་སྔོ་སྨན་ཀྱི་ནི་ཚིག་ཕྲད་ཡིན།
ཀྱུ༽ ཀྱུར་ཀྱུར་སྐད་སྒྲོག་ཨ་བྷ་ལ་ཀྱུ་རུ།
ཀྱེ༽ ཀྱཻ་ནི་འབོད་སྒྲ་ཀྱེ་མ་སྙིང་རྗེའི་སྒྲ། ཀྱེ་ཧོ་ངོ་མཚར་་ཞང་སྐད་ཀྱེར་ཤུད་ཐེ་ཚོམ་སྒྲ།
ཀྱོ༽ ཀྱོང་ཀྱོང་དབྱིབས་དང་ཀྱོག་ཀྱོག་དྲང་པོ་མེད། གསུམ་པ་ཀ་རྐྱང་ར་སྟ་འདོགས་པ་ལ།
ཀྲ༽ ཀྲང་ངེ་ཙོག་བུ་ཀྲབ་ཀྲབ་རྐང་པས་འཁྲབ། ཀྲད་པ་ཀྲད་རུལ་རྙིང་པ་སོགས་ཀྱི་སྒྲ།
ཀྲི༽ ཀྲིག་ཀྲིག་ནན་ནན་ཀྲུང་ཀྲུང་ཁྲུང་ཁྲུང་མིང༌།
ཀྲོ༽ ཀྲོང་ཀྲོང་མིག་བལྟས་ཀྲོག་ཀྲོག་མགོ་རྣ་བ།
བཞི་པ་ཀ་ལ་ལ་བཏགས་ཡོད་པའི་རིགས།
ཀླ༽ ཀླད་ཀྱི་དོན་དང་ཀླུན་ཀའང་ཀླན་ཀ་སྙད་འདོགས་དང༌། འབྱམས་ཀླས་མཐའ་ཀླས་ཀླལ་གླལ་བ་ཁ་གདངས་བ། ཀླ་ཀློ་ཀླད་པ་ཀླད་ཀོར་སྟོད་སྟེང་དུ་མ་གོར་གོས་ཏེ། ཀླག་པ་ལྡག་པ་ཀླག་ཅོར་ཅ་ཅོ་མང༌། ཀླག་པ་ལྭ་བ་ཀླག་གླགས་ཀྱང་ལྟ་འགྲན་ཚད་པ།
ཀླུ༽ ཀླུང་སེ་གཞོན་ནུ་ཀླུང་རྟ་གོས་སོགས་ཀླུབས། ནགས་ཀྱི་ཀླུང་དང་ཆུ་ཀླུང་ས་འོག་ཀླུ།
ཀློང་༽ ཀློང་དཀྱིལ་དཔེ་ཆ་ཀློག་དང་ཀློག་པ་པོ། མཁའ་ཡི་ཀློང་དང་ཆུ་ཡི་རྦ་ཀློང་དང༌།
ལྔ་པ་ཀ་ལ་ཝ་ཟུར་འདོགས་པའི་རིགས།
ཀྭ༽ ཀྭ་ནི་ཐོག་བར་མཐའ་སྦྱར་འབོད་སྒྲའོ།
གཉིས་པ་འཕུལ་ལ་ད་བ་གཉིས་ཡིན་ཏེ། དང་པོ་དས་འཕུལ་རྐྱང་དག་དཀྱ་སྟེ། འདོགས་གཉིས་དང་གསུམ་དབྱངས་དབྱེ་རིམ་པར་སྟོན།
དཀ༽ དང་པོ་ཁ་དོག་དཀར་པོ་ཀ་རུ་འདྲ། དཀའ་ཐུབ་དཀའ་སྤྱད་དཀར་ཡོལ་དཀར་ཆག་ཐོ། དཀར་པོ་ཆིག་ཐུབ་གངས་སྐྱེས་ཐང་ཕྲོམ་ཟེར། རི་ཡི་དཀན་གཟར་དཀའ་ཚིག་མཆུ་ཡི་རྐན།གཟར། དཀར་གསུམ་ཟས་དང་དཀའ་འགྲེལ་གཞུང་དོན་བཀྲོལ།
དཀུ༽ སྟ་ཟུར་དཔྱི་ལ་དཀུ་དང་དྲི་ང་དཀུ། མཆི་མ་དཀུ་ཞེས་ངུ་བྲོ་བ་ཡི་མིང༌། དཀུ་མ་སྐེད་པ་རིང་ཐུང་འཚམས་པ་སྙོངས་ཤེས་དྲི་མ་བྱུག་པ་ལ། དཀུ་ཟླུམ་གྲོད་པ་རིལ་རིལ་དཀུ་སྐབས་ཕྱིན་ཞེས་མཚམས་ཕྱེས་པ།
དཀོ༽ དཀོན་མཆོག་དཀོན་ཅོག་ཤིན་ཏུ་དཀོན་པའི་བརྡ། དཀོན་ནོར་དཀོས་ཐག་ཉམ་ཐག་འགྲོ་བའོ།
དཀྱི༽ གཉིས་པ་དཀྱིལ་འཁོར་མཎྡྲལ་དཀྱིལ་དབུས་དབུས།
དཀྱུ༽ གཞུང་གི་དཀྱུས་དང་དཀྱུས་རིང་སྣ་རིང་བ། དཀྱུས་མ་གཞན་མ་དཀྱུས་ཐག་ཐག་གཅོད་པ། དཀྱུས་མོ་མགྱོགས་རྒྱུགས་དཀྱུ་ནི་རྟ་རྒྱུགས་པ།
དཀྱེ་༽ དཀྱེལ་ཆེ་ཞེས་པ་ཁོང་ཡངས་ཆེ་ལ་བྱ།
དཀྱོ༽ དཀྱོར་འབྱིན་པ་སྟེ་གཡོ་སྒྱུའི་ཀུན་སློང་ལ།
དཀྲི༽ གསུམ་པ་སྣལ་མ་དཀྱི་དང་ཀུན་ན་དཀྱིས། དཀྲིགས་འཁྲིགས་དཀྲིགས་ཕྲག་གྲངས་མིང་གོས་སོགས་དཀྲིས།
དཀྲུ༽ བསྟན་པ་དཀྲུགས་དང་གོང་འོག་ཐུགས་སོགས་དཀྲུགས། ཆག་གམ་དཀྲུམ་ལ་ཞོ་འོ་དཀྲུགས་པའོ།
དཀྲེ༽ དཀྲེ་ནི་ཕོ་མཚན་རྩེ་ཡི་ཏོག་ལ་ཟེར།
དཀྲོ༽ གཞན་བྱ་སོགས་དཀྲོགས་ནོར་རྫས་དཀྲོགས་མཆོད་སྦྱིན་བྱེད་པའང་ཏེ་སློག་པ་དང༌། དཀྱོང་བསྐྱེད་གཤང་དཀྲོལ་ཞོ་སོགས་དཀྲོགས་པར་བྱ།
གཉིས་པ་བས་འཕུལ་རྐྱང་བཀ་བཀྱ་བཀྲ་བཀླ། བཞི་ལ་དབྱངས་དབྱེ་སྡེ་ཚན་རིམ་པ་བཞིན།
བཀ༽ དང་པོ་བཀའ་བསྒྲག་བཀའ་ཁྲིམས་བཀའ་བསྒོ་དང༌། བཀའ་བློ་བསྐུུལ་བདེ་བ་བདེ་བ་བཀའ་དྲིན་སྣོད་སོགས་བཀང༌། བཀད་སའི་ཐང་དང་བཀའ་མཆིད་གཞུ་སོགས་བཀང༌། ལམ་སོགས་བཀག་དང་གནང་བཀག་ལག་པ་བཀན། གོས་སོགས་བཀབ་དང་ལོགས་སུ་བཀར་བ་དང༌། ཁལ་སོགས་བཀལ་དང་སྲད་བུ་ཁྲལ་སོགས་བཀལ། ཐགས་ཀྱི་བཀད་དང་མགོ་བཀད་སྐྲ་ལ་ཟེར། བཀའ་བགྲོས་བརྒྱད་བཀའ་བཀྱོན་བཀག་དུམ་བུར་བཀས་པ་དང༌།
བཀུ༽ མདུན་དུ་བཀུག་དང་བཀུར་སྟི་སྨན་སོགས་བཀུ། བཀུས་ཏེ་བཀུ་མཉེ་བྱ་དང་སྲོག་བཀུམས་པ། དྲི་མ་བཀུ་ཞེས་དྲི་མ་ཚ་འམ་ངན།
བཀོ༽ བཀོད་པ་མཛེས་དང་བདེར་བཀོད་གྲལ་སོགས་བཀོད། ཟུར་དུ་བཀོལ་དང་བྲན་བཀོལ་བཀོལ་སྤྱོད་དང༌། སྤ་བཅོམ་པ་བཀོང་འཁོན་དུ་བཀོན་དང་རྩ་བ་བཀོག
བཀྱ༽ གཉིས་པ་ངག་བཀྲལ་དོན་མེད་འདུ་འཛིའི་གཏམ། བཀྲིག་ཐག་བསྡོམ་དང་སྤྲུལ་པ་འོད་སྦྱིན་བཀྱེ།
བཀྱོ༽ བཀྱོན་པ་འབེབས་སམ་བཀའ་བཀྱོན་གནང་བའོ།
བཀྲ༽ གསུམ་པ་བཀྲ་ཤིས་བཀྲ་མདངས་རྣམ་པར་བཀྲ། བཀྲ་གསལ་རྒྱལ་པོས་བཀྲབས་འདེམས་པ་དང་མེ་ཏོག་བཀྲམ། དགོངས་པ་བཀྲལ་དང་ཁྲལ་དང་ཁྲིམས་སོགས་བཀྲལ། འགྲེལ་བ་བཀྲལ་དང་མཚམས་དང་མདུད་སོགས་བཀྲལ།
བཀྲི༽ བཀྲི་བར་བྱ་ཞེས་འཁྲིད་པའི་མིང་ཟླ་ཡིན།
བཀྲུ༽ ཆུ་ཡིས་བཀྲུ་བྱ་བཀྲུས་ཤེས་འདས་པའི་ཚིག
བཀྲེ༽ དབུལ་བའི་བཀྲེན་དང་ལྟོགས་པའི་བཀྲེས་པ་དང༌།
བཀྲོ༽ བསད་པའི་བཀྲོངས་དང་མདུད་དགོངས་བཅིངས་པ་བཀྲོལ།
བཀླ༽ བཞི་པ་གསུང་རབ་བཀླག་བྱ་བཀླགས་ཟིན་པ། གསུམ་པ་ར་ལ་ས་ཡི་མགོ་རྩེག་གསུམ། དང་པོ་ར་ཐོད་བཅིངས་པའི་ཀ་ཡིག་ལ། འཕུལ་མེད་འཕུལ་རྩེག་སྦྲག་རྩེག་གསུམ་ཡིན་ལ། དང་པོར་མགོ་ཅན་རྐ་འདོགས་པ་རྐྱང༌། གཉིས་པ་སྡེ་ཚན་རིམ་བཞིན་སྟོན་པ་ལ།
རྐ༽ དང་པོ་རྐང་འཐུང་ཤིང་ཆུ་རྐ་ཡ་རྐན་རྐང་པ།
རྐུ༽ རྐུབ་དང་རྐུན་མ་རྐུ་བ་བརྐུས་ཤིག་དང༌།
རྐོ༽ ས་རྐོ་སྤར་པར་རྐོ་རྐོ་བར་བྱེད་པ་དང༌། འདོད་རྐོམ་རྐོན་པ་བྱ་རྒྱ་ནད་རྐོང་པ། མར་མེའི་ཀོང་རྐོང་བུ་རྐོང་ཀོང་ཡུལ་མི་འདྲ་གཉིས།
རྐྱ༽ གཉིས་པ་རྐྱང་པ་ཆིག་རྐྱང་ཆང་རྐྱན་སྣོད། ཆུ་ལ་རྐྱལ་དང་རླིད་བུའི་ཅེས་པའང་སྦུག་ཤུན་རྐྱལ་པ་དང༌། རི་དྭགས་རྐྱང་དང་ལྡེམ་རྐྱང་ངོས་ལྐོག་མིང༌། རྐྱང་བཅད་སྐ་རགས་གན་རྐྱལ་ཕྱི་གན་འགྱེལ།
རྐྱེ༽ རྐྱེན་སྨན་རྐྱེན་རྩི་མཐུན་དང་མི་མཐུན་སོགས། རྐྱེན་ངན་རྒྱུ་དང་རྐྱེན་སོགས་༼རྐྱོ༽ཡན་ལག་རྐྱོང༌། གཉིས་པ་བ་ཡིས་འཕུལ་རྩེག་བརྐ་ལ་ནི།
བརྐ༽ འདོད་ལ་བརྐམ་དང་བརྐམ་ཆགས་ཅན་གྱི་མི།
བརྐུ༽ བརྐུ་བྱ་བརྐུ་བར་བྱ་དང་བརྐུས་ཟིན་དང༌།
བརྐོ༽ ས་དང་རྡོ་སོགས་བརྐོ་དང་བརྐོས་ཟིན་ཅིང༌། གསུམ་པ་འཕུལ་རྩེག་འདོགས་སྦྲག་བརྐྱ་ལ་ནི།
བརྐྱ༽ ཡན་ལག་བརྐྱང་དང་བརྐྱངས་ཟིན་ཟིན་སྲ་བརྐྱང་ཞེས། དགེ་འདུན་ན་བཟའ་བྱིན་ཆགས་པ་སོགས་གཏན་པ་ཡང་ཟེར། གཉིས་པ་ལ་མགོའི་ཀ་ཡིག་རེ་ཟུང་ནི།
ལྐུ༽ ལྐུགས་པ་༼ལྐོ༽ལྐོག་གྱུར་ལྐོག་བ་ལང་ཤལ་ལྐོག་མའོ། གསུམ་པ་ས་གཙུག་བཅིངས་པའི་ཀ་སྡེ་ལ། འཕུལ་མེད་འཕུལ་རྩེག་གསུམ་དབྱེ་སྟེ། དང་པོ་འཕུལ་མེད་དངོས་སྐ་སྐྱ་སྐྲ་གསུམ།
སྐ༽ དང་པོ་སྐལ་བཟང་ལྐལ་ལྡན་བགོ་སྐལ་སྐར་མ་སྐག འཛིན་བྱེད་སྐམ་པ་སྐམ་པོ་སྐབས་སུ་གནས་སྐབས་དང༌། སྐར་ཁུང་སྐ་རགས་བཅིང་དང་སྐད་གཏོང་བ། སྐལ་པ་རྒྱང་རིང་སྐལ་ཆེ་དབང་ཐང་ཆེ།
སྐུ༽ སྐུ་ལུས་སྤྲུལ་སྐུ་སྐུ་བརྙན་སྐུགས་རྒྱལ་བཞག སྐུངས་སྦེད་སྐུད་པ་སྣུམ་སྐུད་སྐུད་པོ་ཁྱོ། ཆུང་མའི་སྤུན་ནོ་སྐུལ་མ་དགེ་སྐུལ་བྱེད། སྐུན་བུ་ཀོང་བུ་དང་ནི་སློ་མ་ལ། སྐུར་པ་འདེབས་དང་སྐུར་གཤེ་དབང་སྐུར་ཅིག
སྐེ༽ སྐེད་རྐེད་ཀྱང་པ་སྐེ་མགྲིན་སྐེ་ཚེ་འབྲུ་རིགས་དང༌། སྐེམ་པོ་སྐུ་སྐེམ་ལུས་ཕྲ་རིང་བའི་དོན། སྐེད་རྐེད་ཆིངས་སྐེམ་བྱེད་གདོན་དང་རིད་པའི་སྐེམ། སྐེམ་པོ་སུལ་མང་ཨ་རུའི་རིགས་དག་གོ།
སྐོ༽ སྐོར་བ་བྱེད་དང་ཐུགས་དམ་སྐོང་བར་བྱེད། གོས་སྐོན་སྐོན་བུ་ཞེས་པ་གཞོང་པའི་མིང༌། རེ་བ་སྐོང་དང་ཁ་སྐོམ་ཇ་སོགས་སྐོལ། ཨོག་སྐོར་བྱ་སྐོན་བྱ་སྙི་ཁ་སྐབས་ཤིག སྐོགས་ཤུན་ཉེ་སྐོར་མཐའ་སྐོར་དགེ་སྐོས་དང༌། སྐོང་ཚེའི་གཟེབ་དང་སྐོབས་ཆུད་བྱ་བྱ་དཀར་ཚུད་ཀྱང་འདུག་དཀའ་ཟིན།
སྐྱ༽ གཉིས་པ་སྐྱ་བཏང་དང་རེངས་སྐྱ་རྒྱལ་ཡང་སྐྱར་དང༌། སྐྱལ་སྣུམ་ཞལ་བ་སྐྱ་འགམ་གྲི་ཡི་མིང༌། སྐྱས་འདེགས་ཆུ་བྱ་སྐྱར་མོ་ཁ་དོག་སྐྱ། སྐྱ་ཀ་བྱ་དང་སྐྱབས་གནས་སྐྱབས་སུ་འགྲོ། སྐྱ་རྦབ་ནད་དོ་སྐྱགས་ས་མེད་ཀྱང་པ་ཕྱི་སའོ། སྐྱ་ཁ་གྲུ་དབྱུག་གནས་སུ་སྐྱེལ་བྱེད་རྟ།
སྐྱི༽ སྐྱིལ་ཀྲུང་སྐྱིད་ཤོད་ཡུལ་དང་ཆུ་སྐྱིལ་བྱེད། སྐྱི་བ་ཚེར་སྐྱ་སྐུ་སྐྱིན་གོར་གངས་སྦལ་ད་བྱིད་རྩངས། སྐྱིས་པའི་སྐྱིན་ཚབ་སྐྱི་འདང་ཆུ་བོ་དང༌། སྐྱིགས་བུ་ནད་ལ་སྐྱིལ་པོ་ཁང་ཆུང་དང༌། སྐྱི་དཀར་ཀོ་བ་སྐྱི་གཡའ་བྱ་སྐྱིབས་བྲག སྐྱི་འཇིགས་མི་མཇེད་སྐྱིད་པོ་བདེ་སྐྱིད་ལྡན།
སྐྱུ༽ སྐྱུགས་འདས་པ་པ་སྐྱུང་ལྕུང་ཡང་ཀ་སྐྱུ་རུ་རོ་སྐྱུར། མཐེབ་སྐྱུ་སྐྱུ་རུམ་ཚོད་མ་སྐྱུ་གང་དང༌། ཇུ་གང་ཞེས་པ་ཉེ་འབྲེལ་ཟས་སྟེར་བ། སྐྱུག་བྲོ་བ་དང་སྐྱུར་དང་སྐྱུད་འདི་གཉིས། བརྗེད་པ་དང་ནི་བོར་བ་ཟད་པའི་དོན།
སྐྱེ༽ སྐྱེ་མེད་སྐྱེ་བོ་སྐྱེས་བུ་མ་ལས་སྐྱེས། རྩིས་ཀྱི་སྐྱེག་ནི་བརྡ་རྙིང་ཡིན་ཀེག་ཀྱང་ཏེ་སྐེག ངོ་སྐྱེངས་སྐྱེད་བྱེད་སྐྱེད་ཚལ་སྐྱེད་ཤིང་དང༌། སྨྲ་དང་མདའ་སྐྱེན་སྐྱེ་མཆེད་སྐྱེན་རྩི་དང༌། སྐྱེ་དམན་འདི་གཉིས་བུད་མེད་སྐྱེས་བཟང་སྟེར། སྐྱེད་མ་ཨ་མ་རྒྱ་སྐྱེགས་རྒྱ་ཚོས་དང༌། རི་སྐྱེགས་རི་སྐེག་བྱ་ནི་གོང་མོ་དང༌། མཆུ་སྐྱེགས་ཡ་མཆུའི་གཡས་གཡོན་སྐྱེས་པའི་སྤུ། ཆུ་སྐྱེགས་བད་ཀན་སྐྱུར་སྐྱུག་པ་ཟེར། སྐྱེ་ཚེ་ཚེར་ནག་སྐྱེར་སྐྱང་སེར་སྐྱ་དང༌། སྐྱེར་པ་གསེར་ཤིང་ཁ་དོག་སྐྱེར་ཁ་དང༌། གནས་སུ་སྐྱེལ་དང་གསེར་སྐྱེམས་བཏུང་བ་སྐྱེམས།
སྐྱོ༽ སྐྱོ་མ་ཟན་གཡོས་ཡིད་སྐྱོ་སྐྱོ་སུན་དང༌། འཚོ་སྐྱོང་བོན་སྐྱོང་ཆོས་སྐྱོང་ཉེས་སྐྱོན་དང༌། སྐྱོབ་བྱེད་སྐྱོབས་ཤིག་སྐྱོར་སྦྱང་ཡང་ཡང་བལྡབ། ས་སྐྱོར་གནམ་སྐྱོར་སྐྱོར་ལག་སོར་ཁ་བརྟག་པ་དང༌། བསྒུལ་སྐྱོད་རྒྱབ་སྐྱོར་ཆུ་སྐྱོམས་དཀྲུགས་པ་གནས་སུ་སྐྱོལ། སྲབ་སྐྱོགས་སྐྱོགས་གཟར་སྐྱོ་སྔོགས་ངོགས་ཀྱང་འཁྲུག་རྩོད་སློང༌། སྐྱོ་མ་ཕྲ་མ་སྐྱོས་ཤིག་གཞན་དུ་སྤོ། སྙན་སྐྱོས་ཚིག་སྙན་ཕྲ་མའི་བརྡ་རུ་གོ། སྐྱོར་འབྱིན་གཡོ་སྒྱུ་ཅན་ནམ་གྱ་གྱུ་ཅན། སྐྱོ་བསང་ཀུ་རེ་སྐྱོག་ཀྱོག་ཀྱང་ནི་ལུས་རྒུར་བ། སྐྱོས་པ་ཉམ་པ་སྐྱོར་སྐྱོར་སྐྱོར་མོ་ལུང༌།
སྐྲ༽ གསུམ་པ་སྐྲན་དང་སྐྲངས་པོ་བྲོ་སྐྲབ་པ། སྐྲ་བཞར་སྐྲག་དངངས་འཇིགས་སྐྲག་སྐྲངས་འབུར་དང༌།
སྐྲི༽ ཁག་སྐྲི་སྐྲིས་ཤིག་སྐྲི་ཤིག་ཐོངས་ཤིག་ཟེར།
སྐྲུ༽ སྐྲུན་པ་དགེ་རྩ་སྐྲུས་པ་ཤིང་སོགས་གཅོད།
སྐྲེ༽ སྐྲེས་པ་༼སྐྲོ༽ཌ་མ་རུ་སྐྲོག་ཕྱིར་ལ་སྐྲོད། འདི་ཡན་ས་མགོ་ཅན་རྣམས་ད་ལྟ་དང༌། བྱེད་ལས་སྐུལ་ཚིག་མ་གཏོགས་གཞན་མི་འཇུག གཉིས་པ་འཕུལ་རྩེག་བསྐ་ནི་འཇུག་པའི་ཡུལ།
བསྐ༽ བསྐལ་པ་དུས་དང་གནས་དང་ཡུལ་གྱི་བསྐལ། ཐུགས་དམ་བསྐངས་ཟིན་བསྐང་བྱ་བསྐང་ཡུལ་དང༌། བསྐ་བའི་རོ་དང་ཆུ་སོགས་བསྐམས་ཟིན་སྐམ།
བསྐུ༽ སྦས་པའི་བསྐུངས་ཟིན་བསྐུང་བྱ་བྱུག་པ་བསྐུས། བསྐུ་བྱ་ཡན་ལག་བསྐུམས་ཟིན་བསྐུམ་པར་བྱ། ལུས་ཀྱི་འགན་བསྐུར་དང་ཕྲིན་སོགས་བསྐུར། ཐུགས་དམ་བསྐུལ་དང་དགེ་ལ་བསྐུལ་བར་བྱ།
བསྐོ༽ བསྐོར་བ་བྱ་དང་མཐའ་ནས་བསྐོར་བ་དང༌། གོས་བསྐོན་བསྐོན་བྱ་རྒྱལ་སོགས་བསྐོས་ཚར་བསྐོ། གསུམ་པ་སྦྲག་འཕུལ་བསྐྱ་བསྐྲ་གཉིས་ཡིན་ཏེ།
བསྐྱ༽ དང་པོ་དྲིན་གྱིས་བསྐྱངས་ཟིན་བསྐྱང་བྱ་བསྐྱང༌། བསྐྱད་དུ་མི་ཚུགས་བསྐྱར་དུ་མེད་གཉིས་འདྲ། བསྐྱབས་ཟིན་བསྐྱབ་བྱ་ཇ་སོགས་བསྐྱམས་གྲུབ་བསྐྱམ། སླར་ཡང་བསྐྱར་བ་གནས་སུ་བསྐྱལ་གྱུར་དང༌། བསྐྱས་འཕོ་ཤི་དང་གྲོང་པ་ལས་སོགས་འགྲོ།
བསྐྱི༽ ནོར་སོགས་བསྐྱིས་ཟིན་བསྐྱི་བྱ་བསྐྱིན་པ་འཇལ། ཆུ་སོགས་བསྐྱིལ་ཟིན་བསྐྱིལ་བྱ་བསྐྱིལ་བར་བྱ།
བསྐྱུ༽ བསྐྱུང་དང་བསྐྱུངས་ཟིན་བྱ་བ་ཉུང་བཏང་བརྡ། བསྐྱུད་པའི་བརྗེད་པ་ལས་འཕྲོ་གཏོར་ལུས་བསྐྱུར།
བསྐྱེ༽ སེམས་བསྐྱེད་ལྷ་བསྐྱེད་བསྐྱེད་རིམ་བསྐྱེད་པར་བྱ།
བསྐྱོ༽ གནས་ནས་བསྐྱོད་དང་ཞབས་བསྐྱོད་རྟ་ལ་བསྐྱོན།
བསྐྲ༽ གཉིས་པ་གནས་ནས་བསྐྲད་དང་༼བསྐྲུ༽བསྐྲུན་བསྐྱེད་དམ། བཙུགས་པའི་དོན་དང་ཟད་ལ་བསྐྲུ་བ་སློང་བ་དང་བསྐྲུས། ཞེས་པ་ཐབས་ཀྱིས་འབྲིད་པར་བྱ་བ་འདས། བ་འཕུལ་ས་མགོ་ཅན་རྣམས་འདས་པ་དང༌། མ་འོངས་བྱ་བ་རྣམས་ལས་གཞན་དུ་མིན། །

༼ཁ༽
གཉིས་པ་ཁ་ཡིག་རྐྱང་དང་འཕུལ་གཉིས་ལ། དང་པོ་རྐྱང་དང་ཡ་ར་ཝ་འདོགས་བཞི།
ཁ༽ དང་གནས་ཆེན་ཁ་བ་དཀར་པོ་དང༌། ཁ་བ་གངས་དང་ཁ་དོག་ཞལ་གྱི་ཁ། ཁ་གཅིག་ཁ་ཤས་ཁ་གྱེས་ཁ་ཟས་དང༌། མི་བྱེད་ཁ་མེད་ཁ་ཆེམས་ཁམས་ལ་འཕྲོད། ཁམ་བུ་ཤིང་ཏོག་ཁ་ཤག་འགྱེད་པ་དང༌། ཁ་ལོ་སྒྱུར་བྱེད་ཞིང་ཁམས་ལོ་འཇིག་རྟེན་ཀའི་ཁམས། ཁམས་གསུམ་ཁ་འཁོར་ཁས་འཆེས་ཁས་བླངས་ཟིན། ཁམ་མདོག་ཁཎ྄ཊ་ཁག་ཐེག་ཁད་ཀྱི་མུས། རྒྱལ་པོའི་ཁབ་སྟེ་བཙུན་མོའི་ཕོ་བྲང་ལ། ཁབ་ལེན་རྡོ་དང་ཚེམས་ཁབ་ཁལ་འགེལ་བྱེད། ཁ་ཊཱཾ་ཀ་དང་ཁ་དུམ་ཁ་ཕྱིན་ཞེས། གྲོས་མཐུན་པ་འོ་ཁ་ཁར་ཁྱེར་བ་དང༌། འཛུམ་ལ་ཁད་དང་ཁལ་དུ་ཁོལ་ཅིག་དང༌། ཁ་ཕྱེ་ཁ་འབུས་ཁ་སྦུབ་ཁ་རོག་སྡོད། ཁ་བྱང་ཁ་སྤུ་ཁ་ཤའི་ནང་མཚུལ་ཁ་ཆད་བྱ། ཁ་སྐོང་ཁང་ཁྱིམ་ཁམས་བདེ་སྤར་ཁ་ཁམ། ཁ་བཏགས་ཁ་གཡོགས་ཁ་སང་ཁ་རུ་ཚ། ཁ་ཚར་ཁ་ཁྱེར་ཁ་སྦྱོར་ཁ་གདངས་པ། ཁ་མཆུ་གྱོད་དང་རི་དྭགས་ཁ་ཤ་བཅས།
ཁི༽ ཁིང་ལོག་ངོ་ལོག་བྲན་བུ་ཁར་མི་ཉན།
ཁུ༽ ཁུ་བྱུག་ཁུ་འཕང་ཁུ་ཡེ་ཕྱྭ་གཡང་འགུག ཁུ་ལེ་ལག་དགུ་འགོང་པོ་ཁུག་ཅིག་དང༌། དལ་གྱི་ཁུག་སྣ་ཁུགས་སོ་ས་ཁུགས་དང༌། འཁྱིལ་ཁུགས་ཁུང་བུ་བུ་ག་བྱུང་ཁུངས་དང༌། ཁུ་ཚུར་སོར་བསྡོམ་ཁུ་བ་ཐིག་ལེ་སྟེ། ཁུ་བོ་ཁུག་རྟ་ཆར་སྡོད་བྱེའུ་འོ། ཁུག་མ་རས་སོགས་ཁུད་གཞན་ལ་མེད་པའི་ཁྱད་བོན་པ་སྐྱེས་མ་རྫོངས། ཁུར་འས་འཕུལ་ཡང་ཚོས་ཁུར་ཞ་སེར་མེ་ཏོག་མང་ཁུར་པོ་ཁུར་བ་དང༌། ཁུད་དུ་བྱས་ཏེ་ཟུར་དུ་བྱས་པ་དང༌། ཁུར་བ་ཟས་དང་ཁུང་ཉལ་ཕྱི་བ་སོགས།
ཁེ༽ ཁེ་རྣམ་ཁེ་དྲག་ང་རྒྱལ་རང་འདོད་ཅན། ཁེངས་པ་ཡོད་མེད་ང་རྒྱལ་ཡོད་མེད་བརྡ། ཁེ་འཚོང་བྱ་དང་ཁེབས་འགེབས་སྣོད་སོགས་ཁེངས། ཁེར་རྐྱང་ཁེམས་སམ་ཁེམས་ཏེ་ས་འཕོ་བྱེད། བློ་ཁེལ་རྡིང་ཁེལ་བརྟན་ཁེལ་ལ་སོགས་མང༌།
ཁོ༽ ཁོ་བོ་བདག་དང་ཁོ་རེ་ཁོ་ན་ཉིད། ཁོ་ར་ཁོར་ཡུག་ཁོ་ལག་ཡངས་པ་དང༌། ཁོག་པ་སྟོད་ཁོག་སྨད་ཁོག་ཤ་ཁོག་དང༌། ཁོང་ཆུད་ཁོང་ཁྲོ་ཁོང་སྟོང་ཁོང་འགྲས་ཆེ། ཁོན་འཛིན་ཁོངས་སུ་གཏོགས་དང་ཁོལ་བྲན་པོ་བ། འདུན་པའི་ཁོས་དང་དལ་ཁོམ་ཁོད་སྙོམས་པ། ཁོལ་མོ་གཤང་དང་དྲིལ་བུ་སོགས་ལ་འཇུག ཞེ་སའི་ཁོང་དང་སྤར་ཁ་ཁོན་ཁེན་དང༌། ཁོང་མོ་འབྲོང་དང་ཁོལ་མ་སྐར་ཁུང་མིང༌། ཁོན་བཅུག་མི་མཛའ་ཁོང་སྙོམ་མི་དགའ་བ། ཁོང་པ་ཁོག་པ་འདྲ་སྟེ་ཁོ་ལྷོག་དང༌། ཁོང་འབྲས་ནད་ངོ་ཤིང་སོགས་ཁོས་ཤིག་དང༌།
ཁྱ༽ གཉིས་པ་ཁྱད་པར་ཁྱད་འཕགས་ཁྱད་ཐོན་དང༌། ཁྱད་ཆོས་ཁྱད་བོན་ཁྱད་གསོད་ཁྱད་འབྱིན་གྲངས། ཁྱད་བདག་ཁྱབ་བྱེད་ཁྱབ་འཇུག་ཀུན་ལ་ཁྱབ། ཁྱབ་འགྲོ་གཡོག་དང་ཁམས་ཁང་མི་ཁྱགས་ཁུར།
ཁྱི༽ ཁྱིམ་ཁང་ཁྱིམ་བདག་ཁྱིམ་པ་ཁྱི་ར་བ། ཁྱི་དང་ཁྱིམ་ཐབས་བུད་མེད་ཁྱིམ་བཅུ་ཁྱིགས་ཤིག་སོགས་གཉིས། ཁྱི་ལ་ཝ་རི་ལྟོ་ཇ་སེང་ཁན་མཚུངས། གུར་ཁྱིམ་གདུགས་ཁྱིམ་ཁྱིམ་མཚེས་ཁྱིམ་ཚལ་ལོ།
ཁྱུ༽ ཁྱུ་མཆོག་གླང་པོ་ལུག་ར་རྟ་ཁྱུ་སོགས། ཁྱུད་འཁོར་སྙན་དང་མུ་ཁྱུད་ཁྱུད་མོ་འཁོར། བྱ་རྒྱལ་ཁྱུང་དང་ཁྱུང་སྡེར་ཁྱུང་སྐྱུག་ཅེས། སྨན་དང་རིན་ཆེན་ཁྱུགས་ཁྱུགས་འཁྱུག་པ་སོགས།
ཁྱེ༽ ཁྱེའུ་ཁྱེད་ཀྱི་ཁྱེར་དང་གྲོང་ཁྱེར་སོགས།
ཁྱོ༽ ཁྱོ་ག་ཁྱོ་ཤུག་བཟའ་ཚོ་ཁྱོད་ཅག་ཁྱོར་བ་བཟེད། རྒྱ་ཁྱོན་ཁྱོན་བསྡོམ་ཁྱོན་ཆེ་ཡར་ཁྱོགས་ཤིག
ཁྲ༽ གསུམ་པ་ཁྲ་ཐེར་ཅོག་གུ་ཁྲང་ཁྲང་སྒྲ། ཁྲམ་པ་གཡོ་སྒྱུ་ཅན་ཏེ་ཁྲ་ནི་བྱ། ཁྲམ་ཁྲུམ་བརྡུང་ལ་ཁྲལ་འགེལ་ཁྲག་གི་མཚོ། ཁྲག་ཕྲག་ཕྲིག་ཁྲིག་གྲངས་དང་ཁ་ཁྲོ་ཅན་སྤྲོ་ཐུང༌། ཁྲམ་རིས་ཁྲབ་རྨོག་ཁྲ་གེ་ཁྲུ་གེ་ཅེས། ཙ་གེ་ཙུ་གེ་དོན་གཅིག་རྫ་ཁྲ་བོ།
ཁྲི༽ ཁྲི་ཕྲག་ཁྲི་རྐང་ཁྲག་ཀྱང་ཕྲག་ཁྲིག་གྲངས་ཀའོ། ཁྲིགས་གཅོད་གདམས་པ་ཁྲིགས་སུ་བསྒྲིགས་ཟིན་དང༌། ཁྲི་གདུགས་ཉི་མ་ཡར་ཁྲིད་ཁྲིགས་ཆགས་གྲལ་སོགས་གནས། ཆོག་ཁྲིག་ཁྲིམས་ལུགས་ཚུལ་ཁྲིམས་ཁྲིས་སུ་ཆིངས་ཀྱང་འཇགས།
ཁྲུ༽ ལག་པའི་ཁྲུ་དང་ཁྲུང་ཁྲུང་ཁྲུས་གསོལ་བ། འཁྲུད་བྱེད་ཁྲུས་ཤིག་སྐར་མ་ཁྲུམས་སྟོད་སྨད། ཁྲུད་རིང་དཀྱུས་རིང་ཁྲུང་ཆང་ཞེས་ཞེ་ས། ཁྲག་ཁྲུག་དཔེ་ཆ་འཛིངས་དང་ཁྲུག་གེ་ཞེས།
ཁྲེ༽ ཁྲེལ་མེད་ཁྲེས་པོ་ཁུར་པོ་དཔངས་མཐོ་ཡང༌། ཁྲེའུ་འབྲུ་རིགས་ཞེ་ཁྲེལ་ལ་སོགས་སོ།
ཁྲོ༽ ཁྲོ་བ་ཁྲོ་གཏུམ་ཁྲོ་བོ་ཁྲོས་པ་དང༌། ཁྲོ་མོ་ཁྲོན་ཆུ་དོང་ཆ་མང་པོའི་ཁྲོད། དུར་ཁྲོད་ཁྲོ་སྣོད་སིལ་ལྕགས་ཀྱི་རོལ་མོ་ཁྲོ་ཁྲོག་རླག་དང༌། ཁྲོལ་བུ་སྨན་སོགས་ནང་ཁྲོལ་ཁྲོལ་ཚགས་དང༌། མང་ཚོགས་ཁྲོམ་འདུས་ཁོང་ཁྲོ་ཁྲོ་གཉེར་ཅན།
ཁྭ༽ བཞི་པ་ལྷོ་རོང་ལ་གནས་བྱ་ཁྭ་ཏ། གཉིས་པ་འཕུལ་ལ་མ་འ་གཉིས་ཡིན་ཏེ། དང་པོ་མ་ཡིས་རྐྱང་འཕུལ་མཁའ་དང་ནི། མཁྱ་མཁྲ་འདོགས་གཉིས་དང་བཅས་གསུམ་ཡིན་ཏེ།
མཁ༽ དང་པོ་མཁའ་དབྱིངས་ནམ་མཁའ་མཁའ་ཀློང་དང༌། མཁའ་སྤྱོད་མཁའ་འགྲོ་མཁར་ཁང་མཁར་སྒོང་རྡོ། མཁས་པ་མཁན་པོ་མཁན་པ་བསང་ཞུ་མཁན་སྨན། མཁའ་མ་མཁལ་ཞོ་མཁར་གསིལ་མཁར་བ་དབྱུག
མཁུ༽ མཁུར་ཚོས་མཁུར་འཛུམ་དོན་གཅིག་མཁུར་བའོ།
མཁོ༽ མཁོ་ཆས་མི་མཛའ་བའམ་ལོགས་སུ་བཞག་པ་ཉེར་མཁོ་མཁོས་ཕབས་མཁོས་ཞན་པ། མཁོན་ཐབ་བྱུར་ཆགས་ཤ་འཁོན་སྲོག་ལན་ཆགས།
མཁྱུ༽ དཔེ་མཁྱུད་སེར་སྣས་མན་ངག་སྦས་དང་པའམ་སྦས་ན་མཁྱུད་སྤྱད་དོ།
མཁྱེ༽ གཉིས་པ་མཁྱེན་པ་རྒྱས་དང་མཁྱེན་བརྩེ་ལྡན།
མཁྲ༽ གསུམ་པ་མཁྲང་ནི་སྲ་མཁྲང་ཆེབའོ།
མཁྲི༽ ལག་པའི་མཁྲིག་མ་ནང་ཁྲོལ་མཁྲིས་པའོ།
མཁྲེ༽ སྲ་བའི་མཁྲེགས་དང་མཁྲགས་པ་ཞེས་སུ་བརྗོད། གཉིས་པ་འས་འཕུལ་ཁ་ཡིག་འཇུག་པའི་གཞི། དངོས་དང་འདོགས་གཉིས་འཁ་འཁྱ་འཁྲ་གསུམ་སྟེ།
འཁ༽ དང་པོ་གནད་བསྐུལ་འཁང་ཚིག་གཞན་ལ་འཁང༌། འཁར་མཁར་ཡང་དབྱུག་འཁར་རྔ་འཁམས་པ་བརྒྱལ་བའི་བརྡ། ཟུར་དུ་འཁར་དང་སྐུད་པ་འཁལ་བ་དང༌། རིན་རིགས་འཁར་བ་༼འཁུ༽འཁུ་ནི་འགྲན་པའི་དོན། དབུགས་འཁུན་འགན་འཁུར་གོང་དུ་ཁྲལ་གཡོག་ཏུ་འཁུལ་བློ་འཁུམས་སྐྲག ཡན་ལག་འཁུམ་དང་གྲོ་ཡི་འཁུར་བ་བཟའ།
འཁོ༽ འཁོས་ཀ་ཉ་དང་བྱ་བའི་འཁོབས་ཁྱབ་པའི་དོན་ཆེ་ཆུང༌། མཐའ་འཁོབས་ཡུལ་དང་རྒས་འཁོགས་རུས་མིང་འཁོན། བདེ་ལ་འཁོར་དང་འཁོན་འགྲས་ཞེ་འཁོན་དང༌། འཁོར་ལོ་འཁོར་བ་མགོ་འཁོར་འཁོར་གཡོག་དང༌། མེས་ཆུ་འཁོལ་ལས་གོམ་འགྲིས་འཁོབས་སེམས་གཡོག་འཁོལ་བློ་གཡུང་བརྟན། འཁོར་གཏན་སྒོ་ཐེམ་འཁོར་བཅས་འཁོར་གསུམ་སྐོར།
འཁྱ༽ གཉིས་པ་གྲང་འཁྱགས་གཞན་འབྱར་འཁྱམས་ངག་ཚིག་འཁྱལ།
འཁྱི༽ ཐག་པས་འཁྱིག་བྱེད་གདུགས་འཁྱེར་ཉི་མའི་འཁྱིམས། ཆུ་འཁྱིལ་མཁྱིད་ཀྱང་འཁྱིད་གང་དུང་དཀར་གཡས་སུ་འཁྱིལ།
འཁྱུ༽ ལག་པས་འཁྱུད་དང་གློག་འཁྱུག་བསྐྱུར་བས་ཁྱུར། བྲོས་པའི་འཁྱུས་དང་༼འཁྱ༽གནས་སུ་འཁྱེར་བར་བྱེད།
འཁྱོ༽ འཁྱོག་པོ་འཁྱོག་འགྲོ་ལག་པའི་འཁྱོར་བ་དང༌། ཆུ་འཁྱོམ་ཡོ་བ་མགོ་མཇུག་འཁྱོངས་བར་གྱིས། མ་འཁྱོལ་མ་ཕྱིན་འཁྱོལ་ནི་འགྲོ་ཚུལ་གཡོ།
འཁྲ༽ གཉིས་པ་འཁྲས་འཁྲ་སར་དང་བྲོ་འཁྲབ་ནང་དུ་འཁྲན།
འཁྲི༽ འཁྲི་ཤིང་ཁྲལ་འཁྲི་སྤྲིན་འཁྲིགས་ཕོ་མོ་འཁྲིག ཞེན་འཁྲི་ཆགས་སེམས་འཁྲིས་སུ་སྐྱེ་བའི་ཤིང༌། གནས་སུ་འཁྲིད་དང་གཉིས་མེད་འཁྲིལ་སྦྱོར་དང༌། ལུས་ལ་འཁྲི་དང་བྲེད་ནས་འཁྲིམས་ཤེས་འཁམས།
འཁུ༽ སྐུ་འཁྲུངས་འཐབ་འཁྲུག་དམག་འཁྲུག་འདུ་བ་འཁྲུག འཁྲུགས་ཟིན་ཀུན་ལ་ས་མཐའ་སྦྱར་ཡང་ཆོག དྲི་མ་འཁྲུད་དང་འཁྲུ་བ་བཤལ་བ་འདྲ། ནོར་འཁྲུལ་འཁྲུལ་རྟོག་འཁྲུན་རིང་དཀྱུས་རིང་དང༌། འཁྲུན་ཐག་ཆོད་ཅེས་བཟང་ངན་ཐག་ཆོད་པ། སྲིད་པའི་འཁྲུན་པ་འཁོར་བའི་གཞུང་ལུགས་སོ།
འཁྲེ༽ སེམས་འཁྲེང་ཆགས་སེམས་ཁྱིམ་ལ་འཁྲིན་ཞེས་ཆགས།
འཁྲོ༽ རོལ་མོ་འཁྲོལ་དང་བཅིང་འཁྲིལ་འཁྲོས་ཚུལ་སོགས། །

༼ག༽
གསུམ་པ་ག་ཡིག་སྡེ་ཚན་རྐྱང་པ་དང༌། འཕྲུལ་རྩེག་གསུམ་སྟེ་དང་པོ་རྐྱང་པ་དང༌། ཡ་ར་ལ་ཝའི་འདོགས་ལྔ་དང་དང་པོ་རྐྱང༌།
ག༽ ག་དར་བྱེད་དང་ག་གེ་ཡུལ་སྤྱི་སོགས། ག་པུར་སྨན་དང་ག་ཞ་བཞད་བགད་དང༌། གར་ཆང་ཆང་བསྐ་གང་ཟག་སྣོད་གང་བ། གང་ཞིག་གང་དག་གངྒ་ཆུང་ནི་སྨན། གང་བུ་ཅན་འབྲུ་ཁྱི་ནད་གག་པ་ནད་ཀྱི་མིང༌། གལ་མེད་གན་སྐྱལ་གལ་ཆེན་གལ་དུ་བསྒྱུར། ག་ཤ་སེ་རལ་གང་སྟོངས་ཡོད་མེད་དང༌། ག་ཅི་ཞང་སྐད་འགག་པ་དངུལ་གའུ། ག་པ་ག་ཞུར་གངྒ྄་ཆུ་བོ་དང༌། གད་མོ་དགོད་བྱེད་གད་སྙིགས་གབ་ཚེའང་ཚེ་རྩིས། གབ་ཚིག་གམ་དུ་ཉེ་སྐོར་གར་སོང་འདྲི། གར་མཁན་གལ་ཏེ་ལུག་གལ་ལྟ་བུའི་མཚོན། ག་ག་གཡའ་སྒོག་ག་གོན་ཞ་ཉེའི་མིང༌། གང་དང་གག་ནི་སྤྱི་སྒྲ་རྒྱ་གར་ཡུལ། གལ་རྙི་སོགས་བཟུང་སུན་འབྱིན་ག་ཆད་ཐང་ཆད་པ། གར་ཡང་ཐོད་ཐོད་རྒྱ་མི་བྱ་ཚོད་ལ་བལྟ། གཉ྄ཛ་ར་སྟེ་མཛོད་ལྡན་གནྡྷི་ནི། རིན་ཆེན་རིགས་གཅིག་ག་ཤེད་ཟུར་ཞིག་ཏུ། གར་བུ་ཁོང་སྟོང་མེད་པའི་གྲུ་བཞི་ཟེར། ག་ལ་བ་དེར་སོང་སླེབ་ཤིང་སོགས་གས། གལ་གྱི་ནན་གྱིས་འདྲ་ལ་ག་གེ་ཆེ་གེ་མོ།
གི༽ གི་ཝམ་གིང་མིང་རྒྱ་སྐད་ཀིངྐི་ར།
གུ༽ གུ་གུལ་གུར་གུམ་སྨན་དང་གུ་གེའི་ཡུལ། ཉིན་གུང་ནམ་གུང་གཅན་གཟན་གུང་དང་དྲེད། རུས་མིང་གུང་པ་དང་གུ་དོག་མི་ཡངས་པ། གུར་ཐབས་གུར་ཁང་གུར་བུ་དབྱིབས་གྲུ་བཞི། གུན་བསབ་གུད་པ་རྒུད་པ་གུམ་ནི་ཤི། གུ་ར་ཞང་སྐད་ཡོན་ཏན་དང་ནི་འཁོར། གུས་པ་འབུལ་དང་རྩེ་གུག་གུང་འཛུབ་བཅས།
གེ༽ གེ་སར་ཟེའུ་འབྲུ་གླིང་གི་རྒྱལ་པོ་གེལ་བ་ཤིང༌། ཡི་གེ་མུ་གེ་གེར་མ་རག་མའོ། གེ་ཁོད་བདུད་འདུལ་གེགས་ནི་བར་གཅོད་དོ།
གོ་༽ གོ་ཆ་གོ་བགོས་གོས་གྱོན་གོ་བ་སྐྱེ། གོང་འོག་གོ་རིམ་གོ་སྙོད་གོ་བཟློག་ལོག གོ་སྐབས་ཡོད་མེད་ལམ་གོལ་གོ་འཕང་མཐོ། གོ་འབྱེད་གོ་བར་བྱེད་དང་གོ་རྫོགས་པའང་རེ་ལོང༌། ཕྱག་འགཡོག་ལས་བྱེད་གོའུ་ཏ་མའང་གོ་ཏམ་ཤག་ཐུབ་མཚན། གོ་ར་བཙོན་ར་དང་ནི་ཟླུམ་པོའི་བརྡ། གོ་གཅིག་གྲངས་སོགས་གོམས་འདྲིས་གོམ་རླབས་ཅན། གོར་མ་རྡོ་དང་གོར་ལུས་ཆགས་དུས་གོར་གོར་མ་ཆག གོར་མ་བཀུམ་གཉིས་ཐེ་ཚོམ་མེད་མིང་ཡིན། ཉི་ཟླའི་གོ་ལ་མཁའ་དབྱིངས་གོར་མོ་སྡང་བའི་སེམས། གོ་བོ་གོང་མོ་གོང་མ་སྲེག་རྣམས་བྱ། གོད་ཁ་མ་གོད་སྦྱིན་པ་གོ་ས་མཐོ། གོ་ཡུ་གོ་བྱེ་གཉིས་སྨན་གོར་བུ་ལྕགས། གླ་གོར་ཞོ་ཤ་གོ་ཞུབ་ཁྲབ་རྨོག་གྱོན། གོར་མ་ཞེས་པ་ཟག་མ་ལྷག་མའི་བརྡ། གོང་བུ་ལུགས་གཅིག་གོ་ལབ་བྱ་བ་བསླབ། གོ་པན་རོལ་མོ་གོལ་མ་ཟན་དྲོན་མིང༌། བག་ཆགས་མ་གོས་གོ་ཐོས་གོ་མེད་ལ།
གྱ༽ གཉིས་པ་གྱ་ཐོ་རྣ་རྒྱན་གྱ་བ་ཉམས། གྱག་པ་བརླག་པ་གྱ་ཚོམ་ལ། གྱད་ནི་སྟོབས་ཆེན་གྱ་བ་ཉེས་པའི་མིང༌། གྱ་མ་ཉེས་འདྲ་གྱ་ནོམ་ཚིམས་པ་ལ། ཡ་གྱལ་ཟླ་མེད་གྱང་རྩིག་གྱ་གྱུ་ཅན། གྱ་ནོམ་སྣང་བ་ལྷ་དང་ལྷུ་གྱལ་འདྲུལ། གྱ་ཡ་ཅིག་ཤོས་གྱ་གཅིག་སོགས་གྲངས་ཀ
གྱི༽ གྱི་ལིང་རྟ་དང་གྱི་ན་བ་དམན་མིང༌། གྱིམ་ཤིང་རོལ་མོ་དང་ནི་ཆུ་ནག་འཇུག གྱིས་ཤིག་བསྐུལ་ཚིག་གྱི་ནི་འབྲེལ་སྒྲའོ།
གྱུ༽ གྱུར་ཅིག་གྱུར་པ་གྱུར་མིད་གྱུ་བ་འཕུལ་བའང་བཀུར།
གྱེ༽ གྱེན་འདྲེན་གྱེན་འདེགས་སོ་སོར་ཁ་གྱེས་པ།
གྱོ༽ མཁྲང་བའི་གྱོང་དང་གྱོད་དང་གོས་སོགས་གྱོན། གྱོས་པོ་མག་པའི་སྤུན་ཆེ་གྱོག་ཆེན་མི། གྱོ་མོ་ས་ཕག་གྱོང་རལ་ཀོ་གྱོང་སོགས།
གྲ༽ གསུམ་པ་གྲང་འཁྱགས་གྲང་ནད་ཤིང་གྲ་མ། སྙེ་མའི་གྲ་སྤུ་གྲ་རྩེ་གྲངས་རྩིས་སྙན་འཇིག་རྟེན་ན་གྲགས་པའང་གྲགས་ཆེ། ལོ་གྲགས་ཟེར་གསུམ་ནང་ཚན་ཞེས་སུ་གྲག འབྲུག་སྐད་གྲག་གྲ་འགྲིག་སྟ་གོན་གྲབས་སུ་བྱ། གྲལ་འཚོགས་གྲམ་པ་གྲྭ་ས་ཆོས་གྲྭ་སོགས།
གྲི༽ གྲིབ་གདོན་གྲིབ་མ་གྲི་དང་གྲི་གུག་དང༌། གོས་ཀྱིས་གྲིལ་དང་རིག་ལས་སྐུད་པ་གྲིམས།
གྲུ༽ གྲུ་གཟིངས་གྲུབ་ཐོབ་དངོས་གྲུབ་ཡུལ་ཐ་གྲུ། གྲུ་བཞི་ནམ་གྲུ་མོན་གྲུ་སྐར་མ་སྟེ། གྲུལ་བུམ་གནོད་སྦྱིན་རིག་པ་སྤྱང་པོའི་གྲུང༌། གྲུམ་པ་སྲོག་ཆགས་ཆག་གྲུམ་གྲུགས་པ་འདྲ། གྲུམ་བུ་ནད་དང་གྲུ་ཆར་སྦྲང་ཆར་བབས། གྲུབ་པ་ལས་ཟིན་གྲུ་ཚིགས་གྲུམ་ཙེ་དང༌། གྲུབ་མཐའ་གྲུ་གསུམ་གྲུ་པོ་ཏ་ལའི་རི་འཛིན་གྲུ་ཆད་དོ།
གྲེ༽ གྲེ་སྐར་གྲེའུ་མོན་སྲན་གྲེ་བ་མགྲིན།
གྲོ༽ གྲོ་ག་གྲོ་ཤུན་གྲོ་བཞིན་སྐར་མ་དང༌། འབྲུ་གྲོ་གྲོ་མ་རིམ་གྲོ་རྒྱུ་གྲོན་ཆེ། རྒྱུད་དང་གནད་མདུད་པ་སོགས་གྲོལ་གྲོག་རོང་གཅོང་རོང་འདྲ། གྲོག་ཤིང་གྲོག་ཞིང་གྱོང་ལོགས་རྩ་ཕྲན་ཟེར། གྲོན་ཅན་སྣུམ་ཟས་གྲོད་པ་ཕོ་བ་སྟེ། མཆེད་གྲོགས་གྲོགས་པོ་གྲོས་བསྡུར་འབུ་གྲོག་མིག་མེད་མ། གྲོང་ནི་བཅུ་ཕྲག་ཁྱེར་བརྒྱ་ཕྲག་དང༌། གྲོང་བརྡལ་སྟོང་ཁྲི་འབུམ་སོགས་གྲོ་ཁ་ཟས། བློ་གྲོས་གྲོངས་ནི་ཤི་ཟིན་གྲོས་བློན་བཅས།
གླ༽ བཞི་པ་གླ་བ་གླ་རྩི་གླ་རྔན་དང༌། གླ་སྒང་གླ་གོར་ཞོ་ཤ་གཉིས་སྨན་གླལ་བ་གཡས། གླགས་སྟ་ལོག་འདྲེན་གླགས་ཁ་གླགས་མི་འགྲོ་མཚམས་རྙེད། བླ་ཁྱི་གླག་གམ་གླག་ཕོ་ནད་གླང་ཐབ་གླང་ཤུ་དང༌། གླང་ཆེན་གླང་བུ་གླམ་པ་སྣམ་བུ་མཐུག གླང་མ་ཤིང་དང་ལྷན་པ་ལན་གླན་ནམ་བླན།
གླི༽ གླིང་བཞི་གླིང་བུ་རྒྱ་གླིང་འཛམ་གླིང་ངོ༌།
གླུ༽ གླུ་དབྱངས་སྐུ་གླུད་ཐར་གླུད་ཆང་གླུམ་བཅས།
གླེ༽ གླེགས་བམ་ཡི་གེ་རལ་པའི་གླེགས་བུ་དང༌།ཆོས་གོས་དང་ཐོར་ཅོག སྒོ་གླེགས་སྒོ་འཕར་གཏམ་གླེང་གླེང་ལང་གླེན་པའི་མི། གླེས་ལ་བོར་ཏེ་དང་དུ་མི་ལེན་པ། ལེབ་མོར་གླེབས་གནན་གླེ་ཞེས་ཉ་ཆུ་པར་འདྲའང་གཅིག
གློ༽ གློ་བ་གློ་ནན་གློ་ཁོགས་གཞོགས་ཀྱི་གློ། གློ་བུར་གློ་འབུར་ཕྱུགས་ནད་གློ་ཧོན་དང༌། གློད་པ་ལྷོད་དམ་བཀྲོལ་བ་བཏང་བ་མཚུངས། གློས་པ་རྨོངས་པའི་མིང་གློ་རྡེག་ཉེར་མཁོ་འམ། ཟུར་བརྡེག་དོན་ཏེ་གློག་འཁྱུག་གློག་པའི་ནད།
གྭ༽ ལྔ་པ་གྲྭ་དོར་ཤ་བ་ཁ་ཤའང་བསེ་རུའི་རྭ། གཉིས་པ་འཕུལ་ལ་ད་བ་མ་འ་བཞི། དང་པོ་དས་འཕུལ་རྐྱང་དག་འཕུལ་དང་པོ།
དག༽ དགའ་བ་དགའ་མ་བུད་མེད་དགའ་འདུན་ཚོགས། དགང་གཟར་དགག་བྱ་འགོག་ལ་གོས་དགབ་བྱ། རླུང་དགང་སྣོད་དགང་ལོགས་སུ་དགར་བྱ་དང༌། དུམ་བུར་དགས་དང་ཁལ་དགལ་རྣམས་བྱ་བ།
དགུ༽ དགུན་ཀ་གྲངས་དགུ་ནག་པོ་དགུ་ཐུབ་སྨན་ཡིན་ལ། དགུན་དུད་ཅན་ནི་ཆུ་མེད་གནས་ཉིད་བརྗོད། དབྱིབས་སྒུར་ཡང་དགུར་དགུ་གནམ་གྱི་ཚིགས་མཚན་མོ་དང་ཉི་མའི་དགུང༌། དགུང་སྔོན་དགུང་ལོ་དགུ་དགུམ་བསད་བྱ། ཡོད་དགུ་མཛེས་རྒུ་ལུགས་གཉིས་གང་མོས་བྱ།
དགེ༽ དགེ་བཤེས་དགེ་སློང་དགེ་ཚུལ་དགེ་བསྙེན་དང༌། དགེ་སྦྱོང་དགེ་ལེགས་དགེ་བའི་དགེས་སམ་དགྱེས།
དགོ༽ ལྟ་དགོངས་བསམ་པའི་དགོངས་པ་དགོང་ས་མཐའང་མོ་དང༌། དགོས་ཆེད་དགོས་པའི་ནང་ནས་དགོས་པ་ནི་ཉིང་དགོས་སྨོད་པའི་དགོང་ཞེ་ནད་པའང་པ་དང༌། དགོན་པ་དགོན་དུང་ཆུ་མེད་ཚྭ་སྒོ་ཅན། རི་དྭགས་དགོ་བ་རྒོ་གཉིས་ཁྱད་མེད་དང༌། ཕ་བ་དགོ་བ་ཕ་ཝང་སྒོང་སུ་འདི་ཡི་མིང་གཞི་ཡིན། བདེ་ལ་དགོད་དང་རྒྱ་དགོད་ཡི་གེར་དགོད། གནས་སུ་དགོད་དང་རྩ་བ་ནས་དགོག་བཅས། བྱ་ལས་ཁོངས་འདུ་གད་མོ་དགོད་དང་ལྟ། གཉིས་པ་འདོགས་ལ་དགྱེ་དགྲ་གཉིས་དང་པོ།
དགྱ༽ ཐུགས་དགྱེས་དབྱིབས་དབྱེ་འཛུམ་བུ་ལྟག་དགྱེའི་ནད།
དགྲ༽ གཉིས་པ་དགྲ་བོ་མཆོད་རྫས་ཚོང་ཟོང་དངོས་པོ་སྨར་མིན་དགྲམ།
དགྲོ༽ དགོངས་དོན་མདུན་བཅིངས་དགྲོལ་བར་བྱ་ལས་སོ། གཉིས་པ་བས་འཕུལ་བག་བགྱ་བགྲ་གསུམ་ནི།
བག༽ དང་པོ་གད་མོ་བགད་བྱ་ཚོད་ཉམས་སད་པ་བགམ་པ། བགམ་ཡུག་བྱ་སྟེ་རྐང་འོག་ཚུད་ལ་བྱ།
བགེ༽ བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གེགས་བྱེད་པ།
བགོ༽ བགོ་ཤ་བགོས་ཟིན་གོ་ཆ་བགོ་བ་བགོས་ཟིན་པ་དང༌། གོམ་པས་བགོམས་ཟིན་གཉིས་པ་༼བགྱ༽རིང་དུ་བགྱངས།
བགྱི༽ བགྱི་བྱ་བགྱིད་བྱེད་བགྱིས་ཟིན་གསུམ་ཡང་དབྱེ།
བགྲ༽ བགྲང་བྱ་བགྲངས་ཟིན་བགྲང་ཕྲེང་བགྲད་པ་བསྒྲང་འཐད་བཅས།
བགྲུ༽ རྙོག་མ་བགྲུངས་ཟིན་ཡོས་སོགས་བགྲུས་ཤུན་དོར།
བགྲེ༽ རྒན་པའི་བགྲེས་དང་བགྲོབཀའ་བགྲོས་བྱེད། བགྲོད་བྱ་མོ་དང་བགྲོད་བྱེད་ཕོ་བགྲོ་མདོག་གཅོད་པར་བྱེད། གསུམ་པ་མས་འཕུལ་མག་མགྱོ་མགྲོ་གསུམ་གྱི།
མག༽ དང་པོ་མགར་བ་བཟོ་བོ་མགལ་དུམ་ཤིང་མེ་འབར་འཕྲོ། འགྲམ་གྱི་ཡ་མགལ་མ་མགལ་མགལ་མེ་ཞགས།
མགུ༽ མགུ་བ་དགའ་སྟེ་མགྲིན་མགུར་མགུར་དབྱངས་དང༌། རི་ཡི་མགུལ་དང་ལུས་ཀྱི་མགུལ་མགུལ་རྒྱན།
མགོ༽ མགོ་བོ་སྐྱབས་མགོན་༼མགྱོ༽གཉིས་པ་མགྱོགས་མྱུར་བགྲོད།
མགྲི༽ གསུམ་པ་མགྲིན་སྐེ་༼མགྲཽ༽མགྲོན་པོ་ལམ་འགྲུལ་ལོ། བཞི་པ་འས་འཕུལ་འག་འགྱ་འགྲ་གསུན་ནི།
འག༽ དང་པོ་འགའ་ཞིག་སྐྱེ་འགག་འཕྲོ་འགགས་པ། མི་མཐུན་འགལ་རྐྱེན་བླངས་འགད་གཙང་ཟིན་པ་ཞེས། མཐའ་གཙང་འགངས་སྣང་ཆེ་ཆེ་ཤིང་ཏོག་སོགས་ཁ་འགས། སྒོ་འགབ་འགབ་འོས་གཤམ་དང་ཕྱེ་སོགས་འགམས། འགའ་རོང་ཡུལ་དང་འགང་འཆུན་ཐག་ཆོད་པ།
འགི༽ འགི་ཏ་གོ་རོ་ཙ་ན་སྟེ་ཀླད་པ།
འགུ༽ དགུག་བྱ་འགུག་འགའ་རེས་ས་མཐའ་བྱེད་པར་བྱེད་དང་གཡོ་འགུལ་དང༌། ཆང་ཁ་འགུག་དང་འཆི་བའི་འགུམས་པ་དང༌།
འགེ༽ གོས་འགེབས་སྣོད་འགེངས་ཁལ་འགེལ་མགོ་ཀླད་འགེམས། འགེང་འགྱེད་དོན་ལ་འགེམས་སོགས་ད་ལྟ་བ།
འགོ༽ ཐོག་མའི་འགོ་ཚུགས་འགོག་བདཻན་འགོག་པ་པོ། དུས་སྐབས་འགོལ་དང་གནས་འགོལ་དབེན་པའི་མིང༌། འགྱངས་པའི་འགོར་དང་འགོམ་ཡུག་བྱུར་འགོང་དང༌། རྒྱལ་འགོང་བདེ་ལ་འགོད་དང་འགོ་བའི་ལྷ། འགོ་འདྲེན་འགོ་དཔོན་འགོ་འཛིན་འགོ་ནད་འགོས། གྲལ་འགོ་འགོ་རྩོམ་དཔེ་ལ་འགོངས་ཤེས་འགྲན།
འགྱ༽ གཉིས་པ་ཡུན་འགྱངས་༼འགྱི༽འགྱིང་སྟབས་མཁའ་འགྱིེང་འགྱིང༌།
འགྱུ༽ ཡིད་ཀྱི་འགྱུ་བ་མི་བརྟན་འགྱུར་བ་དང༌། འགྱུར་མེད་སྐུ་དང་འགྱུས་པ་རྩ་འཁྱུས་ལྟར།
འགྱེ༽ འོད་འགྱེད་ནོར་འགྱེད་འཐབ་འགྱེད་འགྱེར་བ་སྤོང༌། ས་ལ་འགྱེལ་དང་སོ་སོར་འགྱེས་པའོ།
འགྱོ༽ འགྱོད་པ་མེད་དང་ཡར་ལ་འགྱོགས་པ་དང༌།
འགྲ༽ གསུམ་པ་འགྲན་བསྡོས་ལྟོ་འགྲངས་མི་མཐུན་འགྲས། རྩིག་འགྲམ་མུར་འགྲམ་འགྲམས་འགྲམས་ཚད་ནད་རྨ་འགྲམ།
འགྲི༽ སྦྱར་བའི་འགྲིག་དང་གྲ་འགྲིག་འཕེལ་འགྲིབ་དང༌། ཐུར་དུ་འགྲིལ་འདྲིལ་ཡང་དང་འགྲིམ་ས་མེད་ཀྱང་འགྲུལ་ཚོས་ཀྱིས་འགྲིས་འགྲིབ་ཀྱང་།
འགྲུ༽ དོན་འགྲུབ་འགྲུབ་སྦྱོར་ལམ་འགྲུལ་འགྲུས་ཀྱི་ཐིག
འགྲེ༽ རིགས་འགྲེ་འགྲེལ་བ་འགྲེས་སྐང་འགྲེང་སྟེ་ལངས། འགྲེང་བུ་ཆུ་སོགས་འགྲེམས་དང་འགྲེ་བ་གཡོ།
འགྲོ༽ གྲོགས་དང་འགྲོགས་ནས་ལམ་དུ་འགྲོ་བ་དང༌། རྟ་ཡིས་འགྲོས་དང་ཤིང་རྟའི་འགྲོས་སོགས་དང༌། འགྲོང་མཇེ་ལང་གིས་འགྲོང་སྦྱོར་འཆི་བའི་འགྲོངས་པ་དང༌། མདུད་པ་བཅིངས་སོགས་འགྲོལ་དང་འགྲོན་བུ་དང༌། འགའ་ཞིག་འགྲོན་པོ་འས་འཕུལ་མགྲོན་བུ་མ། གསུམ་པ་རྩེག་ལ་ར་ལ་ས་གསུམ་སྟེ། དང་པོ་ར་ཐོད་ཅན་ལ་འཕུལ་མེད་དང༌། འཕུལ་ཅན་གཉིས་དབྱེ་དང་འཕུལ་མེད་ལ། རྒ་དངོས་འདོགས་ལ་རྒྱ་སྟེ་དང་པོ་ནི།
རྒ༽ རྒས་དང་རྒ་བ་རྒན་པོ་རྒད་པོ་དང༌། རྒན་བུ་རྒན་པ་རྒན་མོ་བགྲེས་པོའི་མིང༌། ཕ་རོལ་རྒལ་བྱེད་རྒལ་ལེན་རྒ་ཤི་དང༌།
རྒུ༽ རྒུན་འབྲུམ་རྒུ་དྲུས་སྨན་ཏེ་རྒུད་པ་དང༌། བྱིང་རྒོད་གྲུང་བའི་ཕོ་རྒོད་རྒོད་ལྕམ་མ། རྒོལ་རྩོད་ཆུ་ལ་རྒོལ་ཅིག་བརྡ་རྙིང་ལ། རི་དྭགས་རྒོ་བ་རྟ་གདོང་རྒོད་མ་ཁ།
རྒྱ༽ གཉིས་པ་རྒྱ་ཆེ་རྒྱ་ཆེན་རྒྱ་མ་འདེགས། རྒྱ་ཚྭ་རྒྱ་སྣག་རྒྱ་སྐྱེགས་རྒྱ་ཚོས་སྨན། རྒྱ་ཤུག་ཉ་རྒྱ་རྙི་སོགས་རྒྱ་ཡི་རིགས། རྒྱ་པ་རྔོན་པ་ཉ་པ་ཁྱི་ར་བ། རྒྱ་གྲམ་རྒྱ་ཁྱི་སོགས་བོ་རྒྱལ་མཚན་འཚང་རྒྱ་འགྱུར། རྒྱ་མཚོ་རྒྱ་མཚལ་རྒྱ་ལྕང་རྒྱ་རིགས་དཀར་ནག་སོགས། རྒྱགས་པ་དྲེགས་པ་ཟས་ཀྱིས་རྒྱགས་པ་དང༌། ཤ་རྒྱགས་རྒྱལ་དང་རྒྱལ་སྲས་རྒྱན་པོ་རྒྱག རྒྱ་སྒྲམ་ལུགས་གཅིག་ས་མགོ་རྒྱལ་པོ་དང༌། རྒྱ་ལ་མེད་ཅེས་གཏན་མེད་རྒྱ་ལག་ཕྱད། རྒྱ་ཆད་རྒྱ་མ་ཆད་དང་རྒྱ་སྒོ་དང༌། རྒྱ་ར་ར་བ་རྒྱ་ཅང་སྐ་རགས་ཏེ། རྒྱ་སེ་མཛོད་ཁང་རྒྱ་ཐེའུ་ཐེལ་རྟགས་དང༌། རྒྱལ་བའི་སྤྱན་ཅན་མེ་ཏོག་ལུག་མིག་རིགས། རྒྱ་རུ་རི་དྭགས་རྭ་དང་དམིགས་རྒྱས་བཏབ། བཀའ་རྒྱ་ཕྱག་རྒྱ་ང་རྒྱལ་ལུས་ཀྱི་རྒྱབ། རྒྱང་རིང་རྒྱང་འཕེན་ཕྱི་རོལ་པ་གད་རྒྱངས་རྒྱས་པའི་ལས། ལོ་འདབ་རྒྱས་སོགས་རྒྱམ་ཚྭ་རྒྱ་སྲན་དང༌། རྒྱ་མན་མེ་ཏོག་རྐེ་རྒྱན་རྒྱང་གྲགས་ཚད། སྐར་མ་རྒྱལ་སྟོད་རྒྱལ་སྨད་རྒྱལ་བྱེད་ཚལ།
རྒྱུ༽ སྐྱེད་བྱེད་རྒྱུ་དང་རང་རྒྱུད་ཐ་མལ་པ། མི་རྒྱུ་བཟང་དང་སྒྱུ་མ་བསྒྱུངས་པ་ཡང་འདུག་རྒྱུངས་སྒལ་པའི་ཀླད་པའོ་པ་དང༌། རྒྱུས་པ་རྩོམ་རྒྱུག་རྩིས་ལེན་བྲིམ་པའི་རྒྱུགད་ལྟ་བ། ལོ་རྒྱུས་ལུག་རྒྱུད་སྐུད་པའི་རྒྱུས་ཤིག་དང༌། རྒྱུ་འགྲུལ་རྒྱུ་སྐར་སྨིག་བྱེ་མ་ཉི་འོད་རླུང་གསུམ་ཚོགས་པ་ལས་རྒྱུ་དབུགས་རྒྱུ་དང༌། རྒྱུན་དུ་རྒྱུན་ཆགས་ཤེས་རྒྱུད་གཏམ་རྒྱུད་རྒྱུད། འཕྲེང་རྒྱུད་ཆུ་རྒྱུན་རྒྱུ་མཚན་ཕར་ཚུར་རྒྱུག རྒྱུས་ཡོད་རྒྱངས་ཤིང་རྒྱུན་བུ་ཀོ་ཐག་དྲས། སྡེ་བརྒྱད་སོགས་རྒྱུ་རྒྱུད་མང་གཞུ་རྒྱུད་སོགས།
རྒྱོ༽ རྡོ་རྒྱོབ་འཁྲིག་པའི་རྒྱོ་དང་ཐག་རྒྱོངས་ཤིག དེ་རྣམས་ཕལ་ཆཻར་མིང་གཞི་ཁོ་ན་ཡིན། གཉིས་པ་འཕུལ་ཅན་རྩེག་བརྒ་སྦྲག་བརྒྱ་གཉིས།
བརྒ༽ དང་པོ་བརྒལ་ལན་བརྒལ་བརྟག་ཆུ་ལས་བརྒལ། ལེ་བརྒན་དར་དང་གཉིས་པ་འདོགས་ལ་ཡང༌།
བརྒྱ༽ གད་བརྒྱང་འགའ་ཞིག་ས་མཐའ་ཡང་ཞལ་ཞལ་ཤོབ་གསུང་བའང་ཁ་བརྒྱས་དང་ལམ་བརྒྱགས་གྲོ། སྨྲ་བ་བརྒྱ་ཞེས་རྫུན་དུ་སྨྲ་བའི་དོན། བརྒྱ་ཕྲག་བརྒྱད་ཅུ་བརྒྱད་དང་དྲན་མེད་བརྒྱལ། འོ་བརྒྱལ་རྒྱན་གྱིས་བརྒྱན་དང་དབྱུག་པ་བརྒྱག སྤྱོ་བའི་འཕུལ་མེད་ཀྱང་ཟེར་བརྒྱད་བཀག་ཅེས་པ་བསྡིགས་པའི་དོན། གྲི་བརྒྱབ་རྦབ་རྒྱབ་བྱ་བ་སོགས་ལ་འཇུག
བརྒྱུ༽ རྟ་བརྒྱུགས་དང་ནི་ཟོངས་ཆུའང་སོགས་བརྒྱུགས་ཟིན་པ། བླ་མ་བརྒྱུད་པ་མི་བརྒྱུད་བཤད་པའི་བརྒྱུུད། བརྒྱུད་མར་རིམ་པར་བརྒྱུག་བྱ་བརྒྱུ་བྱ་བརྒྱུས། གཉིས་པ་ལ་མགོ་ལྡན་པའི་ག་ཡིག་འགའ།
ལྒ༽ ཆུ་སྣོད་ལྒང་པ་ལྒ་སྐྱ་ལྒ་སེར་དང༌། ལྒང་བུ་ལྒང་གཤག་ལྒུམ་རི་ཤངས་མིང་དང༌། ཏི་པྲ་ལྒ྄མ་སྟེ་ཕྲ་རྒྱས་དུག་ལྔ་སོགས། འོན་ཀྱང་དེང་སྐབས་སྒང་པ་སྒ་སྐྱ་སོགས། ས་མགོ་སྦྱར་བའི་ལུགས་མང་གང་བདེར་བྱ། གསུམ་པ་ག་ཡིག་ས་ཡི་ཐོད་བཅིངས་སྡེ། འཕུལ་མེད་འཕུལ་ཅན་གཉིས་དབྱེ་དང་པོ་ལ། རྩེག་སྒ་འདོགས་ལ་སྒྱ་སྒྲ་གསུམ་དང་པོ།
སྒ༽ རྟ་སྒ་བློ་སྒམ་སྒམ་པོ་ཕྱྭ་ཀེང་ཙེ། ཤིང་སྒམ་སྒལ་ཚིགས་སྨན་སྒ་བླ་མའི་སྒར། ས་སྒང་རི་སྒང་གོས་ཀྱི་སྒབ་མ་མཐའ། སྒང་གཤོངས་སྒར་དཔོན་སྒལ་ནག་ལ་སོགས་དང༌།
སྒུ༽ དབྱིབས་སྒུར་སྒུ་སྟེགས་ངལ་སྟེགས་ལམ་སྒུག་བྱེད། ཡོད་སྒུ་རྒུ་ཅོག་དང་སྒུལ་སྐྱོད་༼སྒེ༽སྒེའུ་གཤེར་སྒ་རློན་པ་དང༌། སྒེའུ་ཁུང་སྐར་ཁུང་སྒེའུ་ཆུང་འགྲོ་བ་དང༌། སྒེག་པ་སྒེག་མོ་སྒེག་ཆོས་འཇོ་སྒེག་དང༌། སོ་སོ་སྒེར་དང་སྒེག་ལྡན་མ་བུད་མེད།
སྒ༽ ཡང་སྒོས་སྒོས་སུ་སྒོ་འཕར་སྒོ་གདན་མིང༌། ཁང་སྒོ་མནའ་སྒོགས་སྒོམ་ཆེན་སྒོམ་པར་བྱེད། སྒོམས་ཤིག་སྒོག་པ་བྱ་ཡི་སྒོ་ང་དང༌། གསེར་སྒོང་བུ་རམ་དངུལ་སོགས་སྒོར་མོ་དང༌། ཟན་སྒོང་སྒོངས་ཤིག་སྒོང་ཐོག་པ་ནི་སྨན།
སྒྱི༽ གཉིས་པ་སྒྱིད་སུན་མིང་སྐྱུར་སྒྱིད་ལུག་ཡིད་ཞུམ་པ། རྐང་པའི་སྒྱིད་པ་སྒྱིབ་ཤ་སྒྱིད་པའི་ཤ།
སྒྱུ༽ སྒྱུ་རྩལ་རེ་བཞི་སོགས་གླུ་གར་རྒྱུག་མོ་མག་པའི་མ། སྒྱུ་མ་མཁན་དང་སྒྱུ་འཕྲུལ་གཡོ་སྒྱུ་དང༌། འཁོར་ལོ་འདོག་དང་ཁ་ལོ་སྒྱུར་ཅིག་དང༌།
སྒྱེ༽ སྒྱེའུ་ཕད་ཚེ་ཆུང་བ་སྒྱེ་ཚུགས་སྒྱེ་མོ་འདྲ། ཐབ་ཀྱི་སྒྱེད་པུ་ས་ལ་སྒྱེལ་བར་བྱེད།
སྒྱོ༽ སྒྱོགས་ཏེ་མེ་སྒྱོགས་རྡོ་སོགས་གསུམ་པ།
སྒྲ༽ སྒྲ་གཅན་སྒྲ་སྐད་སྒྲ་སྒྲོག་སྒྲ་སྙན་དང༌། སྒྲ་པ་སྦིར་སྒྲ་སྒྲམ་ནི་སྒམ་དང་འདྲ།
སྒྲི༽ ཕྱོགས་གཅིག་སྒྲིག་པ་པོ་དང་སྒྲིག་ལམ་དང༌། སྒྲིགས་ཤིག་སྒྲིན་པོ་མཁས་པ་ཡོལ་བས་སྒྲིབ། སྒྲིན་བུ་གཅེར་བུ་སྡིག་སྒྲིབ་ལས་སྒྲིབ་དང༌། སྐུད་པ་སྒྲིམས་ཤིག་ཁྱོན་སྒྲིལ་རིལ་བུ་སྒྲིལ། ཕྱོགས་གཅིག་ཏུ་སྐུད་པའང༌།
སྒྲུ༽ སྒྲུང་བཤད་སྒྲུན་ནི་འགྲན་པའི་དོན་ཡིན་ཏེ། སྒྲུབ་བྱེད་སྒྲུབ་གཤེན་སྒྲུབ་ཆེ་ལྷ་སྒྲུབས་ཤིག
སྒྲེ༽ ཟོས་པའི་སྒྲེགས་པ་གཅེར་བུའི་སྒྲེན་མོ་དང༌། དར་སོགས་སྒྲེང་བྱེད་སྒྲེ་བོ་ས་རྗེན་སྦྲིབས་ཀྱང་སྒྲིབས།ལྟོགས།
སྒྲོ༽ སྒྲོ་གུ་སྒྲོ་བ་རྐྱལ་སྣོད་བྱའི་སྒྲོ་གཤོག བཤད་སྒྲོས་མཆུ་སྒྲོས་ལྕགས་སྒྲོག་ཆུ་ལས་སྒྲོལ། སྒྲོབ་སྐས་སྒྲོ་འདོགས་གཅོད་དང་ལྷམ་སྒྲོག་ཅིང༌། སྒྲོག་རུས་སྒྲོམ་བུ་ལུས་དང་ཤིང་སོགས་ལ། མདའ་སྒྲོན་སྒྲོབས་འགྱིང་དྲེགས་ཚུལ་ཆེ་རྩིགས་པ་སྒྲོན་ཅིག་དང༌། ཡི་གེ་སྒྲོག་བྱེད་སྒྲོགས་ཤིག་སྒྲོན་ཤིང་དང༌། སྒྲོན་མེ་སྤར་དང་སྒྲོལ་མ་སྒྲོལ་མཛད་ཡུམ། འདི་རྣམས་ཕལ་ཆེར་མིང་གཞི་ད་ལྟ་བ། གཉིས་པ་འཕུལ་ཅན་བསྒ་དང་སྦྲག་བརྒྱ་བསྒྲ།
བསྒ༽ དང་པོ་མནའ་དང་ལམ་བསྒགས་ཟིན་པ་དམ་ལ་བསྒག བུ་རམ་བསྒར་རྡོག་བྱ་བའི་བསྒང་ལ་དང༌།
བསྒུ༽ འཕྲང་བསྒུགས་གྲོགས་བསྒུགས་ཟིན་དང་གཡོ་བསྒུལ་བྱས།
བསྒོ༽ བཀའ་བསྒོ་དྲི་མ་བསྒོ་བྱ་བསྒོས་ཟིན་དང༌། དྲིལ་བའི་བསྒོང་བསྒྲིལ་ལྷ་བསྒོམ་བསྒོམས་ཟིན་དང༌།
བསྒྱི༽ གཉིས་པ་སེང་གེ་རྣམ་བསྒྱིངས་འགྱིང་ངམ་གླལ།
བསྒྱེ༽ གན་བསྒྱེལ་རྩ་ན་ཕར་ལ་བསྒྱེལ་བ་དང༌།
བསྒྱུ༽ འཁོར་ལོ་ཁ་ལོ་མདོག་དང་བོན་ཆོས་སྐད། བསྒྱུར་བར་བྱ་དང་བྱས་ཟིན་༼བསྒྲ༽གསུམ་པ་ནི། བཀའ་ལས་བསྒྲག་བསྒྲགས་ཚར་གྲངས་བསྒྲང་བསྒྲངས་ཟིན་དང༌། ཆུ་ལས་བསྒྲལ་དང་བསྒྲལ་ཟིན་དགྲ་བསྒྲལ་དང༌། ཞབས་བསྒྲད་མིག་བསྒྲད་ཁ་བསྒྲད་ལ་སོགས་མང༌།
བསྒྲི༽ ཕྱོགས་གཅིག་བསྒྲིག་བྱ་བསྒྲིགས་གྲུབ་སྲད་བུ་བསྒྲིལ། སྒྲིབ་པས་བསྒྲིབས་དང་འོན་བསྒྲིབས་འཁོན་བསྒྲིབས་ཟིན། བློ་བསྒྲིམས་སྐུད་བསྒྲིམས་ཟིན་དང་བསྒྲིམ་བྱ་བ།
བསྒྲུ༽ ཤིང་བསྒྲུག་བསྒྲུགས་ཟིན་བསྒྲུབ་བྱ་བསྒྲུབས་ཚར་བ། བསྒྲུན་མི་ནུས་དང་༼བསྒྲེ༽རིགས་བསྒྲེ་བསྒྲེས་གྲུབ་དང༌། མགོ་བསྒྲེ་སྐྲ་མེད་ཁ་བསྒྲེན་བསྒྲེན་འདྲེ་དང༌། བསྒྲེན་ཞེས་རྩོགས་གྲིབ་བསྒྲེན་རྩོགས་དོན་གཅིག་ལ། རྒྱལ་མཚན་དར་སོགས་བསྒྲེང་བྱ་བསྒྲེངས་པར་གྱུར། ཕར་ཆེར་མ་འོངས་འདས་པའི་དོན་འཇུག་མང༌། །

༼ང༽
བཞི་པ་ང་ཡིག་མིང་སྡེ་རྐྱང་པ་དང༌། འཕུལ་དང་རྩེག་གསུམ་དང་པོ་རྐྱང་པའི་སྡེ།
ང༽ རང་ང་ཅག་ང་རྒྱལ་ང་རོ་སྒྲོག ང་བོ་རློམ་སེམས་ངར་འཛིན་བདག་འཛིན་མཚུངས། ངང་ཉིད་ངང་གྲོལ་ངང་པ་ངང་སྐྱ་བྱ། རྫི་ངད་དྲི་ངད་ངར་ལྡན་གྲི་སོགས་ལྕགས། ངན་སེམས་ངམ་གྲོགས་གྲོག་ཤུལ་ངར་སྣབས་ངག ཐང་ཆད་ངལ་བ་ངལ་སྟེགས་སྐྱོ་ངལ་མེད། ངང་རིང་སྤྲོ་རིང་ངམ་རིང་ཡུལ་འགའི་མིང༌། ང་མིན་བདུད་དང་ང་གཅིག་ང་གཉིས་སོགས། ངན་པའི་རིགས་ཅན་ངན་གཡོ་ངན་ངོན་ཟས།ཐབས་ཆག ངན་སོང་ངར་པ་ཤིང་ལོའི་ཡུ་བའོ།
ངུ༽ ངུ་སྒྲ་ངུ་འབོད་ངུར་པ་ངུར་སྨྲིག་མདོག དུད་འགྲོ་ངུར་དང་ངུ་དངག་མྱ་ངན་སྒྲ།
ངེས༽ ངེས་པ་ཅན་དང་མ་ངེས་ངེད་ཅག་དང༌། ངེས་ལེགས་ངེས་འབྱུང་ངེས་བརྗོད་ངེས་བཟང་ངོ༌།
ངོ༽ ངོ་བོ་ངོ་མཚར་ངོ་ཚ་ཡོད་མེད་དང༌། ངོམས་པ་མེད་དང་གཞན་ངོར་ངོ་མ་གཉིས།ཀྱི་ཚིག ངོ་མཐོན་ནན་མིང་རི་ངོགས་ནས་སོང་དང༌། འཇུག་ངོགས་ཆུ་ངོགས་འགྲམ་སྐྱོ་ངོགས་སྣང་ངོགས་དང༌། ངོས་ཡངས་ངོས་གཟར་ངོ་གདོང་གཞན་ལ་ངོམ། གཉིས་པ་འཕུལ་ལ་དས་འཕུལ་མས་འཕུལ་གཉིས།
དང༌།༽ དང་པོ་དས་འཕུལ་སྙན་དངགས་ངག་དང་འདྲ། དངངས་སྐྲག་སྐྲག་བསྔང་ད་ལྟ་མ་འོངས་ཆེད། ཚར་དུ་དངར་ནི་གྲལ་ལམ་ཕྲེང་བ་སྒྲིག དངན་གཞན་ནོར་ཕྱིར་མི་སྤྲོད་འཐེན་བློས་མི་གཏོང་དང་ཟིལ་དངར་བཅུད། རོ་དངར་ཁ་དངར་ལ་ཡང་དེང་སྐབས་མངར།
དངུལ༽ དངུལ་ཆུ་རིན་ཆེན་དངུལ་དང་༼དངོ༽གྲི་ཡི་དངོ། ཆུ་དངོ་ཞེས་པ་ཆུ་ཡི་ངོགས་སམ་འགྲམ། དངོས་པོ་དངོས་མེད་དོན་དམ་དངོས་དངོས་གཞི། དངོས་བཤམས་དངོས་འབྱོར་དངོས་གྲུབ་དངོམ་བཀྲག་ཆེའོ།
མང༽ གཉིས་པ་མས་འཕུལ་མངའ་ཐང་མངའ་འོག་འདུ། མངག་གཞུག་བྲན་གཡོག་གཞན་དུ་མངགས་པ་དང༌། མངར་གསུམ་ཁ་མངར་རོ་མངར་ཐུགས་ལ་མངའ། མངན་མི་བགྲང་ཞེས་སྐྱོན་མི་བརྗོད་ལ་བྱ། མངན་བསྒྲང་སྐྱོན་བརྗོད་པ་དང་མངན་ནི་མཐུ། མངའ་བདག་མངའ་རིས་མངའ་ཞབས་མངའ་བརྙེས་མཁས། མངའ་མཛད་བུད་མེད་མངལ་གནས་མངལ་ལྡན་མ།
མངོ༽ མངོན་སུམ་མངོན་པའི་སྡེ་སྣོད་མི་མངོན་དབྱིངས། མངོན་བརྗོད་མངོན་རྟོགས་མངོན་ཤེས་མངོན་པར་མཐོ། མངོན་སྤྱོད་དྲག་པོའི་ལས་དང་མངོན་མཚན་རྟགས། མངོན་རློམ་མངོན་འདོད་མངོན་པར་བསྟོད་པའོ། གསུམ་པ་རྩེག་ལ་ར་ལ་ས་གསུམ་སྟེ། དང་པོ་ར་མགོ་ལྡན་པའི་ང་ཡིག་ལ། འཕུུལ་མེད་འཕུལ་ཅན་གཉིས་ཏེ་དང་པོ་ལ།
རྔ༽ རྔ་མ་རྔ་ཡབ་གླིང་དང་རྔ་གཡོབ་བྱེད། བརྡུང་བྱའི་རྔ་དང་དཔའ་རྔམ་གཏུམ་རྔམ་དང༌། ཚབས་རྔམ་རྔམ་འཇིགས་རྔམ་གསས་རྔམ་བརྗིད་ཆེ། གླ་རྔན་བྱིན་དང་ལྟོགས་རྔམ་ཧམ་པའི་རྔམས། རྔམ་པ་བཀྲེས་ཆགས་རྔབ་ནི་ལྟོགས་སམ་ཆགས། རྔ་བྲན་བ་ལང་རྔད་མོ་དམོད་མོ་དང༌། རྔན་ཅན་བརྙས་མི་བརྩི་བའང་ཐབས་རྔན་ཚན་ངན་བགྲང་བ། མཐུག་རྔམས་རྔ་མོ་རྔ་བོང་ལ་སོགས་དང༌།
རྔུ༽ རྔུལ་གཟན་དབུགས་རྔུབ་ལུས་དྲོས་རྔུལ་ཆུ་དང༌། རྔུབ་བྱེད་འཇིབ་རྭ་སྡུག་བསྔལ་ནད་ཟུག་རྔུ༌། རྔུ་མ་ཞེས་མིག་སྐྱག་མིག་སྐྱོ་ཟེར།
རྔེ༽ རྔ་མོའི་རྔེའུ་རྔེའུ་རྔ་ཆུང་ངོ༌། རྔེ་སྐེ་ཕུར་པ་༼རྔོ༽རྟ་ཡི་རྔོག་མ་དང༌། རྔོམ་བརྗིད་ཆེ་དང་རྔོམ་བག་ཅན་སོགས་དང༌། རུས་པ་རྔོག་སྟེ་རྔོག་ལོ་ཆེན་པོ་ལྟར། ནད་རྔོ་ནས་རྔོ་སྡེ་བརྒྱད་རྔོན་ཆ་རྔོན། རྔོན་པ་རྔོ་མི་ཐོག་ཅེས་མི་ཤིག་བརྡ།
བརྔ༽ གཉིས་པ་འཕུལ་ཅན་བཙས་མ་བརྔ་སྟེ་གཅོད། རྩྭ་བརྔ་བརྔས་ཟིན་མཆོད་པ་བརྔན་གྲུབ་དང༌། བརྔབ་ནི་འགབ་དང་བརྔམས་པ་ལྟོགས་པ་ཆགས་པ་འདས།
བརྔུ༽ ཆང་བརྔུབས་འདས་དང་བརྔུབ་བྱ་༼བརྔོ༽ཡོས་བརྔོ་བརྔོས། བརྔོད་བཏགས་བུད་མེད་འབྲིད་པའི་བསླུ་བ་བརྔོད། བརྔོན་བྱས་རི་དྭགས་གསོད་པའི་བྱ་བ་གྲུབ། གཉིས་པ་ལ་ཐོད་བཅིངས་པའི་ང་ཡིག་ནི།
ལྔ༽ ཁ་གྲངས་ལྔ་དང་ལྔ་བཅུ་ལྔ་བརྒྱ་སོགས། ལྔས་རྩེན་གནོད་སྦྱིན་མིང་དུ་བཤད་པའང་ཡོད། གསུམ་པ་ས་ཐོད་ཅན་ལ་འཕུལ་མེད་དང༌། ཡོད་པ་གཉིས་ཏེ་༼སྔ༽དང་པོ་སྔ་དྲོ་དང༌། སྔ་མ་སྔ་སོར་སྔ་མཁོ་སྔོན་བཞིན་ནོ། སྤྱན་སྔ་མདུན་དྲུང་ཞལ་སྔ་སྔ་དྲུང་དུ། སྔས་མགོ་སྔམ་འདེགས་དབུགས་རྒོད་སྔགས་འཆང་དང༌། གསང་སྔགས་རིགས་སྔགས་སོགས་དང་སྐྲག་སྔངས་བྱེད། སྔ་ཕྱི་༼སྔུ༽སྔུན་ནི་མདུན་དང་གཉིད་སྔུར་པ་ཆེ།
སྔེ༽ མོན་སྲན་སྔེའུ་སྲན་ཆུང་ཞིག་གི་མིང༌།
སྔོ༽ སྔོན་ཚེ་སྔོན་པོ་སྔོ་སངས་སྔོན་རྗེས་དང༌། སྔོན་ལས་སྔོན་རབས་སྔོན་བུ་བཤལ་སྨན་དང༌། སྐྱོ་སྔོགས་འཁྲུག་ལོང་ཁ་སྔོག་མཚང་སྔོན་འབྲུ། དགེ་བ་ནོར་སོགས་སྔོ་བར་བྱེད་པའོ།
བསྔ༽ གཉིས་པ་འཕུལ་རྩེག་བསྟོད་པའི་བསྔགས་པ་དང༌། སྡུག་བསྔལ་སྐྲག་བསྔགས་ཟིན་དང་༼བསྔོ༽དགེ་བསྔོ་བྱ། བསྔོས་ཟིན་རྐྱོན་བསྔོགས་མཚང་ནས་བརྗོད་གྲུབ་པ། །

༼ཅ༽
ལྔ་པ་ཅ་ཡིག་སྡེ་ཚན་དག་ལ་གསུམ། རྐྱང་དང་འཕུལ་རྩེག་དག་གོ་རྐྱང་པའི་སྡེ།
ཅ༽ ཅ་ཅོ་སྐད་ཀྱི་བྱེ་བྲག་ཅང་ཤེས་རྟ། ཅང་ཏེའུ་ཐོཌ་ཊར་ཅ་ལི་བྱིས་པ་སྟེ། ཅ་ཀ་ཅ་ལག་ནོར་སྤྱི་ཅལ་ཅོལ་སྒྲ། ཅབ་ཅོབ་ཟས་སྒྲ་ཅན་ཅེར་ཕོར་བ་དང༌། ཅམ་མེ་ཐམས་ཅན་ཅལ་འདྲོག་གློ་བུར་དང༌། ཅ་སེ་ཅུ་སེ་ཅང་མི་སྨྲ་བ་དང༌། ལུས་ཅན་ཡིད་ཅན་གོ་བ་ཅན་སོགས་དང༌། མིག་ཅན་རྒྱན་ཅན་ང་ཅག་ཁོ་བོ་ཅག
ཅི༽ ཅི་ནར་དུས་གཅིག་ཅི་ག་ཐེ་ཚོམ་ཟ། ཅི་གར་ཇི་ལྟར་ཅི་བགྱི་གཡོག་པོ་དང༌། ཅི་ཆིབ་མཐར་ཕྱིན་ཅིག་ཤོས་ཡ་གྱལ་བ། ཅིག་ཆར་ཅར་ཀྱང་འདྲི་ཚིག་ཅི་ཞིག་གར། ཅི་སླད་ཅི་ཕྱིར་ཅི་འདྲ་ཅི་ཡིན་དང༌། ཅིས་ཀྱང་བདེན་དང་གྱུར་ཅིག་སྟོན་ཅིག་དང༌། སྩོལ་ཅིག་ཤོད་ཅིག་ལ་སོགས་སྐུལ་ཚིག་ཅིག ཁ་ཅིག་སྐད་ཅིག་ལྷན་ཅིག་ཐབས་ཅིག་པ། ཕྱིན་ཅི་ལོག་དང་ཅི་ཆོག་ཅི་ཡོད་འདྲ། ཅི་ཙམ་ཅི་ཡང་མེད་དམ་ཅི་ཡང་རུང༌།
ཅུ༽ ཅུ་གང་ཅུར་ནིས་ཕྱེ་མ་ཅུང་ཞིག་དང༌། ཅུང་ཟད་སུམ་ཅུ་དྲུག་ཅུ་བདུན་བརྒྱད་ཅུ།
ཅེ༽ ཅེ་རེ་ལྟ་དང་ཅེས་པ་ཅེས་བྱ་བ། ཅེ་སྤྱང་ཅེ་ན་ཅེའོ་ཅེས་བརྗོད་དོ།
ཅོ༽ རོལ་མོ་ཅོང་དང་དར་གྱི་ཅོད་པན་དང༌། ཅོ་རེ་རྔུབ་པའི་དོན་ནམ་བླུག་པའི་སྒྲ། བེ་ཅོན་དབྱུག་ཐོ་བཟོ་བཅོས་ཡིན་ནོ་ཅོག ཅོག་བཞག་ཅོལ་མེད་ཅོལ་ཆུང་བློ་རྒྱ་ཆུང༌། ཅོ་འདྲི་ཐོ་འཚམས་ཅོ་ག་བྱེའུའི་རིགས། ཅོང་ཞི་སྨན་དང་ཐོ་ཅོ་ར་ཆོད་ཅོག་ཙེ་སྟེགས། ཅོང་ཅོང་དྲིལ་དབྱིབས་ཅོ་ཏོ་སྐྲ་ཡི་མིང༌། སྨྲ་བ་ཅལ་ཅོལ་ཅོག་ལ་རྒྱ་མཚལ་རྡོ། དཀོན་ཅོག་ཅོག་པུ་སྡོད་ལུགས་གུར་ཆུང་མིང༌། གཉིས་པ་འཕུལ་ལ་ལ་རྐྱང་འཕུལ་ག་བ་གཉིས།
གཅ༽ དང་པོ་གཅམ་བུའི་ངོ་བསྟོད་ཚིག་དང་ཤིང་གཅད་བྱ། ཡིད་ལ་གཅགས་འཇག་ཁ་གཅང་ཁ་མཛེས་ལ། ལ་གཅན་སྲུང་མ་དང་ནི་ས་སྲུང་མིང༌། གཅན་གཟན་གཅལ་བཀྲམ་ཐང་བརྡལ་སྒྲ་གཅན་གཟའ།
གཅི༽ གཅིན་དྲི་ཆུ་དང་གཅི་བ་ཕྱི་ས་དྲི་ཆེན་མིང༌། གཅིའུ་འཕོང་སྨན་གཏོང་བྱེད་དག་གིས་མིང༌། གྲངས་གཅིག་རོ་གཅིག་རྫས་གཅིག་གཅིག་ཏུ་འདུས།
གཅུ༽ གཅུང་པོ་ནུ་བོ་ཡིད་གཅུགས་འཛའ་བའི་དོན། ཁོན་གཅུགས་མི་འཛའ་གཅུད་བོར་གཞན་དོན་བཞག་པ་རྩད་ནས་གཅུན། གཅུན་གྲི་ཆན་གྲི་གཅུགས་མེད་འགྲས་མེད་དང༌། གཅུག་དག་བཤགས་པ་འགལ་དག་གཅུ་གལ་མེད་ཁག་དོན་མེད། ཕུག་ཏུ་གཅུར་བཞག་ལྟ་བུའོ་ཆུད་ལག་པས་གཅུས་ཏེ་གཅོག
གཅེ༽ གཅེན་པོ་ཕུ་བོ་གཅེས་ཏེ་དོན་ཆེ་དགའ། གཅེས་འཛིན་གཅེས་སྤྲས་གཅེས་མེད་གཅེར་བུར་བུད། གཅེར་མཐོང་ངོ་བོ་སྒྲིབ་གཡོག་མེད་པར་མཐོང༌།
གཅོ༽ གཅོལ་མེད་བྱིས་པ་གཅོང་ནད་རྒས་པས་གཅོས། གཅོང་རོང་ས་གནས་གཅོང་སྐད་སྐད་བྱེ་བྲག ཤིང་དང་སྲོག་དང་རྒྱུན་དང་མཚམས་གཅོད་བྱེད། རྣམ་གཅོད་ཡོངས་གཅོད་དགག་སྒྲུབ་ནམ་འཕང་གཅོད། སྟངས་བདེན་རྫུན་ལེགས་ཉེས་གཅོད་ཐོབ་ཤོར་བྱེད་པ་འཕྲོག་པ་རྣང་གཅོད་དགྲ་གཅོད་ཁྲིམས་གཅོད་དང༌། ཐག་གཅོད་ཚར་གཅོད་འདྲ་གཅོད་ཞལ་ལྕེ་གཅོད། ཤིང་དང་རྡོ་སོགས་གཅོག་དང་ཁ་ཚོན་ཐག་གཅོད། གྲོས་གཅོམ་གཅོམ་བསྐྱུངས་བྱ་བ་གསང་བ་ཟེར། དེ་རྣམས་བྱེད་པའི་ལས་ཏེ་ད་ལྟ་བ། གཉིས་པ་བས་འཕུལ་༼བཅ༽ཞབས་གཅགས་ཟིན་རྡོ་བཅགས་ཟིན། ནོར་དང་ལག་བཅང་དམ་བཅའ་བཟའ་བཅའ་ཟས། སྨྲ་བཅད་ཤ་ཚིག་བཅད་བཅད་ཤིང་དང་ཆུ་བཅད་པ། ཁྲིམས་ཚར་བཅད་རྣམས་ནི་བྱ་བའི་ལས་ཡིན་ནོ། བཅའ་སྒ་བཅའ་ཡོས་ཡོས་བརྔོས་ཆགས་བཅག་པ། ཉེས་པ་བཅབས་སྦས་ཟིན་མིག་བཅར་ཟུར་དུ་སྐོ་བཅར་ཞུས་ནོར་བཅལ་འཇལ། བཅའ་ཁྲིམས་བཅས་དང་དམ་བཅས་གྲུབ་པ་དང༌། འཁོར་བཅས་བཅས་པ་རང་བཞིན་ཁ་མ་མི་ཉན་བརྡ།
བཅི༽ རྟ་ལ་བཅིབས་ཟིན་བཅིབ་བྱ་ཕྱིར་བཅིལ་བསྐྲད། རླན་བཅིར་བཙིར་བའང་བཅིང་བྱ་བཅིངས་གྱུར་བྱ་བ་འདས།
བཅུ༽ བཅུ་དང་བཞི་བཅུ་ལྔ་བཅུ་དགུ་བཅུ་དང༌། ནང་དུ་གཅུག་བྱ་བཅུགས་ཟིན་ཟས་ཀྱི་བཅུད། བཅུད་ལེན་བྱ་དང་སྣོད་བཅུད་ལུས་ཀྱི་བཅུད། མཐའ་བཅུམ་ཆུ་བཅུ་བཅུས་ཚར་བཅུ་གཅིག་སོགས།
བཅེ༽ བཅེམ་བཅེམ་པ་ནི་ཡོངས་སོགས་བཟའ་བའི་ཚུལ།
བཅོ༽ བཅོམ་ལྡན་འདས་དང་དགྲ་བཅོམ་བསྟན་བཅོས་དང༌། འཁྲུག་བཅོས་ཡོ་བཅོས་བཅོས་མིན་དད་པ་དང༌། ནོར་བཅོལ་ཁྲིམས་བཅོལ་བཅོ་ལྔ་བཅོ་བརྒྱད་དང༌། བཅོམ་བརླག་བཅོལ་དམ་བཅོས་བུའི་རས་ལ་སོགས། གསུམ་པ་བརྩེག་ལ་ལ་མགོ་ཅན་གྱི་ཅ།
ལྕ༽ ལྕ་བ་འཚོད་མའམ་ལྡུམ་བུ་ལྕང་མ་ཤིང་དང་ལྕགས། ལྕང་ལོ་སྐྲ་དང་ལྕང་ཤོག་ཨུདྤལ་སེར། ལྕམ་དྲལ་མིང་སྲིང་ལྕམ་མོ་ཡུལ་ལ་དང༌། ལྕགས་ཀྱུ་ལྕགས་སྒྲོག་སྔོ་སྨན་ལྕུགས་ཀྱུ་དང༌། ལྕམ་པ་ཆུ་སྨན་རེ་ལྕག་སྨན་རྟ་ལྕག སྐུལ་ལྕག་ལས་བཀོལ་དྲན་གསོ་ལྕང་ཕོད་རྒྱན།
ལྕི༽ ཉ་ལྕིབས་ཉ་ཕྱིས་ལྕི་རྟེན་རྙེད་འདོགས་པ། ཚ་ལྕིབས་ལག་ལྕིབས་སྤྱན་ལྕིབས་མིག་ལྤགས་དང༌། ལྕི་ཡང་ལྕིགས་ཕུར་སྒོ་ཡི་ཡག་ཤིང་ཟེར། ནོར་སོགས་ལྕི་བ་སྙུ་བ་དོན་གཅིག་གོ།
ལྕུ༽ ཤིང་སོགས་ལྕུག་མ་ལྕུག་ཕྲན་མཉེན་ལྕུག་ལྡེམ། ལྕུམ་རྩ་ལྕུ་གུ་སྐ་རགས་ཕྲ་མོའི་མིང༌།
ལྕེ༽ རོ་འཛིན་ལྕེ་དང་ལྕེ་འབབ་ཐོག་གནམ་ལྕགས། ལྕེ་མྱང་ཚྭ་དང་མེ་ལྕེ་དར་ལྕེ་དང༌། ཞལ་ལྕེ་ཁྲིམས་བསྒྲག་གཡང་འཆོང་ལྕེབ་ནས་ཤི།
ལྕོ༽ མེ་ཏོག་མགོ་ལྕོག་ལྕོང་མོ་ཁང་པའི་ལྕོག མི་ལྕོགས་ཡོད་ལྕོགས་ཅི་ལྕོགས་ལ་སོགས་སོ། །

༼ཆ༽
དྲུག་པ་ཆ་ཡི་སྡེ་ཚན་རྐྱང་པ་དང༌། འཕུལ་ཅན་གཉིས་ལས་དང་པོ་རྐྱང་པ་ལ།
ཆ༽ ཆ་ལང་སྦུབ་ཆོལ་ཆ་ཤས་ཆ་ལུགས་དང༌། ཆ་བྱེད་ཆ་རྒྱུས་ཡོད་མེད་གོས་ཆ་ག མྱོསས་འགྱུར་ཆང་དང་ཆར་བབས་ཆས་བཟང་གོས། འབྲུ་ཆན་ཡོན་ཆབ་ཚི་ཆད་ཡི་ཆད་པ། ཆབ་ཆུ་ཆབ་བཀའ་ཤོག་ཆབ་འབངས་ཞེ་སའི་ཚིག ཆབས་ཅིག་ཆགས་སེམས་ཆགས་རྒྱ་ཡིག་རྒྱ་སྟེ། ཆག་དཀྲུམ་ཆན་གྲི་ཆད་ཐོ་དམ་བསྒག་བྱ། ཆ་མེད་ཆ་དར་གོས་སོགས་རལ་རལ་ག་ཆ་བ་འགྲོ། ཆ་མི་ཆ་སྟེ་ཤེས་སམ་མི་ཤེས་བརྡ། ཆབ་མི་འཚལ་ནི་ཆུད་མི་འཛའ་བ་དང༌། ཆབ་མ་སྲོག་དང་བག་ཆགས་ཆག་ཉམས་ཉམས་ཆག་དང༌། ཆག་ཤིང་ཆག་ཚད་ཆལ་ཆ་ཆག་ཆག་གདབ། ཆ་སྙོམ་མཉམ་ཆབ་རོམ་འཁྱག་པ་ཆལ་ཆིལ་སྒྲ། ཆལ་མལ་བརྡལ་དང་ཆ་ལག་ཆ་རྐྱེན་འཛོམ། ཆབ་སྲིད་ཆགས་པ་མེད་ཆམ་པའི་ནད་ཆག་བསྟབ་པ། ཆ་ག་པ་སྟེ་ཚག་པ་འབུ་ཞེས་འདྲ། ཆང་ཆེམས་ཞེས་པ་ཆང་བཏུངས་འཕྲིན་བསྐུལ་ཚིག ཆམ་དུ་གཏན་དུ་ཆད་པ་བཀའ་ཆད་དང༌། ཆམ་ལ་འབེབས་བྱེད་ཆམ་ལ་ཕབ་གྲུབ་དང༌། ཆམ་ལ་དབབ་བྱ་ཆམ་ལ་ཕོབ་ཅིག་སོགས། ཆན་པ་གྲི་གུག་མས་འཕུལ་ཡང་འདུག་ཆན་ཁུང་ཆང་བུ་གླུད།
ཆི༽ རྩེར་ཆིབས་མཐར་ཕྱིན་བཞོན་བྱེད་སྐུལ་པའི་ཆིབས་པ་རྟ། སྐུལ་ཚིག་ཆིར་བཅིར་བྱ་བ་ཆིངས་སྐུལ་བཅིང་བྱ་བ་ཆིག་རྐྱང་གཅིག ཆིག་བརྒྱ་ཆིག་སྟོང་ཆིབ་པ་ཁྱབ་པ་དང༌།
ཆུ༽ ཆུ་བོ་ཆུ་ཞེང་གབ་སྟེ་དཀྱུས་ཅེས་པའང་གྲུ་བཞི་ལ་འཇུག་རྒྱ་མཉམ། བྱང་ཆུབ་འུབ་ཆུད་འུབ་ཆུབ་རང་དབང་རྟོགས། ཆུ་སྙིང་ཆུ་ཤེལ་ཆུ་ཆུང་ནཱི་ལ་དང༌། དར་གྱི་ཆུན་པོ་ཆུན་འཕྱང་ཆུན་མ་ཆུང་མ་ནི། མནའ་མ་གཉིས་ཀྱི་གསར་པ་ཆུང་ཤོས་མིང༌། མ་བླ་ཆུད་ཀྱི་རྒྱལ་མོ་ཞེས་དང་རྒྱལ་ཆུད་ཟོས་ནང་དུ་ཆུགས། ཆུ་སྲིན་ཆུ་ཟླ་ཆུ་བུར་ཆུ་སྟོད་སོགས། སྐར་མིང་དང་ནི་ཆུ་ཀླུང་ཆུ་རྒྱུས་དང༌། ཆུ་སོ་སྟེ་འོག་ཆུ་བྲུབ་རྦ་ཀློང་རྒྱས། ཆུ་གྲི་ཆུ་བེན་སྣོད་ཆུ་རྒྱམ་མཐོང་གནམ་མཐོང་སར། ཆུ་ལོན་ཆུ་རགས་ལྟ་བུའོ་ཆུ་གང་སྙིང་སྟོབས་ཅན། ཆུ་ངོག་ཆུ་དོང་ནང་དུ་ཆུད་ཅེས་ཚུད། ཆུ་ཤོ་ཆུ་རྩྭ་ཆུ་མ་རྩི་རྣམས་སྨན། ཆུ་ཚོད་ཆུ་སྲང་ཆུང་བ་ཆུམས་པ་ཆགས། ཆུ་འཁྲིས་ཞེས་པ་རྟ་གདོང་མེ་ལ་བྱ། ཆུ་གྲོག་ཆུ་ལ་ཕྱེ་བཏབ་འཐུང་བའོ།
ཆེ༽ ཆེ་ཞིང་སྲིང་མོ་ཨ་ཅེ་ཁ་ཆེམས་འཕྲིན། ཆེ་ལོང་རགས་རིམ་ཆེ་གེ་གཅེན་པོ་སྟེ། ཆེད་དུ་དང་འགའ་རེ་འགའ་ཆེ་བཞི་དཔང་པོ་ཆེ། སྤྱི་མིང་ཆེ་གེ་མོ་དང་ཆེ་བ་དང༌། སྒྲ་སྐད་ཆེམ་ཆེམ་རིན་ཆེན་རིན་པོ་ཆེ། ཆེས་མང་ཆེས་མྱུར་ཆེས་ཐལ་སོགས་མང་འགྲེ།
ཆོ༽ ཆོ་འཕྲུལ་སྣ་ཚོགས་ཆོ་འབྲང་རིགས་རྒྱུད་སོགས་བགྲང༌། ཆོ་ལོ་ཤོ་རྒྱན་ཆོམ་པོ་རྐུན་ནམ་ཇག ཆེ་ངེ་ངུ་འབོད་ཆོམ་སྒྲ་དམ་པའི་ཆོས། མི་ཆོག་མི་ཕོད་ཆོངས་ཤིག་བློ་ཐག་ཆོད། ཆོག་ཤེས་ཆོ་ལོ་རྒྱུས་རབས་ཆོ་རིགས་རྒྱུད་ཆོ་ག་འདོན་ཆོག་ཤེས། ཆོས་ཉིད་ཆོས་དབྱིངས་ཆོས་རྒྱལ་དེ་གས་ཤིང་ངམ་སྣམ་བུ་སོགས་ཆོག ཆད་པ་ཆོད་དང་དགྲ་ཆོམས་ཆོལ་ཟངས་ནི། དྲི་ཆུ་བཟེད་སྣོད་ལས་ལ་ཆོས་དང་ཆོལ། གཉིས་པ་འཕུལ་ལ་མས་འཕུལ་འས་འཕུལ་གཉིས།
མཆ༽ དང་པོ་ཡི་གེའི་མཆན་བུ་མཆན་ཁུང་དང༌། མཆན་ཁུག་འཁོར་ལོའི་རྩིབས་མཆན་མཆད་པ་ཞེས། དུར་ཁྲོད་དང་ནི་རོ་སྒམ་ལ་ཡང་ཟེར།
མཆི༽ སྐྱབས་སུ་མཆི་དང་འབྲུ་འཐག་མ་ལོ་མཆིག་ཡ་ལོ་མཆིག་གུ། མཆིས་སམ་མ་མཆིས་ཡོད་མེད་བརྡ་རུ་གོ། མཆིལ་པ་བྱེའུ་ནས་ཟན་དང་ལྕགས་ཀྱུ། རྒྱ་མཚོའི་མཆིང་དང་བཀའ་མཆིད་མཆིད་ཚིག་འདྲ། ནང་ཁྲོལ་མཆིན་པ་རིན་ཆེན་མཆིང་མཆོང་ཡང་འཐད་བུ་མཆི་མ་འཛག མཆིལ་ལྷམ་མ་ཁ་ཆུ་མཆིས་མལ་སྡོད་གནས་ཏེ། བསམ་ཡས་མཆིམས་ཕུ་མཆིས་བྱང་ཡང་འབྲང་ཆུང་མ་དང༌། མཆིམས་ནི་རུས་བརྒྱུད་༼མཆུ༽ཁ་མཆུ་མཆུ་དང་མཆུ་སྒྲོས་སུལ་དང༌།
མཆེ༽ སྐྱེ་མཆེད་བཅུ་གཉིས་སྐུ་མཆེད་མཆེད་གྲོགས་དང༌། མེ་མཆེད་ཁ་ཡི་མཆེ་བ་གཙིགས་པ་དང༌། མཆེར་པ་མཚེར་པ་ཡང་བརྗོད་དོན་ལྔའི་གཅིག
མཆོ༽ རྩལ་གྱིས་མཆོངས་དང་མཆོག་གྱུར་དཀོན་མཆོག་དང༌། མཆོད་པ་མཆོད་རྫས་གཞུ་མཆོག་རྩྭ་མཆོག་དང༌། མཆོང་ཆེན་ཁ་ཚར་མཆོར་རམ་མཆོར་མཛེས་མས་འཕུལ་སྡེ། གཉིས་པ་འ་ཡི་འཕུལ་བའི་ཆ་སྡེ་ལ།
འཆ༽ ཞབས་ཀྱིས་འཆག་དང་འཆག་ས་ལག་ཏུ་འཆང༌། བོན་ཆོས་འཆད་དང་ཁྲིམས་གནས་ཟས་སོགས་འཆའ། ཉེས་པ་སྦེད་པའི་འཆབ་དང་ཁ་འཆམས་གྲོས་མཐུན་པ། སྐྱིན་འཆབ་སྐྱིན་ཚབ་ཆ་མཚུངས་བཞེད། གར་འཆམ་གཏད་མེད་འཆལ་འཁྱམས་འགས་འཆགས་དང༌། འགྲོ་འཆག་འདུག་སྒྲིབ་པ་འཆགས་དང་སྲོག་འཆད་ཐག་པ་སོགས། ཉི་མ་འཆར་དང་ཉམས་སོ་འཆར་སྒོ་དང༌། ཚུལ་ཁྲིམས་འཆལ་དང་མཆར་གཡེང་མཚར་གཡེང་སོགས།
འཆི༽ འཆིང་བྱེད་འཆིང་ཐག་འཆི་བ་མི་རྟག་པ།
འཆུ༽ སྟོབས་ཀྱི་འཆུན་དང་མི་འཆུན་ཐོབ་མི་ཐོབ་ལྟ་བུའོ་མིད་པ་འཆུས། དོན་འཆུག་འཆུགས་ཟིན་ལས་དོན་ནོར་བའི་བརྡ། མང་པོ་མི་འཆུམ་ཆུ་འཆུ་ཤིག་ཤིག་འཆུལ། གནས་སུ་འཆུར་དང་འདོད་ལ་ཞེན་ནམ་ཆགས་པའི་འཆུམས། ཡོ་བས་འཆུས་དང་ཡི་ག་འཆུས་པ་སོགས།
འཆེ༽ ཁས་འཆེ་ཁས་བླང་ཁས་འཆེས་བླངས་ཟིན་པ། བརྟེན་པར་འཆེལ་བ་ཞེན་པའམ་འཆད་པའམ་འབྱམས་སོགས་ཟེར།
འཆོ༽ ཆུ་སོགས་འཆོར་འཁྱོམས་ལས་འཆོལ་གྲོས་འཆོམས་པ། ཚུལ་འཆོས་འཆོབས་ཤིག་གསོངས་ཤིག་སྔ་ཕྱི་འཆོལ་འཛོལ། འཆོལ་བུ་ནོར་འཁྲུལ་བསྟན་བྱད་པ་འཆོས་བསྟན་བཅོས་འདས་ཟིན་འང༌། འཆོར་བ་བཟུང་དོན་འཆོས་པ་ཟོས་པའི་བརྡ། །

༼ཇ༽
བདུན་པ་ཇ་ཡིག་སྡེ་ཚན་རྐྱང་པ་དང༌། འཕུལ་དང་མགོ་འདོགས་ཅན་གསུམ་དང་པོ་ལ།
ཇ༽ རྐྱང་པ་ཇ་དང་ཇག་པ་མགོ་རིལ་ཇ་རིལ་དང༌། ཇ་ཡིག་ཇ་ཡི་ཇ་སྦག་བམ་པོ་ཇ་ཞོང་ནི། བཙོད་མདོག་དམར་སེར་ཇ་ཏོར་རས་གུར་དང༌།
ཇི༽ ཇི་རོབ་རི་ཕྱིར་ཇི་སྙམ་ཇི་ལྟ་དང༌། ཇི་འོས་ཇི་སྐད་ཇི་ཟེར་ཇི་སྲིད་དང༌། ཇི་ལྟར་ཇི་བཞིན་ཇི་སྙེད་རོལ་མོ་ཇིང༌། ཇི་ག་བརྟག་པ་ཇིས་ན་ཅིས་ན་དང༌།
ཇུ༽ ཞང་ཞུང་ཇུ་ཐིག་མོ་པྲ་ཇུ་ཙེ་འབྲུ། ཇུ་སླིག་ཇུ་བོ་རྡོ་དང་ཇུ་ཕྱི་ནི། རིག་པའི་མིང་དང་ཇུར་པ་ཇུས་གོས་ཆེན། ཇུ་གར་ཕ་མའི་རིགས་རུས་སོགས་ལ་ཟེར།
ཇེ༽ ཇེང་ཞེས་པི་ཝཾ་རྒྱུད་མང་ཇེ་ཞེས་པ། ཐོག་མའི་དབྱངས་ཏེ་ཇེ་བཟང་ཇེ་ཆེ་དང༌། ཇེ་རྒྱས་ཇེ་མཐོ་ཇེ་འཕེལ་ཇེ་མང་དང༌། ཇེ་ཞིག་རེ་ཞིག་ཇེ་མགྱོགས་ཇེ་ལེགས་སོགས།
ཇོ༽ ཆེ་ཤོས་ཇོ་ཇོ་ཨ་ཇོ་མིང་པོ་ཇོ་བོ་རྗེའུ་དང་གཙོ་བོ་དང༌། ཇོ་མོ་རྗེ་མོ་སོགས་ཏེ་ཇ་རྐྱང་སྡེ། གཉིས་པ་མས་འཕུལ་དང་ནི་འས་འཕུལ་གཉིས།
མཇ༽ དང་པོ་ཕྲད་པའི་མཇལ་དང་བླ་མ་འཇལ།
མཇི༽ ལུས་ཀྱི་མཇིང་པ་༼མཇུ༽མཇུག་མ་མཇུག་ཏུ་བཞག མཇུག་རིང་ཀེ་ཏུ་གཟའ་སྟེ་མཇུག་སྒྲོ་ཅན།
མཇེ༽ མཇེས་པ་ཡིད་དུ་འོང་བ་ཕོ་རྟགས་མཇེ་དང་མི་མཇེད་ཉོན་མོངས་བཟོད་པའི་མི་འཇམ་པའི་སེམས་ཅན་ཞིང༌། གཉིས་པ་འས་འཕུལ་ཇ་ཡིག་རྣམ་གྲངས་ལ།
འཇ༽ འཇའ་ཚོན་ཁྲིམས་འཇགས་སྦྱོར་འཇགས་བློར་འཇགས་དང༌། འཇབ་བུ་རྐུན་མ་འཇབ་དང་རེག་བྱ་འཇམ། འཇམ་འབྲས་སྨན་དང་རྩྭ་འཇག་བློས་འཇལ་བྱེད། འཇལ་བྱེད་བྲེ་དང་བུན་ལོན་ཁྲལ་སོགས་འཇལ། ལན་ཆགས་འཇལ་དང་ཚད་འཇལ་འཇང་ཡུལ་དང༌། འཇའ་མོ་གླན་མ་ཁང་སོགས་འཇའ་བརྡེག་དང༌། གཞིས་འཇགས་འཇའ་ས་བཀའ་ཤོག་ཞེན་ཆགས་དང༌། རྐང་པ་འཐེང་པོ་སོགས་ལ་འཇུག་ཅེས་བརྗོད། འཇའ་མོ་རྒྱུག་ཅེས་རྐང་འགྲོ་ལག་འདོན་ཁྲལ། ཇ་འཇང་འཇམ་དབྱངས་འཇམ་དཔལ་རོ་འཇམ་པ།
འཇི༽ འཇིག་རྟེན་འཇིག་ཞིག་འཇིགས་སྐྲག་འཇིགས་མེད་དང༌། མཆུ་ཡིས་འཇིབས་དང་འཇིབ་རྩི་སྔོ་སྨན་ཏེ། འདམ་གྱི་འཇི་བ་འཇིམ་པ་དོན་གཅིག་ལ། མཚོ་འཇིང་དབུས་རྩ་འཇིང་དཀྱིལ་སྤོང་འཇིང་གུང་འཇིལ་ནི་ཕྱིར་ལ་གཞིལ། འཇིགས་བྱེད་འཇིགས་རུང་འཇིགས་སྟངས་ཚམ་རྔམས་ཀྱི།
འཇུ༽ སྣེ་མོ་འཇུ་དང་ལྟོ་འཇུ་མར་སོགས་འཇུ། འཇུ་ཐག་ཁུར་དུ་འཇུག་དང་འཇུག་སྒོའི་ཆོས། ནང་དུ་འཇུག་དང་དགེར་འཇུག་སེར་སྣའི་འཇུངས། སྨད་འཚོང་འཇུད་མཐུན་འཇུད་འཇུག་དོན་གཅིག་ལ། ཤ་འཇུམས་ཞུ་མིང་ལས་པས་འཇུས་ཟིན་པ། སྲད་བུའི་འཇུར་བ་འཇུར་མིག་གནས་སུ་འཇུར། འཇུན་དང་གཅུན་མཚུངས་མི་འཇམ་འཇུར་ཐག་དང༌།
འཇེ༽ སྙན་འཇེབ་ཡིད་འབབ་ཚིག་སྙན་མི་འཇེབ་ལྡོག འཇེན་པ་ཡིད་དང་རྣར་འཐད་འཇེམ་པ་ནི། གཉེན་དང་མཁས་པ་མཛེས་པ་སོགས་ལ་འཇུག
འཇོ༽ འདོད་འཇོའི་འོ་མ་འཇོ་དང་གནས་སུ་འཇོག རྐོ་བྱེད་འཇོར་དང་དབྱིབས་འཇོང་འཇོམས་པར་བྱེད། བྱིའུ་འཇོལ་མོ་གྲིས་འཇོགས་ལུས་འཇོལ་འཇལ། འཇོ་སྒེག་སྒེག་ཉམས་ཀླུ་རྒྱལ་འཇོག་པོ་དང༌། སྐྱིན་པོ་འཇོལ་ཅིག་འཇོན་ནི་ཟངས་དམར་རོ། གསུམ་པ་མགོར་འདོགས་ར་ལ་གཉིས་དབང་སྟེ། དང་པོ་ར་ཐོད་བཅིངས་པའི་ཇ་ཡིག་ལ། འཕུལ་མེད་འཕུལ་ཅན་གཉིས་དབྱེ་དང་པོ་ལ།
རྗ༽ བང་བའི་རྗང་དང་༼རྗུ༽རྒྱུད་པའི་རྗུར་རམ་རྗུད།
རྗེ༽ རྗེ་བཙུན་བླ་མ་རྗེ་བོ་རྗེ་བཙན་དང༌། རྡོ་རྗེ་ལྷ་རྗེ་སློབ་དཔོན་སྨན་པ་དབྱེ། རྗེ་དཔོན་རྐང་པའི་རྗེ་ངར་རྗེའུ་རིགས་དང༌། བཀུར་ཏིའི་རྗེད་པ་ཡོན་ཏན་རྗེས་དྲན་སོགས། ཤ་རྗེན་ས་རྐང་རྗེན་རྗེན་རྗེན་རིགས་རྗེད་བྱེད་གདོན། རྗེས་འཇུག་སློབ་མ་རྗེས་སུ་བཟུང་བ་དང༌། རྗེས་སྐྱེས་ནུ་བོ་རྐང་པའི་སྤོ་ཤུལ་རྗེས། རྗེས་ཆགས་རྗེས་འབྲང་རྗེས་སུ་བསླབ་གནས་སྒྲུབ།
རྗོ༽ རྗོད་བྱེད་ཚིག་དང་གཉིས་པ་རྩེག་འཕུལ་ལ།
བརྗི༽ གཟི་བརྗིད་ལྷུན་པོ་ལྟར་བརྗིད་དཔའ་རྔམ་བརྗིད།
བརྗེ༽ བརྗེད་ངས་མི་བརྗེད་གཟུངས་དང་བརྗེད་ཟིན་པ། ཕན་ཚུན་སྟེང་འོག་སོགས་བརྗེས་༼བརྗོ༽བརྗོད་བྱ་བརྗོད། གཉིས་པ་ལ་ཡིག་མགོ་ལྡན་༼ལྗ༽ཁ་དོག་ལྗང༌། ལོ་ཏོག་ལྗང་བུ་ཞལ་གྱི་ལྗགས་མདུད་རྩོམ་ལུང་སོགས་ཞེ་ས། ལྗན་ལྗིན་ལྗབ་ལྗིབ་༼ལྗི༽ལྗི་བ་ཁྱི་ཤིག་སྟེ། ལྗིད་ཆེ་༼ལྗུ༽ལྗུར་གྱི་བུད་དེ་གཅེར་རྗེན་པ།
ལྗོ༽ སྨན་ལྗོངས་ཡུལ་ལྗོངས་ལྗོན་ཤིང་རིན་ཆེན་ལྗོན། །

༼ཉ༽
བརྒྱད་པ་ཉ་ཡིག་སྡེ་ཚན་གསུམ་དབྱེ་སྟེ། རྐྱང་འཕུལ་རྩེག་གསུམ་དང་པོ་རྐྱང་པའི་སྟེ།
ཉ༽ ཟླ་བ་ཉ་གང་ཉ་རྒྱས་ཆུ་གནས་ཉ། ཉ་མ་སློམ་མའང་བུད་མེད་ཉ་ནི་བཅོ་ལྔ་སོགས། ཉམ་ཆུང་ཉམ་ཐག་ཉམ་ངའི་འཇིགས་ཡུལ་དང༌། ཉམས་རྒྱས་ཉམས་བརྟས་ཉམས་དགའ་ཉམས་ལེན་བྱེད། རྐང་པའི་ཉྭ་ཤ་ཉ་བྲེག་སྨན་སྡེ་མེ་ཉག་དང༌། ཉང་ཡུལ་ཉག་ཐག་ཉག་ཕྲན་མདའ་མོ་དང༌། ཉན་ཐོས་འཁོར་དང་ཉལ་འགྲོ་ཆུ་ཡི་མིང༌། དམ་ཉམས་ཉམས་སད་བསོད་ནམས་མདོག་སོགས་ཉམས། ཉ་ག་འདེགས་བྱེད་ཉལ་ཉ་བེ་ཉོ་བེ་ཉིལ་ཉར་ཉ་ར་ཉ་རེ་ཉོར་དང༌། ཉག་མོ་སྣ་ཉག་དང་ནི་སྐྱེས་པ་ཡིས། བདག་བཟུངས་བྱས་པའི་བུད་མེད་དག་ལ་འཇུག ཉར་མ་ཆུ་རྡུལ་ཟེགས་མ་ཉ་རྒྱ་འམ། ཉ་དོལ་ཉ་ཕྱིས་ཉན་རྣ་ཕག་ཉན་མིང༌། ཉག་གཅིག་བོན་ཆོས་ཉན་དང་མལ་དུ་ཉལ་བ་དང༌། ཉལ་པོ་འཁྲིག་པ་སྤྱད་དང་ཉམས་སྨད་པ།
ཉི༽ ཉི་མ་ཤར་དང་ཉིང་དགོས་དགོངས་མཐར་ཐུག ཉིང་ཁུ་བཅུད་དང་ཡང་ཉིང་ཉིང་ཏོར་ངེས་པ་ཅན། ཉིང་ལག་ཡན་ལག་གི་ནི་ཡན་ལག་གོ། ཉིང་གྲུལ་རིགས་ངན་དང་ནི་བཅུད་འཆོར་བ། ཉི་ཚེ་དམྱལ་བའི་སྡེ་གཅིག་ཉིང་མཚམས་སྦྱར། ཉི་རི་ཞང་སྐད་སུརྱ་རྒྱ་སྐད་ཉི། ཉིན་སྲིབ་ཉིན་མོར་བྱེད་དང་ཉིང་ཤ་དང༌། གཅིག་ཚིག་ཉིད་དང་རྩེ་ནས་ཐུར་དུ་ཉིལ། ཉིས་བརྒྱ་ཉིས་སྟོང་ཉི་ཤུ་ཉི་ཁྲི་སོགས། ཉིས་འགྱུར་ཉིན་མཚན་རང་ཉིད་ཁྱོད་ཉིད་དོ།
ཉུ༽ སྤོས་ཉུག་བྱུག་པ་ཉུངས་ཀར་ཉུང་ངུའི་ཉུང༌། ཉུག་རུམ་པ་སྟེ་རླིག་པ་ཕྱུངས་པའི་མི། ཉུང་མ་ཉུ་མེ་མ་ཞེས་བསླུ་བྲིད་མཁན། ལ་ལུང་ཉུལ་འགོལ་བ་དང་བུལ་བའང་བགྲོད་འཕྱང་མོ་ཉུག་ཐེ་ཚོམ།
ཉེ༽ ཉེ་གནས་གྲྭ་སོགས་ཉེ་འཁོར་ཉེ་ཤིང་སྨན། ཉེ་ཞོ་མེད་དེ་སྐྱོན་མེད་ཤིས་ལེགས་བརྡ། ཉེ་དྲུང་ཉེ་དུ་དོན་གཅིག་ཐག་ཉེ་བ། ཉེ་རེག་ཁྲུས་དང་ཉེས་ཅན་སྐྱོན་ཉེས་དང༌། མ་ཉེས་སྐྱོན་མེད་ཁས་ཉེན་དབུལ་འཕོང་དང༌། ཉེར་གཅིག་སོགས་གྲངས་ཉེར་སྤྱོད་ཉེ་བར་ལེན། ཉེར་བསྡོགས་སྟ་གོན་ཉེའུ་འདོན་འཇིགས་ལས་སྐྱོབས། ཉེར་འཚེ་ཞ་ཉེ་ཉེན་དཀོར་ཉེ་སའི་དོན། ནད་ཀྱི་ཉིན་དང་ཉེལ་ནི་ངལ་བ་སྟེ། ཉེས་དམིགས་ཉཻས་ཆད་ལམ་དུ་གྱ་ཉེས་པ། ཉེ་སྙ་སྐབས་སྒྱུར་ཉེའུ་གྱི་ཞེས་པ་བཅུད་འཆོར་བ།
ཉོ༽ ཉོ་བ་པོ་དང་ཉོ་རྒྱུ་ཉོས་གྲུབ་དང༌། ཉོལ་ཅིག་ཉོག་ཉོག་ཆུ་སོགས་ཉོན་མོངས་པ། ཉོད་པ་ཟས་དང་ཉོན་ཅིག་ཉོས་ཤོག་གོ། གཉིས་པ་འཕུལ་ལ་ག་དང་མ་གཉིས་ཏེ།
གཉ༽ དང་པོ་ག་འཇུག་ཉ་ལ་གཉའ་ཤིང་འཛིན། གཉའ་ལྟག་གཉའ་ཀོ་གཉའ་བོ་དཔང་པོ་དང༌། བཀའ་གཉན་བཀའ་བརྩན་དོན་གཅིག་རི་དྭགས་གཉན། རུས་གཉག་གཉལ་དང་མཐུ་ལྡན་གཉན་པོ་དང༌། གཉན་ནད་གཡེན་ཁམས་གཉན་སྡེ་ལ་སོགས་སོ།
གཉི༽ གཉིད་དང་གཉིད་ཡུར་གཉིད་སོང་དོན་གཅིག་ལ། གཉིག་ནི་གཅིག་མིང་གཉི་གཟེར་ཉི་ཟེར་བརྡ་རྙིང་དོད། གཉིས་དང་བཅུ་གཉིས་ཉེར་གཉིས་སོགས་གྲངས་ཀ གཉིས་མེད་གཉིས་འཐུང་གཉིས་འཛིན་གཉིས་སྐྱེས་སོ།
གཉུ༽ ལག་གཉུལ་ལྟ་གཉུལ་ཡུལ་རྒྱུ་རྟོག་དཔྱོད་བརྡ། གཉུར་བ་གཅུར་བ་གཉུག་མའི་རང་གཤིས་དང༌།
གཉེ༽ ཉག་པོར་གཉེད་ཅེས་རྡོ་ཤིང་སྣ་ཉག་གཏོད། གཉེ་ནང་ཁྲོལ་རྒྱུ་དཀར་མ་བཤེས་གཉེན་གཉེན་པོ་ནད་སྨན་ལྟར། དཔུང་གཉེན་རྩ་ལག་གཉེན་དུ་ཉེ་དུའི་གཉེན། དཀོར་གཉེར་གཉེར་པ་དོན་གཉེར་ཁྲོ་གཉེར་བཞིན། གཉེར་ཁམས་ཡར་གཡེན་གཉེན་པོ་ལྷ་ཡི་སྡེ།
གཉོ༽ གཉོས་ཀ་འཁོས་ཀ་གཉོད་པ་འཁོད་པ་མཚུངས། རུས་གཉོས་ལུས་གཉོད་ཆུང་ནད་སྨན་མི་ཐེག་ལྟར།
མཉ༽ གཉིས་པ་མས་འཕུལ་གཉན་ཡོད་གྲོང་ཁྱེར་དང༌། རྣ་བས་མཉན་དང་མཚུངས་པའི་མཉམ་པ་དང༌། མཉམ་ཉིད་མཉམ་བཞག་ཆུ་སྒྲོལ་གཉན་གྲུ་པ་པ་དང༌། མཉེ༽ ཀོ་པགས་མཉེད་དང་མཉེས་ཚར་གཉེན་འཇམ་ལྡེམ། ཐུགས་མཉེས་བརྩེ་གདུང་ཆེ་ལ་མཉེས་གཤིན་ཟེར། དར་སོགས་མཉེན་ལྡེམ་མཉེལ་བ་ངལ་བ་མཚུངས། ར་མཉེ་སྨན་དང་བཀུ་མཉེ་སྣུམ་བྱུག་གོ། གསུམ་པ་བརྩེག་ལ་མགོ་རྒྱན་ར་ས་གཉིས། རེ་རེར་འཕུལ་མེད་འཕུལ་རྩེག་གཉིས་རེ་སྟེ། དང་པོ་གཙུག་རྒྱན་ར་རྐྱང་འཕུལ་མེད་ནི།
རྙ༽ འཁྲུ་བའི་རྣང་མའང་རྙང་བར་བྱེད་དང་ལག་པས་རྙབ།
རྙི༽ སོ་རྙིལ་གོས་ཟས་རྙིང་རྙིང་པའི་རིགས། རྙིད་པ་རྙིང་པ་རྙིས་པ་ཡུན་ལོན་པ། ལྕང་རྙིལ་མ་སོགས་རྙིད་པ་ཨིནྟ་རྙིལ། གསར་རྙིང་སྐམ་རྙིད་༼རྙུ༽རྙུ་བ་ནོར་སོགས་ཀྱི།
རྙེ༽ བོར་བ་རྙེད་དང་ནོར་སོགས་རྙེད་པ་དང༌། རྙེད་སླ་རྙེད་དཀའ་རྙེད་པའི་ཟས་ནོར་དང༌།
རྙོ༽ འཛིན་བྱེད་རྙོད་རྙི་རྙོང་བྱུག་པའང་ནི་གར་ལམ་རྙི། རྐང་རྙོང་ལག་རྙིང་རྐྱང་མིང་མགལ་རྙོང་བྱུགས། རྙོབ་བྱེད་ལག་པ་རྙོག་མའི་ཆུ་སོགས་སོ། གཉིས་པ་རྩེག་འཕུལ་༼བརྙ༽གཟུགས་བརྙན་ཕྱག་གཡོག་འཁོར་བརྙན་དང༌། སྒྲ་བརྙན་སྣང་བརྙན་མགོ་བརྙན་བརྙན་པ་གཡར། ལག་པས་བརྙབ་བྱ་བརྙས་ཐབས་འཕྱྭ་ཁྲེལ་སོགས། བརྙས་པ་ཁྱད་གསོད་འཁྲུ་བ་བརྙོངས་ཟིན་པ།
བརྙི༽ གོས་བརྙིངས་འདས་ཟིན་ལྟ་བུ་རེ་འགའ་ཙམ།
བརྙེ༽ གོ་འཕང་བརྙེས་དང་དངོས་གྲུབ་བརྙེས་པ་དང༌།
བརྙོ༽ ཁ་བརྙོང་ཚིག་བརྟག་བརྙོད་ནི་བཟུང་བའི་མིང༌། གཉིས་པ་ས་མགོ་འཕུལ་མེད་རྐྱང་པའི་སྐབས།
སྙ༽ སྙན་རྣ་བ་མཆོག་ཐ་སྙད་སྙད་འདོགས་སྙན་ཚིག་དང༌། སྙན་འཇེབས་གོང་དུ་མེད་ཀྱང་གཏམ་སྙན་སྙ་ཤལ་སྟུག་ཅིང་རིང༌། སྙན་ངག་སྙ་ལོ་སྨན་རིགས་ཇི་སྙམ་སེམས།
སྙི༽ རེག་བྱ་སྙི་འམ་འཇམ་པ་སྙི་བ་གཅིན་སྙི་སོགས་སྔོ༌། སྙིང་པོ་སྙིགས་དུས་སྙིང་གློ་སྙིང་སྙིང་བརྩེ་བ། གཉེན་གྱི་སྙིད་ཕའི་སྲིང་མོ་ཞང་པོའི་ཆུང་མ་སོགས་བཤད་མོ་མག་པའི་སྲུན་མོ་དང༌། ལག་པའི་སྙིམ་པ་ཁྱོར་དངས་སྙིགས་ཚིགས་མའང་དང༌། སྙིང་རྗེ་སྙིང་ཞོ་སྙིས་པ་ཉམས་པ་རྩེ་སྙིལ་བྱེད།
སྙུ༽ སྙུ་གུ་སྙུག་གྲི་སྙུག་གཞི་དབུ་སྙུང་མནའ། སྙུང་བུ་འབུག་དང་སྙུགས་སྲིངས་སྙུང་བར་གནས། སྙུན་མེད་ནད་མེད་དང་ནི་རོག་མེད་པ།
སྙེ༽ འབྲུ་ཡི་སྙེ་མ་དེ་སྙེད་ཇི་སྙེད་དང༌། དོན་ལ་མངའ་སྙེམས་དབང་ཐོབ་རྒྱབ་སྙེས་བརྟེན། སྙེལ་མེད་རྗཻས་སྙེག་ང་རྒྱལ་སྙེམས་པ་དང༌། སྙེམས་རྟོག་རྣམ་རྟོག་མལ་སྔས་སྙེ་འབོལ་དང༌།
སྙོ༽ གོ་སྙོད་སྨན་བཏང་སྙོམས་སྙོམ་ལས་པ། བསོད་སྙོམས་པ་དང་ཡོངས་ལ་སེམས་སྙོམ་པ། སྤུ་སྙོལ་ཁྲོ་བོ་བསྐྱུང་བརྡ་ཡར་སྙོགས་ཤིག རྙང་སྙོགས་ལག་པས་བརྟག་པ་ཁོད་སྙོམས་པ། སྐུད་པ་སྨད་སྙོད་དང་ཞེ་སྙོམས་སྤྲོ་དལ་བ། སྙོམ་འཇུག་རྒྱལ་མཚན་སྙོལ་ཅེས་སྒྱེལ་བ་དང༌། ལག་པས་རྙོབས་ཤིག་ཆང་སྙོལ་མལ་སར་སྙོལ། འདི་རྣམས་ད་ལྟ་བ་དང་སྐུལ་ཚིག་མང༌། གཉིས་པ་རྩེག་འཕུལ་༼བསྙ༽ཕན་ཚུན་ཁ་ཡོ་བསྙམས། མལ་དང་ཐང་བསྙལ་རྒྱུ་མཚན་བསྙད་བཤད་པ་པ་དང༌། ལག་བསྙལ་བཀྲུས་པའི་མིང་དང་ཟས་སྟེར་བ། བསྙག་པ་བྱུག་པ་རྗེས་བསྙགས་ལག་པས་བསྙབས།
བསྙི༽ བསྙིས་པ་ཉམས་པ་ལྷུང་བཟེད་བསྙིགས་མ་དང༌། རྩེ་བསྙིལ་ཕྱེ་མར་བསྙིལ་དང་ཕྱི་བསྙེལ་བ། གཞིལ་དང་དོར་བ་བསྐྲད་སོགས་དོན་གཅིག་སྟེ།
བསྙུ༽ བསྙུན་བསྙུང་ཡང་གཞི་དང་ཞིང་བསྙུན་གསོལ་བསྡུས་པའི་དོན་ཡོ་བྱད་བསྙུངས། ལག་བསྙུལ་ཟས་སྟེར་བསྙུགས་རིང་བསྙུངས་པར་གནས།
བསྙེ༽ འཇིགས་པའི་བསྙེངས་དང་བསྙེངས་བྲལ་མི་འཇིགས་བརྡ། བསྙེན་བཀུར་བསྙེམས་པ་ང་རྒྱལ་དགེ་བསྙེན་དང༌། བསྙེན་གནས་བསྙེན་རྫོགས་བསྙེན་སྒྲུབ་བསྙེན་སྲིང་ཉེ་རིང་དང༌། བསྙེལ་བ་མེད་དེ་མི་བརྗེད་ཐུགས་དམ་གཅིག རྗེས་སུ་བསྙེགས་དང་མཁས་པར་མངའ་བསྙེམས་པ།
བསྙོ༽ ཟས་བསྙོད་སྭོས་བལྡད་བསྙོན་ཏོལ་ཧམ་གཏམ་སྟེ། ནས་བསྙོར་བྲེག་པ་བསྙོན་མེད་རྐྱོན་མེད་བརྡ། འདི་རྣམས་ཕལ་ཆེར་འདས་པའི་ཚིག་ལ་གཏོགས། །

༼ཏ༽
དགུ་པ་ཏ་ཡི་གསལ་བྱེད་སྡེ་ཚན་ལ། རྐྱང་པ་འཕུལ་དང་མགོ་ཅན་གསུམ་ཡིན་ཏེ།
ཏ༽ དང་པོ་རྐྱང་པ་ཏ་གུ་ཞང་སྐད་འདོད་རྒུ་དང༌། ཏ་ཟིག་ནོར་རྒྱལ་ཀླ་ཀློའི་ཡུལ་ཟེར་ཡུལ་དང་ཏང་ཀུན་སྨན། ཏ་མིང་རྒྱ་ནག་སྐད་བླ་མ་ཏ་དབེན་ལས་བྱེད་པ། ཏའི་སི་ཏུ་ནི་སློབ་དཔོན་ཆེན་པོ་སྟེ། ཏ་ཧུང་རས་དམར་ཏཱ་ལ་ཏིང་ཤག་ཤགས་ཀྱང་སྣང་རྣམས། རྒྱ་ནག་སྐད་དོ་ཏ་ཞང་སྐད་ཀི་འདོད་པའི་མིང༌། ཏན་ཏྲ་སྒྲུབ་ཐབས་ཏམྦུ་ར་གླིང་བུ་རྒྱུད་མང་ཡང་། ཏལ་པ་ལུག་ནད་ཏ་རྒ་རྟོག་གེ་བ། ཏྭ་ར་ཎ་སྟེ་རྟ་བབས་སྒོ་སྟེང་རྒྱན། ཏ་མ་ལ་དང་ཏ་ལ་ཏ་ལའི་ཤིང༌། ཡོན་ཏན་ནན་ཏན་ཏལ་མ་མགྱོགས་མ་དང༌། ཏོལ་ནི་མྱུར་བ་ནན་ཏར་ཤིན་ཏུ་བཟང༌། ཏལ་སྦྱིན་ཏལ་ཅུང་ཙམ་ཡང་ཙམ་སྒྲོན་མེའི་མིང་དུ་དང༌། ཏལ་མར་བཟང་པོ་ཏན་པ་ལྡན་པ་དང༌། ཏག་ཏག་སྒྲོ་གཏོང་ཏ་ག་ཏ་མེ་ཏོག ཏམྦུ་ལ་ནི་ཟས་སམ་སོ་རྩི་སྟེ། ཞལ་ཏ་མ་སྟེ་རྗེ་མོའི་གཡོག་མོ་དང༌། ཏ་ལ་ལ་ནི་སྒྲོན་མེ་གསལ་ཆའི་བརྡ།
ཏི༽ ཏི་སེ་གངས་དང་ཏིག་ཏིག་ངེས་ངེས་སེམས། ཏི་ཚ་ལྕགས་རིགས་ཏི་ལོ་པ་གྲུབ་ཆེན། ཏིང་ཏིང་ཤགས་དང་ཏི་ཀ་ཊཱི་ཀ་མན་ངག་འགྲེལ། རིན་ཆེན་མུ་ཏིག་ཏིང་འཛིན་ཏིལ་དཀར་ནག ཏིག་ཏ་རིགས་མང་ཏི་ཤི་མཁས་པ་ཆེ། ཏི་བུ་ཟས་དང་སོ་རྩི་ལྕེ་ཏིགས་པ། ཏི་པོར་དམ་པ་སྲ་ཁྲེགས་ཚབ་ཆེ་བ། ཏིང་ལོ་དབྱིབས་དང་ཏི་མའི་མཛོད་རྒྱ་མཚོ།
ཏུ༽ སེམས་ཀྱི་ཏུར་ཁྱུད་དྲན་རྟོག་འཕྲོ་བ་དང༌། ཚིག་ཕྲད་ཏུ་ཏེ་ཏོ་དང་ཏུག་ཆོམ་སྒྲ། ནན་ཏུར་བརྩོན་འགྲུས་༼ཏེ༽ཏེབ་རུའམ་ཁྲའུ་ཟེར་པོ་སྣོད་ཀྱི་མིང༌། ཏེ་པོར་ཤིན་ཏུ་རབ་ཏུ་ལེགས་པ་སྟེ། ཏེའུ་ཤང་ཤང་ཏེ་ལོ་སེམས་ཅན་རིགས། ཏེལ་ལ་མེ་ཏེལ་རིགས་མང་མེ་བཙའི་ཆས།
ཏོ༽ མེ་ཏོག་ལོ་རྩི་ཏོག་ཞབས་ཏོག་བཀུར་སྟི་བྱེད། ཟ་མ་ཏོག་ནི་སྣོད་ཀྱི་བྱེ་བྲག་གོ། ཏོང་ཏོང་ཏོག་ཏོག་སྒྲ་དང་ཏོག་ཙེ་རྩེའང་འཇོར། དབྱུག་ཏོ་ཏོག་དང་ཐོར་ཏོ་ཐོར་ཅོག་དང༌། མུ་ཏོ་སྤྲང་པོ་འགྲན་ཏོ་འགྲན་དོ་བསྡོ། ཏོམ་ཆོམ་འདོད་རྩིང་དང་ཁ་ཏོན་འདོན། ལིང་ཏོག་མིག་ནད་ཏོ་ལ་སྒོར་ལྗིད་ཚད།
ཏྲི༽ ཊི་ཤུ་ལ་ནི་ཁ་ཌྭཱཾ་ཀ་ཡི་མིང༌།
ཏྲེ༽ སླེ་ཏྲེས་སྨན་མིང་ཏྲེས་སམ་ཕྱེ་མ་དང༌། ཏྲེ་ལ་ཏ་དང་ཏྲེ་མ་བུ་སྦྲང་བུ། གཉིས་པ་འཕུལ་ལ་གས་འཕུལ་བས་འཕུལ་གཉིས།
གཏ༽ དང་པོ་གས་འཕུལ་བསམ་གཏན་དུས་གཏན་དུ། གཏན་ཚིགས་ཞེས་ཏེ་ཚད་མ་རིག་པ་དང༌། གཏན་པ་མེད་པའི་མཆོད་སྦྱིན་ཅེས་བྱ་བ། རྒྱུན་ཆད་རིས་མེད་འཁོར་གསུམ་ཡང་དག་བརྡ། སྒོ་གཏན་སྒོ་གླེགས་གཏན་འབེབས་ལག་གཏད། གཏད་བྱའི་གཏད་ཡར་གཏང་བྲལ་མེད་པ་དང༌། གཏང་རག་ལྷ་སོགས་དགའ་སྟོན་མཆོད་པ་ལ། འབེན་ལ་གཏད་བྱ་ཕྱུར་བུར་གཏམས་ཟིན་དང༌། གླེང་བའི་གཏམ་དང་བཅོལ་གཏམ་གདམ་ཏམས་ཀྱང་གཏམས་དཀྲིགས་གྲངས། ནོར་ཀྱི་གཏའ་མ་གཏའ་ཆེན་སྨན་གཏའ་དང༌། ཕབ་གཏའ་གཏམ་འདྲཻས་མཐུན་ནམ་ཕེབས་པར་སྨྲ། ཁྲག་གཏར་གཏད་མེད་གཏད་སོ་མེད་པ་དང༌། བརྡུང་གཏགས་གཏག་ཀྱང་བརྡུང་བརྡུང་དོན་གཅིག་དམིགས་པ་གཏད། གཏད་ནས་མེད་དང་ཡོད་ཅེས་གཏན་དབབ་བྱ།
གཏི༽ གཏི་ཐུག་མཐར་ཐུག་གཏུ་མུག་གཉིད་ཉོན་མོངས། གཏི་ལུམ་གཏུ་ལུམ་དོན་འདྲ་བཟི་བ་སྟེ། ཆུ་གཏིག་ཆུ་འཐིག་གཏིང་ཟབ་མུན་སྤྲིན་གཏིབས། གཏིང་མཐར་ཕྱིན་དཔྱིས་སུ་ཕྱིན་དང་གཏི་པ་སྨྲ། གཏིང་བ་གདེང་བ་གཏིང་རིང་གཏིང་དཔག་དཀའ།
གཏུ༽ སྤོས་གཏུལ་སྤོས་དྲི་བདུག་དང་མགོ་གཏུམ་གཏུམས་ཟིན་བྱ། རྩ་རླུང་གཏུམ་མོ་ཁྲོ་གཏུམ་གཏུམ་གསས་དང༌། རྡོ་རྗེ་གཏུམ་པོ་གཏུམ་པའི་གཟུགས་དང་སྒྲ། གཏུམ་དྲག་གཏུན་ཁུང་རྡོ་སྦུག་ཤིང་སྦུག་སོགས། གཏུན་ཤིང་འདུལ་བྱེད་ཤིང་ཐོ་རྡོ་རིལ་སོགས། ཤ་སོགས་དུམ་བུར་གཏུབ་བྱ་བཏུབས་ཚར་བ། ཟད་པའི་ཕས་མཐར་གཏུགས་དང་དཔོན་ལ་གཏུགས། ཞུ་གཏུགས་ཁྲིམས་གཏུགས་གཞན་ལ་ཞབས་ལ་གདུགས་སོགས་འགྲེ།
གཏེ༽ གཏེའུ་ཧོ་རྩོད་གཞི་མཁན་དང་རིན་ཆེན་གཏེར། གཏེ་གཏེང་བའང་འདུག་བ་གཏའ་མ་རྩ་བ་སྨྲ་ལ་འཇུག
གཏོ༽ གཏོང་བ་པོ་ཡིས་གཏོང་བྱེད་སྦྱིན་པ་གཏོང༌། གཏོར་མ་མེ་ཏོག་གཏོར་དང་གཏོལ་ཆ་རྒྱུས་མེད་ཅེས། ཐབས་ཟད་ལྷ་ཆེན་གཏོགས་དབང་ཕྱུག་འདོད་ཕྱོགས་ཁོངས་ཁུངས་སུ་གཏོགས། ས་བདག་གཏོད་སྡེ་དམིགས་པ་གཏོད་པར་བྱེད། ཁུང་གཏོད་མཚང་སྐྱོན་གཏོལ་རིམ་གྲོ་གཏོ་མདོས་བཅའ། གཏོར་བུ་གཏུར་བུའང་ཚུལ་གོས་རི་བོའི་གཏོས་དང་མཉམ།
བཏ༽ གཉིས་པ་བས་འཕུལ་བྱ་བཏང་བཏངས་ཟིན་དང༌། བློས་བཏང་བཏངས་ཟིན་མེ་བཏང་བཏངས་ཟིན་དང༌། མིང་བཏགས་དམ་བཏགས་ཐགས་བཏགས་ཐག་པས་བཏགས། ཕན་བཏགས་བཏགས་གྲོལ་འཁོར་ལོ་རྒྱན་བཏགས་པ། སོན་བཏབ་གསོལ་རྒྱས་བཏབ་ཚྭ་བཏབ་བཏབ་མིན་འབྲས། སོ་བཏབས་ཀི་བཏབ་བསྭོ་བཏབ་གླིང་བཏབ་དང༌། སྒྲོ་བཏགས་ཕྱེ་མར་བཏགས་རྣམས་བྱས་ཟིན་སྒྲ། བཏང་སྙོམས་སེམས་དང་ད་ཀ་ཁ་བཏགས་དང༌། བཏགས་སོ་ཐགས་འཐག་ཡ་ཆའི་བྱེ་བྲག་དང༌། རི་བོ་བཏང་ཟིན་རྣམས་ནི་མིང་གཞི་དངོས། རྨང་བཏིང་གཞི་བཏིངས་གཏན་བཏིངས་ཚར་ཟིན་བརྡ། ས་ཕྲལ་དེ་རྣམས་བྱ་བའི་ལས་སུ་གོ།
བཏུ༽ ཆུ་བཏུངས་ཀུན་ལས་བཏུས་དང་གཅེས་བཏུས་དང༌། གུས་བཏུད་ཞབས་ལ་བདུད་དང་སྔགས་བཏུས་པ། དགྲ་བཏུལ་དུམ་བུར་བཏུབས་དང་མགོ་སོགས་བཏུམས། མར་ཏོག་བཏུས་སོགས་བྱས་ཟིན་སྐོམ་གྱི་བཏུང༌། རུང་བའི་བཏུབ་བམ་མི་བཏུབ་སོགས་མིང་གཞི།
བཏེ༽ གྱེན་དུ་བཏེག་དང་ཞབས་བཏེག་བྱེས་བཏེག་ཟིན།
བཏོ༽ སྤུ་བཏོགས་བཏོག་བྱ་གཏེར་བཏོན་སྲོལ་བཏོད་སོགས། གསུམ་པ་མགོ་འདོགས་ར་ལ་ས་གསུམ་སྟེ། དང་པོ་ར་མགོ་ལ་ཡང་འཕུལ་མེད་དང༌། འཕུལ་ཅན་གཉིས་དབྱེ་དང་པོ་འཕུལ་མེད་ལ།
རྟ༽ དུད་འགྲོ་རྟ་དང་མི་རྟག་དུས་རྟག་ཏུ། རྟག་གཟིགས་འོལ་མོ་གླིང་དེ་རྟག་པར་བདེ། རྟ་བབས་བང་རིམ་ཉམ་རྟས་ཉམས་རྒྱས་པ། རུ་རྟ་སྨན་དང་རྟ་བླ་སྲོག་ཆགས་འབུ། རྟ་ཐུལ་ཉན་ཐོས་རྟ་སློབ་དཔོན་དཔའ་བོའང་དབྱངས་མུ་སྟེགས་པ། བྲེད་པའི་རྟབ་རྟབ་པོ་དང་རྟགས་མཚན་མ། ཆེ་རྟགས་རྟ་ལྗང་ཅན་དང་རྟག་པའི་རིམས། གཟའ་ཉིའི་རྟག་ལོངས་རྟག་མྱོས་ཀུ་མ་ར།
རྟི༽ རྟིང་པ་རྐང་པའི་ཕྱི་སོ་སླད་ཀྱི་རྟིང༌།
རྟུ༽ རྨོངས་རྟུལ་བླུན་པོ་རྟུག་པ་ཕྱི་ས་སྟེ། རྟུག་དྲི་དྲི་ངན་རྟུལ་ཞུགས་དོན་ལ་གཞོལ། རྟུལ་ཕོད་ཅན་ནི་སྙིང་སྟོབས་ཅན་མི་དང༌། དབང་རྟུལ་བློ་དམན་རྟུན་པ་བསྐྱེད་བརྩོན་འགྲུས།
རྟེ༽ འཇིག་རྟེན་ལྷ་རྟེན་འགྲོ་བ་འདྲེན་པའི་མཆོད་རྟེན། རྟེན་འབྲེལ་རྟེན་རྫས་རྟེའུ་རྒོད་མའི་བུ།
རྟོ༽ རྟོག་མེད་རྣམ་རྟོག་ལོག་རྟོག་རྟོག་དཔྱོད་པ། རྟོག་གེ་པ་ནི་ཚིག་ཙམ་ཐ་སྙད་པ། རྟོག་ཆེན་སོ་པ་རྟོལ་གོག་གླང་མཛོ་འདུས་བུ་རྟོལ་པོ་ཡང་ཟེར་ནལ་བུ་སྟེ། གནས་སུ་རྟོལ་ཕྱིན་ཐག་པས་རྟ་སོགས་རྟོད། རྟོན་པ་ཡིད་རྟོན་ཀྱང་ཡིད་ཆེས་རྟོ་ལེ་རྟོལ་པོ་སྟེ། མཛོ་མོའི་བུ་དང་རུས་དང་ཡུལ་མིང་འགའ། རྟོགས་ལྡན་ཉམས་རྟོགས་ལུང་རྟོགས་བློ་ཡིས་རྟོགས། མ་རྟོགས་བྱ་བ་རྟ་ནི་བང་མའི་མིང༌། གཉིས་པ་འཕུལ་རྩེག་༼བརྟ༽ཀུན་བརྟག་འཁོར་བའི་བོན། མཚན་ཉིད་ལེགས་བརྟགས་མི་འགྱུར་བརྟན་ནི་བརླིང༌། གནས་བརྟན་བརྟག་དཔྱད་མཁན་དང་ཚེ་བརྟན་དང༌། ཡིད་བརྟན་བརྟགས་པ་གུས་དང་སྒྲིན་པ་ལ། བརྟག་པ་རྒྱུད་ཀྱི་དུམ་བུའི་མིང་དུ་བཞེད། བརྟབས་ནི་བློ་འཚམས་བྲེད་དང་རིང་བ་སོགས། བརྟ་བྱ་བརྟས་ཞེས་ལུས་ཟུངས་རྒྱས་པའི་དོན། བརྟད་གློ་བུར་བ་པ་རྟ་སོགས་རྟུལ་གྱི་རྣོ་མེད་པ།
བརྟུ༽ བརྟུལ་ཡོང་བསྡུས་པ་དང་ནི་འཇིབ་སྤངས་ཀྱང་པ་དང༌། བརྟུན་ངས་གཟུ་ལུམ་རང་འདོད་ཞེན་ཆགས་ཆེ། བརྟུང་པ་བརྩོན་འགྲུས་བསྐྱེད་དང་བརྟུལ་ཞུགས་ཅན། བརྟུལ་ཕོད་ཅན་ནི་སྙིང་སྟོབས་ཆེ་བ་དང༌།
བརྟེ༽ བརྟེན་པ་ལྷ་སོགས་དཀྱིལ་འཁོར་ལ་བརྟེན་དང༌། བརྟེན་བྱ་བརྟེན་ཡུལ་བརྟེན་པར་བྱས་ས་སོགས།
བརྟོ༽ རྣག་སོགས་བརྟོལ་དང་ཕྱི་ནས་ནང་དུ་བརྟོལ། སྦུབས་བརྟོལ་ཡོངས་འདུ་ས་བརྟོལ་དཔག་བསམ་ཤིང༌། སྤྱི་བརྟོལ་ཐ་ཤལ་ངག་ལ་མི་ཉན་དཔྲལ་ཀོ་འཐུག རྟ་ཕུར་བུས་བརྟོད་བརྟོགས་ནི་གྲོགས་སོགས་འདས་བྱ་མང༌། གཉིས་པ་རྩེག་པ་ལ་མགོ་ཅན་ལ་གཉིས། འཕུལ་མེད་འཕུལ་ཡོད་དང་པོ་འཕུལ་མེད་དངོས།
ལྟ༽ གྲུབ་མཐའི་ལྟ་བ་ལྟ་སྟངས་མིག་གིས་ལྟ་བྱེད་པ། ལྟ་ཅི་ལྟ་སྨྲོས་དོན་གཅིག་ཇི་ལྟ་དང༌། དེ་ལྟ་དེ་ལྟར་ལྟད་མོ་ལྟ་བ་དང༌། ལྟག་པ་གཉའ་བ་ལྟག་འོག་བརྗེས་པ་དང༌། ལྟག་སྒྲེ་སྐྲ་བྱི་བའི་མིང་ལྟག་ཐེར་ལྟག་ཤ་རྔམ་དགུའི་ཤ། གོས་སོགས་ལྟབ་བྱེད་མཚན་ལྟས་བཟང་ངད་བརྟག ལྟར་སྣང་ཡང་དག་མ་ཡིན་པ་ལ་འཇུག་ལྟ་ཞོག་ཕར་ཞོག་མར་ལྟང་དོས། མངལ་གནས་བྱིས་གཟུགས་ལྟར་ལྟར་པོ་ཡི་དུས། ལྟ་བས་མི་ངོམ་ལྟ་སྡུག་ད་ལྟར་དང༌། ལྟས་ཤེས་ལྟས་རྟོགས་ལྟས་ངན་ལྟས་བཟང་དང༌། ལྟག་ཆོད་ཡོན་ཏན་ཅན་གོང་བསྡད་སུན་འབྱིན།
ལྟི༽ ཕོ་བ་ལྟིར་ལྟིར་ཡོང་བའི་ཟས་ཟོས་ཏེ།
ལྟུ༽ རྩ་ལྟུང་ཉེས་ལྟུང་དམྱལ་སོགས་དམའ་སར་ལྷུང༌།
ལྟེ༽ ལུས་ཀྱི་ལྟེ་བ་འཛམ་གླིང་ལྟེ་བ་སོགས། ལྟེང་ཀ་ནེའུ་གསེང་ལྟེང་རྒྱས་འོད་སྲུང་མཚན། ལྟེམ་རྒྱང་ཀྱང་ཡང་འདུག་མོས་གུས་ཐང་ལྷོད་ཤོར་ལ་བྱ། ལྟེམ་མཻར་ཁེངས་དང་ལྟེ་འབུར་ལྟེ་དབུས་སོགས།
ལྟོ༽ ཕོ་བའི་ལྟོ་བ་ལྟོགས་ན་ལྟོ་བཟའ་བ། ལྟོ་འཕྱེ་ལྟོ་འགྲོ་དོན་གཅིག་རེ་ལྟོས་བྱེད། ལྟོས་འཆའ་བློ་གཏད་མདའ་ལྟོང་ལྟོས་ཤིག་སོགས། ད་ལྟར་བ་སྟེ་མིང་གཞི་དངོས་ཤུགས་ཆེ། གཉིས་པ་འཕུལ་རྩེག་༼བལྟ༽སྐུར་བལྟམས་མཆོད་མེ་བལྟམས། ཡོན་ཏན་དུ་མས་བལྟམས་དང་མིག་གིས་བལྟ། བལྟས་ཟིན་གོས་བལྟབ་བལྟབས་ཚར་བལྟ་རུ་རུང༌།
བལྟོ༽ རེ་བལྟོས་འཆའ་གྲུབ་བལྟོས་འཆོས་དཔེ་ལྟར་བཟོས། གསུམ་པ་ས་མགོ་ཅན་ལ་འཕུལ་མེད་དང༌། འཕུལ་ཅན་གཉིས་ཀྱི་དང་པོ་འཕུལ་མེད་སྟེ།
སྟ༽ སྟ་རེ་དགྲ་སྟ་ལུས་ཀྱི་སྟ་དཔྱིའམ་ལུས་ཀྱི་ཚང་ར་ཡང་ཟུར་དང༌། སྟར་ག་སྟ་ཁ་དོན་གཅིག་ཤིང་འབྲས་མིང༌། སྟ་གོན་བྱ་ཞེས་སྔོན་གྲབ་བྱེད་པ་ལ། མ་སྟབས་མ་རིངས་མེ་སྟག་ཡ་སྟགས་དང༌། ཉེས་ལེགས་སྟངས་འཛིན་བཞུགས་སྟངས་ལྟ་སྟངས་མཛེས། སྟག་ལ་གཅན་གཟན་སྟག་དང་ཤིང་སྟག་པ་གྲོ་ག་། གོམ་སྟབས་འགྲོས་ཀྱི་སྟང་སྟབས་སྟང་དབྱལ་ཏེ། ཕོ་མོའི་མིང་སྟེ་སྟག་ཤར་སྟང་པོ་ནི། སྐྱེས་མིང་ལ་འོ་མང་ཚིག་ཤ་སྟག་དང༌། སྟན་ནི་འདིང་བ་སྟབས་སེང་སྤྱི་བཞུར་ཤིང༌། སྟར་མོ་གེལ་བ་ཤིང་གི་མིང་ཡིན་ལ། སྟག་ཤ་སྨན་རིགས་སྟར་བུ་སྟར་ལ་བརྒྱུས་པ་དང༌། སྟབས་ཤིག་སྟབས་འགྲིག་སྟབས་ལེགས་སྟབས་བདེ་བ། སྟག་འཚེར་སྟག་ལྤགས་སྟ་ཤ་སྟ་ཟུར་ལ་སོགས་དང༌།
སྟི༽ སྟི་ར་བམ་རོ་སྟི་སྟང་བཀུར་སྟི་དང༌། གཟུགས་ལ་སྟིམ་བྱེད་སྟིམ་པ་པོ་བདག་དང༌།
སྟུ༽ སྟུག་མཐུག་པོ་བཀོད་དེ་འོག་མིན་ཞིང་གི་མིང༌། སྟུག་ཁྲོད་མུན་དང་ནགས་ཚལ་ཆེན་པོའི་ཁྲོད། གཉིས་དགའི་ཁྱིམ་མམ་སྟུ་སྟེ་མོ་མཚན་ལ།
སྟེ༽ སྟེའུ་སྟ་རེ་ཆུང་བ་གཅོད་བྱེད་བྱད་སྟེམས་སྟེས་ཞེས་ལེགས། མ་སྟེས་མ་ལེགས་འཕྱན་གཡེང་གཞོགས་ཟུར་མིག་འཇོ་སྒེག་རྣམ་འགྱུར་སྟེགས་དང༌། མུ་སྟེགས་སྟེགས་བུ་ཁྲི་དང་སྟེང་ཕྱོགས་སྟེ། དངོས་གྲུབ་སྟེར་དང་མཁས་པ་སྟེན་ཅིག་དང༌། སྟེར་བྱེད་རྫས་ཏེ་སྟེར་བ་པོས་སྟེར་རོ། སྟེས་དབང་སྟོབས་ཤུགས་སྟབས་ཀ་ལེགས་པར་འགྲིགས།
སྟོ༽ གྲངས་སྟོང་སྟོང་ཉིད་སྟོང་འཇལ་མི་སྟོང་སོགས་ཟད་པའི་སྟོངས། སྟོན་པས་བོན་ཆོས་སྟོན་ཅིག་སྟོན་མོ་བྱ། སྟོན་ཀ་དུས་དང་སྟོང་རི་ཟིལ་པ་སྔོ༌། སྟོང་ཟིལ་དངུལ་རྡོ་སྦྱིན་ལེན་སྟོབས་ཤིག་དང༌། མི་སྟོ་སྐྱོན་མེད་སྟོབས་ལྡན་སྟོབས་བཅུ་མངའ། རྩལ་སྟོབས་ཞལ་དུ་སྟོབས་མཛོད་བོར་བའི་སྟོར། རིག་འཛིན་སྟོང་རྒྱུང་སྟོང་གྲོགས་སྡོང་གྲོགས་མཚུངས། སོ་སྟོ་སོ་ཟིང་སོ་ཐགས་མི་བཟང་བརྡ། ཁོག་སྟོང་ཁོག་སྟོད་སྟོད་ཕྱོགས་སྟོང་རིན་ཆེན་རིགས་དཀར་དམར། སྟོར་ཁུང་ནས་འབབ་མི་གཙང་ཁྲོན་ཆུ་སྟེ། གཉིས་པ་འཕུལ་རྩེག་༼བསྟ༽རྒྱལ་བའི་བསྟན་པ་དང༌། བསྟན་བཅོས་གཞན་ལ་བསྟན་དང་ལུང་བསྟན་པ། འགྲོ་ཆས་བསྟད་དང་སྒ་བསྟད་བྱིན་ལེན་བསྟབས། བཟབས་པའི་བསྟན་ཞེས་བྱི་དོར་སྤྲས་ལེགས་སོགས། ཚོང་སོགས་སྣ་བསྟད་མགོན་དང་གྲོགས་དང་ཆེད་དུ་བསྟང་བས་མ་བཟུང་བརྡ། ཞལ་བསྟབ་བསྟབས་ཟིན་བསྟར་ལ་བརྒྱུས་གྲུབ་དང༌།
བསྟི༽ བསྟི་བའི་གནས་སུ་བསྟི་བ་བསྟི་བཀུར་སྟི་སྟང་དང༌། འཕྱ་བའི་ཚིགས་བསྟིང་དང་བསྟིང་ཚིག་སུན་འབྱིན་ཚིག བསྟིམ་བྱ་བསྟིམས་ཟིན་སྡུག་བསྔལ་བསྟིར་བཟོད་མེད་ཅེས། མནར་མེད་དང་ནི་བཏེག་པའི་བསྟིས་པ་དང༌།
བསྟུ༽ ཉུང་ངུར་བསྟུངས་དང་སླར་ཡང་བསྟུད་པ་དང༌། གཞུང་དང་བསྟུན་ལ་༼བསྟེ༽བླ་མ་བསྟེན་པ་དང༌།
བསྟོ༽ གང་གིས་མི་ཕན་བསྟོངས་ཞེས་དང་མངོན་པར་བསྟོད། སྐུ་བསྟོད་བླ་བསྟོད་བསྟོད་བསྔགས་བྱ་བའོ། །

༼ཐ༽
བཅུ་པ་ཐ་ཡིག་སྡེ་རྐྱང་པ་དང༌། འཕུལ་ཅན་གཉིས་ལ་དང་པོ་རྐྱང་པའི་སྡེ།
ཐ༽ ཐ་མི་དད་དང་ཐ་དད་ཐ་སྙད་དང༌། ཐ་སྐར་དབྱུག་པ་ཐ་མར་དགེ་བ་དང༌། ཐ་མལ་བ་དང་ཐ་ཆད་ཐ་རམས་གཏམས། ཐ་ཚིག་ཐ་ཡུལ་ལྗོངས་གྲུ་ཐ་ཤལ་ཐ་ཆུང་དང༌། ཐ་གུའི་ལྟོ་ཅན་ཁྱབ་འཇུག་ཡིན་པར་ཐལ། ཐ་བ་ངན་ཞེས་རང་རྒྱུད་སྲ་རིངས་དོན། ཐ་ག་པ་སྟེ་ཐགས་མཁན་ཐ་དག་ཀུན། ཐ་མ་ཁ་སྟེ་ཁ་དུད་ཐད་ཀར་བལྟས། ཐམ་ཀ་རྒྱལ་དམ་ཐམས་ཅད་ཐབས་ལ་མཁས། ཐབ་ཀ་སྒྱེད་བུ་ཐཏར་བུ་ཐན་པས་གདུང༌། ཐལ་ཆེན་མེ་བསྲེགས་ཐལ་བ་ཐལ་དྲགས་པ། གླང་ཆེན་ཐལ་ཀ་ཐལ་ཀ་རྡོ་རྗེ་སྨན། ཐག་གྲུ་རྒྱ་ཁྱོན་དགྲ་སོགས་ཐལ་བར་བརླག འཐག་རྒྱུའི་ཐགས་དང་ཞལ་གྱི་ཚེམ་ཐག་དང༌། འཆིང་བྱེད་ཐག་པ་ཐ་རམ་རྒྱ་ཁྱོན་དང༌། ངན་པ་སོགས་འཇུག་ཐ་གི་ནི་ཞི་བ། ཐལ་ལག་མན་ངག་ཐང་མར་བཀྲམ་པ་དང༌། ཐན་ལྟས་ངན་དང་ཐ་ལེ་ཆུ་གཙང་མ། ཐ་རི་ཐར་པ་ཐ་ཚོན་མཐར་ཐུག་པ། ཐ་ཙེ་ཆེན་པོ་ཐ་ཚན་མང་ཚིག་སྟེ། འདི་རྣམས་ཞང་སྐད་ཐར་ཐོར་རིན་ཐང་དང༌། མ་ཐན་མ་ཞུ་ཐང་ཅིག་ཐལ་མོ་སྦྱར། དབུ་མ་ཐལ་འགྱུར་ཐག་བཅུགས་ཚར་གཅོད་པ། ཐང་ཡིག་སྒྲུང་གཏམ་ཐལ་ཕྲན་ལྕགས་གཟེར་མིང༌། ཐག་སྐོར་ཉེ་སྐོར་ཐན་སྐོར་མཐའ་སྐོར་ཞེས། ཐ་རམས་གཏམ་པ་གཟེ་སྒྲོས་ཐང་དཀར་ཤིང་བྱ་བལ་སོམ་ཤིང་། ཐང་དམར་སྟག་པ་ཐ་ཅུ་རྒྱ་ཆེ་བ། ཐང་པ་ཐབ་ཐིབ་ན་བུན་ཐག་བཟང་རིས། ཐམས་སུ་བཅུག་ནི་དོང་དུ་བཅུག་པ་དང༌། ཐག་རིང་ཉེ་ཐག་རིས་ཐང་གོས་ཐང་ཆད་དང༌། བཅུ་ཐམ་ཐག་གཅོད་ཞལ་ཐང་ལྷ་བྲིས་སོ།
ཐི༽ ཐིས་སྔགས་ཛྭ་ལས་ཐིག་གདབ་ཐིག་ལེ་ཐིམ། ཐིག་ནག་དམྱལ་བ་ཐ྄ག་ལྷམ་སྒྲ་བྱ་རོག་སྐད་སོགས།ཐ྄ག་ཐིགས་པ་ཟག ཐི་བ་ཐེ་བ་བྱེའུ་ཐིག་སྐུད་དོ།
ཐུ༽ ཐུགས་རྗེ་ཐུགས་བརྩེ་ཐུར་མ་ཐུ་བོ་ཆེ། ཐུ་མི་རྒྱུས་ཡོད་ཐུབ་པ་དགྲ་ཐུལ་ཅིག ཕན་ཚུན་ཐུག་ཕྲད་ཐུམ་འཕྲད་གཉིད་སྲབ་པ། ཐུན་མོང་ཐུགས་ཡིད་མཐར་ཐུག་ཕན་ཚུན་ཐུག ཐུག་གར་དགྲ་བླ་མཆོད་རྩ་སྔགས་ཐུག་ལྷ་རྟེན་དང༌། ཐུན་མཚམས་ཐུ་ལམ་ཐུན་སྲབ་ཐུར་དུ་འདྲིལ། ཐུང་ངུར་བཏུང་དང་རས་ཐུམ་ཐུར་དུ་འགྲོ། མེ་ཏོག་ཐུས་ཤིག་ཐུག་པ་བསྐོལ་བ་སོགས།
ཐེ༽ ཐེར་འབུམ་ཐེར་ཟུག་འགྱུར་མེད་ཐེའུ་རང་གདོན། སྟང་ཐེབས་གླང་ཐེབས་ཐེ་ཚོམས་གྲངས་ཐེམ་ཚད་པ། ཟ་ཐེད་ཐེག་ཆེན་ཐེག་པ་ཐེག་སྟོབས་དང༌། གནས་སུ་ཏེབས་དང་ཐེགས་ཤིག་སྒོ་ཐེམ་དང༌། ཐེང་གཅིག་ཐེམ་སྐས་ཡ་ཐེམ་མ་ཐེམ་སོགས།
ཐོ༽ ཐོ་ཐོ་བོན་སྒྲ་སྟེང་ཐོག་གནམ་ལྕགས་ཐོག ཐོ་ཆོ་ཐོ་ལུམ་གནམ་བདུད་ཐོ་བས་བརྡུང༌། རྣ་ཐོས་ཐོ་ལེ་ཀོར་ནི་རྡོ་ཧ་ཤིག ཐོར་ཅོག་ཐོལ་མ་གྱུ་སྟེ་བྱིས་སྤྱོད་ལྟར། ཐོམ་ཐོམ་མི་གསལ་ཐོག་ཐོག་ཐོག་མའི་དུས། ཐོང་ཁོར་ཟླུམ་པོ་ཐོང་སྐོར་ཉེ་སྐོར་ཏེ། ཐོང་གཤོལ་རྨོ་བྱེད་ཐོབ་ཀྱིས་འཇལ་ཞེས་པ། གཞན་ནོར་ཐབས་ཀྱིས་འགུག་ལ་ཐོད་བརྒལ་ལམ། ཐོ་མཚམས་དོ་བཟློ་ཐོ་ཡོར་སྤྱང་ཐོ་འཛུགས། ཐོང་བུར་ཐ་རེ་ཐོ་རེ་བློས་ཐོངས་ཤིག ཐོ་བརྩེགས་སྔགས་དང་ཐོ་ཡིག་དཀར་ཆག་ཐོ། ཐོད་རྡིངས་ཐོད་བཅིང་ལིང་ཐོག་གནས་ནས་ཐོན། ཐོར་ཏོ་རྩེ་མོ་ཐོད་ཏོ་ཐོད་ཅོག་དང༌། ཐོར་ཚུགས་སྐྲ་ཁུགས་གྱེན་སྟོན་ལག་ཏུ་ཐོགས། ཐོན་བུ་གསར་དུ་བུ་བཙས་སྟོན་ཐོག་འབྲས། ཐོལ་བྱུང་གློ་བུར་ཐོམས་ཤིག་སོམས་ཤིག་སྒྲ། ཐོན་ཀ་མཐིང་མདོག་ཐོ་མི་པ་གསོད་འདོད། སྨྱུང་གནས་གྲོལ་མ་ཐག་ཏུ་ཐོར་ཐུག་འཐུང༌། ཐོ་རེ་ཐོར་བུ་ཐོན་ཅེར་རྩེ་རེ་བ། ཐོ་རེངས་དུས་དང་ཐོགས་བཅས་ཐོགས་པ་མེད། ལག་ཐོགས་མེད་དེ་ཡོད་དང་མྱུར་སྟོབས་ལྡན། ཐོད་པ་ཐོབ་དང་ཕྱི་ཐོ་མཚམས་ཐོ་བཅིང༌། གཉིས་པ་ཐ་ཡིག་མས་འཕུལ་འས་འཕུལ་གཉིས།
མཐ༽ དང་པོ་མས་འཕུལ་མཐའ་ཡས་མཐར་ཐུག་དང༌། མཐའ་འདས་མཐའ་འཁོབ་མཐང་བ་སྨད་ཤམ་ལ། མཐང་ཤམ་མཐང་གོས་སྨད་ཀྱི་གོས་ཡིན་ཏེ། མཐང་ཅོག་ཅེས་པ་ནང་ངམ་ནང་ཤ་ཡིན། མཐའ་ཀླས་མཐའ་དག་མཐའ་གྲུ་རྒྱ་ཁྱོན་དང༌། མཐར་གྱི་རིམ་གྱི་མཐའ་མ་མཐའ་མེད་དང༌། མཐར་ཕྱིན་མཐར་གནས་མཐར་སོང་མཐར་བྱེད་པ།
མཐི༽ མཐིང་རིལ་ཆུ་བྱ་མཐིང་ག་མཐོན་མཐིང་མདོག ལག་མཐིལ་རྐང་མཐིལ་མཐིལ་ལྷྭམ་མཐིལ་མི་རེག
མཐུ༽ མཐུ་ནུས་མཐུ་ཆེན་རྟ་མཐུར་སྲབ་མཐུག་དང༌། མཐུན་ཕྱོགས་མཐུན་པ་མི་མཐུན་མཐུག་པོ་བཀོད། གོས་མཐུ་འཕྲོ་མཐུད་མཐུ་བསྒྱིང་ཀླུ་ཡི་མིང༌།
མཐེ༽ མཐེ་བོང་མཐེའུ་ཆུང་མཐེ་མཛུམ་མཐེ་སྲིན་ལག
མཐོ༽ དཔངས་མཐོ་རི་མཐོན་མཐོ་རིས་མཐོ་ཡོར་མིག་ཡོར་ལྟར་དང༌། མཐོལ་བཤགས་མཐོ་ཚད་མཐོ་མཚམས་ཅོ་འདྲི་བ། མཐོ་བཙམ་བཙམས་ཀྱང་བཅོས་པ་བྲང་གི་མཐོང་ག་དང༌། མིག་མཐོང་མཐོངས་སྐར་རྒྱ་མཐོངས་ནམ་མཁའི་མཐོངས། གཉིས་པ་འས་འཕུལ་༼འཐ༽འཐད་དང་མི་འཐད་དང༌། ཐགས་འཐག་ཙམ་འཐག་ཞིབ་འཐག་འཐབ་འཁྲུག་དང༌། འཐབ་ཀྲོལ་གནོད་རྩོད་ལྕག་འཐར་ཨ་འཐས་མཁྲེགས་སྲ། འཐན་ཞེས་ནན་ཏན་མི་མཐུན་མི་མཐུན་ཞུམ་པ། འཐབ་འཛིང་འཐབ་བྲལ་གཞན་ལ་ཁ་ངན་འཐབས།
འཐི༽ མུན་སྤྲིན་འཐིབས་དང་འཐིང་སླད་སྨོད་གཉིས་དོན་གཅིག་ཀྱང་པའི་ཚིག
འཐུ༽ གོས་འཐུ་ཆད་འཐུད་སྐོམ་འཐུང་བྱེད་དབུགས་འཐུམས་པ། དུད་པ་འཐུལ་བྱེད་པ་དང་ཤ་འཐུབ་བྱེད་པ་མེ་ཏོག་འཐུ་བྱེད་པ། གོས་འཐུམ་བྱེད་བློ་འཐུམ་ཟས་སོགས་བསྡུས་ཏེ་འཐུས་འདས།
འཐེ༽ རྐང་པ་འཐེང་པོ་ཐག་པ་འཐེན་པ་དང༌། འཐེབ་ལྷག་ཡོད་དང་ནན་ཆགས་འཐེམས་པ་དང༌།
འཐོ༽ བྲེད་འཐོམས་མགོ་འཐོམས་ཆུ་འཐོར་འཐོར་བྱེད་རླུང༌། མཆུས་ཏོག་འཐོག་འཐོན་ཁར་འཐོན་དང་འཐོབ་བྱ་ཐོབ། དེའང་མཐུང་འཐུང་མཐུག་འཐུག་མཐུད་འཐུད་དང༌། མཐུ་བ་འཐུ་བ་མཐོལ་བཤགས་འཐོལ་བཤགས་ཟུང༌། མ་འ་གང་བྱུང་འཕུལ་བ་འདྲ་གཉིས་དག འས་འཕུལ་རྣམས་ནི་བརྡ་རྙིང་ཡིན་ཞེས་ཟེར། །

༼ད༽
ད༽ བཅུ་གཅིག་ད་ཡིག་སྡེ་ཚན་རྐྱང་པ་དང༌། འཕུལ་དང་རྩེག་གསུམ་དང་པོ་རྐྱང་པ་དང༌།
ར་འདོགས་དང་གཉིས་དང་པོ་རྐྱང་པའི་སྡེ།
ད༽ ད་ལྟ་ད་ལྟར་ད་རེས་ད་ནས་བཟུང༌། དྭ་བ་སྔོ་སྨན་དྭ་ཆུ་རྒྱ་མཚོ་རྡོ། དངུལ་ཆུ་སྐབས་དབྱེ་ད་ཏྲིག་བཤལ་གཅོད་སྨན། སྤར་ཁ་དྭ་དང་དྭ་ཕྲུག་ཕ་མས་བོར། དྭ་བུར་གཅིག་པུ་གཅེར་བུ་དང་པོའི་དུས། ད་རི་དྲ་ནི་སྤྲང་མིང་ཚིག་ཕྲད་དང༌། དང་ལེ་རྫིང་བུ་བསྙུན་དྭངས་དྭངས་པའི་མཚོ། དང་བའི་དད་པ་ཐ་དད་སོ་སོར་དབྱེ། གཉིས་ཚིག་དག་དང་ལ་དྭགས་དྭགས་པོ་ཡུལ། དལ་ཁོམ་གཡེན་སྡེ་དལ་དང་དར་མའི་སྟོབས། བསྟན་པ་དར་དང་གཞོན་དར་འཕྱར་བའི་དར། ལང་ཚོ་དར་བབས་དང་ག་ཡི་ག་བེད། དྭངས་མའི་བཅུད་དང་དམ་རྫས་དམ་ཆོས་ཉོན། ནམ་པའི་སྐྱེས་བུ་དམ་ཉམས་དམ་པོར་བསྡོམ། དར་ཡ་ཀན་ཏེ་བདུད་རྩི་ཁྲག་ཁྲོག་པ། ད་ར་གྲལ་བསྒྲིག་ད་ནང་དམ་རྒྱ་བསྡོམ། ད་ལིས་བ་ལུ་དལ་འབབ་ཆུ་བོ་དང༌། ད་བྱིད་གངས་སྦལ་ལ་ནི་དཀྱིལ་འཁོར་མིང༌། དར་དིར་སྒྲ་སྐད་དཱ་ན་སྟོབས་སམ་སྟེར། དཱ་བ་གསུང་བ་དཱ་ནམ་གཏོང་བ་དང༌། དཱ་རུ་ཎ་ནི་དྲག་ཤུལ་དམ་དུམ་ཆུང༌། དན་པོ་མི་བཟང་དན་རོག་གྲོགས་བྱེད་པ། དན་རོག་དན་ཁྲ་བཤལ་སྨན་དང་དུ་ལེན། དན་རྟགས་འགྲིག་རྟགས་དར་བ་ཞོ་དཀྲོག་ཁུ། ད་ལོ་ད་ཀོ་དག་པ་དག་བྱེད་དང༌། ད་གཟོད་དང་བླང་དམ་བཅའ་དབ་དིབ་སྒྲ། དར་ཟབ་དལ་འགྲོ་དམ་ཚིག་བསྡོམ་པ་བསྲུང༌།
དི༽ ལྕེ་དིག་དིག་པ་དིག་མ་གླན་པའི་བརྡ།
དུ༽ ཞི་དུལ་དུཿཁ་སྡུག་བསྔལ་ད་རུང་སླར། དུ་མ་མང་པོ་དུས་གཅིག་འཁྲུག་པ་དུམ། དུངས་པ་གུས་པ་དུས་པོ་ཆེ་འཆི་བ། དུམ་པ་ཚལ་ནི་ཞང་ཞུང་གནས་ཆེན་ཏེ། དུམ་བུར་གཏུབ་བྱ་དུང་དུང་སྒྲ་སྐད་དང༌། དུར་བྱིད་དུག་ཉུང་སྨན་དང་དུར་ཁྲོད་ཚལ། དུག་ནད་དུགས་རྡོ་ཕྱུག་སོགས་ལུམ་དུང་ཕྱུར་གྲངས་ཀྱི་མིང༌། དུན་ཙེ་ཆོས་ཉམས་དུད་པ་ངལ་དུབ་དང༌། རྙིང་དུག་དུད་ཁ་ཁ་དོག་དུ་ཀུ་ལ། རས་སམ་གོས་ཆེན་དུང་ཁང་ཁྲུས་ཁང་བརྗོད། དུང་དཀར་དུང་དམར་དུར་བ་རྩྭ་དང་ཤིང༌། དུ་མ་དུ་ཡོད་དུད་འགྲོ་སེམས་དུལ་བ། དུས་དང་དུས་འཁོར་དུས་ཚིགས་དུམ་བུར་བཀས།
དེ༽ དེ་ཉིད་དེ་ལ་དེམ་དེམ་དམ་བཅའ་བ། དེའུ་རི་ཕྲན་དེ་རིང་དེ་ཀ་རང༌། དེད་དཔོན་དེང་སང་དུས་ཕྱིར་དེངས་ཤིག འཇམ་དེས་དུས་བདེ་དེམ་ཆོས་གནད་ཆོས་དང༌། དེ་བ་སྨན་དང་དེ་བཞིན་དེ་ཡི་ཚེ། དེ་ལྟར་དེ་བས་དེ་སྲིད་དེ་སྙེད་དང༌། དེ་མོ་དགོས་པ་དེའུ་མྱུར་བའི་མིང༌། རྗེས་དེད་དེ་མ་ཐག་སོགས་ཤིན་མང་འགྲེ།
དོ༽ དོ་ཀོར་ཐོར་ཚུགས་ཅོག་དོ་ཟན་མཆིང་བུའི་མིང༌། དོ་གལ་ཆེ་དང་དོ་ནུབ་དོ་མོད་དང༌། གཅན་གཟན་དོམ་དང་དོམ་ཆགས་བུ་ལོན་ཏེ། དོ་མ་རྟ་མིང་དོང་ག་སྨན་གྱི་རིགས། དོན་དམ་སྙིང་པོ་དོན་འགྲུབ་དོན་དང་མཐུན། ཡང་དོག་དོ་ཤལ་དོང་ཙེ་དབྱིབས་དོད་ཙམ། ཕྲག་དོག་དོས་འཛུགས་འགྲན་ཟླ་རེ་དྭོགས་འཛེམ། དོམ་ཆོལ་སྤྱོད་པ་ལོག་སྤྱོད་དོག་མོ་ས། མུ་ཏིག་ཕྲེང་བའི་དོག་པ་དོ་དམ་དགོས། དོ་ར་བྲོ་གར་མཁན་ར་བ་སོགས། དོག་ལེ་འཁུར་བ་འཚོ་སྣོད་དོ་ལི་གཟིངས། དོལ་ནི་ཉ་རྒྱ་དོང་ནི་སོང་བ་སྟེ། དོལ་ཆོལ་ཚལ་ཚལ་མེད་དམ་མ་ཡེངས་པ། དོས་རག་བྲེལ་ཆེ་དོས་རག་མ་མཛད་ནི། ཧ་ཅང་མ་བྲེལ་དོར་མ་རྐང་གོས་མིང༌། གཞན་ལ་དོར་དང་དོར་བ་མེད་པ་དང༌། འགྲན་པའི་དོ་མེད་དོན་གཅིག་དོན་གཉིས་སོགས། གཉིས་པ་འདོགས་ལ་༼དྲ༽ཡ་རབས་དྲ་མིའི་མི། དྭ་བ་དྭ་ཕྱེད་དྲང་སྲོང་དྲང་དོན་ཀུན་རྫོབ་བོན། དྲང་པོར་དྲག་ཤུལ་ཐལ་དྲགས་སེམས་ཀྱི་དྲན། དྲལ་པོ་མིང་པོ་དྲལ་ལམ་དྲལ་འདབ་ནི། ཁང་པའི་འཁེབས་བྱེད་ཁ་དྲག་བཙན་དྲག་ཆེ། དྲ་ཕད་སྒྱེ་སྣོད་དྲལ་ནི་རལ་བའི་མིང༌། ནད་དྲག་སྐུ་དྲག་དྲག་ཞན་བར་སོགས་དང༌། དྲན་པ་ཉེར་བཞག་དྲག་ཤོས་ཟས་དྲངས་ཟིན།
དྲི༽ དྲི་མེད་དྲི་མས་མ་སྦག་གཏམ་དྲི་བ། དྲིས་ལན་དྲི་མཆོག་སྤོས་དང་བཀའ་དྲིན་དང༌། གཞན་དྲིང་མི་འཇོག་གཞན་ལྟོས་སྟོས་མ་ཡིན་བརྡ། དྲིལ་བུ་དང་ནི་ལྷན་ཅིག་དྲིལ་བ་དང༌། དྲིལ་ཕྱེ་དྲི་བཟང་ཕྱེ་མ་དྲི་བསུང་ཞིམ། དྲིལ་བསྒྲགས་ཁྲིམས་བསྒྲགས་དྲི་མནན་དྲ་བ་དཀུ། ཞེས་པ་དྲི་ང་དྲི་ཚ་དྲི་ཤུལ་ནི། ཁ་ཊཾ་ཀ་སྟེ་དྲི་ཟ་དྲི་གཞོན་དང༌། དྲི་ཆེན་དྲི་ཆུ་མི་ཡི་རྩ་ཆུའོ།
དྲུ༽ ཚེམ་དྲུབ་ཤིང་དྲུང་མདུན་དྲུང་དྲུང་ས་ཡོད་ཀྱང་ནས་ཕྱུང༌། གཡུང་དྲུང་གྲངས་དྲུག་སར་འདས་སྐུལ་དྲུད་འབྲི་དྲུས་མ། ཚོན་གྱི་དྲུ་བུ་ཚོན་དྲུག་དྲུ་མ་སྟེ། ས་ལ་གྲུལ་ཀྱང་དྲུལ་དང་དྲུང་འབྱིན་དྲུང་ཡིག་པ།
༼དྲེ༽ མོན་དྲེ་སྐར་མ་དུད་འགྲོ་དྲེའུ་དང༌། དྲེག་ནད་དྲེགས་ས་མེད་ཀྱང་འདུག་རྩ་པ་སླ་ང་སོགས་ལ་ཆགས། དྲེལ་ཁྱུ་འཚོགས་པ་ཆེ་དྲེགས་ནོར་གྱིས་དྲེགས། ལྷ་སྲིན་དྲེགས་པ་གཅན་གཟན་དྲེད་མོ་དང༌། རྒྱུད་དྲེད་ཆོས་དྲེད་དྲེད་པོ་དྲེའུ་རྔོག་ཅེས། གྲུམ་ཙེ་ལའོ་དྲེས་མ་དྲེས་འབྲུ་བཅས།
༼དྲོ༽ དྲོ་བཏབ་ལྟོ་ཟོས་ཁུར་དྲོགས་ཁུར་པོ་བཟོ། དྲོན་མོ་ཚན་མོ་སྔ་ཕྱི་ཕྱི་དྲོ་དང༌། ཤ་དྲོད་མེ་དྲོད་ཞལ་དྲོ་མ་དྲོས་མཚོ། ཐར་པར་དྲངས་འདས་དང་འཚོ་བ་དྲོངས་ཤིག་སྐུལ་ཚིག་སོགས། གཉིས་པ་འཕུལ་ལ་རྐྱང་འདོགས་གཉིས་ཡིན་ཏེ། དང་པོ་རྐྱང་འཕུལ་ག་བ་མ་འ་བཞི།
༼གད༽ དང་པོ་གས་འཕུལ་གདངས་དྲག་གསུང་གདངས་སྙན། བསྙུངས་པ་གདངས་དང་དྭངས་འདྲ་དྭངས་པའི་གདང༌། དམར་ལ་གདང་དང་གོས་འགེལ་གདང་འགེལ་རུ། སྐས་ཀྱི་ཐེམ་པ་གདང་བུ་མིང་གདགས་ཟིན། གདན་བཞུགས་ས་བོན་གདབ་དང་གསོལ་གདབ་བྱ། གསོས་གདབ་བྱུང་གདབ་གསལ་གདབ་ཕན་གདགས་བྱ། གདས་པ་སྨྲ་འམ་ཞུས་ཏེ་གདམས་ངག་དང༌། གཉེར་གདམས་གདམ་ང་བྱེད་དམ་འདམ་ཀ་བྱེད། ཞལ་གདངས་ཟིན་དང་གདང་བྱ་ཡོད་པའི་གདའ། དམྱལ་བའི་གདར་དང་ན་རག་གདར་སོ་ཡན། པར་ཚ་སྤར་གདབ་དཔར་ཁང་གསུམ་དུ་བཤད། སྔགས་གདབ་ཕུ་གདབ་ཕུར་བུས་གདབ་པར་བྱ། གདར་གསས་བཅོལ་གདམས་དམ་གདགས་གདང་ལ་གདགས། ཁྱབ་གདལ་སོས་གདལ་ཐུད་གདར་གདགས་གཞི་བྲལ། གདའ་རི་དཀར་དང་གདག་སྲིབ་གདགས་པ་ཆེ། གདིང་ཏིང་གཏིང་རིང་གདིང་བ་སྟན་གྱི་མིང༌།
གདུ༽ གདུང་འཛིན་གདུང་རྒྱུད་སྐུ་གདུང་ཁང་པའི་གདུང༌། ཚ་གྲང་གདུང་བས་གདུངས་དང་བརྩེ་གདུང་ཆེ། གདུང་སེལ་སྨན་དང་འཕན་གདུགས་ཁྲི་གདུགས་དང༌། ཉིན་མོའི་གདུགས་གོང་གདུག་ཁང་ཁྲུས་བསྲོ་ཁང༌། གདུགས་ཚོད་བཞེས་པ་གདུང་བྱེད་ཉི་མ་དང༌། གདུང་འཚོབ་རྒྱུད་འཛིན་གུས་གདུང་གདུལ་བྱ་སེམས་ཅན་གདུ། སྨན་གདུ་གདུས་ཟིན་སོར་གདུབ་གདུབ་ཀོར་དང༌། གདུ་བུ་མཛེས་རྒྱན་གདུག་རྩུབ་གདུག་པ་ཅན་སོགས་དང༌།
གདེ༽ གདེང་ཐོབ་ལག་པ་གདེངས་དང་སྲང་ལ་གདེག ཞབས་གདེག་བྱ་བ་གདེངས་སྦྲུལ་ཀ་གདེངས་ཅན་ཀླུ་ཡི་མིང༌།
གདོ༽ གདོད་མའི་དུས་དང་རི་གདོང་བཞིན་གྱི་གདོང༌། གདོས་བཅས་ལུས་དང་ད་གདོད་ད་ཆའམ། ཕྱིར་གདོན་བཏོན་གདོས་བུ་སྣོད་ཆུང་གདོན་མི་ཟ་ཐེ་ཚོམ་མེད། གདོན་རིགས་ཁ་ཐོན་གདོན་དང་གདོལ་བའི་རིགས། གཉིས་པ་བས་འཕུལ་༼བད༽མངའ་བདག་ཉིད་དང༌། བདག་ཅག་བདའ་བའི་ཟས་ཞིམ་བདམ་ཁ་བྱེད། མདུན་དུ་བདར་གྲལ་སྒྲིག་ཏེ་ཏེ་མདུན་བཤམས་ལས་བྱེད་དོན། ཕྱུགས་སོགས་བདའ་དང་བདས་ཞིན་མཚོན་བདར་བ། མོ་བདར་ཕྱག་བདར་ཕྱི་བདར་ཕྱེ་བདར་ཞིབ། སྐྱེལ་བདར་སྐྱེལ་དང་གླ་རྔན་ཁྱབ་བདལ་དང༌། བདའ་འདེད་སོགས་ཏེ་ཕལ་ཆེར་བ་རའི་ད། བདའ་བའི་རོ་ལྟར་གཞན་ལ་སྦྱར་ཡང་མཚུངས།
བདུ༽ བདུག་སྤོས་བདུད་རྩི་གཞུ་བདུངས་བདུད་ཀྱི་སྡེ། གྲངས་ཀྱི་བདུན་དང་བདུན་ཅུ་བདུན་བརྒྱ་སོགས།
བདེ༽ བདེ་སྐྱིད་བདེར་གཤེགས་སིམ་པའི་བདེ་ཚོར་དང༌། བདེན་གཉིས་ཀུན་རྫོབ་དོན་དམ་བདེན་བྲལ་དང༌། བདེན་རྫུན་བདེ་ལེགས་བདེ་མཆོག་བདེ་འབྱུང་བདེན་བདར་སོགས།
བདོ༽ ཡོད་པའི་བདོག་དང་སྙིགས་མ་ལྔ་བདོ་འམ། བདོ་བ་དར་བ་འཕེལ་བ་སོགས་ལ་འཇུག གསུམ་པ་མས་འཕུལ་ད་ཡིག་སྒོས་སྡེ་ལ།
མད༽ བཀྲག་མདངས་ཚོན་མདངས་དུས་ཀྱི་མདངས་དགོང་སོགས། མེ་མདག་མེ་ཉོར་མེ་ལྕེ་མེད་པའི་མེ། མདའ་གཞུ་མེ་མདའ་མདའ་སྤེན་པད་ཁ་བད་ཡབ་ར་མདའ་དང༌། མདའ་རྒྱུས་འོ་མོ་སེ་དང་ཁ་མདན་དང༌། ལུང་པའི་ཕུ་མདའ་མདའ་དུག་བ་སྟེ་སྨན།
མདུ༽ མདུན་དུ་བདར་དང་མདུན་ཁང་མདུན་མ་གྲོས། མདུད་པ་མདུང་དོར་རྒྱན་འགྱེད་མཚོན་ཆ་མདུང༌།
མདེ༽ མདའ་ཡི་མདེའུ་དང་མདེལ་ཐུང་མདེ་ཐུང་འདྲ།
མདོ༽ དཔྲལ་བའི་མདཽངས་དང་མིག་མདོངས་རྨ་བྱའི་མདོངས། ལུང་པའི་མདོ་དང་མདོ་སྡེ་མདོར་བསྡུས་ཚིག སྐུ་ཁ་དོག་མདོག་སྒྲོ་མདོག་གཅོད་མདོས་འཕང་མདོང་མོ་ཟོམ། མདོང་གསོལ་ངོ་དགའ་བསྟོད་པ་འདུན་པའི་བརྡ། བཞི་པ་འ་ཡིས་རྐྱང་འཕུལ་འདོགས་འཕུལ་གཉིས།
འད༽ དང་པོ་རྐྱང་བ་འདམ་རྫབ་འདམ་བུ་དང༌། འདམ་བུ་ཀ་ར་རྩྭ་སྟེ་འགུལ་བའི་འདར། འདར་ལོ་ཙ་པ་དང་འདབ་ཆགས་སྒོའི་འདན་ཤིང༌། འདག་གུ་འདེག་གུ་སྨན་གྱི་སྐྱོ་ཐུག་ལྟར་བཟོ་ལུགས་དང༌། ལོ་འདབ་ནགས་འདབ་གཤོག་འདབ་ཉེ་འདབ་དང༌། རྒྱ་ཕིབས་བྱ་འདབས་འདག་ཆལ་ཁྲུས་རྫས་སྦྱོར། དྲི་མ་འདག་བྱ་འདག་བྱེད་མྱ་ངན་འདའ། འདས་དང་སྐྱོ་མ་འདལ་གཡོས་འདག་ཞལ་བྱ། འདམ་ཀ་འདམ་དང་མི་འདའ་བ་ཡི་དམ། བསམ་པའི་འདང་དང་ཟས་འདང་ཡུན་རིང་བརྡ། ཆུ་འདལ་ཆུ་དལ་རྣམ་འདལ་རྣམ་འདུད་ཟེར།
འདི༽ འདི་ཀོ་འདི་ལྟར་འདིར་འདུས་འདི་སྐད་བརྗོད། འདི་ཙམ་འདིར་སྣང་གདན་འདིང་འདི་རྣམས་ལ།
འདུ༽ འདུ་བ་འཛོམ་དང་འདུག་གནས་འདུ་འཕྲོད་ཁམས། གུས་འདུད་དགེ་འདུན་བློ་འདུན་བྱ་བའི་མདུན། འདུ་ཤེས་འདུ་བྱེད་འདུས་བྱས་འདུ་འཛི་གཡེང༌། བར་འདུམ་འདུམས་ཟིན་འདུ་ལྟོངས་སྡུག་བསྔལ་བརྡ། གོ་འདུན་ཚོགས་འདུས་སྣ་ཚོགས་གང་འོས་འཇུག འདུར་འདུར་སྐྱོ་མ་འདུར་རྒྱུག་གཤེད་འདུར་རམ། འདུར་ཤིད་ཅེས་ཏེ་གཤིན་པོའི་དགེ་སྒྲུབ་བྱེད། གསེར་འདུལ་སོགས་ཏེ་འདུལ་སྦྱོང་འདུལ་ཁྲིམས་བསླབ་པ་ཡང༌།
འདེ༽ གྱེན་འདེགས་རྗེས་འདེད་བུན་འདེད་གསོལ་བ་འདེབས། སྐྱོ་མའི་འདེ་གུ་བློ་ཡི་འདེང་བསམ་གཏང༌། ཕྱིར་འདེངས་འདིང་དེང་བྱ་སྐུལ་སོང་གྲུབ་སྲང་འདེག་འདེཊ་ཟིན་པ།
འདོ༽ གཞན་དུ་འདོང་འགྲོ་དང་འདོད་ཆགས་འདོད་པ་ཆེ། མིང་འདོགས་རྒྱན་འདོགས་ཐགས་འདོགས་འདོ་མེད་ལས། འདོར་འགྲོ་འདོད་འགྲོ་སྨད་འཚོང་མ་ཡི་མིང༌། ལག་འདོན་བྱེད་དང་ཁ་འདོན་ལན་འདོན་པ། འདོམ་པ་དུས་སམ་ཕྱོགས་གཅིག་ཚིགས་སམ་འཛོམ། ཆོས་འདོམས་བཤད་པ་བཟང་འདོག་ཁ་མོ་དང༌། འདོམས་ཤིག་འདོམ་ཚད་འདོམ་འཇལ་འདོ་བ་རྟ། གསང་གནས་འདོམས་དང་སྲོག་འདོར་རྒྱབ་ཏུ་འདོར། ནང་འདོམས་ནང་འཁྲུག་བཀྲབས་དང་འདོལ་འདོམ་ཞེས། འཇམ་མམ་གདམས་སམ་དབེན་ནམ་འགོལ་བ་ལ། གཉིས་པ་འདོགས་ལ་༼འདྲ༽འདྲ་མཚུངས་ཁྲིམས་སོགས་འདྲལ། ཁྲེས་པོ་འདྲག་བཅའ་བའོ་དང་ཁས་སོར་མོས་འདྲད་འདྲག་མཐིལ་ཞེས། ལག་མཐིལ་དོན་གཅིག་ལྷུ་ཚིགས་སོག་ལེས་འདྲལ།
འདྲི༽ གཏམ་འདྲི་འགའ་ཞིག་ཡི་གེ་འདྲི་འདི་བྱེད་ཀྱང་བརྡ་རྙིང་ངོ་གོམས་འདྲིས་ཆེ་དང་བསླུ་བའི་འདྲིད། ཧྲིལ་གྱི་འདྲིལ་དང་ལྗགས་འདྲིལ་རྦབ་འདྲིལ་བ།
འདྲུ༽ ཚིམ་འདྲུབ་ལྷུ་འདྲུལ་རུལ་བའི་འདྲུལ་བ་དང༌། ཤིང་འདྲུད་ཁུང་འདྲུ་ཡར་འདྲུད་མར་འདྲུད་དང༌།
འདྲེ༽ རྐང་འདྲེད་སྤུ་འདྲེག་འདྲེག་མཁན་ལྷ་འདྲེ་དང༌། གནས་ནས་འདྲེན་དང་སྤྱན་འདྲེན་ཕན་ཚུན་འདྲེས་བསྲེས་པ།
འདྲོ༽ བློ་འདྲོག་རྟ་འདྲོག་འདྲོགས་ཟིན་ངེས་ཤེས་འདྲོངས། གསུམ་པ་མགོ་འདོགས་ར་ལ་ས་གསུམ་སྟེ། དང་པོ་ར་མགོ་རྐྱང་འཕུལ་རྩེག་འཕུལ་གཉིས།
རྡ༽ དང་པ་གྲོང་རྡལ་རྡབ་འཆལ་འགྱེལ་ལམ་བརྡབ་པའང་སྣང་བདེ་བླག་བརྡ། རྡབས་གསིགས་གཞན་འཚེ་ས་ལ་རྡབས་ཆག་དང༌། ཆ་ལག་རྡབ་བྱེད་རྡད་པ་གློ་བུར་བ། བྱ་རྡང་བྱ་ལྡང་དགྲ་བླའི་གནས་སོགས་བརྡ།
རྡི༽ རྡིགས་སྒྲ་ཐོག་རྡིབ་གངས་རྡིབ་ཤུལ་ཡང་རྡིབ། ཐོད་རྡིང་ལའང་འདི་འམ་གདེང་ལུགས་གཉིས།
རྡུ༽ ལག་རྡུམ་ལག་མེད་རྡུལ་དང་རྡུལ་ཕྲན་ལ། ཐབས་རྡུགས་མཚོན་སོགས་རྡུང་བྱེད་བྲོ་རྡུངས་ཤིག རྡུལ་ནི་ཟླ་མཚན་རྡུང་འཚོག་རྡུལ་དུ་རློག
རྡེ༽ རྡེག་འཚོག་བློ་རྡེག་བློ་ནས་གསལ་འདེབས་བྱེད། ཐུར་མ་རྡེག་དང་རྡེ་རུས་ངེས་ཤེས་སྐྱེས། ཐལ་ལྕག་རོལ་མོ་རྡེབད་ང་རྩིས་སོགས་རྡེའུ་རྡེལ།
རྡོ༽ རྡོ་ཕ་ལམ་སོགས་རྗེ་བུར་རྡོག་མར་རྡོག་རྡོག་པོ་གཅིག་ཡོད་སཽོགས་གོར་མོ་རྡོ། རྡོག་པ་ལྷྭམ་ཀྲད་ཆུ་རྡོལ་གློ་རྡོལ་དང༌། རྡོལ་བོན་རྡོལ་ཆོས་ཐ་མལ་གྲི་རྡོལ་རྡོབས། རྡོག་ཆེ་རྡོས་ཀྱང་གདོས་ཆེ་ཕེག་ཕེབ་ཀྱང་སྣང་རྡོབ་སྦུབ་ཆོལ་དང༌། རལ་རྡོལ་སྐྲ་དབྱིབས་དབུ་བ་རྡོས་ཆུ་རྦ།
བརྡ༽ རྩེག་འཕུལ་གོ་བརྡ་སྤྲད་དང་ཆ་ལང་བརྡབ། བརྡབས་ཟིན་སྤུགས་བརྡབ་ཚར་ཐང་མར་བརྡལ། གྲི་བརྡར་ཁ་བརྡར་མཁའ་འགྲོ་བརྡ་ཡི་བརྒྱུད།
བརྡུ༽ བྲོ་བརྡུང་རྒྱན་རྡུང་རྒྱག་སོགས་བརྡུང་བརྡུངས་ཟིན་གཡབ་བརྡུལ་གཡབ།
བརྡེ༽ བཙོག་པའི་བརྡེག་དང་བརྡེགས་ཟིན་བརྡེག་འཆོས་བརྡུང་ཞིང་བཅོས་པ་གདང༌།
བརྡོ༽ བླ་གཏམ་གྱི་བླ་བོ་བརྡོལ་བློ་འཆོལ་བྱུང་རྒྱལ་དུ་སྨྲ་བ་གཉིད་བརྡོལ་གཉིད་འཆོལ་བ། བརྡོལ་ཐབས་ལྡབ་ལྡིབ་ཚིག་ཉོག་སྨྲ་ལ་ཟེར། གཉིས་པ་ད་ཡིག་ལ་ཡི་མགོ་ཅན་ལ། འཕུལ་མེད་འཕུལ་ཡོད་གཉིས་ཏེ་དང་པོ་ལ།
ལྡ༽ ཉལ་ལས་ལྡང་དང་ངད་ལྡང་ཏིང་འཛིན་ལྡང༌། ལྡང་ཀོ་ཀ་སྟེ་སེང་གེ་རྐང་བརྒྱད་མིང༌། འཁོབས་པའི་ལྡངས་འཐུམ་རུས་དང་རྒྱུ་ནོར་ལྡན། ལྡག་གུ་སྲན་མ་སོས་ལྡ་བསྐྱར་ལྡབ་དང༌། བསྟན་བཅོས་ལེའུ་ཚན་ལྡང་ཚད་གང་ཡོད་ཅེས། ནེའུ་ལྡང་ན་མཉམ་རྐུན་མ་ལྡམ་པོའི་མི། སྐད་སོགས་ལྡབ་ལྡིབ་གསང་པོ་མེད་པའི་སྒྲ། དར་གྱི་ལྡ་ལྡི་ལྡས་ནི་ལྷག་ལུས་བརྡ། འཇའ་སྤྲིན་སོགས་ཀྱི་ལྡིང་ཁང་ཡངས་པོ་དང༌། མཁའ་ལྡིང་འབྲུག་ལྡིར་ལྟོ་ལྡིར་བུམ་པ་ལྟར།
ལྡུ༽ ལྡུམ་ར་ལྡུམ་བུ་སྐོམ་ལྡུད་བླུད་སྣོད་དུ་ལྡུགས་བླུག། ལྡུར་ལྡུར་སྐྱོ་བ་༼ལྡེ༽ལྡེ་མིག་འབྱེད་བྱེད་དང༌། ཁྲི་སྡེ་འོད་དང་ཁྲི་སྲོང་ལྡེ་བཙན་དང༌། མི་ཉི་ལྡེ་དང་ལོགས་ཀྱི་ལྡེབས་རིས་དང༌། ཤོག་ལྡེབ་ས་ཡོད་ཀྱང་སྣང་སེང་ལྡེང་གཡོ་ལྡེག་ལྡེམ་ལྡེམ་འཁྱོག སྐུ་ལྡེམ་མཉན་ལྡེམ་ལྡེམ་དགོངས་མི་མཁྱེན་ཚུལ། ལྡེར་བཟོ་ལྡེར་སོ་ཞེས་གཅིག་གཟུགས་བརྙན་བཅོས། སྨན་གྱི་ལྡེ་བུ་འདི་དང་གོང་བཤད་གཉིས།
ལྡོ༽ འཇུག་ལྡོག་ནང་ཕྱི་ཕྱིར་མི་ལྡོག་པ་དང༌། དྲིས་ལན་ལྡོན་དང་ལྡོམ་བུ་བསོད་སྙོམས་པ། ལྡོབ་རྐྱེན་ཤེས་སླ་ལྡོབ་ལྡོབ་ཉོབ་ཉོབ་འདྲ། ལྡོང་རོས་ཚོན་སེར་པོ་སྡོང་རོས་ལུགས་གཉིས་མིག་ལྡོངས་པ།
བལྡ༽ གཉིས་པ་འཕུལ་ལྡན་ཟས་སོགས་བལྡག་བྱ་དང༌། ལྕེས་བལྡགས་ཚར་དང་སོས་དུད་འགྲོས་བལྡད་བྱེད་བལྡད་བསྐྱར་བལྟབ་བལྡབས།
བལྡེ༽ བལྡེག་བལྡེགས་མེར་མེར་༼བལྡུ༽བལྡུད་བླུད་བལྡུག་བླུག་བལྡུགས་པ་དང༌། བལྡུམ་དེབས་དྲིལ་དང་བལྡུམས་སོགས་ཟུང་ནི་བྱ་འདས་སྒྲ། གསུམ་པ་ས་མགོ་འཕུལ་མེད་ཡོད་པ་གཉིས།
སྡ༽ དང་པོ་སྡང་དགྲ་ཞེ་སྡང་སྡར་མ་ཞུམ། ཁྲོས་པའི་སྡང་མིག་སྡང་པོ་མང་པོའི་དོན།
སྡི༽ དགེ་སྡིག་སྲོག་ཆགས་སྡིག་པ་སྡིག་སྲིན་སྡིགས་འཛུབ་དང༌། གཞན་ལ་སྡིགས་དང་དར་སྡིངས་གཏིམ་ངམ་དཀྱིལ་དབུས་སོགས་འཇུག་ཡུལ་གྱི་མིང༌། སྡིག་ཏོ་ཅན་བདུད་༼སྡུ༽མཛེས་སྡུག་སྡུག་བསྔལ་སྡུད་ནོར་སོགས། སྡུམ་མཚེས་ཁྱིམ་མཚེས་འགྲས་སྡུམ་སྐྱོ་བའི་སྡུག
སྡེ༽ སྡེ་ཚན་མི་སྡེ་སོགས་སྡེ་སྣོད་སྡེབས་སྦྱོར་ཕྱོགས་གཅིག་སྡེབ། སྣོད་སྤྱད་སྡེར་མ་གཅན་གཟན་སྡེར་མོ་དང༌།
སྡོ༽ ཤིང་སྡོང་སྡོང་པོ་མར་མེའི་སྡོང་བུ་དང༌། གནས་སུ་སྡོད་བྱེད་སྡོད་ཅིག་སྲོག་ཆགས་སྡོམ། མཆོད་སྡོང་བསྟན་གྲོགས་བཀའ་སྡོད་དམ་ཅན་སྟེ། ཐུག་སྡོར་ཕྱོགས་གཅིག་སྡོམ་བྱེད་སྡོམས་ཤིག་དང༌། སྲུང་སྡོམ་སྲོག་དང་སྡོས་ཏེ་བརྗེས་པའོ། འདི་རྣམས་ཕལ་ཆེར་མིང་གཞི་ད་ལྟར་མང༌། གཉིས་པ་འཕུལ་རྩེག་༼བསྡ༽སྟན་ལ་བསྡད་པ་དང༌། ཉེས་པ་བསྡམ་བྱ་བསྡམས་ཟིན་དེ་འདྲ་བ། ཐག་པས་ཁྲིམས་དང་གཡང་སྒོ་བསྡམ་སོགས་འགྲེ།
བསྡི༽ གཞན་ལ་བསྡིགས་ཟིན་བསྡིག་པར་བྱ་བ་དང༌།
བསྡུ༽ བསྡུ་བྱ་བསྡུས་དང་གྲོས་བསྡུར་མདོར་བསྡུས་ཟིན། འཁོན་འགྲས་བསྡུམ་བྱ་བསྡུམས་དང་བསྡུས་འཇོམས་གནས། འདྲ་བསྡུར་འགྲན་བསྡུར་དཔེ་ཆ་བསྡུར་བ་སོགས།
བསྡེ༽ གཉན་བསྡེབ་མཐུན་བསྡེབ་གྲོགས་བསྡེབ་ཕན་ཚུན་བསྡེབ། བསྟན་བཅོས་བསྡེབ་རྣམས་བྱ་བ་མ་འོངས་པ། དེ་རྣམས་ས་མཐའ་སྦྱར་བས་བྱས་ཟིན་འདས།
བསྡོ༽ ལྷྭམ་བསྡོག་འགོ་བསྡོག་ཐག་པ་ཞགས་པ་བསྡོག ཤུལ་རྩ་བསྡོག་དང་གྲབས་ཀྱི་བསྡོག་པ་དང༌། ཉེར་བསྡོག་སྟ་གོན་སྲོག་དང་སྐུ་ལ་བསྡོ། ཕྱོགས་གཅིག་བསྡོམ་དང་ཁྱོན་བསྡོམ་ཡོངས་བསྡོམ་དང༌། གྲོགས་དང་བསྡོང་རྣམས་བྱ་བའི་ལས་མ་འོངས། ཀུན་ལ་ས་སྦྱར་བྱས་ཟིན་འདས་ཚིག་སྟོན། །

༼ན༽
བཅུ་གཉིས་གསལ་བྱེད་ན་ཡིག་སྒོས་ཀྱི་སྡེ། རྐྱང་པ་རྐྱང་འཕུལ་མགོ་ཅན་གསུམ་ཡིན་ཏེ།
ན༽ དང་པོ་རྐྱང་པ་ན་ཚོད་ན་མཉམ་དང༌། ན་ག་ཀླུ་དང་ནད་ཀྱི་ན་བ་དང༌། ནང་ནས་ནར་གྱིས་ཐོན་དང་ནམ་མཁའ་གནམ། ནམ་ཞིག་གཏན་བདེ་ནམ་ལངས་ནཱ་གི་སྨན། ནལ་སད་རིན་ཆེན་ནང་ཁྲོལ་ཁ་དོག་ནག ནགས་ཚལ་ན་བཟའ་ནན་ཏན་ན་རམ་སྨན། ན་རི་མ་ནི་གཞོན་ནུ་མ་ཡིན་ལ། ན་ནམ་ཟ་འོག་ན་མ་ན་མཉམ་ཟླ་ཟེར། ན་ཆུང་ནང་སྔ་ན་བུན་ཁུ་རླངས་དང༌། ན་ཀྲ་ཆུ་སྲིན་ནམ་གུང་ནམ་ཕྱེད་དུས། ནམ་ཞལ་ནམ་ཡང་ནང་བྱན་གཡོག་མིང་སོགས། ན་ནུ་འབོད་སྒྲ་ནབས་སོ་སྐར་མ་དང༌། ནམ་གཤིན་གཤིན་ཟས་དང་ནི་དད་ཟས་དང༌། ནན་ཁུགས་རྒྱལ་པོ་ལ་ཞུས་གཞན་ནོར་འཕྲོག ནར་མ་རྒྱུན་དུ་ནམ་ནི་གསེར་ཞོའམ་སྐར། ནམ་རྨུས་ཉི་མ་སྤྲིན་བཅས་འཐིབས་ལ་ཟེར། ན་ཧུ་སྡིག་སྒྲིབ་ན་ལེ་ཤམ་ཕོ་རིས། ནག་པོ་འགྲོ་ཤེས་ནག་འགྲོས་གོ་སླའི་དོན། ནམ་ཉམ་ཚོང་བྲང་ཡིན་ནང་རྗེ་ཁྱིམ་བདག་དང༌། ན་རོ་ཀེ་ལ་བེ་ཏའི་འབྲས་བུ་སྟེ། ན་ལི་ཆུ་སྐྱེས་ནར་ནར་དབྱིབས་ནར་མོ། ན་ནིང་སྔ་ནིང་སྔ་ལོ་ན་རོ་སྣ་རུ་ཟེར། ན་ག་གེ་སར་ནག་ནོག་མི་གསལ་བ། ནག་མཚུར་ནགས་རི་ནགས་ལྗོན་ཕྱི་ནང་དང༌། ནན་ཏུར་ནན་ཏར་སོགས་ཀྱང་ནན་ཏན་མཚུངས། ནལ་བུ་ཁྱིམ་ཐབས་མིན་པའི་བུ་འབྲུ་ནས་ཚིག་ཕྲད་ནས་ནམ་ཆར་སོགས་ཞོད།
ནི༽ ནིམ་པ་སྨན་མིང་ནིར་མ་ཀ་སྤྲུལ་སྐུ། ནི་ནི་ཚིག་སྐོང་ནི་ལ་ཐོད་ཋ་སྨན།
ནུ༽ ནུར་མཛོད་གཟའ་སྐར་འགྲོས་ལྟར་ནུ་བོ་ཆུང༌། ནུ་རྫི་ཉིང་ཁུ་མངལ་གནས་ནུར་ནུར་པོ། བྲང་གི་ནུ་མ་ནུ་མོ་སྲིང་མོ་ཆུང་བ་ནུས་མཐུ་དང༌། མི་ནུབ་རྒྱལ་མཚན་ནུབ་མོ་ནུབ་ཕྱོགས་དང༌།
ནེ༽ ནེམ་ནུར་ཡིད་གཉིས་ཟ་བ་ནེ་ཙོ་བྱ། མནན་ན་ནེམ་ནེམ་མནན་པའང་ནེམས་དང་ནེ་ར་མེ་ཏོག་སེར། ནེའུ་ལེ་ནེའུ་གསེང་ནེའུ་གླག་ཤ་གཟན་བྱ། ནེའུ་ལྡང་ན་ཟླ་ནེ་ནེ་སྲུ་མོ་སྟེ།
ནོ༽ འགལ་བའི་ནོངས་པ་འཁྲུལ་ནོར་ནོམ་པ་རྒྱུ་ནོར་བུ་རིན་ཆེན། ནོར་རྫས་ནོག་ནོག་པོ་དང་ནོག་ཤ་ཅན། གླང་སོགས་སོག་སྟེང་ཤ་འབུར་དེ་ལ་ཟེར། དང་སྡོམ་ནོད་དང་ས་ནོན་དཀོར་ནོར་ཕྱུག གཉིས་པ་འཕུལ་ལ་ག་མ་གཉིས་ཡིན་ཏེ།
གན༽ དང་པོ་མཁའ་ཡི་གནམ་དང་གནང་སྦྱིན་གནང༌། བོན་ཆོས་གནད་ལ་མཁས་དང་གནད་ལ་དབབ། གནམ་རུ་ཕྱུགས་ཀྱི་གནག་ནོར་གནག་རྫི་དང༌། བུང་བ་ལྟར་གནག་གནང་དགག་གནའ་བོའི་སྔ་མོའི་ལུགས། གནའ་དུས་སྔོན་དུས་འདུག་པའི་གནས་གནས་སྐབས། གནས་རྟེན་ཉེར་བར་གནས་ཞི་གནས་བདེར་གནས་དང༌། གནས་ལུགས་གནད་གཅོད་དྲག་པོ་གནངས་གཞེས་ཉིན། གནམ་ལེགས་པ་མཆོད་གནམ་པོ་དྲང་པོ་གནམ་དབང་ཆེན་སྐོར་གནམ་དུ་་ཤི་བའི་ཞེ་ནས་གཤེགས། གནས་གནས་ངན་བཟང་གནས་མལ་བསྟི་གནས་སྡོད་གནས་སོགས།
གནུ༽ རུས་པ་གནུབས་དང་གནུར་ཕུན་སུམ་ཚོགས་ཞལ་ཟས་བདར་དང༌། གནུར་ལ་སྲེད་དེ་སྣུམ་པའི་དོན་ལ་དང༌། ཚོན་སོགས་གནུར་རམ་བཏུལ་སོགས་དོན་གཅིག་ལ།
གནོ༽ གནོང་འགྱོད་གནོད་བྱེད་གནོད་སྦྱིན་གནོན་པ་པོ། ཟིལ་གནོན་གྲིབ་གནོན་རྒྱབ་གནོན་སེང་གེ་དང༌། ཞེ་གནོང་སྐྱོན་གྱིས་ཞུམ་འགྱོད་ནོངས་འཁུར་བ། གནོང་མི་བསྐུར་ཞེས་ཉེས་པ་ཁས་མི་ལེན། གནོག་ཆུང་ཁེ་ཆུང་གནོད་སེམས་ལ་སོགས་སོ།
མན༽ གཉིས་པ་མས་འཕུལ་མནལ་གཟིམས་མནའ་བསྐྱལ་བ། འོག་ཏུ་མནན་དང་དྲི་མ་མནམ་པ་དང༌། ན་བཟའ་མནབས་དང་ལས་ཀྱིས་མནར་བ་དང༌། མནར་མེད་དམྱལ་གནས་མནར་ཁྲིམས་གཅོད་གཅོད་མནག་དཀའ་སྲན་དཀའ་བ། མནར་སེམས་བསམ་ངན་མནགས་པ་མནངས་སྲིད་པ། མནའ་མ་མནལ་མིང་སྲིང་བུ་བུ་གནབ་རྩལ་ཁ་ཟས་བཟའ་བ་༼མནོ༽མནོག་ཟས་ཏེ། འཁུར་བ་ཞིམ་པ་མང་ཚིམ་དང་ནི་མནོ་བསམ་བསམ་མནོག་དང༌། ཟས་མནོག་མ་མིང་མནོག་ལུགས་གཅིག་གས་འཕུལ་གོང་ལྟར་ཆུང་ཁེ་ཆུང་བ། མནོ་བྱ་མནོས་ཤིག་མནོལ་གྲིབ་མནོལ་བ་བསངས། གསུམ་པ་མགོ་ཅན་ར་ས་གཉིས་ཡིན་ཏེ། དང་པོ་ར་མགོ་ཅན་འཕུལ་ཡོད་མེད་གཉིས།
རྣ༽ དང་པོ་སྒྲ་འཛིན་རྣ་བ་རྣ་ཤལ་དང༌། རྣ་བ་བླགས་ཅེ་རྣ་བ་གཏད་ཉན་མིང༌། རི་དྭགས་རྣ་བ་རྣམ་རྒྱལ་རྣམ་སྣང་དང༌། རྣམ་གྲགས་རྣམ་སྲས་རྣམ་ཐར་རྣམ་ཤེས་དང༌། རྣམ་དག་རྣམ་འདྲོམས་རྣམ་རྣམ་གྲངས་གྲོལ་རྣམ་མཁྱེན་དང༌། རྣམ་རྟོག་རྣམ་རྣམ་པ་རྣམ་དཀར་འདྲེན་ལ་སོགས་ཤིན་མང་འགྲེ། མང་ཚིག་རྣམས་དང་རྣལ་འབྱོར་རྣལ་དུ་ཕེབས། རྣལ་མ་རྣངས་བླངས་འཕྲོགས་ཏེ་བླངས་པའི་བརྡ། ས་ཞིང་རྣང་མ་བཟང་དོན་རུལ་བོའི་རྣག རྣ་གཤོག་རྣ་ཕྲུག་རྣ་འདབ་གོ་ཞེས་ཐོས། རྣ་བ་རྒྱུས་ཡོད་རྣ་རུ་ཐུན་སྣོད་རྭ། རྣམ་ཕྱིངས་ཆབ་ཁུང་ཕྱི་སའི་ཁང་པ་དང༌། རྣམ་འདལ་རྣམ་འདུད་རྣ་སྤྲང་འདེའུའི་མིང༌། ཁུག་རྣ་ན་བུན་བེ་རྣབ་བད་ཀན་ནད།
རྣི༽ རྣིལ་ནད་སོ་རྣིལ་༼རྣུ༽ཐེན་པའི་རྣར་ཞེས་དང༌།
རྣེ༽ རྣེལ་ཞི་ལོག་གམ་གོ་རིམ་འཆོལ་བར་གྲགས།
རྣོ༽ རྩེ་མོ་རྣོ་བ་རྣོན་པོ་མཚོན་ཆལའོ།
བརྣ༽ གཉིས་པ་འཕུལ་རྩེག་བསམ་པའི་བརྣག་པ་དང༌། བརྣག་མས་འཕུལ་ནང་ལའང་ཡོད་དཀའ་མི་བཟོད་བརྣབ་གཞན་ནོར་རློམ་སེམས་སྐྱེས་པ་སེམས་བརྣན་པ་ཞེས། ངེས་བཟུང་ཞེ་བརྣན་དོ་བརྣན་ནན་ཏན་བརྡ། ཟས་དང་མཆིལ་མས་བརྣངས་ཞེས་མིད་པར་འཚང༌།
བརྣུ༽ བྱ་བརྣུ་ས་མགོ་ཡང་སྣང་བྱ་བརྣུར་བྱ་ལས་ངང་འཐེན་བརྡ།
བརྣོ༽ བརྣོག་ཅེས་བསྡོམ་མམ་སྦས་ཏེ་རྔ་མོང་ཤ་ལྷག་བརྣོག
སྣ༽ དྲི་འཛིན་སྣ་དང་རི་སྣ་ཆ་སྣ་དང༌། འཇུ་སའི་སྣ་དང་སྣ་མང་སྣ་ཚོགས་དང༌། སྣང་བ་གསལ་འདྲ་མཐོང་སྣང་བར་སྣང་ཡོད་པར་སྣང་སོགས་དང༌། ལྟར་སྣང་སྣང་བ་སྒྲོན་མེ་རྒྱ་སྣག་དང༌། སྣག་ཚ་མི་གཙང་སྣབས་དང་སྣམ་བུ་དང༌། སྣམ་སྣམ་ཕྲན་སྦྱར་འདུལ་གོས་བར་ཁྱམས་སྣམ་བུ་དང༌། སྣམ་ཞེས་སོགས་ཏེ་གོས་རྒྱུ་སྣལ་མ་དང༌། སྣམ་ལོག་ཅེས་པ་ཟུར་རྒྱབ་ཕྱི་རོལ་དང༌། སྣ་བོ་གཙོ་བོ་སྣ་ལམ་སྣ་འདྲེན་སྣང་མེད་མུན། སྣང་ཆུང་སྣང་ཡོལ་སེར་སྣ་སྣང་བརྙན་དང༌། སྣག་དཔོན་སྲིང་མོའི་བུ་དང་སྣམ་ཕྲག་ཨམ་ཕྲག་ཀྱང་རུམ། སྣད་ཡར་གྲི་རྡོ་སོགས་རྨ་སྣར་མ་སྐར། སྣ་མའི་སྲིན་ཤིང་སྣ་མའང་མེ་ཏོག་ཛཱ་ཏིའི་འབྱུངས་ཁུངས་དང༌།
སྣུ༽ འབྲུ་མར་སྣུམ་དང་བཏུལ་མིང་སྣུར་རམ་ཐུལ།
སྣེ༽ སྣེ་ཐག་སྣེ་མོ་སྣེའུ་རུ་རྟའང་སྔོ་ཚོད་མིང༌། སྣེའུ་ཅན་ཁལ་མ་སྣ་ལོ་སྣེལ་ཆུའི་ལམ།
སྣོ༽ ཕྱག་དང་སྣ་ཡིས་སྣོམས་ཤིག་སྣོད་དུ་བླུག སྣོར་ཡར་སྣོན་པ་གོས་སོགས་མཐུ་བ་སྣོལ།
སྣྲ༽ སྣྲུབས་སྐར་༼སྣྲེ༽སྣྲེལ་ར་མགོ་འདོགས་བཅས་ཡོད་ཞི་ལོགས་སམ་ཕྲད་དུ་སྟེ།
སྣྲོ༽ སྣྲོན་ནི་སྐར་ཏེ་རྩེག་འདོགས་ཞལ་བསྟན་ཏོ།
བསྣ༽ གཉིས་པ་འཕུལ་རྩེག་ཕྱག་ཏུ་བསྣམས་ཟིན་བསྣམ། ཐོག་ཏུ་བསྣན་སབ་ཐག་སྣེ་མཇུག་མ་བསྣར།
བསྣུ༽ གནད་ལ་བསྣུན་དང་མཚོན་བསྣུན་མདུན་བསྣུན་འཐེན། ནུ་མ་བསྣུན་དང་སྲོལ་བསྣུབས་དུས་རིང་བསྡུར། ཞིབ་མོར་བསྣུར་འཐག་༼བསྣེ༽བསྣེམས་ཞེས་ནེམ་ནེམ་མནན།
བསྣོ༽ ཕན་ཚུན་བསྣོལ་ཞེས་བསྲེས་པ་བསྣོས་ཀྱང་མཚུངས། མགོ་འཇུག་བསྣོལ་ཞེས་རྡོ་རྗེ་རྒྱ་གྲམ་ལྟར། གོང་འོག་བསྣོར་དཀྲུག་པའང་འཛོལ་གདམས་ངག་བསྣོས་ལ་སོགས། ད་དྲག་སྦྱར་དབང་འདས་སྒྲ་གཞན་བྱ་ཚིག ར་སའི་མགོ་འདོགས་འགའ་ཞིག་འདྲ་མཚུངས་སྣང༌།

༼པ༽
བཅུ་གསུམ་པ་ཡིག་སྒོས་སྡེ་རྐྱང་པ་དང༌། འཕུལ་རྩེག་གསུམ་སྟེ་འདོགས་དང་བཅས་པའོ། དང་པོ་རྐྱང་དང་ར་འདོགས་གཉིས་ཡིན་ཏེ།
པ༽ དང་པོ་པ་སངས་གཟའ་དང་པ་ཏྲའི་རིས། ལུས་ཀྱི་པང་པ་པང་ལེབ་པར་བུ་སྣོད། ཤིང་ངམ་འཕྲུལ་གྱི་པར་དང་སྤར་འཐད་དང་དཔར། པགས་ཟན་གཞི་འབྲེལ་མེད་དང་འབྲེལ་སྒྲ་ཅན་ལ་པགས་པ་པདྨ་པད་ཚལ་དང༌། པདྨ་འབྱུང་གནས་སའང་འཐད་པ་རྫི་ཀ་སྣེ་ནག པདྨ་ར་ག་པ་ཏྲ་གཉིས་རིན་ཆེན། པ་ཏོ་ལ་སྨན་པད་ཞུ་པད་ལྷྭམ་དང༌། པད་ལོ་རིགས་དྲུག་འདུལ་བའི་ཆས་གོས་སྡེ། པ་རྒྱ་ནག་ཤི་བཙུན་མིང་པ་ལ་རྒྱ་སྐྱེགས་ཀྱི་ཤ་མེ་ཏོག པཎྜིཿཏ་དང་པུཊུཿམཁས་པའི་མིང༌། པར་ཏང་གྲུམ་ཙེ་པཉ྄ཚ་ལི་ཀ་རས། པ་ཏི་བདག་པོ་པར་པ་ཏ་སྔོ་སྨན། པ་དེ་མ་ཞེས་གསེར་གྱི་མེ་ཏོག་མིང༌། པ་ར་མི་ཏ་ཕ་རོལ་ཕྱིན་པའི་སྒྲ། པར་པར་འཕར་དང་པད་འདབ་པདྨའི་ལྟེ།
པི༽ པི་པི་ལིང་སྟེ་སེགས་བརྡར་རིས་དྲོད་སྨན། པི་ཝཾ་སྒྲ་སྙན་མཚལ་པིར་སྣག་པིར་སོགས། ཆུ་གནས་པིར་དང་ཚོན་བྱུག་པིར་སོགས་སོ།
པུ༽ ཅོག་པུ་གྲོང་པའི་པུར་དང་གཅིག་པུར་གྲངས། ཁང་པའི་པུ་ཤུད་ཁ་བད་སྤན་བན་ལྟར་མདའ་ཡབ་ལན་ན་ཀྱང་། མཆོད་རྟེན་སྟེགས་བུ་བྲེ་སྟེ་བྱ་པུ་ཤུད། པུ་ཙམ་མགོ་ལ་པུ་ཙ་པཱུ་ཛ་ནི། མཆོད་པའི་སྒྲ་དང་པུས་འཁྱུད་སྒོམ་ཐག་སྟེ། པུསྟ་ཥཿནི་པོ་ཏི་པུ་ས་ལི། འུ་སུའི་མིང་སྟེ་པུ་ཤེལ་ཙེ་ཡང་སྨན། པུ་རྒྱལ་བོད་ཡུལ་རྐང་པའི་པུས་མོ་དང༌། པཎྜ་རི་ཀ་པདྨ་དཀར་པོ་དང༌།
པེ༽ པེར་ཀ་དབྱུག་པ་པེན་དར་བསོད་སྙོམས་བྱེད།
པོ༽ ལག་པོད་ལག་གཉིས་ཟུམ་སྟེ་སྤྲད་པ་དང༌། པོག་རི་ཤ་མེད་རུས་ཚིགས་པོག་ནི་སྤོས། པོག་ཕོར་སྤོར་ཕོར་པོ་ནི་བདག་སྒྲ་དང༌། པོ་ཏ་ལ་ནི་སྤྱོད་གནས་ཆེན་མིང༌། གླེགས་བམ་པོ་ཏི་སྐབས་འགར་པོར་ཏང་ཟེར།
པྲ༽ གཉིས་པ་པ་ཡིག་ར་འདོགས་མོ་པྲ་དང༌། པྲ་སྟོན་པྲ་ཕབ་པྲ་ཚིལ་སྦྲང་རྩིའི་སྙིགས། པྲ་ཕུད་ཞང་སྐད་སྐུ་དང་རྡོ་རྗེ་ལ། པྲ་ཆལ་འགྱུར་བྱེད་ཆུ་བོ་པྲ་སྡེབ་སྦྱོར་སྐབས་སྟ་ར། པྲ་མོ་ཧ་ནི་ཤིག་གམ་ཕྲ་མོ་སྟེ།
པྲི༽ པྲི་ཡངྐུ་སྨན་ལྷ་མོའི་དར་ཐག་ཅེས། པྲིང་དུད་དུད་འགྲོ་པྲི་ཀ་ཉིས་རིམ་རིས། ཟེའུ་པྲོག་པྲོག་ཞུ་རྩེ་འམ་དབུ་རྒྱན་ནོ། གཉིས་པ་དས་འཕུལ་རྐྱང་དང་འདོགས་འཕུལ་གཉིས།
དཔ༽ དང་པོ་དཔལ་ལྡན་དཔལ་བོ་སེམས་དཔའ་དང༌། དཔའ་བར་འགྲོ་བའི་ཏིང་འཛིན་དཔའ་གདེང་ཅན། དཔང་པོ་དཔག་ཚད་དཔག་མེད་དཔངས་མཐོ་བ། རྗེས་སུ་དཔག་དང་དཔའ་བོ་དཀར་སེར་སྨན། རུས་མིང་དཔང་དཔང་ལོ་ཙཱ་བ་དང་དཔག་བསམ་དཔལ་བེའུ། དཔལ་མཆོག་དཔའ་བའི་ཉམས་དང་དཔག་ཡས་སོགས།
དཔུ༽ དཔུང་པ་དཔུང་རྒྱན་དཔུང་ཟླུམ་ཤ་འགག་གོས། དཔུང་གཉེན་དཔུང་ཚོགས་སྤྲིན་དཔུང་མེ་དཔུང་དང༌། དཔུང་བུ་ཆུང་ཞེས་རྐང་དམག་དཔུང་འདུས་སོགས།
དཔེ༽ དཔེར་ན་དཔེ་ཆ་དཔེ་སྲོལ་དཔེ་བྱད་དང༌། ཡི་གེ་དཔེད་དང་དཔེ་འཁྱུད་སེར་སྣས་སྦས། དབེན་པ་དཔེན་ཙས་ཡིད་འོང་ཕོང་སེམས་སོགས།
དཔོ༽ དཔག་བྱ་བློས་དཔོག་ཤངས་དཔོར་དཔོར་ཆིངས་ཤིག དཔོ་ཡི་རིགས་དང་དཔོན་གསས་སློབ་དཔོན་དང༌། དཔོན་པོ་དཔོན་སློབ་རྗེ་དཔོན་དེད་དཔོན་དང༌། དཔོང་པོ་ཆོས་གྲྭ་མས་ནས་ཡར་ལ་དཔོར། དཔོད་ཅེས་ཡི་གེ་རང་སྨོས་གཞན་འབྲིར་བཅུག གཉིས་པ་འདོགས་འཕུལ་ཡ་ར་གཉིས་ཡིན་ཏེ།
དཔྱ༽ གསོ་དཔྱད་སྨན་དཔྱད་གཏར་དཔྱད་མེ་དཔྱད་དང༌། བརྟག་དཔྱད་དཔྱ་ཁྲལ་ཕྱམ་དཔྱམ་དང་དཔྱང་ཐག་དཔྱོངས། དར་དཔྱངས་བློ་དཔྱད་འཕྱ་སྨོད་དཔྱ་བ་དང༌། དཔྱས་འདོགས་ཞེས་པ་སྐྱོན་འཕྱ་ཁྲེལ་མཚང་འདོགས་པ་ལ།
དཔྱི༽ དཔལ་གྱི་དཔྱིད་དེ་ལེགས་པ་ལུས་ཀྱི་དཔྱི། དུས་ཀྱི་དཔྱིད་དང་དཔྱིས་ཕྱིན་མཐར་ཕྱིན་དོན།
དཔྱོ༽ རྣམ་དཔྱོད་མཁྱེན་དཔྱོད་རྟོག་དཔྱོད་དོགས་དཔྱོད་དང༌། དཔྱོངས་པ་སྟོབས་ཤོར་༼དཔྲ༽དཔྲལ་ཀོ་མཐུག་པ་སྟེ། ཕོད་པ་ཆེ་དང་གོས་དང་ཁྲིམས་དཔྲལ་བ། མགོ་ཡི་དཔྲལ་བ་ཕྲུ་གུ་བཙས་ཕྲལ་ལམ།
དཔྲི༽ འོ་ཕྲུག་དག་ལ་དཔྲི་བ་༼དཔྲེ༽དཔྲེ་བ་བརྗེས། གསུམ་པ་མགོ་ཅན་ལ་ས་གཉིས་ཡིན་ལ།
ལྤ༽ དང་པོ་སྟག་ལྤགས་གཟིག་ལྤགས་མི་ལྤགས་དང༌། ལུག་ལྤགས་ལ་སོགས་འབྲེལ་སྒྲ་མེད་ལ་འགྲེ། གཉིས་པ་པ་ཡིག་ས་ཐོད་བཅིངས་པ་དངོས། ཡ་རའི་འདོགས་བཅས་གསུམ་དབྱེ་ས་མགོ་དངོས།
སྤ༽ སྤ་ཚང་རུས་མིང་མཛེས་པའི་སྤ་བ་དང༌། སྤ་མ་ཤུག་ཚེར་ཅན་དང་སྤ་འབྲུ་བཅས། གནས་ནས་སྤགས་འཕགས་ཟས་སྤགས་སྤྲོད་ཀྱི་མིང༌། སྤང་བྱ་སྤངས་དང་ཕ་སྤད་ཕ་བུ་དང༌། རྡུལ་གྱི་སྤབས་ཏེ་རྣ་སྤབས་ལྟ་བུ་འམ། རྡུལ་གྱི་མེ་ཏོག་ཞེས་པ་ཟླ་མཚན་གོ་ས་སྤར། མེ་སྤར་འཕོ་བ་སྤར་དང་སྤར་མོ་གདེང༌། སྤང་བ་མི་འཇིགས་སྤ་ཉུག་ཁྱོ་ཤུག་དང༌། སྤ་ཞི་བས་བཀོང་ཟིལ་གནོན་སྤ་འཁུམ་བྱེད་པའི་དོན། སྤ་ལོ་སྐྲ་དང་སྤད་པ་སྤྲེད་པ་རྡོ། སྤམ་ནི་སྤམ་དང་སྤང་རྩི་སྲོག་ཆགས་སྤང་སྤོས་དང༌། སྤང་རྩི་དོ་བོ་སྤ་ཡག་རྩ་བ་སྨན། སྤང་མ་ཚོན་ལྗང་སྤང་རྒྱན་མེ་ཏོག་དང༌། སྤང་རམ་མོན་བུ་སྤང་གཤོངས་སྤང་སྐྱེས་སོགས།
སྤུ༽ སྤུ་དང་བ་སྤུ་སྤུ་བསྙིལ་ཉེས་བཤགས་པ། ཨརྱ་སྤུག་དང་སྤྱི་སྤུངས་མང་དུ་སྤུངས། རྒྱན་གྱིས་སྤུད་དེ་བརྒྱན་པ་གཉེན་སྤུན་ཟླ། སྤུ་གྲི་སྤུ་ལོང་སྤུ་ཟེང་ཞེས་བྱེད་པ། ཁ་སྤུབ་ཁ་སྦུབ་སྣམ་བུ་སོགས་རྒྱུ་སྤུན། སྤུན་པ་བསྟུན་པ་བསྲེས་པ་རྫུན་ལ་འཇུག རྡུལ་སྤུག་སྤྲུགས་འདྲ་སྤུ་པུད་ཁྲོ་བ་དང༌། སྤྲུལ་འབབ་བློར་འབབ་སྤུས་བབས་སྤུ་ལ་བབ། སྤུར་བྱ་བྱ་སོགས་མཁའ་ལ་སྤུར་བ་དང༌།
སྤེ༽ སྤེང་བ་མི་འཇིགས་པ་དང་རྩེ་བ་དང༌། མཁར་གྱི་སྤེའུ་བ་གམ་དག་གི་མིང༌། སྤེན་མ་ཤིང་དང་ནོར་སྤེལ་གཟའ་སྤེན་པ། སྤས་ཏོག་སྤེན་ཏོག་ཁང་པའི་རྒྱན་གྱི་དོན། སྤེད་པ་གནས་ཕྱུང་བཟང་ངན་སྤེལ་མ་དང༌།
སྤོ༽ མཐོ་བའི་སྤོ་འམ་རི་བོའི་སྤོ་མཐོན་དང༌། གནས་སྤོ་གོས་སྤོ་སྤོས་ཟིན་སྤོ་བོའི་ཡུལ། སྤོ་ཐོ་སྤོངས་ཤིག་སྤང་ཐག་སྤོང་པ་པོ། ཁེ་སྤོགས་ཆེ་དང་སྤོགས་པ་མི་འཇིགས་པ་དང་ཆེ། སྤོན་པ་ཟ་འམ་གཏོང་བ་སྤོར་ཤོད་ཅེས། རེས་མོའི་བརྡའོ་སྤོ་རེ་རྒྱ་མའི་མིང༌། སེམས་སྤོབས་ཆེ་དང་མེ་སྤོར་སྤོད་ཚ་ཟས། སྤོད་ནི་སྤག་མ་བདུག་སྤོས་སྤོས་དཀར་དང༌། སྤོར་ཐང་རྩིས་དང་སྤོག་མ་སྣོད་ཀྱི་མིང༌།
སྤྱ༽ རྩེག་པ་ཡ་འདོགས་ལྕེ་སྤྱང་སྤྱང་ཀི་དང༌། སྤྱང་པོའི་མི་དང་སྤྱང་དུག་ཅེས་པ་སྨན། སྤྱད་ཆ་དངོས་རྫས་སྤྱན་འདྲེན་སྤྱན་གཟིགས་དང༌། སྤྱན་མིག་སྣོད་སྤྱད་དཀའ་སྤྱད་སྤྱན་པ་ནི། བྱ་ར་བ་སྟེ་སྤྱན་རས་གཟིགས་དབང་ལྷ།
སྤྱི༽ སྤྱི་ཕུད་སྟོང་དང་སྤྱི་བུངས་སྤུ་ཟིངས་བྱེད། སྤྱི་བརྟོལ་དཔྲལ་ཀོ་འཐུག་དང་བློ་སྟོབས་ཆེ། སྤྱི་ཏོར་གཙུག་ཏོར་སྤྱི་ས་སྤྱི་མ་དང༌། སྤྱིར་བཏང་སྤྱི་ཁྱབ་སྤྱི་ཚུགས་སྤྱི་རྒྱུག་འགྲེས། སྤྱི་བོ་ལུས་ཀྱི་སྤྱི་ཐེར་འབྱར་བྱེད་སྤྱིན། སྤྱི་བླུགས་སྣོད་ཀྱི་བྱེ་བྲག་རྩྭའི་སྤྱིལ་ཁང་པའང་མལ་ཆས་ཁུར་པོ་པོ། ཆུ་ལ་སྤྱིང་ས་ཡོད་སྣང་སྟེ་ཆུས་ཁྱེར་གཏིང་ནུབ་བརྡ།
སྤྱུ༽ མཐའ་ལ་སྤྱུགས་པ་བསྐྲད་པའི་དོན་ཡིན་ལ།
སྤྱོ༽ སྤྱོས་སྤྱོ་གཤེ་བ་ཁྲོས་པ་འཐབ་སྡིགས་དོན། དགེ་སྒྲོག་སྤྱོམས་ཞེས་ངོམ་པ་བདག་བསྟོད་དོ། སྤྱོད་ལམ་གཟབས་དང་ཚུར་སྤྱོན་ལོངས་སྤྱོད་ཆོས་དང༌། སྤྱོ་བ་ཞེས་པ་དཀར་བ་སྨོད་གཤེ་ཡང༌།
སྤྲ༽ རྩེག་པ་རི་འདོགས་སྤྲབས་པ་ཟས་ཀྱི་དོན། སྤྲ་ནི་སྤྲེལ་དཀར་སྤྲང་པོ་ནོར་མེད་པ། སྤྲ་ཆལ་མདོ་མེད་གཏད་མེད་སོགས་ཀྱང་སྣང་རྒྱན་མཛེས་སྤྲ་བ་མེ་སྤར་བྱེད། སྤྲ་སྤྲོ་སེམས་མང་ལག་ཏུ་འཐབ་མོ་སྤྲད་བྱ་འདས། རྒྱན་གྱིས་སྤྲས་དང་སྤྲ་ཚིལ་སྤྲང་རྩིའི་སྙིགས། གཅེས་སྤྲས་རྩིག་ཆེ་སྤྲེས་སྨན་མྱང་རྩི་སྤྲས།
སྤྲི༽ སྤྲིས་མ་འོ་མའི་སྤྲི་དང་ནམ་མཁའི་སྤྲིན། ཕྲིན་ཆ་སྤྲིང་སྤྲིངས་གཉིས་ནི་སྐུབ་བའམ། སྲིང་བ་འབྲི་བ་འགྲོ་བ་སོགས་ལ་འཇུག
སྤྲུ༽ སྤྲུལ་བབས་རུང་བ་སྤུ་ནག་སྤུ་མ་སྨན། མུན་སྤྲུལ་རྨོངས་རྟུལ་སྤྲུག་བྱ་སྤྲུགས་འདས་བསྐུལ། སྤྲུལ་སྐུས་སྤྲུལ་འགྱེད་༼སྤྲེ༽དུད་འགྲོ་སྤྲེའུ་དང༌།
སྤྲོ༽ སེམས་སྤྲོ་དགའ་སྤྲོ་འོད་སྤྲོ་འཐབ་མོ་སྤྲོད། རྩེ་གཉིས་སྤྲོད་དང་ཐུགས་སྤྲོ་སྤྲོ་རིང་ཐུང༌། སྤྲོག་མ་སྨྱུག་སྒམ་དང་ནི་ཚག་མ་ལ། སྤྲོས་བྲལ་སྤྲོས་འབར་རྒྱ་ཆེར་སྤྲོས་པའོ། །

༼ཕ༽
བཅུ་བཞི་ཕ་ཡིག་སྒེར་སྡེ་རྐྱང་པ་དང༌། འཕུལ་ཅན་གཉིས་ཏེ་དང་པོ་རྐྱང་པ་དང༌། འདོགས་གཉིས་དང་གསུམ་དང་པོ་རྐྱང་པ་དངོས།
ཕ༽ ཕ་རོལ་ཕྱིན་དང་རྡེ་རྗེ་ཕ་ལམ་དང༌། ཕ་ཝང་སྒམ་ཁྱེར་ཕ་བོང་ལོང་བུ་རྡོ། སྐྱེད་བྱེད་ཕ་དང་ཁང་པའི་ཕ་གུ་དང༌། ཕ་བི་ཕ་གི་ཕལ་ཆེར་ཕད་ཙེ་སྣོད། ཕན་ཐོག་ཕན་ཡུལ་ཕམ་ཁུར་མི་ཕམ་ཞེས། བྱམས་པ་མགོན་པོ་ཐང་མ་མེ་སྒྲོན་མཚན། ཆང་གི་ཕབས་དང་ཐུར་དུ་ཆོམས་ལ་ཕབ། ཆར་པ་ཕབས་དང་གཏན་ལ་ཕབས་ཟིན་པ། ཕར་ལ་སོང་དང་ཕས་ཀྱིས་རྒོལ་བ་དང༌། ཕམ་ཞིང་ལིང་ཟ་འོག་ཕ་ལོགས་ཕ་རོལ་ཟེར། ཕལ་དམང་ཕག་རྒོད་ཕལྐ་རི་མོའི་མིང༌། ཕན་ཚུན་ཕན་ཡོན་ཕང་འགྲོ་ཕང་མའི་སྨན་འབྲས། ས་ཕག་བཏབས་དང་ཕག་ཏུ་ཡིབ་ཅེས་གབ། ཕངས་པ་མེད་དང་ཕན་གདག་ནད་ལ་ཕན།
ཕི༽ རྒྱ་ཕིབས་སྐར་ཕིབས་སྒོ་ཕིབས་སྟེང་ཕིབས་རིགས།
ཕུ༽ ཕུན་ཚོགས་ཡོན་ཏན་གྱ་ནམ་ཕུལ་དུ་ཕྱིན། བསོད་ནམས་ཕུག་ཚུགས་གཞི་ཚུགས་ཕུང་ཁམས་དང༌། རྟ་ཡི་ཕུམ་ཕུམ་བདུད་རྩི་ཕུམ་ཕུམ་དང༌། བྲག་ཕུག་ས་ཕུག་ཕུར་མོང་དཀར་ནག་སྤོས། ནམ་ཕུག་གཏན་བདེ་གོ་ཆའི་ཕུབ་མོ་དང༌། ཕུ་བོ་སྤུན་ཆེ་རྩ་སོགས་ཕང་ཕུང་དང༌། ཕུང་སྲི་ཕུང་དཀྲོལ་ཕུར་པ་ཀི་ལ་ཡ། མཆོད་པ་ཕུལ་དང་འཇལ་བྱེད་ཕུལལ་ཕུལ་བྱུང༌། ཕུ་བུ་སྤུན་ཉེ་གོས་ཀྱི་ཕུ་དུང་དང༌། ཕུབ་ཁ་ཕམ་ཁ་ཕུར་མ་ཐུམ་བུ་དང༌། ཡུལ་ཕུད་ཆང་ཕུད་ཐོག་ཕུབ་ཕུབ་མ་རྩྭ། ཕུག་རོན་བྱ་དང་ཕུར་བུས་གདབ་ཅེས་སོགས།
ཕེ༽ ཕེམ་སྒྲ་བསྒྲག་དང་ཕེའུ་སྣོད་ས་ཕག ཕེག་རྡོ་རོལ་མོ་བྱོན་ཕེབས་ཕེབ་པར་སྨྲ།
ཕོ༽ ཕོ་ཉ་མངག་བྱེད་ཕོད་ཀ་སྔགས་གོས་སོགས། ཕོ་རོགས་བྱ་རོག་དར་གྱི་ཕོ་ལོང་ཞེས། ལྡ་ལྡི་སོགས་སོ་ཕོ་ཐང་ཕ་ཚབ་དང༌། ཕོ་རིས་འཇུ་སྨན་ཕོ་བ་ཕོ་མོ་དང༌། ཕོ་མཚན་ཕོ་རྟགས་འཐུང་བྱེད་ཕོར་བ་དང༌། འབེན་ལ་ཕོག་དང་དབུལ་བའི་ཕོངས་པ་དང༌། ཕོ་གུ་ཕྲ་ཚོམ་ཕན་པོ་ཚོགས་སམ་སྤུངས། ཕོལ་མིག་འཁོར་ལོའང་ནད་མིང་ཕོ་ཐེག་ཆེ་ཁེངས་དྲེགས། ཕོག་སྙ་སྲན་ཆེ་ཕོམ་པ་བུམ་པ་སྒཏེ། ཕོལ་བ་རྟོགས་པ་གླ་ཕོག་ཕོལ་ཏེ་ཕན། བྱིན་ཕོབ་ས་ཡོད་ཀྱང་ཆར་ཕོབ་ཕོ་བྲང་ཕོ་གླང་ནད། གཏོང་ཕོད་ཆེ་དང་ཕོ་རེང་ཕོ་རྒོད་སོགས།
ཕྱ༽ གཉིས་པ་ཡ་འདོགས་ཐུར་དུ་ཕྱང་ཕྲུལ་ཕྱྭ་གཡང་འགུག ཕྱལ་བ་བཟང་ངན་ཕན་གནོད་མེད་པའི་དོན། ཕྱར་ཆད་ཕྱམ་ཆད་ཀྱང་ཕྱོགས་ལྷུང་ཕྱ་ལེ་དོ་མཉམ་པ། ཕྱལ་ཕྱེང་ལྟོ་བ་འགྲང་དང་ཕྱག་འཚལ་བ། ཕྱག་བཙལ་ཟིན་དང་ཕྱག་འོས་ཕྱག་རྟེན་དང༌། ཕྱང་ཕྱང་མཆོད་ཀྱང་བཅད་ཐག་བཅད་ཕྱན་ཕྱེན་ཡང་སྣང་བཏང་འོག་རླུང་ཤོར། ཕྱ་མཁན་མོ་རྩིས་ཕྱགས་མཆིལ་ལྷྭམ་ལྷྭམ་གྱི་མིང༌། ཕྱག་པ་བམ་པོ་འམ་ནི་དུམ་བུ་དང༌། ཕྱག་སྦལ་བཙོན་པ་བཙོན་ཁང་བཙོན་དོན་ཕྱག་ལེ་ཕྱག་ལས་ཁོམས་ཡང་འདུག་ཁོམ་ར་ཆང་གིས་རོ། ཕྱགས་མས་ཕྱག་དར་བྱས་དང་འཇོལ་ལེ་བ་ཕྱང་ངེ་བ། ཕྱར་གཡེང་རྣམ་གཡེང་འགྲོ་དོན་རྒྱ་རྟག་ཏུ་ལག་ཕྱད། དར་སོགས་ཕྲག་ལ་ཕྱར་ཟིན་ཕྱག་སོར་སོགས། ཕྱག་བརྙན་གཡོག་དང་ཕྱག་ཕྱི་བ་ཡང་དེ། ཕྱག་མཚན་ཕྱད་ཕྱག་ཀྱང་ཡར་ཕྲིན་ལས་ཕྱད་ཕྱོད་དང༌། ཕྱག་ཚང་གཡོག་དང་ཕྱམ་ཕྱད་ཆད་ཡང་འདུག་མཉམ་ཉིད་བརྡ། ཞེ་སའི་ཕྱག་ལག་ཕྱག་རྒྱ་བཅའ་བའོ།
ཕྱི༽ ཕྱི་ནང་ཕྱི་མོ་སྔ་ཕྱི་ཕྱི་དྲོ་དང༌། ཕྱི་ཕྲེད་ཕྱི་མ་ཕྱི་རོལ་ཕྱི་བཞིན་འབྲང༌། ཕྱི་ས་དྲིན་ཆེན་ཕྱི་ཕྱོགས་ཕྱི་ཐུན་དང་ཕྱིན་ཆད་སྤར། གནས་སུ་ཕྱི་དང་ཕར་ཕྱིན་ཕྱིན་ཅི་ལོག དེ་ཕྱིར་ཕྱིར་མི་ལྡོག་དང་ཕྱིར་བཅིལ་བ། ཕྱིར་རྒོལ་ཕྱིར་སྙེགས་ཕྱིར་བསྣུར་ཕྱིར་ཕྱུང་བ། ཕྱི་བདར་བརྡར་ཕྱིས་གྲུབ་ཕྱིས་ཤིག་ཕྱིས་སུ་སྐྱེས། ཕྱིང་བང་བློན་མིང་ཕྱིང་གཞི་ཕྱིང་ལྟར་པ་བལ་སྟན་ལ། ཕྱི་ཆས་ཕྱི་ཐུམ་ཕྱི་ཉུང་སྤྲང་པོ་དང༌། ཕྱིས་བུ་སྣོད་དང་ཕྱི་པང་དྲིལ་ཕྱིས་མཉེ། ཞབས་ཕྱི་འཁོར་གཡོག་ཕྱིད་དེ་དར་ཡོལ་རྒན།
ཕྱུ༽ དབང་ཕྱུག་ཤུགས་ཕྱུང་ནང་ནས་ཕྱིར་ཕྱུང་ཟིན། ཕྱུག་པོའི་ཕྱུགས་ནོར་ཕྱུར་བ་ཞོ་བྱུང་རྒྱུ། ཕྱུར་བུར་བཀང་ཟིན་ཕྱུག་ཕྱུང་གཞོན་ནུ་མ། ཡིད་ཕྱུང་ཡིད་སུན་དབུགས་འོད་ཕྱུང་སོགས་ཀྱང་ཕྱུང་དབུགས་འབྱིན་དོན།
ཕྱེ༽ ཕྱེད་ཀ་ནམ་ཕྱེད་ལྟར་ཏེ་སོ་སོར་ཕྱེས། སྒོ་ཕྱེས་ཞལ་ཁ་ཕྱེས་སོགས་འདས་བསྐུལ་ཚིག ས་ཕྲལ་མ་འོངས་བྱ་བ་སྟོན་ལ་འཇུག ཕྱེ་མ་ལེབ་འབུ་ཕྱེ་ཙམ་ཕྱེ་མར་འཐག བྱེ་བ་སོགས་མི་ཕྱེད་འདུན་དད་ཕྱེམ་རེག་རྗེས་མའོ།
ཕྱོ༽ ཕྱོགས་མཚམས་ཤར་ཕྱོགས་སོགས་དང་རྒྱབ་ཕྱོགས་དང༌། ཕྱོད་ཆེ་ཚོགས་ཆུང་གིས་ནི་དོན་ཆེན་སྒྲུབ། ཕྱོད་དེ་ས་ལེ་བ་དང་གནམ་ལ་ཕྱོད། ཕྱོགས་སྐྱོང་ཕྱོགས་གླང་མཁས་ཆོས་ལུགས་ཀྱི་པའི་རྒྱན་དྲུག་གྲལ། ས་ཕྱོད་ས་རྒྱ་ཆེ་དང་ཕྱོགས་སྔ་ཕྱི།
ཕྲ༽ གསུམ་པ་ར་འདོགས་ཕྲ་ཞིབ་ཕྲ་བཀོད་པ། ཕྲ་མ་དབྱེན་དང་ཕྲག་པ་དཔུང་གོང་དང༌། ཕྲག་དོག་ལུས་ཕྲ་མ་ནི་གཞོན་ནུ་མ། ཕྲན་བུ་ཕྲན་ཚེགས་རྡུལ་ཕྲན་ཚིག་ཕྲད་ཕྲད་མཇལ་སོགས། བརྒྱ་པྲག་ཕྲག་སྟོང་ཕྲ་མེན་རིགས་སྔགས་མཁན། ལྷ་མིན་རིན་ཆེན་ཆོ་མེན་རིགས་སོགས་དབྱེ། ཕྲ་མོ་ཕྲ་རབ་རྡུལ་དང་ཕྲ་རགས་རྒྱས། ཕྲལ་དུ་མྱུར་དོན་ཁྲ་ཕྲལ་སོ་སོར་ཕྱེས།
ཕྲི༽ ཕྲིན་ལས་བློ་ཡིས་ཕྲིགས་ཆུད་ཁུ་རྣམ་རྟོག་ཕྲིག་སེམས། ཕྲི་བསྣན་ཕྲི་ལི་ལི་འདར་ཕྲིན་ཡིག་བསྐུར།
ཕྲུ༽ ཕྲུ་གུ་ཕྲུག་ཀྱང་བུ་ཚ་ཕྲུ་མ་མངལ་སྒོར་འབྱིན། ཕྲུ་བཏབ་ཅེས་པ་དམག་སྒར་སོགས་ལ་འཇུག ཕྲུ་བ་རྫ་སླང་ཁོག་མ་ཕྲུ་རློག་པ། ཕྲུག་ཕྲུག་ཟ་འདྲད་དོན་གཡའ་ཞོ་ཕྲུམ་དར་བ་སོགས།
ཕྲེ༽ ཕྲེའུ་སྐ་རགས་བགྲང་ཕྲེང་ཕྲེང་བ་བསྟར།
ཕྲོ༽ ཕྲོམ་ཐུད་ཕྲོགས་ཤིག་སོ་སོར་ཕྲོལ་ཅིག་སོགས། གཉིས་པ་འ་ཡིས་རྐྱང་འཕུལ་འདོགས་འཕུལ་གཉིས།
འཕ༽ དང་པོ་ཁྱད་པར་འཕགས་དང་འཕགས་མཆོག་ཡུལ། གོ་འཕང་ཁྲི་འཕང་དབུ་འཕང་ནམ་འཕང་མཐོ་བ་དང༌། དཔངས་ཀྱི་འཕང་དང་མདའ་འཕང་འཕང་ཟིན་དང༌། འཕངས་ཏེ་ཆུད་ཟོས་སྟོར་རླག་བྱུང་བའི་འཕངས། རྟ་དང་གཡག་སོགས་འཕག་དང་ལུས་འཕག་གསིག འཕལ་ཀ་རི་མོ་སོགས་འགྲིག་བློ་འཕམ་ཕམ་པའང་པ། སྒོ་འཕར་སྒོ་གླེགས་འཕང་མ་སྨན་གྱི་སྡེ། འཕར་མ་ཕོ་ཉ་འཕན་པ་ཉམས་ཆག་བརྡ། འཕང་ལོ་འཕང་མ་རྩེ་རྣོའི་མདུང་མཚོན་སོགས། གཅན་གཟན་འཕར་བ་འཕར་རམ་ཡར་བ་དང༌། འཕར་འགྲོ་སྦལ་པ་འཕགས་ཡུལ་རྒྱ་གར་མིང༌།
འཕུ༽ བྱ་འཕུར་ལགས་པ་འཕུར་བྱ་འཕུར་ལ་ཁད། དར་གྱི་འཕུར་མ་འཕུར་ལྕེ་ཕྱེ་མ་འཕུལ།
འཕེ༽ བློ་འཕེལ་མདའ་འཕེན་བྱེད་དང་འཕེའུ་གསོལ་བ། འཕེན་དར་རྒྱས་དོན་འཕེན་གདུགས་འཕེན་ཡུལ་མིང༌། རྒྱང་འཕེན་པ་དང་འཕེན་ནི་བསམ་ལེགས་དོན།
འཕོ༽ འཕཽ་བ་འདེབས་དང་འཕོ་རྩལ་འཕོང་རྐྱེན་ནམ། འཕོང་གི་དཔྱོད་སོགས་འདྲ་ལ་ལུས་འོག་སྒོ་སོགས་འཕོངས་དང༌། འགབ་ཀྱི་འཕོངས་དང་འཕོ་འགྱུར་ཚེ་འཕོས་ཟིན། གནས་འཕོ་རྫོང་འཕོ་ལས་བྱེད་འཕོ་རེས་སོགས། གཉིས་པ་འདོགས་འཕུལ་ལ་གཉིས་ཡ་འདོགས་ལ།
འཕྱ༽ ཕྱགས་མས་འཕྱག་ཕྱ་སྨད་པའི་འཕྱ་འཕྱས་ཟིན། ཐུར་དུ་འཕྱང་དང་དར་སོགས་འཕྱང་བར་བྱ། འཕྱམ་བར་སྣང་ལྡིང་ལྡིང་དང་འབྱམས་པའམ་སམ་ཕྱག་མཚན་ཞིག་གི་མིང༌། འཕྱམ་རྩེ་ཕྱམ་ཙེའམ་ཟླ་གམ་གོས་དང་འཕྱར་གཡེང་དང༌། དར་གྱི་འཕྱང་འཕྲུལ་འཕྱང་མོ་ཉུག་ཐེ་ཚོམ། འཕྱན་ནི་འོག་རླུང་དང་ནི་ཡན་འཁྱམས་པ། འཕྱར་ཀ་གཏོང་སྟེ་གཞན་ལ་ཁ་རྒྱབ་པ།
འཕྱི༽ སྲོག་ཆགས་འཕྱི་བ་སྔ་འཕྱིས་ཟིན་འཕྱི་རྡུལ་འཕྱིད་བྱེད། འཕྱིང་བ་ལིངས་པ་སྤུ་སོགས་འཕྱིངས་པ་འདས།
འཕྱུ༽ འོ་མ་འཕྱུར་དང་དུ་བ་གྱེན་དུ་འཕྱུར། དུང་ཕྱུར་གྲངས་དང་དོན་དང་ལམ་འཕྱུག་འཆུགས་ཀྱང་འཐད་འཕྱུགས་འདས་པ།
འཕྱེ༽ རྐང་མེད་འཕྱེ་བོ་ལྟོ་འཕྱེ་འཕྱེ་སྟེ་ལྟོ་བས་འགྲོ།
འཕྱོ༽ རང་དགར་འཕྱོ་སྟེ་འགྲོ་གཡོ་ལྡིང་བ་སོགས། སྙིང་འཕྱོ་སྙིང་མི་དགའ་བ་འཕྱོ་བ་བཙན། འཕྱོན་མ་སྨད་འཚོང་མ་སྟེ་འཕྱོང་ངམ་འཆང༌།
འཕྲ༽ ར་འདོགས་འཕྲུལ་དོན་འཕྲད་དང་ལམ་འཕྲང་དང༌། དཔྲལ་བའི་འཕྲལ་དང་རྟ་སོགས་འཕྲས་རྒྱག་པ། འཆི་འཕྲས་འཆི་བའི་སྡུག་དང་མྱ་ངན་དོན།
འཕྲི༽ བསྐུར་རམ་སྤྲེངས་བའི་འཕྲིན་དང་འཕྲིན་ལས་དང༌། ཁུ་འཕྲིག་རྣམ་རྟོག་ཐེ་ཚོམ་འཕྲིན་ཡིག་བསྐུར།
འཕྲུ༽ སྒྱུ་འཕྲུལ་རྫུ་འཕྲུལ་དོན་གཅིག་འཕྲུལ་འཁོར་བསྐོར། འཕྲུལ་རྣམ་འཕྲུལ་གྱི་རྒྱལ་པོ་འཕྲུ་ཕྲུ་འཐད་སློག་ཞིང་རྨོ་སོགས།
འཕྲེ༽ འཕྲེ་བ་སེར་འཕྲེང་སེམས་འཕྲེང་ཡིད་འཕྲེང་བ།
འཕྲོ༽ འོད་འཕྲོ་འཕྲོས་དོན་འཕྲོག་བཅོམ་སྲོག་འཕྲོག་པ། ལག་ཏུ་འཕྲོད་དང་ཁམས་འཕྲོད་ཡུལ་འཕྲོད་དོ། །

༼བ༽
བཅོ་ལྔ་ཀཱ་ལི་བ་ཡིག་སྡེ་ཚན་ལ། རྐྱང་པ་འཕུལ་དང་མགོ་ཅན་གསུམ་ཡིན་ཏེ།
དེ་ལ་སྨད་འདོགས་ལ་སོགས་རིམ་པར་དབྱེ། དང་པོ་རྐྱང་པའི་སྡེ་དངོས་འདོགས་གསུམ་བཅས། རྣམ་པ་བཞིར་ཕྱེ་དང་པོ་རྐྱང་པ་དང༌།
བ༽ འདོད་འཇཽའི་བ་མོ་དུས་ཀྱི་བ་མོ་འབབ། བ་གོར་རུས་མིང་བད་ཀན་བ་དཀར་ནག བམ་རོ་ཆུས་བངས་བ་ཤ་བ་ལེ་སྨན། བང་སོ་མཁར་རྒྱལ་པོའི་དུར་དང་བང་ཆེན་བྱིན། བག་ཚ་ངོ་ཚ་བག་ཡོད་བག་མེད་དེ། ཁྲེལ་ཡོད་ཁྲེལ་མེད་དོན་ཏེ་བག་ཟན་དང༌། བག་ལེབ་གྲོ་སོགས་བང་མགྱོགས་བལ་ནེམ་པ་ལ་པོའི་ཡུལ། བང་ཀོང་ཕྱག་འཚལ་བམ་དུ་སྦམ་པ་ནི། ཕྱོགས་གཅིག་དྲིལ་མིང་ལུག་བལ་བལ་ནད་དང༌། བལ་ལྡག་ནད་མིང་བག་མ་བག་ཆགས་སྡིག རིམ་གྱིས་བགས་ཏེ་བགས་ཀྱིས་ཞིབ་སྲ་སྐམ། ཆར་བབས་མར་བབས་དུས་ལ་བབ་པ་དང༌། བ་བླ་བ་ངན་བན་གླང་བ་གླང་དང༌། བ་གམ་ཁ་ཁྱེར་བ་སྭོ་བ་མེན་རྭ། བས་འཐར་གྲོང་ཟད་ཕར་འདས་ས་ལ་ཟེར། བག་ལ་ཞ་ནི་ལྐོག་ཏུ་གྱུར་པ་ལ། བ་སྤུ་བ་ལུ་ད་ལིས་དོན་གཅིག་སྨན། བ་ལང་མིག་ཅེས་སྐར་ཁུང་བ་རུ་ར། བ་ཚ་ཅན་ཆུ་བག་ཉལ་ཕག་ཉལ་བགེགས། བག་ཕེབས་བདེར་ཕེབས་བག་མི་ཕེབས་ཞེས་ལྡོག བག་ཙམ་ཅུང་ཙམ་བག་ཁུམས་དཔའ་ཞུམ་རྡར་མའང་པ། བནྡྷེ་ཞང་ཐོད་པ་བ་ན་མེ་ཏོག་དང༌། བག་དྲོ་བརྗིད་ཆགས་བག་ཡངས་བང་མཛོད་དང༌། བང་རིམ་བབ་ཅོལ་བསམ་མེད་སྨྲ་ལབ་དང༌། བར་མ་བར་པ་བར་དོ་བར་སྣང་མཁའ། བར་སྐབས་བས་པ་ཟད་དམ་མཐའ་དག་འཇུག
བི༽ བིམ་པ་བིམྤ་སྐུ་གཟུགས་ཀྱང་བིམ་པའི་མཆུ་ཅན་ཤིང༌། བུད་མེད་བུམ་པ་བུང་བ་སྦྲང་བུ་དང༌། བུལ་བ་འགྱང་བ་བུ་རམ་བུལ་ཏོག་དང༌། བུ་ག་བུག་པ་ཚངས་བུག་ལྟ་བུའོ། བུ་བླང་ཡང་ལོན་བུན་སྐྱེད་བུད་ཤིང་བུ་ཕྲུག་དང༌། བུ་ཚ་བུ་བརྒྱུད་བུ་སྲིང་ཁ་བུབ་ཉལ།
བེ༽ བེག་གེ་སིབ་བི་བདེ་སྐྱིད་འཕེལ་ཁ་དང༌། བེརྒ་བེ་ཅོན་དབྱུག་མིང་བཱཻཌཱུརྱ། བེར་གོས་བེའུ་རས་དག་ནི་ཡུག་ཆེན་དང༌། འབྲི་སོགས་བེའུ་བེམས་པོ་གདན་མལ་གཟན། བེ་ཤིང་བེ་ཏ་ཤིང་འབྲས་བེ་ཆུའི་འབྲས། བེམ་པོ་དབུགས་མེད་ས་རྡོ་རི་བྲག་སོགས། བེལ་སྣབས་རྡོ་སྨན་འུར་སྒྲ་བེར་བའི་སྒྲ།
བོ༽ བོར་སྟོར་བོད་ཡུལ་བོད་ལྗོངས་བོད་པ་དང༌། གཡུང་དྲུང་བོན་དང་ཤིང་འབྲས་བོ་ཏི་ཙེ། བོར་གཅིག་གཡུག་པོར་བོགས་འདོན་སྐྱེད་འདོན་པ། བོང་བུ་སྐད་ཆེན་རྐང་པའི་བོལ་གོང་དང༌། མིང་ནས་བོས་དང་ལུས་བོང་ཆེ་ཆུང་དང༌། བོང་ང་དཀར་ནག་དུག་རིགས་ཆུ་སོགས་བོ། བོང་བ་སྤོ་ཐོ་བོང་ཐུག་བ་སྟེ་སྨན། བོར་ནི་སོང་སྒྲ་དབེན་འདོད་རིལ་སྨྱོ་གོགས་བརྒྱལ་བ་བོར་ལྟར། མེ་ཆུ་བོག་བེ་བླུག་ལན་བོན་ལན་བཟླ་བ། དེ་ནས་སྨད་འདོགས་ཡ་ར་ལ་དང་པོ།
བྱ༽ བྱ་ཡི་རིགས་དང་བྱང་བུ་མིང་བྱང་དང༌། ཤིང་བྱང་བྱན་བྱས་ལོག་གཡེམ་བྱ་རྒོད་དང༌། བྱ་མ་རྟ་མི་ཕོ་ཉ་བྱ་སོ་བ་ར་བ། བྱང་གི་ཕྱོགས་དང་བྱད་བྱད་བསྟིམ་སོགས་ཁ་བྱམས་པ་དང༌། བྱམས་མ་བྱབས་ཁྲུས་སྒྲིབ་པ་བྱང་ཟིན་དང༌། ལས་བྱ་བྱས་ཟིན་བྱ་ཕོ་རྩི་རྩི་སྨན། ངོ་གདོན་བྱད་བཞིན་བྱ་དགའ་གླང་རྔན་དང༌། བྱག་མཁན་ཤིང་འགོ་རས་པ་གར་མཁན་བརྡ། བྱ་མ་ལབ་ནི་མཆོད་རྫས་བྱ་བ་བསླབ། བྱ་བྲལ་བྱ་བཏང་བྱ་རྒྱུད་སྤྱོད་རྒྱུད་སོགས། བྱ་བ་ནན་ཏན་བྱ་རྨྱང་ཡིབ་ན་བལྟ་བ་ལ་ཡང་ཟེར་བསྒྱིངས་པ་སྟེ། བྱ་ན་ཟས་ཀྱི་སྦགས་དང་སྤགས་མ་སྟེ། བྱ་ཚེ་གཟེ་མ་ཐ་རམས་སྒོ་ལྕགས་གཅིག བྱག་ཙེ་ལིང་ཙེ་བྱན་མོ་བུད་མེད་དང༌། རང་དབང་བྱན་ཆུད་དབང་དུ་གྱུར་བའི་དོན། བྱ་མ་བུམ་སྟེ་རིལ་བ་སྤྱིག་བླུག་ལ། ཡོ་བྱད་རྫས་དང་བྱ་གག་ཁྱིམ་བྱ་དང༌། ཆུ་བྱ་བྱ་སྐྱིབས་བྲག་དང་གད་པའི་སྐྱིབས། བྱ་རོག་དང་ནི་བྱ་རོག་ཉུང་མ་སྨན། བྱ་ཆུབ་སེམས་དཔའ་བྱ་གྲོལ་བྱང་ཆུབ་བར། ཉི་མ་བྱང་བགྲོད་བྱང་ཤར་བྱང་ཆོས་སོགས།
བྱི༽ བྱི་ཤང་བྱི་རུག་བྱི་ཚེར་བྱི་བཟུང་སྔོ། བྱི་བཞིན་སྐར་མ་བྱི་དོར་ག་དར་དང་ཕྱག་དར་བྱ་བ་དང༌། བྱི་ལ་ཞུམ་བུ་བྱི་བ་ལོ་བྱི་ཏང་སྨན་ཀ བྱ་གཟུ་མོ་བྱི་དུར་བྱིངས་མང་སྤུ་བྱི་བ། འདམ་དུ་བྱིང་དང་བྱིན་རླབས་བྱིན་པར་བྱས། བྱིན་ཆགས་བྱིན་ཟ་མེ་སྟེ་བྱིས་པ་ཆུང༌། རྐང་པའི་བྱིན་པ་རིག་པ་བྱིང་འཐིབས་དང༌། བྱིལ་བྱིལ་ནེམ་ནེམ་བྱིང་བྱིང་ཐུ་ལུ་འབུ། བྱི་པོ་བུའི་ཕ་གྱོས་པོ་བྱི་ནལ་མིང་སྲིང་བསྡེབ། བྱི་བོ་ཞེས་པ་གཞན་གྱི་བུད་མེད་བགྲོད་མཁན་ཏེ་ཕོ་ནི་འཕྱོན་པོའི་མིང༌། བྱི་པོ་རྩ་ཡི་གུར་དང་བྱི་མནོལ་ཤོར། གོས་སོགས་བྱིབས་ཏེ་གཡོགས་སམ་འགེབས་པ་དང༌།
བྱུ༽ བྱུག་པ་བཀུ་བྱེད་བྱུགས་ཤིག་བྱུ་རུ་རིན་ཆེན་རིགས་དང༌། བྱུས་ལེགས་ལམ་འགྲོ་བྱུས་ཉེས་ལམ་འགྲོ་མེད། རབ་བྱུང་ཞུས་དང་ལག་ཏུ་བྱུང་ངམ་འབྱོར། བྱུག་རིས་གྲལ་དང་བྱུལ་བ་ཉུལ་བ་འདྲ། བྱུང་རྒྱལ་ཚོམ་མེད་སྤྱོད་པ་བྱུར་བུར་བཀང༌། བྱུང་ཁུངས་བྱུར་འགོང་གནོད་བྱེད་བྱུར་ཆགས་ཆེ།
བྱེ༽ བྱེ་བྲག་དབྱེ་དང་གྲངས་ཀྱི་བྱེ་བ་དང༌། བྱེ་བྲལ་སོ་སོ་བྱེ་མ་ཀ་ར་དང༌། ཆུ་ཁའི་བྱེ་མ་བྱེའུ་བྱེད་པ་པོ། བྱེད་དུ་ཆུག་དང་བྱེས་སོག་ཁ་བྱེ་བ། བྱེའུ་མཆིལ་པ་བྱེའུ་ལ་ཕུག་དང༌། སོ་སོར་བྱེར་དང་ལས་བྱེད་བྱེ་ཕྲག་བརྒྱ།
བྱོ༽ སྤྱན་དྲངས་བྱོན་ཟིན་བྱོལ་སོང་གཞན་དུ་བྱོལ། ཟས་སོགས་སྣོད་ནང་བྱོ་སྟེ་བླུག་པ་དང༌། བྱོལ་ཁ་ཐུན་ཁ་བྱལ་བཏབས་ལས་བྱོས་ཤིག
བྲ༽ གཉིས་པ་ར་འདོགས་བྲམ་ཟེ་ཆུས་བྲན་ལ། བླ་བྲང་ཕོ་བྲང་བྲན་འབངས་ཐུན་གྱིས་བྲབ་ས་ཡོད་ཀྱང་སྣང་། ལྟོ་གོས་ཟས་སོགས་བྲང་པྲེང་ངན་ངོན་བརྡ། བྲན་གཡོག་བྲང་འགྲོ་སྦྲུལ་བྲང་ཁོག་ས་སོར་བྲལ། རྒྱུ་ནོར་ཐབས་བྲལ་རི་ལྕགས་ལྕག་གིས་བྲབ། བྲག་ཞུན་བྲག་སྤོས་བྲག་སྐྱ་ཧ་བོ་སྨན། བྲ་བ་ཨ་ར་བྱི་བ་འབྲུ་བྲ་བོ། བྲ་ཉེ་སྐར་མ་ནོར་སོགས་གཏོང་མི་བྲ།
བྲི༽ ཡི་གེ་བྲིས་ཟིན་བྲིས་ཤིག་བྲི་ད་ལྟ་བ་བྲི་གང་མེད། བསླུ་མེད་དང་ནི་ཉུངས་ཀར་བྲིམས་སམ་གཏོར། བསོད་སྙོམ་བྲིམས་ཏེ་རྒྱུག་གམ་འཐོར་བ་དང༌།
བྲུ༽ ཆུ་བྲུག་ཆུ་རྒྱས་བྲུ་བ་ཚ་ལྟོགས་བཀྲེས་པ། བྲུབ་ཁུང་ས་ལ་དོང་བྲུས་ནང་དུ་བྲུབས་སྐུལ་། ཤིང་ལོ་བྲུལ་ཏེ་ས་ལ་ལྷུང་བ་བྲུལ། བྲུ་ཟན་མོ་ནི་མཁའ་འགྲོ་སྲིན་མོ་སོགས། བྲུ་བ་ལྟོ་བ་བྲུངས་ཀྱང་ཀུན་ཀྱང་འདྲ། བྲུ་ཤ་ཡུལ་དང་རུས་སོགས་བྲུ་བླ་རིགས། བྲུད་ནི་ལུད་དམ་སྐྱགས་པ་བྱ་ཕག་བྲུན། བྲེང་བྲེང་གསལ་འོད་མྱུར་རམ་ཚ་བྲེང་བྲེང༌། བླ་བྲེ་སྟེང་བྲེས་རྟ་བྲེས་རྟ་ར་གདང༌། བྲེལ་བ་ཆེ་དང་རྩྭ་དང་སྐྲ་བྲེགས་པ། སྐྲག་པའི་བྲེད་དང་འཇལ་བྱེད་བྲེ་དང་ཕུལ། བྲེ་ག་སྨན་དང་༼བྲོ༽རྐང་པའི་བྲོ་གར་འཆམ། བྲོ་བརྡུང་བྱ་བ་བརྡུངས་ཟིན་རྡུངས་ཤིག་དང༌། རྡུང་བྱེད་སོགས་དབྱེ་བྲོ་བོར་མནའ་བསྐྱལ་བ། བྲོ་འཚལ་བྲོ་ནད་ནད་སྤྱི་མཛེ་ནད་ལ། དགའ་བྲོད་དང་ནི་བྲོས་ཟིན་བྲོས་ཤིག་དང༌། སོར་མོས་བྲོད་ཅིག་རོ་བྲོ་སྐྱུག་བྲོ་བ། བྲོགས་ཤིག་ཡིད་ལ་ངེས་དང་སྐུལ་ཚིག་བརྡ།
བླ༽ གསུམ་པ་ལ་འདོགས་བླ་མ་བླ་མེད་དང༌། བླ་གོས་བླ་དྭགས་མིང་གཏམ་གྱི་བླ་བོ་གཏམ་བཤད། བླ་གབ་ཐོག་འགེབས་བླ་ན་གང་ན་གཉན། ལས་བླ་སླ་བའང་བླ་མཁྱེན་རྩིས་པ་བླ་ཚེ་བསླུ། བླ་བླ་བྲེད་ས་བླ་སྟེ་སྟེང་ཕྱོགས་སོས་བླད་སོས་བལྡད་བྱ། བྱ་བླགས་མང་པོ་བདེ་བླག་བ་གླགས་ཀྱང་འདུག་འབད་མེད་རྟོགས། རྣ་བ་བླགས་སམ་གཏད་མིང་བླང་དོར་བྱ། ཉམས་སུ་བླངས་ཟིན་བླ་ཁྱད་དྲེགས་པ་དང༌། བླ་རྐྱལ་མི་བདེ་མི་བཟོད་པ་ཡི་བརྡ། བླ་ཐབས་ཡོད་ཐབས་རུང་ངམ་སླ་ཐབས་མཚུངས། བླ་བོ་གཙོ་བོ་ལན་བླན་ལྷན་པ་བླན།
བླུ༽ བླུག་གཟར་དགང་གཟར་སྤྱི་བླུག་ཁྲུས་བུམ་དང༌། ལུགས་བླུགས་ཆུ་བླུད་བླུན་པོ་ཕྱོགས་བསྡུས་བླུགས།
བློ༽ བློན་འདེབས་གློས་འདེབས་བློ་འབྲིད་མགོ་བསྐོར་བ། བློ་མིག་ཤེས་བྱ་དཔྱད་ཤེས་རྣ་བར་འདས་སྐུལ་བློགས། བློན་པོ་བློ་གྲོས་རིག་པ་བློང་བློང་པོ། གཉིས་པ་འཕུལ་ལ་ད་འ་གཉིས་ཡིན་ཏེ། དང་པོ་ད་ཡིས་རྐྱང་འཕུལ་འདོགས་འཕུལ་གཉིས།
དབ༽ དང་པོ་རྐྱང་འཕུལ་ལྷ་མིའི་དབང་པོ་དང༌། དབང་ཕྱུག་དབང་བསྐུར་དབང་ཆེ་དབང་བྱང་ཤར་ལྡན་བགེགས། དབང་ཐང་ཆེ་དང་དབང་ཞུ་འཇའ་ཚོན་དང༌། གཏན་དང་གནད་བྱིན་སོགས་ལ་དབབ་བྱ་འབེབས་བྱེད་དང༌། ཕབས་ཟིན་ཕོབས་ཤིག་བྱ་བྱེད་འདས་བསྐུལ་དབྱེ། དམའ་དབབ་ཕབ་པ་སོགས་དེ་བཞིན་དབྱེ་ལ་ཞེ་སའི་དབའ་ལགས་སོ་འདྲ་། དབང་ཟ་སྨོད་པ་སྐྱོན་གྱིས་དཔགས་སམ་སྦགས། དབར་ནི་སྦུབས་སམ་བར་ལ་ཕུར་པའི་དབལ། ཞེས་པ་རྣོ་རྩུབ་སྒྲ་སྟེ་དབལ་གསས་དང༌། དབལ་བོན་དབང་རིལ་དབང་པོ་དབའ་རླབས་དང༌། དབང་རྣོན་དབང་རྟུལ་དབང་པོ་ལག་པ་སྨན།
དབུ༽ ཆུ་ཡི་དབུ་བ་མགོ་དབུ་དབུ་ཐོད་དང༌། དབུ་སྐྲ་དབུ་རྒྱན་དབུ་འདྲེན་མགོ་འདྲེན་ཏེ། དབུགས་གཏོང་མཚོན་གྱིས་དབུག་བྱ་བ་དང་བུག་པ་དབུགབྱ་བ། དབུ་རྨོག་དབུ་འཕང་མཐོ་བསྟོད་མཚུངས་དབུས་དཀྱིལ་དང༌། དབུ་མ་དབུ་མཐིང་གདུགས་དབུབ་བྱ་བ་མཆོད་པ་དབུལ་བྱ་བ། བསོད་སྙོམས་དབུལ་བྱ་བ་དང་བཀྲེན་དབུལ་ཤོ་གུ་དབུར།
དབེ༽ དབེན་པའི་གནས་དང་འཚུབ་ཟིང་མེད་པར་དབེན།
དབོ༽ སྐར་མ་དབོ་དང་ཆུ་དབོ་བྱ་བ་ལུང་འབོག་བྱ་བ་དང༌། ནོར་འབོག་བྱ་བ་ཁུར་དབོག་དབོན་ཚ་བོ་སྐུ་མཆེད་པོ་དབོན་སྲས་དང༌། སྦོས་པའི་དབོས་དང་རྫིང་དབོལ་རྡོལ་བའི་དོན། གཉིས་པ་འདོགས་འཕུལ་ཡ་ར་གཉིས་ཡིན་ལ།
དབྱ༽ དང་པོ་ཡ་འདོགས་དབྱར་དུས་དབྱངས་སྙན་ཞིང༌། ཞ་ཉེའི་དབྱར་འདབ་སྣོད་ཀྱི་སྟེགས་བུ་ཡང༌། དབྱར་སྦལ་པ་སྐྱེས་དབྱར་འབྲུག་རྔ་དབྱར་པ་ལྕགས་རིགས་གཅིག སྒྲ་དབྱངས་རྒྱལ་མོ་དབྱལ་མོ་བུད་མེད་དང༌། དབྱངས་ཅན་ལྷ་མོ་དབྱངས་ཀྱིས་བསྙད་པའི་སྡེ།
དབྱི༽ ནོར་གྱི་དབྱིག་དང་མཁས་པ་དབྱིག་གཉེན་དང༌། བོན་ཆོས་དབྱིངས་ཉིད་དངོས་པོའི་དབྱིབས་གཟུགས་དང༌། དབྱི་མོང་ཤིང་དང་རི་མོ་དབྱི་བ་སྲུབ། གཅན་གཟན་དབྱི་ལ་འགའ་ཞིག་འདི་ཡང་བཞེད། ཚོན་གྱི་དབྱིག་མོ་བྱུག་དོན་དབྱིག་དབྱིག་ནི། ལག་པས་མགྱོགས་སྐོར་རི་མོ་སྲུབ་སོགས་བརྡ།
དབྱུ༽ སྐར་མ་དབྱུ་གུ་དབྱུག་ས་ཡོད་ཀྱང་པ་བེརྒའི་བེར་ཀའང་མིང༌། དབྱུ་གུ་ཤིང་བུ་ཆུ་ཚོད་མིང་ལ་འཇུག དབུགས་དབྱུང་ཕྱིར་དབྱུང་ཕྱིར་བཏོན་སུན་དབྱུང་འདི་རྣམས་བྱ་བ་སོགས།
དབྱེ༽ སྐབས་དོན་དབྱེ་བྱ་བ་དང་དཔྲལ་བའི་དབྱེས་མཚམས་དང༌། ཕྲ་མ་དབྱེན་དང་དཔལ་དབྱེ་དབྱེར་མེད་པ། དབྱེར་དབྱིས་གཉིས་ནི་ཞེང་ཚད་དག་གི་མིང༌། དབྱེ་ཚོང་ཚོང་ཁང་དབྱེན་བཅོལ་བཟོད་ཐབས་མེད། དབྱེན་སྤྱོ་ཅོ་འདྲི་གཡེན་སྤྱོད་འདོད་ལོག་སྤྱོད།
དབྲ༽ གཉིས་པ་ར་འདོགས་དབྲལ་ཕྲལ་དབྲ་ནི་རུས། ད་དབྲག་ད་བར་༼དབྲ༽བསྣན་དང་དབྲི་བ་དང༌། དབྲི་གང་མེད་དང་༼དབྲེ༽དབྲེས་པ་གྲིས་ཡིས་དབྲད། དབྲེ་བཙོག་དབྲེ་དྲི་སྦྲེ་དྲི་དབྲེ་བོ་དང༌།
དབྲོ༽ ནོར་རྫས་དབྲོག་འཕྲོག་དང་སྲོག་དབྲོག་ཡུལ་དབྲོག་གོ། གཉིས་པ་འ་ཡིས་རྐྱང་འཕུལ་འདོགས་འཕུལ་གཉིས།
འབ༽ དང་པོ་ཆར་འབབ་མེ་འབར་འབངས་མི་སྡེ། འབད་རྩོལ་ལས་དང་རྐང་པའི་འབམ་ནད་དང༌། སྐུ་འབག་སྡེར་སོ་དབལ་དང་གཟི་འོད་འབར། འབའ་ཡིག་གན་རྒྱ་ལྕེ་འབབ་ཐོག་འབབ་ཡིད་ལ་འབབ། དཀོར་འབག་འབག་སྒོ་འབའ་ཆ་ཁམ་བུ་སོགས། ནང་སྙིང་དང་ནི་ཏིལ་ཉུངས་དཀར་ནག་སོགས། མར་བཙིར་སྙིགས་མ་ལ་ཟེར་འབག་ཆ་ཞེས། འབྲི་མར་སྙིང་པའི་སྙིགས་མ་སོགས་ཀྱང་འདོད། སྤུ་འབལ་བཀའ་བཀྱོན་འབར་ཤ་སྨྲ་བ་དང༌། སྔོ་སྨན་འབམ་པོ་འབའ་ཞིག་ཐམས་ཅད་མིང༌། འབག་བཙོག་འབགས་ཤེས་ཉམས་པའི་དོན་ལ་དང༌། འབར་ས་སོགས་འབུར་དབྱིབས་དང་དགེ་བའི་ལས་ལ་འབད།
འབི༽ འབིག་བྱེད་རི་བོ་འབིག་གསོར་སྣ་འབིགས་བྱེད།
འབུ༽ མཆོད་འབུལ་དུང་འབུད་འབུ་བདོ་ནན་ཏན་དོན། ཆོ་འབུངས་འབད་འདྲ་འབུ་སུ་ཧང་ནི་སྨན། སྲིན་འབུ་བཙའ་བུ་གུར་དང་ཐོག་འབུབས་བྱེད། མིག་འབུགས་འབུད་པ་འབུད་དང་འབུམ་ཕྲག་གྲངས། མདོ་འབུམ་ཁ་འབུས་རི་འབུར་བློ་འབུར་སོགས།
འབེ༽ འབེལ་བདེན་གཏམ་གཏམ་ལེགས་འབེལ་པོ་མང་པོའི་དོན། མདའ་འབེམ་ཆང་སོགས་སྣོད་འབེམ་ཆུ་འབེན་སོགས།
འབོ༽ མིང་འབོད་འབོད་སྒྲ་འབོངས་པ་ཐུབ་ནུས་སྒྲ། སྨྱོ་འབོག་སྨན་འབོགས་བརྒྱལ་འབོག་བདེ་འབོལ་ལེ། གདན་འབོལ་འབོལ་གདན་ཆུ་འབོགས་སྡོམ་པ་འབོགསབྱེད་པ། གཉིས་པ་འདོགས་ལ་ཡ་དང་ར་གཉིས་ཏེ།
འབྱ༽ དང་པོ་རབ་འབྱམས་འབྱམས་ཀླས་འབྱམས་ཡས་དང༌། ཡེ་འབྱམས་སྟོང་ཉིད་སྒྲིབ་པ་འབྱང་བཤལ་སོགས་བར་བྱ། སྦྱར་བས་འབྱར་དང་བཤལ་གྱིས་འབྱང་འབྱངས་ཟིན་ཆད་འབྱངས་སོགས་བ་དང༌།
འབྱི༽ འདམ་དུ་འབྱིང་བྱ་བ་དང་མི་ཚེ་འབྱིད་ཕྱིད་དེ་པ་དང༌། རི་མོ་འདྲེད་པའི་འབྱིད་བསྲུབ་དང་ཚིག་འབྱིན་གནས་ནས་འདོན་འབྱིན། མགོ་བརྙན་འབྱིན་དང་རྟགས་སུ་འབྱིན་པ་སོགས།
འབྱུ༽ མ་འོངས་འབྱུང་འགྱུར་འབྱུང་ལྔ་འབྱུང་ཁུངས་དང༌། འབྱུང་པོའི་གདོན་དང་ཚོན་དང་བྱུག་པ་འབྱུག འབྱུར་པ་ཕྱུར་དོན་འབྱུང་འཇུག་དབུགས་སོགས་བརྡ།
འབྱེ༽ རྣམ་པར་འབྱེས་ཏེ་མཛེས་སམ་མཚམས་འབྱེད་པ། སྒོ་འབྱེད་སོ་སོར་འབྱེད་དང་འབྱེར་བ་དང༌།
འབྱོ༽ འབྱོར་བ་ལྕེས་འབྱོག་ལྡག་འདྲ་འབྱོན་བཞུད་དང༌། གཞན་ལ་འབྱོལ་དང་འབྱོངས་ལས་སྒྲིབ་དང་ཆུ་སོགས་འབྱོ།
འབྲ༽ གཉིས་པ་ར་འདོགས་རྗེས་སུ་འབྲང་བ་དང༌། འབྲས་བུ་སོ་སོ་འབྲལ་འབྲལ་མེད་དང་འབྲང་ས་སྒརས་གནས། འབྲས་ཆེན་འབྲུ་བཙོས་ཆོ་འབྲང་ཆོ་རིགས་དབྱེ། ཐུན་འབྲབ་བརྡུང་བ་༼འབྲི༽འབྲི་མོ་ཟད་པའི་འབྲི། ཡི་གེ་འབྲི་དང་བློ་འབྲིད་འགྱུར་བའི་མིང༌། འབྲི་མོག་འབྲི་ཁུང་ཡུལ་དང་བར་མའི་འབྲིང༌། འབྲི་ཏ་ས་འཛིན་ཚོང་སོགས་འབྲིམ་པ་དང༌།
འབྲུ༽ གཡུ་འབྲུག་འབྲུ་སྣ་འབྲུ་མ་གཅིག་ཆུ་འབྲུག་འབྲུབ་འདྲ་རྒྱས། འབྲུག་ཤིང་ཞེས་པ་འཁྲིལ་ནས་སྐྱེ་བ་སྟེ། འབྲུབ་ཁུང་ནང་འབྲུབ་སར་འབྲུལ་སྐྱོན་མཚང་འབྲུ། འབྲུ་ནད་ལྷ་འབྲུམ་འབྲུས་འབྲུམ་འབོགས་ཀྱང་ཟེར་འདུག་འགོག་བརྩོན་འགྲུས་དོན།
འབྲེ༽ འབྲེལ་བ་དང་འབྲེལ་སྒྲ་འབྲེང་རྒྱུན་བུ། གཉེན་འབྲེལ་དང་ནི་འབྲེལ་ཐག་འཐོགས་པ་སོགས།
འབྲོ༽    འབྲོག་ནི་གྲོང་ལས་ཐག་རིང་ལས་འདས་ཟེར། འབྲོས་བྱོལ་འབྲོག་དགོན་སྡུག་བསྔལ་འཇིགས་བྲེད་གནས། འབྲོག་མོ་མ་འུ་ཡེ་འབྲོག་ཐོབ་ཤོར་བགེགས། རི་དྭགས་འབྲོང་དང་འབྲོང་རྭ་འབྲོང་སྙིང་སྨན། འབྲོངས་ནི་མཐོ་རིས་བུ་མོ་ཉེ་བར་འབྲངསལྟར་རོ་། རུས་ཀྱི་འབྲོམ་དང་ཡུལ་གཞན་འབྲོས་པ་སོགས། གསུམ་པ་མགོ་ཅན་ར་ལ་ས་གསུམ་སྟེ།
རྦ༽ དང་པོ་ར་མགོ་རྦབ་སྒྲིལ་སྲུང་མ་རྦད། སྐྱ་རྦབ་ནད་དང་ཁ་རྦད་ཆེ་ཞེས་པ། ཁ་སྟོབས་ཆེ་དང་རྦད་མགོ་སྐྲ་དབྱིབས་དང༌། རྦད་ཆོད་རྦད་ཐག་ཆོད་དང་རྦད་ཁམ་མཐོ། ཁ་བོ་ཆེ་སྟེ་རྦ་རླབས་རྦ་ཀློང་དང༌། སྐྲ་སྐུད་འཕྱིངས་པ་རྦད་རྦད་མ་རྒྱག་༼རྦུ༽རྦུད་རྡེག་༼རྦོ༽རྦོད་སྒྲིག་ཁྲིམས་མ་ཁུར་ཅེས་པ་ལྟ་བུ་ཟེར་མ་སྐྱེལ། བྱད་ཁ་ཕུར་ཁ་ངན་མཐུ་རྦོད་གཏོང་སྐྱེལ་བ་ལ་སོགས། གཉིས་པ་ལ་མགོ་༼ལྦ༽མགུལ་གྱི་ལྦ་བ་གཡང་ལྦ་བྱུར་ལྦ་སོགས་དང༌།
ལྦུ༽ རྒྱ་མཚོ་ལྦུ་བ་ཆུ་ཡི་ལྦུ་བ་སོགས། གསུམ་པ་ས་ཐོད་བཅིངས་པའི་སྡེ་ཚན་ལ། ས་མགོ་དངོས་དང་འདོགས་གཉིས་དང་པོ་ལ།
ལྐོག་ཏུ་སྦ་དང་གསང་སྦ་སྦས་ཟིན་དང༌། སྦ་ལྕག་སྦ་དབྱུག་སྦ་འཁར་རྣམས་སྦ་ཤིང༌། གཙང་རྩོགས་སྦགས་འདྲེས་ཟས་སོགས་སྦགས་རྒྱུའི་སྤོད། རྟ་སྤང་རྟ་བྲུན་ཆང་གི་སྦང་མ་དང༌། ཆུ་ལ་སྦངས་དང་མེ་སྦར་ཕྱོགས་གཅིག་སྦམས་ཟིན་སྦོམས་སྐུལ། ཞེས་པ་སྤུངས་བསྡོམས་སྦལ་རྒྱལ་དཀར་སྨུག་རྡོ། རུས་སྦལ་སྦལ་པ་སྦལ་ལག་ཅན་ནི་སྔོ༌། སྦལ་དུ་འཇུག་པ་མངལ་སྤྱོད་དངོང་འཇུག་བརྡ། སྦད་སྦང་ཡང་འདུག་བྱེད་རྡོ་དང་འདོམས་ཀྱི་སྦ་བ་ཞེས། ཕ་མཚན་ལ་ཟེར་སྦོམ་ཆེ་གཏོས་ཆེ་བ། གཏེར་དུ་སྦ་དང་སྦས་ཟིན་སྤར་སྦར་གང་ཡོད།
སྦུ༽ སྦུ་གུ་ཅན་གྲོག་སྦུར་རྩྭ་སྦུ་དང༌། མེ་ཆས་སྦུད་པ་སྦུར་ལེན་སྤོས་ཤེལ་དང༌། ལུས་སྦུངས་ཆེ་ཆུང་སྟོབས་ཀྱི་སྦུངས་ཤུགས་དང༌། སྦུངས་སྐྱེད་མང་སྐྱེད་སྦུན་མ་རྫུ་མ་ཟེར། འབྲུ་སོགས་ཤུན་པའི་སྦུན་པ་ཁུང་བུའི་སྦུབས། སྦུག་ཀྱང་ཟེར་ལ་སྦུང་ཚད་མང་ཉུང་དང༌།
སྦེ༽ གཏེར་དུ་སྦེད་དང་འཆབ་པའི་སྦེད་པ་དང༌། ཉེས་པའི་སྦེ་ཁའང་ག་གཅེར་བུར་འཛིངས་ཤད་ཚད་པ་དབྱུག་རེས་བྱེད་པ་པ་ཟེར། སྦེད་བྱེད་རྡོ་བཟོ་སྦེག་པ་ཤ་ཆུང་སྐེམ། སྦེད་བྱ་སྦེད་འོས་སྦེད་བྱེད་སྦེད་སྦས་རིགས།
སྦོ༽ སྦོས་ཤིག་མེ་སྤོར་གསུས་པ་ལྟོ་བ་སྦོས། སྦོམ་པོ་ཆུ་ལ་སྦོངས་ཤིག་སྦོན་པ་དང༌། སྦོམ་པ་བཟའ་བ་ལ་བརྗོད་མར་ཙམ་རྩམ་ཀྱང་སྦོལ་འདྲེས་མར་། སྦོ་ཁྲ་སྦོ་གཞོགས་གཡས་གཡོན་སྦོ་གཤོག་སོགས།
སྦྱ༽ གཉིས་པ་ཡ་འདོགས་སྦྱང་བྱ་སྦྱངས་པར་བྱས། ལེགས་པར་བསྟན་བཅོས་སྦྱར་དང་གཉིས་སྦྱར་སྦགས་སྦྱར་དང༌། སྨན་སྦྱར་སྦྱར་ཆང་སྦྱར་དུག་སྦྱར་སྤོས་ཀུན་བྱ་བ་དང༌། སྦྱག་ཚེ་བྱག་ཙེ་གཉིས་ནི་ལིང་དྲ་མིག་ཙེའི་མིང༌། ཚོན་སྦྱར་ཆུད་སྦྱར་སྦྱངས་པའི་ཡོན་ཏན་སོགས།
སྦྱི༽ སྦྱིག་མོ་དབྱིབས་འཇོང་བུད་མེད་གཅེར་བུ་སོགས་ལ་འཇུག སྦྱིག་ཅན་ཆགས་པ་སྦྱིག་བྱེད་གནོད་སྦྱིན་དང༌། ནོར་སྦྱིན་སྦྱིན་པ་སྦྱིན་བདག་སྦྱིན་སྲེག་བྱེད།
སྦྱོ༽ དགེ་སྦྱོང་གསོ་སྦྱོང་འདུར་སྦྱང་བཤལ་བའི་སྦྱོང༌། སྨན་སྦྱོར་འཁྲིག་སྦྱོར་ལས་སྦྱོར་གཙང་སྦྲ་སྦྱོར།
སྦྲ༽  གསུམ་པ་ར་འདོགས་སྦྲང་བུ་བྷར་མ་ར། གཉིས་པ་སྦྲག་སུམ་སྦྲག་སྦྲང་རྩི་སྦྲ་གུར་སྦྲ། སྦྲག་མེ་བཟའ་དང་ཕྲིན་ལས་སྦྲག་ལེན་དང༌། གཙང་སྦྲ་སྦྲང་ཆང་སྦྲན་གཏོང་བོས་པའི་བརྡ། ར་མདའ་སྦྲན་དང་ས་ལེ་སྦྲམ་ནི་གསེར། ཆུས་སྦྲན་ཆུ་འཐོར་དུག་སྦྲང་མཆུ་རིས་སོགས།
སྦྲི༽ ལུས་སྦྲིད་སྦྲིད་པ་མང་དང་སྦྲིབས་སྒྲེགས་ཀྱང་ནི་ལྟོགས།
སྦྲུ༽ ཟན་སྦྲུས་བུད་མེད་སྦྲུམ་མ་དུག་སྦྲུལ་སྦྲུལ།
སྦྲེ༽ སྦྲེ་ནི་སྲོག་ཆགས་ཝ་སྦྲེ་སྦྲེ་ལོག་རྒྱག ཆུ་རྒྱུན་སྦྲཻང་དང་སྦྲེས་སྦྲེབས་གཉིས་སྐེམ་མམ། གྲང་ངམ་འཁྱག་སྟེ་གཉིས་སྦྲེལ་ཐག་པས་སྦྲེལ། སྦྲེའུ་ཕྱེ་མ་སྦྲེ་མོང་སྲེ་མོང་སྟེ།
སྦྲོ༽ ར་མདའ་སྦྲོན་དང་གྲོགས་སྦྲོན་བྱེད་འདས་བསྐུལ། །

༼མ༽
བཅུ་དྲུག་མ་ཡིག་སྒོས་ཀྱི་བརྗོད་བྱའི་ཚིག རྐྱང་པ་དང་ནི་འཕུལ་དང་མགོ་འདོགས་གསུམ། དང་པོ་རྐྱང་པ་དངོས་དང་འདོགས་གཉིས་དབྱེ།
མ༽ དང་པོ་རྐྱང་པ་སྐྱེད་བྱེད་མ་ཨ་མ། མ་མ་མ་ཚབ་མ་གཅིག་མ་བདུད་རྒྱལ། མ་འདྲེས་མ་ནིང་མ་ཡམས་མར་མེ་དང༌། མང་པོ་མན་ངག་མག་པ་བདེན་པའི་ཚིག རྩི་མར་འབྲུ་མར་མ་རུ་ཙེ་ནི་སྨན། ས་མཚམས་མན་ཆད་མར་ལ་འདྲིལ་བ་དང༌། གནས་མལ་མལ་ཆས་མ་ལེ་ཨོག་མའི་མིང༌། མ་དྲ་མ་རྒྱུད་མ་ར་ཡཱ་ནི་བསད། མ་གལ་ཤིང་རིགས་མན་ངེས་འབྱོར་བ་སྲིད། མ་རངས་རིགས་ཞན་མ་ན་ཧོ་རིན་ཆེན། མ་ནུ་སྨན་ལྡུམ་མ་མེས་ཞང་པོའི་ཕྱོགས། མ་ཕྱི་ཕྱི་མོ་མ་ཡི་མ་དག་གོ། མ་མོ་ལུག་དང་མ་ཧེ་མ་པང་མཚོ། མ་ཧ་ཆེན་པོ་མ་དུལ་བ་ཞི་བ། མ་རུང་འཇིགས་ཚོགས་མ་རངས་མ་དགའ་བ། མར་ཞི་གསེར་དང་མཎྡྲལ་དཀྱིལ་འཁོར་དལ། ཡན་མན་དུས་ཚོད་མང་བ་སྦྲང་བུ་དང༌། མན་ཤེལ་རིན་རིགས་མཉ྄ཛི་རྐང་གསུམ་སྟེགས། མཉ྄ཛི་ར་ཞེས་རྡོ་སྨན་མང་ས་ཤ། མར་གད་ནོར་བུ་ལྗང་གུ་མང་དུ་ཐོས། མས་དབེན་ནུ་བོ་མ་ཞུམ་མ་ཚང་བ། མ་ལ་ཡ་ནི་ཙན་དན་ནགས་ཚལ་དང༌། མ་བརྟག་མ་འགག་མ་འདྲེས་མ་ནོར་བ། མ་མེས་མ་རིག་མ་ཐོས་མ་གཏོགས་པ། མ་ལ་ངོ་མཚར་དོན་དང་མ་ཉམས་པ། མ་རྨོངས་མ་སྤངས་མ་ཤེས་མ་ཡིན་ནོ། མ་བྱིན་ལེན་ནི་རྐུ་བྱ་དོན་མ་རྟོགས། ལ་སོགས་དགག་སྒྲ་མི་མེད་མིན་བཞིས། བསྒྱུར་བའི་མིང་གི་རྣམ་གྲངས་བརྗོད་མི་ལོང༌།
མི༽ མི་དང་མི་མེན་མིག་དང་མིག་རས་བསྒྲད། མིག་ཡོར་མིང་སྲིང་མིད་པ་མི་འགྱུར་བ། མིག་སེར་བྱ་དང་མིང་ཅན་སེར་ནག་སྨན། མིག་འཕྲུལ་མིའམ་ཅི་དང་མིའུ་ཐུང༌། མིག་དམར་གཟའ་དང་མིག་མི་བཟང་རྒྱལ་ཆེན།
མུ༽ མུ་ཁོར་ཡུག་ཁྱུད་མུ་ཅོར་སྨྲ་དང་མུ་མེན་དང༌། མུ་ཏིག་རིན་རིགས་མུ་ཟི་ཞིང་མུ་དང༌། མུ་སྟེགས་ཕྱི་པ་མུ་མེད་མུན་པ་འཐིབ། མུ་གེ་མུར་འགྲམས་སོ་ཡིས་མུར་རམ་བལྡད། མུར་ཐུག་མཐར་ཐུག་མུར་ཁྱབ་མཁའ་ཡི་ཀློང༌། ནལ་མུག་མུན་སྨག་མུན་གཏིབས་དུ་མུན་འཁྲིག མུ་ཏོ་མུ་ལྟོ་བ་གཉིས་སྤྲང་པོའི་མིང༌། མུན་མ་ཤེས་སྤྲུལ་ལོག་སྨྲ་མུ་ཐུག་བགོ་བཤའ་བྱ། མུན་རུབ་མུན་པ་ཟི་ཟི་འབུ་མུག་པ།
མེ༽ མེ་ལོང་ཡེ་ཤེས་མེ་ཏྲི་བྱམ་པ་དང༌། མེ་ལེན་མེ་སྐྱོང་མེ་ལྕེ་མེ་མདག་དང༌། མེ་སྟག་མེ་མདའ་མེ་ཏོག་ནེ་ར་སོགས། མེ་བཞི་སྐར་མ་མེ་མ་མུར་མེ་ཤེལ། མཻར་མེར་པོ་ལུས་མེལ་བྱ་ར་བ་ཚེ་མེས་ཕ་པོ་དང༌། རུས་མིང་མེ་དང་ཞུགས་མེ་ཆུ་ཁེངས་མེར། ཡོད་མེད་མེད་དང་མེར་མེར་ལྡེམ་ལྡེམ་གང༌། མེ་ན་ཀ་ནི་ལྷ་ཡི་བུ་མོ་དང༌། མེ་སྐོར་ཆུང་མ་ལེན་པའི་ཁྱོ་གའི་མིང༌།
མོ༽ ལྷ་མོ་ཀླུ་མོ་ཟ་མ་མོ་ལུས་དང༌། མོ་པྲ་མོ་ཕྱྭ་བུ་མོ་སྐྱེས་ཕོ་མོ། བ་མོ་འབྲི་མོ་གཙོ་མོ་རྒྱལ་མོ་དང༌། གྲོས་མོ་གཏམ་དང་ཡིན་མོད་བདེན་མོད་དང༌། གསུང་བའི་མོད་དེ་དེ་མ་ཐག་པ་དང༌། མོན་བུ་རམ་རྩ་མོན་ལུག་གླ་སྒང་དང༌། དྲེད་མོང་སྲེ་མོང་རྔ་མོང་མདོག་མོག་མོག མོན་པ་མོན་ཡུལ་མོན་ཆ་ར་ནི་སྨན། ལ་མོར་རྒྱུག་དང་རྟ་ཡི་སྣར་མོར་དང༌། མོན་སྲན་སྔེའུ་མོང་ཆུད་ཁོང་དུ་ཆུད། མོན་དར་རྩ་རས་སོགས་མོ་གཤམ་རབས་ཆད་མ། དཀོན་མོད་མོས་པའི་དད་དང་མོས་གུས་དང༌། མོའུ་འགལ་བུ་དང་མོང་བརྟུལ་བླུན་པོ་སྟེ། མོད་མི་དམའ་བ་ཞེས་པ་དཔངས་མཐོ་བ། མོན་གྲུ་མོན་གྲེ་སྐར་མའི་མིང་དུ་གྲགས།
མྱ༽ གཉིས་པ་རྐྱང་འདོགས་ཡ་བཏགས་རོ་མྱང་བ། མྱ་སྡུག་བསྔལ་ངན་མྱ་ངམ་ཐང་ནི་ཆུ་མེད་པ། མྱང་འདས་བོན་དང་མྱང་རྩི་སྤྲས་ནི་སྨན། ཟས་སོགས་མྱགས་ཏེ་རུལ་བའི་དོན་དུ་སྟེ། མྱང་མྱང་ཟས་སྟེང་རྔམ་པའི་རྣམ་འགྱུར་དང༌། མྱག་ཕྲན་མདའ་དང་༼མྱུ༽མྱུག་མྱུག་ཟས་འཚོལ་བཞིན། མྱུལ་བ་ནང་དུ་ཕར་ཚུར་རྒྱུ་བ་དང༌། མྱུ་གུའི་ལྗང་བུ་མྱུར་དུ་རྒྱུག་པ་སོགས།
མྱེ༽ མྱེད་མེད་མྱིན་མིན་མྱེས་མེས་ཡ་འདོགས་རྣམས། སྔོན་དུ་ལོ་ཙཱས་ཡུལ་སྐད་ཤོར་ཅེས་གྲགས།
མྱོ༽ མྱོས་པའི་འགྲོས་ཅན་ཆང་གིས་མྱོས་ཏེ་བཟི། བདེ་བ་མྱོང་བྱེད་མྱོག་གིས་རྩེ་མོ་རྩེས། གཉིས་པ་ད་ཡི་རྐྱང་འཕུལ་འདོགས་འཕུལ་གཉིས།
དམ༽ དང་པོ་དམག་དཔོན་དམག་ཚོགས་ཁ་དོག་དམར། དམངས་རིགས་དམན་པ་མཐོ་དམའ་གཅེས་པའི་དམར་ཟོག་འདྲིས་མ་དམར་སྨྲར་ཡང་སྣང་། ཐེག་དམན་བློ་དམན་ལག་དམར་མི་གསོད་མཁན། ཁ་དམར་ལེགས་ཚིག་སྨྲ་དམའ་འབེབས་བྱེད། ཉམས་དམའ་ཉམ་ཆུང་དམངས་མོ་ཁས་དམན་དང༌།
དམི༽ དམིགས་བསལ་དམིགས་བུ་ལོང་ཁྲིད་པ་ཡི་མིང༌། ཉེས་དམིག་དམིགས་མེད་དམིགས་གཏད་དམིགས་པ་གཏོད། ནད་དམིགས་བུ་གའི་དམིག་དང་དམིགས་སུ་བཟུང༌།
དམུ༽ ཞལ་འཛུམ་དམུལ་ལེ་དམུ་རིགས་ནད་དམུུ་ཆུ། དམུ་ཞགས་གཡང་མིང་དམུ་ཡད་དངོས་གྲུབ་དང༌། དམུན་པ་བླུན་པ་དམུ་ཡབ་གྲ་བརྒྱག་མིང༌། གཡེན་ཁམས་དམུ་དང་དམུས་ལོང་མ་ཁོག་ན། མིག་མེད་ལའོ་དམུས་བྱུང་སུན་བྱུང་པ། སོ་ཡིས་དམུར་དང་དམུར་རྒོད་འདུལ་དཀའ་བ། དམུལ་བྱུང་ཡི་ཆད་དམུ་རྫིང་ནད་ཀྱི་མིང༌།
དམེ༽ གཙང་རྨེ་དཔྲེ་དམེ་པོ་ནང་དམེ་བཙོག་རུས་གཅིག་གསོད་པའི་མིང༌།
དམོ༽ དམོད་བཙུགས་པ་སྟེ་ཐ་དད་དམ་བདར་དོན། དམོད་པ་བོར་ཞེས་གཞན་ལ་ལོག་སྨོན་འདེབས།
དམྱུ༽ གཉིས་པ་འདོགས་འཕུལ་དམྱལ་བ་དམྱལ་ཐག་གཅོད།
དམྱུ༽ དམྱུག་དམྱུག་མེ་འབར་ཆུ་འགྲོ་ལྕེ་རྐྱོང་སོགས། གསུམ་པ་མགོ་ཅན་ར་ས་གཉིས་ཡིན་ཏེ། དང་པོ་ར་ཏོག་འཆང་བའི་སྡེ་ཚན་ལ།
རྨ༽ ཡུལ་ས་རྨ་རྒྱལ་སྤོམ་ར་རྨ་རིགས་དང༌། རྨ་བྱ་ལུས་ཀྱི་རྨ་དང་ངོ་མཚར་རྨད། རྨང་པ་རྐྱང་པ་རྨང་པོ་བུ་མེད་པ། རྨང་ལམ་རྨི་ལམ་རྨས་ནི་སྨྲས་དང་གཅིག རུས་རིགས་རྨ་ནི་རྨ་སྟོན་ཤེར་སེང་ལྟར། རྨངས་སྨངས་ཀྱང་ཚེར་སྣ་ནང་སྤུ་འཐོག་བྱེད་དེ་ཟེར། རྨ་མེད་སྐྱོན་མེད་རྨག་ཆད་རྨད་ཆད་གཉིས། སྙན་གྱི་གོང་རྒྱན་ཡང་དག་ཕལ་ཆེར་འཇུག རྨད་བྱུང་མཆོག་གྱུར་རྨད་གོས་རྨད་འོག་གཟན། རྨད་ཤམ་རྣམས་ནི་འདུལ་བའི་ན་བཟའི་བརྡ། རྨས་པ་ཉམས་པ་བྱ་རྨང་བྱ་མྱང་འདྲ།
རྨི༽ རྨི་ལམ་རྨི་དང་རྟ་སོགས་རྨིག་པ་དང༌། སྔོ་སྨན་རྟ་རྨིག་རྨིག་བུ་ན་བུན་འདྲ།
རྨུ༽ རྨུགས་པ་བྱིང་རྨུག་སེམས་རྨུགས་འཐིབ་པའི་དོན། ཁྱིས་རྨུག་ས་ཡོད་ཀྱང་ཁྱིས་རྨུར་རྨུན་པ་བླུན་པོ་དང༌། རྨུས་ནི་སུན་ནས་ཡི་ཆད་རྨུགས་འཛིན་ཞེས། གནོད་སྦྱིན་རིགས་ཏེ་རྨུས་འགྲོས་འཁྱོག་འགྲོ་སྟེ།
རྨེ༽ རྨེག་རྗེས་མེད་ཤུལ་མེད་མེད་གཏན་མེད་རྨེང་རྨང་ཡང་སྣང་གཞི་དྲིས་བ་གསོལ་ཞུ་རྨེད། རྟ་སྒའི་རྨེད་དང་ཤ་ཡི་རྨེན་བུ་དང༌། སེར་རྨེ་སེར་སྣ་རྨེ་རྨེག་ཀྱང་ངན་ལྟས་ངན་པ། ཤ་མཚན་རྨེ་བའི་ག་ཤ་ལ་སོགས་དང༌། རྨེག་བཏབ་བརླག་པ་བལ་སོགས་རྨེལ་ཞེས་པ། གསེད་དང་འཁལ་དང་བརྙོད་པ་སོགས་ཀྱི་བརྡ། རྨེའུ་ཚང་རུས་མིང་རྨེ་བ་སྨྲའམ་ཕྱིར་བསྲིང༌།
རྨོ༽ དབུ་རྨོག་དབུ་འཕང་གོ་ཆའི་རྨོག་ཞུ་དང༌། རྨོ་མོ་ཨ་ཕྱི་མ་ཕྱི་རྒན་མོ་ལ། ས་ཞིང་རྨོད་པ་རྨོད་མཁན་རྨོད་བྱེད་དང༌། རྨོ་བྱ་རྨོས་ཟིན་ལ་སོགས་དབྱེ་བ་དང༌། བློ་རྨོངས་རྨོངས་སྤུ་འདོམས་ཀྱི་སྤུ་ཡི་མིང༌།
རྨྱ༽ ཁམས་རྨྱ་བཀྲག་མདངས་ཤོར་དང་ཉམས་པའི་དོན། གཉིས་པ་ས་མགོ་ཅན་དངོས་འདོགས་གཉིས་ཏེ།
སྨ༽ དངོས་ནི་གདོང་གི་སྨ་ར་ཁ་སྤུ་ཁོག་སྨད་སྨད་ཆ་སོགས་དང༌། སྨན་པ་ཕན་པ་ནད་སྨན་སྨལ་པོ་སྐར། སྨར་རོ་ཞང་སྐད་བཟང་པོ་སྨ་ཕབ་པ། སྨད་ར་ཕབ་འདྲ་བུ་སྨད་བུ་ཆུང་མ། སྨད་ཚེར་རྣ་སྤུ་འཐོག་བྱེད་མུན་པའི་སྨག སྨག་རུམ་དང་མཚུངས་སྨན་བླ་སྨན་པ་དང༌། སྦལ་པའི་སྒོ་ང་སྨག་གམ་མ་མ་མིག སྨ་སྨེ་རྩོག་པའི་གྲིབ་དང་སྨད་པར་བྱ། སྨད་རྒྱས་མ་དང་སྨད་འཚོང་སྨན་ཆེན་དུག
སྨི༽ སྨིག་རྒྱུ་ཆུར་འཁྲུལ་སྨིན་དྲུག་སྐར་མ་སྨིན་དྲུག་དབང་ཕྱུག་བུ་བུ། སྨིན་མ་རྫི་མ་མིག་སྤུ་སྨིགས་པ་སྲོག་ཆགས་འབུ། ལས་ཀྱི་རྣམ་སམྣ་སྨིན་ལེགས་གཞོན་ནུ་མ། སྨིན་བྱེད་དབང་དང་རྒྱུད་སྨིན་འབྲས་བུ་སྨིན།
སྨུ༽ སྨུག་འབྲི་མོག་རྩི་མདོག་སྨུག་སྨུག་པོ་སོགས་ཀྱང་ཟེར།
སྨེ༽ སྨེ་བ་དགུ་དང་སྨེལ་བ་འཕེལ་བ་སྟེ། སྨེ་ཅན་རྩོག་པའི་ཤ་འམ་བཤན་པ་སྟེ། སུག་སྨེལ་སྨན་ཏེ་སྨེད་ནི་ཉམས་སྨེད་པ། སྨེ་ཤ་གྲ་པ་དང་བུད་མེད་བསད་པའི་ཤ།
སྨོ༽ སྨོན་ལམ་འདཻབས་དང་འཕྱ་སྨོད་སྣོད་པ་དང་མིང་ནས་སྨོས། སྨོས་ཅི་དགོས་ཤེས་བཞིན་སྨོན་སྨོས་ཀྱང་འདྲིན་གྲོགས་པོའི་མི། ཡ་འདོགས་ར་འདོགས་གཉིས་ལ་ཡ་འདོགས་ནི།
སྨྱ༽ སྨྱང་བ་བསྐྱང་བ་སྨྱག་བཅར་ཐང་ཆད་པ། སྨྱག་ཤད་སྨན་ཤིང་སྨྱན་གཉེན་ཀ་བྱེད་ཅེས་པ། གཉེན་བྱེད་བར་དུ་འཕྲིན་བསྐྱར་དག་ལ་བཞེད།
སྨྱི༽ སྨྱི་བྲི་བྱེད་སྨྱུ་གུའང་གུ་སྨྱིག་སྨྱུག་མ་མ་སྨྱིག་སྨྱུག་དབྱུག་༼སྨྱུ༽སྨྱུག་མ་དང༌། སྨྱུང་ངམ་དབུག་གསོར་མནའ་རབ་སྨྱུང་གནས་སྨྱུར་བར་འགྲོ།
སྨྱེ༽ སྨྱེ་བ་ཞན་པ་༼སྨྱོ༽སྨྱོ་འབོག་སྨྱོ་བྱེད་དང༌། སྨྱོན་པ་སྨྱོས་པ་ར་འདོགས་ཅན་ལ་ནི།
སྨྲ༽ སྨྲ་མཁན་སྨྲ་སེང་བདེན་པའི་སྨྲང་བདར་བ།
སྨྲི༽ ངུར་སྨྲིག་གོས་ཏེ་དམར་སེར་ཚོས་སྙིགས་བཙོས།
སྨྲེ༽ སྨྲེ་ངག་འདོན་དང་སྨྲེ་ཚིག་གསང་ཚི་གོ།
སྨྲོ༽ བདེན་ཚིག་སྨྲོས་ཤིག་ལྟ་བུ་ཉུང་ཤས་ཙམ།
༼ཙ༽
བཅུ་བདུན་ཙ་ཡིག་འཇུག་པའི་བརྗོད་བྱ་ལ། རྐྱང་པ་འཕུལ་དང་མགོ་ཅན་གསུམ་ཡིན་ཏེ།
ཙ༽ དང་པོ་རྐྱང་པ་མེ་ཏོག་ཙམ་པ་ཀ ཙང་ཀུན་ས་བདག་ཙན་དན་ཙ་མོ་ཉ། ཙ་ན་ཀླད་པ་གི་ཝཾ་མིང་ཡང་བརྗོད། ཙ་ཀྲ་འཁོར་ལོ་མཚོན་ཆ་ཙ་རི་གནས། ཙ་མ་ར་ནི་གཡག་གམ་འབྲོང་གི་མིང༌། ཙ་མའི་སྙིང་པོ་ཤེལ་དང་ཙབས་རུ་ཚྭ། ཙང་ཙང་འཁོར་བ་ས་བདག་ཙ་ར་ཀ སྨད་དཔྱད་དོན་ཏེ་ཙ་ན་ཀ་སྲན་ཆུང་མ། ཙ་ཀོར་གོང་མོ་དང་ནི་སྲེག་པའི་མིང༌། ཙབ་ཙུབ་སྤྱོད་ལམ་ཚབ་ཚུབ་མི་བྱ་ཞེས། ས་ཀུ་ར་སྐྱེས་གསེར་མིང་ཇི་ཙམ་ཡོད། ཙམ་ཟན་ཙཱ་རུ་བཟའ་བ་བཟང་ལྷ་བཤོས་སོགས་པོའི་ཚོགས། ཙབ་ཧྲལ་བཙུན་ཚུལ་ཉམས་དོན་ཉུང་ཙམ་སོགས།
ཙི༽ ཙིག་ཙིག་ཟས་སྒྲ་ཙི་པ་ཏྲ་ཞེས་པ། རིན་ཆེན་རིགས་གཅིག་དང་ནི་ཕྱི་སའང༌། ཙི་ཙི་འབྲུ་རིགས་བྱེའུ་ཙི་ཏེའང་ཏི་མོ། བྱ་ཕོ་ཙི་ཙི་ཞེས་པ་སྔོ་སྨན་རིགས།
ཙུ༽ ཙུབ་ཙུབ་དང་ཙུག་ཙུག་སྒྲ་དང་དེ་ཙུག་རེད་དམ་ལགས། ཙུམ་ནི་འོ་བྱེད་ཙུད་ཏའང་ནི་ཨ་མྲའི་ཤིང༌། རྐང་ལག་གཅིག་པའི་ཡུལ་གྱི་མིང་སོགས་འཇུག ཙུ་ད་མ་ནི་ཞེས་པ་རིན་ཆེན་རིགས།
ཙེ༽ ཙེ་རེ་སྡོད་དང་ཙེ་རེར་མཐོ་བ་དང༌། མི་གཡོ་ཙེ་རེ་ནེའང་སྣང་ཀེ་ཙེ་ཙེ་ཙེ་ར། ཤང་ཙེ་དང་ནི་ཙེ་སེ་རྣ་བའི་མིང༌།
ཙོ༽ ཙོག་ཙོག་ཙོག་པུ་ཙོ་ཅ་ཀུ་ཤུ་ལ། སྒོང་བས་འཕུལ་ཡང་ཡོད་ཙོང་ཙོང་ཁའི་ཡུལ་སོགས་ཙ་རྐྱང་ངོ༌། གཉིས་པ་འཕུལ་ལ་ག་བ་གཉིས་ཡིན་ཏེ།
གཙ༽ དང་པོ་གས་འཕུལ་གཙང་སྦྲ་གཙང་མའི་ཆུ། དྲི་གཙང་ཁང་དང་གཙང་ཁང་གཙང་ཁྲོད་ཆུའི་གཙང་པོ། ན་རག་གཙང་སོ་མི་གཙང་གཙང་གི་ཡུལ། གཏར་དཔྱད་གཙབ་བུ་གཙགས་གཙབས་ཞེས་སྐྱུར་བའི་དོན།
གཙི༽ གཙིགས་པ་འཚིགས་པ་གཙིར་བ་འཚིར་བ་དང༌། མཆེ་བ་གཙིགས་དང་གཙིགས་ཆེ་གལ་གནད་ཆེ། མི་གཙིགས་སྤྱོད་པ་ལུགས་དང་མི་མཐུན་དོན། ཆེ་རྟགས་གཙིགས་བྱིན་གཙིགས་བཞག་དམ་ལ་བཞག ཐུགས་གཙིགས་ཆེ་ཞེས་རྩིས་ཆེ་དོན་གཅིག་ལ།
གཙུ༽ གཙུག་ཕུད་གཙུག་ལག་སྨན་རྩིས་ཕྱ་གཞི་སོགས། གཙུག་ལག་ཁང་དང་སྤྱི་གཙུག་གཙུག་ཏོར་དང༌། གཙུབ་ཤིང་གཙུབ་བསྟན་གཏན་ཡང་སྣང་མེ་ལེན་མྱུར་བའི་ཤིང༌། གཙུབས་པ་བསྲུབས་པ་ལས་ནི་མེ་བྱུང་བ། གཙུག་ན་ཟླ་བ་གཙུག་ན་རིན་ཆེན་ཀླུ།
གཙེ༽ སྙན་གཙེར་གཟན་པོ་གཙེས་ནི་འཚེ་བའི་དོན། གཙེ་གཙེར་ཀྱང་རྒྱུ་གཙེགས་གནོད་ཏེ་ཤིན་ཏུ་སེམས་དཀྲུགས་དོན།
གཙོ༽ གཙོ་བོ་གཙོ་མཆོག་གཙོ་ཁང་རི་དྭགས་གཙོད། གཙོ་འཁོར་མ་ལུས་གཙོ་ཆེར་དེ་ཡི་གཙོས། གཉིས་པ་བས་འཕུལ་༼བཙ༽བཙན་པོ་བརྩན་ཀྱང་འདུག་བཙན་ཐབས་དང༌། བཀའ་བཙན་བཙན་དུག་བོང་ང་བུ་བཙས་པ། ཕྱག་བཙལ་ནོར་བཙལ་བྱ་འདས་ས་བཙག་དམར། ཚགས་ཀྱིས་བཙགས་དང་རྫོང་བཙན་འཕྱོ་བ་བཙན། བཙད་པོ་བརྡ་རྙིང་བཙན་པོ་སྲོང་བཙན་སོགས། རྒྱལ་གྱི་མིང་དང་ལྕགས་གཡའ་བཙའ་ཞིང་བཙའ་སད། གཅེས་པའི་བཙའ་རྫི་ལ་མགོའི་ལ་བཙས་དང༌། གྲ་བཙས་གྲུ་བཏང་ཕ་བཙས་ཕ་ནོར་དང༌། བཙས་མ་བརྔ་དང་གྲིས་བཙབ་བཙངས་རྫོང་ཟིན། ཐོ་བཙམས་ཐོ་མཚམས་བཙན་ཕྲུ་ཆེ་བ་དང༌། སྐྱེས་ནས་བཙན་བརྩན་བཙན་པོ་བརྩན་ཀྱང་ཡོད།
བཙི༽ ཆུ་དང་སྣུམ་སོགས་འཚིར་བའི་བཙིར་བྱ་འདས།
བཙུ༽ ཤིང་དང་སྲོལ་སོགས་བཙུགས་དང་མིག་བཙུམས་པ། ནང་ངམ་ཞབས་སུ་བཙུད་དང་བཙུན་པ་དང༌། མཁས་བཙུན་རྗེ་བཙུན་བཙུན་མ་བཙུན་མོ་སོགས།
བཙེ༽ གོས་སགོས་བཙེམས་དང་གནོད་པས་བཙེས་ཟིན་དང༌།
བཙོ༽ ཤ་བཙོ་བཙོས་ཟིན་ཚོས་མཁན་བཙོ་བླག་མཁན། བཙོ་མ་གསེར་མདོག་རྡེག་བཙོག་ཆོས་ཤིང་བཙོད། བཙོན་དུ་བཟུངས་དང་བཙོན་བུ་བཙོན་པ་སྟེ། བཙོག་པོ་ཕོ་རྒོད་འབག་ས་མཐའ་ཡང་བཙོག་བཙོང་སྒོག་དང༌། གཙོང་ནོར་སོགས་དང་བཙོངས་ཟིན་བཙོན་ར་བཙོན་ཁང་སྟེ། གསུམ་པ་རྩེག་ལ་ར་ས་གཉིས་ཡིན་ཏེ། དང་པོ་ར་མགོ་རྩེག་དངོས་འཕུལ་རྩེག་གཉིས།
རྩ༽ དང་པོ་རྩེག་ཀྱང་རྩ་བ་སྡོང་པོ་དང༌། རྩམ་པ་ཕྱེ་སྔོ་རྩྭ་རྩ་ལག་གཉེན་གྱི་མིང༌། ཁ་རྩང་ཁ་སང་རྩབ་ནན་བཏུང་བ་དང༌། ཟློག་མདོས་རྩང་ཞེས་རྩང་ཕུར་འཛུགས་པ་དང༌། རྩ་འཇིང་ཉེ་དུ་སེར་རྩའི་གོས་སེར་པོ། ཚེར་རྩང་རྩངས་པ་རྩངས་ཕག་ལུས་ཀྱི་རྩ། རྩ་མཁྲིས་སྨན་དང་འཚོང་ལ་རྩག་རྩག་བྱེད། སྟོབས་རྩལ་ཆེ་ཆུང་གཅད་བྱ་རྩད་ནས་གཅོད། རྩབ་མོ་རྩབས་རུ་མ་སྟེ་འབྲས་བཙོས་ཁུ་སླ་མོའི་རིགས། རྩབས་ཧྲལ་ཟས་མི་ཞིམ་དང་ཆགས་བསླངས་དོན།
རྩི༽ རྩི་བཅུད་རྩི་མར་རྩི་ཤིང་རྩ་ལྗོན་སྤྱི། རྩི་ཏོག་ཚོན་རྩི་གླ་རྩི་སྤང་རྩི་དང༌། རྩིང་ཞིབ་རྩིབ་མ་རུས་རྩིབ་རྩིད་པ་སྤུ། འབྱུང་རྩིག་རྩིག་གུ་རྩིག་པ་རྩིག་མཁན་དང༌། འཁོར་ལོའི་རྩིབས་དང་རྩིས་མཁན་རྩིས་བྱེད་པ།
རྩུ༽ རྩུབ་ཚིག་རེག་བྱ་རྩུབ་དང་གདུག་རྩུབ་ཆེ། རྩུབ་འགྱུར་ཚལ་དང་མོ་ངན་འཚེར་རྩུབ་ཆེ།
རྩེ༽ གྲི་རྩེ་མདུང་རྩེ་རྩེ་གཅིག་རྩེད་མོ་རྩེ། རྩེས་ཟིན་རྩེན་པ་རྩེ་བ་རོལ་པའི་བརྡ། ལྔས་རྩེན་སྐྱེ་གཞོན་ན་རྒ་འཆི་ལྔའི་རོལ། སུམ་རྩེན་ལྷ་ནི་སྐྱེ་གནས་གསུམ་དང་རོལ། རྩེས་དཔྱིས་རྩེར་ཕྱིབ་རྩེར་ཆིབས་རྩེར་སོང་ཕྱིན། འདི་རྣམས་དོན་གང་མཐར་ཕྱིན་གཏིང་ལོན་དོན། རྩེ་རྒོད་གཡོག་འབངས་ཁང་རྩེག་རྩེགས་ཤིག་དང༌། གཅིག་ཐོག་གཅིག་རྩེག་བྱེད་དང་རྩེག་འདོགས་སྦྲག རྩེགས་ལོག་ཕྲན་ཚགས་སྲེད་ཞེན་ཆེ་བའི་སྒྲ།
རྩོ༽ སྲོག་རྩོལ་རླུང་ལ་འབད་རྩོལ་རྩོལ་བ་དང༌། རྩོམས་ཤིག་ལ་རྩོག་ལ་སོགས་གསར་རྙིང་བརྡ། འཐབ་རྩོད་རྩོད་ལྡན་རྩོད་ཅིག་ལ་སོགས་སོ། གཉིས་པ་འཕུལ་རྩེག་༼བརྩ༽བརྩམ་བྱའི་བསྟན་བཅོས་བརྩམས་ཟིན། ལས་དང་ཐབས་བརྩམ་བརྩམས་ཟིན་བྱ་འདས་སྒྲ། གཞན་ལ་བརྒལ་བརྩད་བསང་བའི་བརྩང་བསྩང་བ་དང༌། བརྩལ་དང་བསྩལ་གཉིས་གསལ་བའི་མིང་དུ་གྲགས།
བརྩི༽ བརྩི་བྱ་བརྩིས་ཟིན་བགྲང་བའི་བརྩིས་གྲུབ་སྟེ།
བརྩེ༽ གཅིག་ཐོག་གཅིག་བརྩེགས་རྡུལ་བརྩེག་མཐོ་བརྩེགས་དང༌། ཁང་བརྩེགས་དེ་རྣམས་འདས་པ་བརྩེངས་པའི་གོས་ཏེ་ཐུང་བའི་དོན། བརྩེ་བ་སྙིང་རྗེ་བརྩེ་གདུང་སྙིང་བརྩེ་བ། སྤྱོད་པ་གཏམ་སོགས་བརྩེངས་དང་སོ་བརྩེ་རྩི་སྨན་ཡང་ནི། སོ་བརྩེད་རྩེའང་ཟ་མི་ཉ་ཏེ་སྒོང་བརྩེ་བ། བརྩེལ་བ་སེལ་བ་རོལ་པའི་བརྩེན་པ་དང༌། མཁར་སོགས་མཐོན་པོར་བརྩེགས་ཟིན་བརྩེག་པར་བྱ།
བརྩོ༽ བརྩོན་འགྲུས་ལས་ལ་བརྩོན་བྱ་བརྩོན་པར་བྱས། གཉིས་པ་ས་མགོ་༼སྩ༽བཀའ་སྩལ་དངོས་གྲུབ་སྩལ། ཚུལ་བཞིན་སྩལ་དང་བགྱིད་དུ་སྩལ་བྱ་བ།
སྩོ༽ བཀའ་སྩོལ་དངོས་གྲུབ་སྩོལ་ལྟ་བུ་ཅིག་སྐུལ་ཚིག་དོན།
བསྩ༽ འཕུལ་རྩེག་དངོས་གྲུབ་བསྩལ་ཏོ་བཀའ་བསྩལ་ཏོ། ལྟ་བུར་འདོད་ཀྱང་ཕལ་ཆེར་ས་ཙ་ལ། བ་འཕུལ་མེད་ཅེས་བཞེད་པ་སྣ་ཚོགས་ཡོད།
༼ཚ༽
བཅོ་བརྒྱད་ཚ་ཡིག་སྒོས་ཀྱི་སྡེ་ཚན་ལ། རྐྱང་པ་དང་ནི་འཕུལ་ཅན་གཉིས་དབྱེ་སྟེ།
ཚ༽ དང་པོ་རྐྱང་སྡེ་ཚྭ་ལ་ཚ་རིགས་ནི། སོ་གྲངས་གཉིས་སོགས་དང་ཚ་བའི་ནད་རིགས་དང༌། ཚ་དམྱལ་ཚ་གྲང་ཚངས་རིས་ལྷ་ཚངས་པ། དཀྱིལ་འཁོར་ཚངས་ཐིག་ཚངས་པར་སྤྱོད་པ་དང༌། དག་ཚངས་གཙང་དང་སྡེ་ཚན་ཆུ་ཚན་དང༌། ཚྭ་སྒོ་ཅན་ཏེ་ཆུ་མེད་བ་ཚྭ་སོགས། ཚགས་སུ་ཚུད་དང་ཆུ་ཚགས་རྩམ་ཚགས་རིགས། ཡོད་པའི་ཚང་དང་མི་ཚངས་མི་གཙང་སྤྱོད། ཆེ་ཆུང་ཚད་དང་དཔག་ཚད་ཡོད་ཚད་དང༌། ཚང་ཚིང་འཁྲིག་ཅེས་ནགས་ཚལ་སྟུག་པོའི་བརྡ། ཚབ་ཚན་ཚན་ཆབ་ཚན་གྱིས་ཁྲུས་གསོལ་ཞེས། སྨན་དང་དྲི་བཟང་སྦགས་པའི་ཆུ་གཙང་བཞེད། ཚན་ཆེ་ཚན་ཆུ་གྱོང་ཚབས་ནད་ཚབས་ཆེ། ཚབ་ཚུབ་ཚར་ཚར་དངར་མངར་གྲལ་སྒྲིག་ཚར་བོང་ཤིང་དང༌། ཚར་འབྲུམ་ཚར་པའི་ཤིང་འབྲས་ཚར་བུ་ཞེས། སྐྲ་ཚལ་གོས་ཚལ་ཤིང་ཚལ་དུམ་བུར་འཇུག སྐྱེད་ཚལ་ནགས་ཚལ་ཚ་བོ་བུ་ཚ་མོ་དང༌། ཚད་ཐུར་ཚང་ར་ཚང་མང་མེ་ཁང་ངམ་མི་མང་ལ་ཚ་བ་གསུམ་སྒ་བི་ཕོ། ཚ་གདུང་ཚ་དྲོད་ཚངས་དབྱངས་ཚངས་སྐྲའི་སྤྱི་གཙུག་སྐུད་པ་དང༌། ཚད་མེད་ཚད་མ་རིག་པ་ཚད་ནད་དང༌། རོ་ཚ་ཁ་ཚ་ཚམ་རྔམ་་ས་ཡང་སྣང་ཚ་ཚོམ་མེད། ཚར་བཅད་ཚར་ཟིན་མགར་གྱི་ཚྭ་ཚྭ་དང༌། འོད་ཟེར་ཚྭ་ཚྭ་འཕྲོ་ཞེས་ཝ་ཟུར་ཅན། ཚ་གོང་སྔ་དྲོ་ཚ་རྟིང་སྔ་དྲོའི་རྟིང༌། སཚ྄་གདབ་དང་ཚན་དེ་ཚ་མོའི་མིང༌། ཚལ་ནན་བཏུང་བ་ཚར་ཕྱིན་མཐར་ཕྱིན་པ། ཚས་ཀྱིས་ཆགས་དམ་དཀྲི་བྱེད་ཚགས་དམ་དཀྲི།
ཚི༽ ཚིགས་མ་སྙིགས་མ་ཚི་བ་ཐང་ཆུ་སོགས། ཚིག་པ་ཟ་ཁྲོ་ཤིང་འབྲས་ནད་སྙིང་ལ། ཚིག་གུ་ཞེས་བྱ་ཚི་ཆད་ཡིད་ཆད་ངལ། གཏམ་གྱི་མེ་ཡིས་ཚིག་ཚིག་དང་ཚིག་བཤད་ཚིགས་སུ་བརྗོད། གཏན་ཚིགས་དུས་ཚིགས་ལྷུ་ཚིགས་སྨྱུག་མའི་ཚིགས། ཤ་ཡི་ཚིལ་དང་འདོད་དང་སྐོམ་སོགས་ཚིམ།
ཚུ༽ བསྟན་པ་ཚུགས་ཤིག་ཚུར་ནང་དུ་ཚུད། ཤ་ཚུགས་གདོས་ལུས་ཚུལ་ཁྲིམས་ཚུལ་གཞན་དོར་འཆོས་དང༌། ས་མཚམས་ཆུན་དང་ཕན་ཚུན་འབྲུ་ཚུགས་བལྟ། ཚུད་མོ་མཁན་ཞེས་བྱ་སྐོས་མཁན་མིང༌། གན་གྱིས་མི་ཚུགས་བསྐྱད་དུ་མི་ཚུགས་དང༌། ཚུར་རོལ་འདུག་ཚུལ་ཞལ་ཚུས་ལ་ཟས་དང༌། རྒྱལ་ཁ་ཚུར་ཐོབ་ཚུལ་བཞིན་ཚུལ་ལྡན་ཅན།
ཚེ༽ ཞལ་གྱི་ཚེམ་ས་ཡོད་ཀྱང་སྣང་དང་ཚེམ་གྲུབ་དུས་ཀྱི་ཚེ། ཚེས་གྲངས་ཚེས་ཀ་ཟླ་ཚེས་གསར་ཚེས་ལོ། ཚེ་རིང་ཚེ་སྒྲུབ་ཚེ་རབས་ཡི་གེའི་ཚེག ཕྲན་ཚེགས་ཚེར་མ་ཚེར་བཟུང་འཇབ་ཙེ་དང༌། ཚེམ་བུ་རྨོག་དང་ཚེམ་ཚེམ་གོ་ཁྲབ་སོགས།
ཚོ༽ ཞལ་ཚོམས་ཤོག་ཚོམ་སྨ་ར་རྣམས་དོན་གཅིག ཁང་པའི་ནང་ཚོམས་བར་བཅད་ཚོན་རྩི་དང༌། ཚོན་མོ་ཞ་ཉེ་ནོར་སྟོར་ཚོལ་བ་དང༌། ཚོ་བའི་ཤ་དང་ཚོམ་བུ་ཕྲ་ཚོམ་དང༌། ན་ཚོད་ལང་ཚོ་བཅུ་དྲུག་ནས་ཉེར་བཞི། ཚོགས་ཅན་ཞེས་སྨད་འཚོང་མ་དང་འདྲ། དུས་ཚོད་ཆུ་ཚོད་ཚོང་པ་ཚོད་བརྟག་བགམ། ཚོད་ཡོད་རྐྱེན་ཚོར་ཚོམ་རྔམ་ཚོགས་པ་འཚོགས། ཚོགས་འཁོར་བསྐོར་དང་མ་དཔྱད་ཐེ་ཚོམ་དང༌། ཚོས་ཀྱིས་ཚོས་ཚོས་ཤིག་སྡེ་ཚོ་ཚོ་བ་སོགས། གཉིས་པ་འཕུལ་ལ་མས་འཕུལ་འས་འཕུལ་གཉིས། དང་པོ་མས་འཕུལ་༼མཚ༽མཚན་མཚན་གཞི་སོགས་ཉིད་མཚན་དངོས་མེད་མ་མེད། མཚན་དངོས་པོ་བཅས་ཕྱོགས་མཚམས་ས་མཚམས་སྐྱོན་གྱི་མཚང༌། ལྷ་སོགས་མིང་མཚན་དང་འས་འཕུལ་ཡང་སྣང་མཚམས་མེད་ལྔ་ཡི་ལས། གཅན་གཟན་མཚའ་སྟེ་གསའ་དང་མེ་ལ་འཇུག མཚའ་ལུ་རྟ་སྟེ་སྤུ་དམར་དཀར་ཐིག་ཅན་དང་། ཁམ་པ་རྟིང་དཀར་བྱ་ཕོ་འཚའ་ལུ་བརྗོད། རྒྱ་མཚལ་མཛེས་སྡུག་མཚར་དང་ངོ་ཁྱད་མཚར་མཚར་ཆེ། མཚན་མོ་མཚན་དཔེ་བཟང་དང་རྟགས་མཚན་མ། ཕོ་མོའི་མཚན་མ་མཚན་ལྟས་བཟང་ངན་དང༌། མཚལ་མ་ཟས་བཟའ་རྒྱལ་མཚན་མཚན་བར་མོ་མཚན་ནད་བརྡོལ། མཚམས་སྦྱོར་མཚན་གཉིས་པ་སྟེ་མ་ནིང་དང༌། མཚམས་བཅད་བྱ་དང་གཅོད་བྱེད་མཚམས་སྤྲིན་ཅན།
མཚུ༽ འདྲ་མཚུངས་མཚུངས་མེད་མཚུངས་བྲལ་ཁ་མཚུལ་དང༌། ཕ་མེས་མཚུན་ལྷ་རུའི་བག་ཁང་པ་གམ་མཚུར་དཀར་ནག རུས་མིང་མཚུར་དང་མཚུར་ཕུ་ཡུལ་ཞིག་མིང༌།
མཚེ༽ མཚེ་མ་གཉིས་སྦྲེལ་མཚེ་འུ་མཚོ་ཆུང་སྔོ། མཚེར་མལ་གློ་མཚེར་ཁྱིམ་མཚེས་བྲག་མཚེ་སྣན་སོགས།
མཚོ༽ མཚོན་ཆ་མཚོག་མ་མགོར་ཡོད་མཚོན་བྱ་མཚོན། རྒྱ་མཚོ་ཆུ་མཚོ་མཚོ་སྐྱེས་མཚོ་ལྡན་མ། གཉིས་པ་འས་འཕུལ་༼འཚ༽འཚང་རྒྱ་ནོར་གྱིས་འཚངས། ནང་དུ་འཚངས་དང་འཛོམ་པའི་འཚག་རྒྱུ་ནོར་དམ་ཉར་ཚག་འཚག ཆུ་སོགས་འཚག་ལ་སྟོབས་འཚག་ལུས་མདངས་རྒྱས། སྐྱིན་འཚབ་དཔུང་གི་འཚབས་དང་བློ་རྟབ་པ་བྲེལ་བ་འཚབས་པ། བློ་དང་འཚམས་པ་དུས་དང་འཚམས་གང་པ་འཚམས་བཤད། ཕྱག་འཚལ་བྲོ་འཚལ་ནད་པ་ཆོག་ཤེས་བགྱིད་འཚལ། འཚལ་རྔམ་ཁྲོས་དང་ཐོ་འཚམས་གོང་དུ་མ་འཚལ་མ་ལྟོ། ལོངས་པའི་འཚོར་ཞེས་མཚར་དང་དོན་གཅིག་གོ།
འཚི༽ ཏིལ་མར་བཙིར་བྱ་བཙིར་དང་མེ་ཡིས་འཚིག
འཚུ༽ དུ་འཚུབས་མིག་འཚུབ་རླུང་འཚུབས་འཚུབས་ཆ་ཆེ།
འཚེ༽ རྒྱལ་བའི་འཚེངས་དང་ནོར་འཚེངས་འོད་མ་འཚེར་ཡང་སྣང་འཚེར་བ། གནོད་པས་འཚེ་དང་གོས་འཚེམ་སེམས་མས་འཕུལ་ཡང་ཡོད་འཚེར་ཞུམ་པ་བ། མི་འཚེར་མི་འཇིགས་འཚེར་སྐད་འཚེ་བ་མེད། འཚེད་གསར་གོས་ཟས་སོགས་པར་བྱེད་དང་ཟོང་འཚེད་ནང་དུ་འཚེད།
འཚོ༽ ཟས་འཚོད་འཚོ་བྱེད་སྨན་པ་སྲོག་འཚོའི་སྨན། བརྡེག་འཚོག་དུད་འགྲོ་འཚོ་དང་ལུས་འཚོ་བ། འཚོ་ཞིང་གཞེས་དང་སྟེགས་བུ་ངལ་འཚོ་བ། གདུང་འཚོབ་མུ་ཆོ་ལྟ་བུ་རྒྱལ་ཚབ་བརྡ། ཡོ་བྱད་འཚོགས་དང་ཕྱོགས་གཅིག་འཚོགས་པ་དང༌། གཡར་སྐྱིན་འཚོབས་ཤིག་ཕྱག་འཚོལ་སྐུལ་ཚིག་གོ། ཚོང་དུ་འཚོང་བྱེད་ནོལ་སོགས་འཚོལ་བར་བྱེད།
༼ཛ༽
བཅུ་དགུ་ཛ་ཡིག་འཇུག་པའི་མིང་གཞི་ལ། རྐྱང་དང་འཕུལ་རྩེག་གསུམ་སྟེ་དང་པོ་རྐྱང༌།
ཛ༽ ཛ་ལང་བྱ་སྤྱི་དང་གདུག་རྩུབ་ལ། ཛ་ཧུའི་བུ་མོ་དྲང་སྲོང་དང་ཆུ་བོ། ཛཱ་ཏི་སྨན་དང་རིན་ཆེན་ཤམྦྷམ་ལ། ཛ་རབ་སྣོད་བུམ་དང་ནི་མི་ཡ་རབ། ཛ་ཝོ་ཤིང་ནི་མཛོ་མོ་ཤིང་གི་དོན། ཛ་ཡ་གྲོགས་དང་རྒྱལ་བ་ཛསྟི་འཛབ། ཛྭ་དམར་ཛ་ལ་རཾ་ནི་འབར་བ་མེ། ཛཱ་ཏ་བལྟམས་པ་ཛམྦུ་ཆུ་བོ་དང༌། ཛ་རག་དངོས་པོ་སྤྱི་དང་མཆོད་རྫས་ལ། ཛཱ་པ་འཛབ་བཟླས་ཛཱ་རཿརིམ་པ་དང༌། ཛཱ་ཏཾ་རིགས་དང་ཛ་རས་སྐྱེ་བོ་དང༌། ཛ་ཏ་སྐྱེས་པ་ཛཱ་ལ་དྲྭ་བ་དང༌། ཛ་ཊི་སྐད་གཅིག་ཛ་མུན་ཊ་བསྟན་སྐྱོང༌། ཛ་ཟོན་ཐུན་ཟོན་ཛ་ཛ་དགྲ་བོ་དང༌། ཛ་ཝུ་རི་ནི་ཐག་པ་ཛྭས་ལག་རུབ། ཛ་གད་ཆང་དང་ཛ་ཁྲམ་སྔགས་ཀྱིས་བསྐོར།
ཛི༽ ཛི་ག་བརྡེག་པ་ཙམ་ལས་རྐྱང་འཇུག་དབེན། གཉིས་པ་འཕུལ་ལ་མ་དང་འ་གཉིས་ཏེ།
མཛ༽ དང་པོ་མས་འཕུལ་ཕྲིན་ལས་མཛད་པ་མཛད། མཐུན་པའི་མཛའ་དང་མཛའ་གྲོགས་མཛའ་བཤེས་དང༌། མཛའ་གད་ཆང་ཕུད་མཛངས་པ་མཁས་པ་དང༌། ཡ་རབས་མཛངས་པ་མཛའ་མོ་མཛའ་སྡུག་དང༌།
མཛུ༽ སོར་མོའི་མཛུབ་མོ་སྡིགས་མཛུབ་མཛུབ་ཚུག་ཁྲིད།
མཛེ༽ མཛེས་ལེགས་ལྡན་དང་མཛེས་སྡུག་ཤ་འཛེར་དང༌། མཛེར་འས་འཕུལ་ཡང་པ་མཛེ་ནད་མཛེས་མ་མཛེས་ཆོས་མཁན།
མཛོ༽ མཛོ་མོ་དཀོར་མཛོད་མཛོད་ཁང་མཛོ་མོ་ཤིང༌། རི་དྭགས་གསོད་ཁང་མཛོལ་ལམ་བརྡེག་ཁང་དང༌། མཛོད་དཔྲལ་བར་པུ་སྤུ་ཕྲིན་ལས་ཆོས་སོགས་སྒྲུབ་མཛོད་ཅིག
འཛ༽ གཉིས་པ་འས་འཕུལ་འཛམ་བུ་དྲིཀྵ་ཤིང༌། འཛམ་གླིང་ལྷོ་ཕྱོགས་འཛམ་བུའི་ཆུ་གསེར་དང༌། བསྙེན་འཛབ་བཟླ་འགྱུར་ཆུ་འཛག་ད་ལྟ་ཟད་པའི་འཛད་ད་ལྟ་བ། ཆུད་འཛའ་ཁྲོག་བརླག་འཛར་བ་བཟའ་བཏུང་དང༌། འཕྱང་བའི་འཛར་འདྲ་འཛངས་པ་ནོར་ཟད་དོན། འཛང་དཀར་འཛངས་པ་གཉིས་ནི་རྡོ་དཀར་ནག འཛག་འཛོག་དངོས་ཆས་དང་ནི་འཁྲུག་པ་ཡང༌། འཛམ་བུ་ཏི་བ་ཟས་ནི་ཞིམ་པོའི་བརྡ། འཛན་མོ་བསྒྲོད་བྱ་འཛན་ཕོ་སྒྲོད་བྱེད་མིང༌། འཛན་དཀའ་སྦྱོར་དཀའ་འཛབ་རིང་ཐུང་གོས་ཟེར།
འཛི༽ འཛིར་ལང་ཤིང་འཛུར་ལང་དང་འཁྲུག་པ་ལའང༌། རྡོའི་འཛིང་རྡོ་བཟང་སོ་ཁ་འདུ་འཛི་དང༌། ཕན་ཚུན་འཛིངས་དང་འཁོན་འཛིངས་ནགས་ཚལ་འཛིངས། འཛིམ་འཛིན་པའང་བུ་སྒོག་རིགས་ཟགས་པའི་འཛིར་བ་དང༌། ལག་པས་འཛིན་དང་རིག་འཛིན་བློ་འཛིན་བྱེད།
འཛུ༽ སྲོལ་དང་བསྟན་པ་ཤིང་སོགས་འཛུགས་པ་དང༌། སྣོད་དང་ནང་དུ་འཛུད་དང་བྱི་བྱི་འཛི་འཛུར་བཙུག ཞལ་འཛུམ་ཁུང་འོག་ཏུ་འཛུལ་བཟུར་བའི་འཛུར་བ་དང༌།
འཛེ༽ གྱེན་འཛེགས་རྡོ་ཡི་འཛིངས་ཞེས་མང་པོའི་དོན། སྣོད་འཛེར་འཛཻར་ཏོ་ཟེར་ཏོ་འཛེར་ནི་སྨྲ། ངོ་ཚ་སྡིག་འཛེམ་གཟེམ་ཀྱང་སྐད་འཛེར་ཤ་དཔྱད་འཛེར་དང༌། ཤིང་འཛེར་༼འཛོ༽སྣ་འཛོམས་དོན་འཛོལ་ནོར་འཛོལ་སོགས། གསུམ་པ་ར་མགོ་འཕུལ་མེད་འཕུལ་ཅན་གཉིས།
རྫ༽ དང་པོ་རྫ་མ་རྫ་རི་རྫ་དྲག་ཆེ། འདབ་རྫབ་རྫབ་རྫོབ་དངོས་རྫས་རྫ་རྔ་ཆེ་ཆུང་དང༌། རྫབ་མ་བོད་ཡིག་དམ་རྫས་མཆོད་རྫས་སོགས།
རྫི༽ སྣ་རྫི་གསང་མེན་རྫིག་བྱེད་རྩོལ་ཆེ་བ། ཕྱུགས་རྫི་མིག་གི་རྫི་མ་མིག་པགས་མཐའ་ཡོད་གཡེན་སྡེའི་རྫི། ཆུ་ཡི་རྫིང་བུ་རླུང་རྫིའི་རི་དྭགས་སོགས་ངད་པ་དང༌། དམུ་རྫིངས་ནད་དང་རྫབ་རྫུབ་ཡིད་མི་རྫིའུ་རྫ་ཆུང་འོང༌།
རྫུ༽ རྫུ་འཕྲུལ་ཆེ་དང་ཟོག་པོའི་རྫུ་མ་དང༌། མི་བདེན་རྫུན་དང་རྫུས་སྐྱེས་རྫུབས་པ་སྟེ། འདི་ལས་གཞན་མི་ཤེས་དོན་དང་བཟང་ངན་རྫུས། རྫུ་བག་ཅན་ཏེ་གཡོ་རྒྱུ་ཟོལ་ཟོག་གོ།
རྫོ༽ བྲག་རྫོང་མཁར་རྫོང་རྫོང་དཔོན་ཀུན་རྫོབ་དང༌། འགྲོ་རྫོངས་འདེབས་དང་རྫོགས་པའི་སངས་རྒྱས་དང༌། རྫོགས་བྱང་རྫོགས་ལྡན་རྫོག་རྫོག་མང་པོའི་དོན། ཆུ་སོགས་རྫོགས་ཕོ་ཡོངས་རྫོགས་རྫོགས་ཚིག་གོ། གཉིས་པ་འཕུལ་རྩེག་༼བརྫི༽དགྲ་བགེགས་འབུ་སོགས་བརྫིས། ཟན་སོགས་ཆུས་བརྫིས་གྲུབ་དང་བརྫི་འགྱུར་དང༌། གཞན་གྱི་མི་བརྫི་མི་ཐུབ་པ་ཡི་དོན།
བརྫུ༽ བརྫུས་སྐྱེས་བརྫུ་བྱ་གཞན་བརྫུས་བརྫུན་བཤད་པ།
བརྫེ༽ ཕུ་དུང་རལ་པ་གྱེན་དུ་བརྫེས་མཛེས་པའང་པ་དང༌།
བརྫོ༽ ནོར་བརྫོངས་གླུད་བརྫོངས་ནང་དུ་བརྫོངས་པ་སོགས། ཕལ་ཆེར་འདས་སྒྲ་དམིགས་བསལ་འགའ་མ་གཏོགས།
༼ཝ༽
ཉི་ཤུ་ཝ་ཡིག་རྐྱང་འཇུག་མིང་འགའ་ནི།
ཝ༽ ཝ་ཡེ་དམན་པའི་འབོད་སྒྲ་གཅན་གཟན་ཝ། ཝལ་ཝོལ་ཅན་གཟིག་ཝ་ལེ་ཡོངས་སུ་བཀྲ། ཆུ་ལམ་ཝ་དང་ཝད་ཡུག་འཛུམ་ཝང་ཝང༌། ཕ་ཝང་སྒམ་ཁྱེར་ཕ་ཝཾ་ལོང་བུ་རྡོ། ཕ་ཝོང་ཐང་ཁྱི་རྣམས་ནི་རྡོ་ཕ་བོང༌། གི་ཝཾ་སྨན་དང་ཝ་རིས་རྒྱ་མདུད་དང༌། ཨཱ་ཝ་རྩ་དང་ཝར་ལོང་སྙན་གོང་རྒྱན། ཝ་ལ་ཡ་ནི་ཨ་ལུང་ཝརྨ་ཁྲབ། ཝ་ཡ་ཁྱུད་མོ་ན་ཝ་བསྟོད་པ་དང༌། ཝང་ཡ་དབང་ལྡན་ཝག་ནི་ངག་ལ་འཇུག ཝ་རཱ་ཎ་སི་བདེན་བཞི་གསུངས་པའི་གནས། ཝ་ཏང་རྒྱ་ནག་སྐད་དེ་རས་ཆེན་རས། ཝ་འཕྱང་རམ་ཝ་ལམ་ཝ་དུད་ཁྲོད་ཅན། ཝ་ལ་ལ་ནི་མེ་སོགས་འབར་བའི་ཚུལ། པི་ཝཾ་སྟག་ལྤགས་གཟིག་ལྤགས་པགས་པའི་རིགས།
ཝུ༽ རྒྱ་མཚོའི་ཝུ་བ་ཆུ་ཡི་ལྦུ་བ་དང༌།
ཝེ༽ དྲ་ཝེར་ཐེའུ་རང་ཝེར་མ་སྒྲ་བླ་དང༌། ཝེར་རོ་རྒྱལ་པོ་ཝེར་མི་རྒྱལ་མོ་དང༌། ཝེག་ཞི་སྐར་མ་ཝེར་ཡ་རྒྱལ་བ་དང༌། ཝེར་རུ་མདའ་སྟེ་འཕུལ་རྩེག་སོགས་མེད།
༼ཞ༽
ཉེར་གཅིག་ཞ་ཡིག་སྒོས་ཀྱི་སྡེ་ཚན་ལ། རྐྱང་དང་འཕུལ་གཉིས་དང་པོ་རྐྱང་པ་ལ།
ཞ༽ གྱོན་པའི་ཞྭ་དང་ཡན་ལག་ཞ་འཐེང་ཅན། ཉིན་ཞག་ཞགས་པ་དམུ་ཞག་བཅུད་ཀྱི་ཞག ས་ཞག་འདམ་བུ་ཞག་གི་སོར་རིས་ཀྱང་ཟོ་རིས་དང༌། ཞང་པོ་ཨ་མའི་མིང་པོ་ཞབས་ཀྱི་དྲུང༌། ཁས་ཞན་སྟོབས་ཞན་ཞབས་པད་ཕྱག་དང་ཞབས། ཞམ་རིམ་སྐུ་ཡི་གཡོག་འཁོར་ཞབས་འབྲེང་ཡང༌། ཞལ་བ་འཇིམ་ཞལ་ཞལ་རས་བཞིན་རས་དང༌། ཞ་ལག་ཡན་ལག་ཞ་ལུ་རུས་མྱུ་གུའང་དང་ཡུལ། ཞར་ཡང་ནམ་ཡང་མིག་ཞར་ཞབས་ཏོག་ཞུས། ཞལ་འཚུས་ཞལ་ཟས་ཞལ་ལྕེ་རྒྱལ་ཁྲིམས་བཅད། ཞལ་བསྲོ་རབ་གནས་གཞི་ཚུགས་ཞབས་སུ་ཚུད། ཞབས་འབྲེང་རྗེས་འབྲེང་ཞར་ལས་ཞོར་ལ་དང༌། ཞར་བྱུང་ཡང་སྟེ་ཞལ་སྐྱིན་ངོ་ཚབ་དང༌། ཞལ་ངོ་ཞལ་གདོང་ཞལ་ནི་ཁའི་ཞེ་ས། ཞལ་བསིལ་ཞབས་བསིལ་ཁྲུས་ཆུ་ཞང་ཞུང་ཡུལ། ཞ་ཉེ་དྲག་ཞན་ཞད་ཙམ་ཅུང་ཙམ་འདྲ། ཞལ་ཏ་བ་སྟེ་བྱ་བ་བྱེད་པ་པོ།
ཞི༽ ཞི་བའི་ལྷ་དང་སྲིད་ཞིའི་འཁོར་དས་མིང༌། ཞིང་ཁམས་ས་ཞིང་ཞིང་པས་ཞིང་རྨོད་པ། ཞིབ་ཏུ་བཛད་དང་ཞིབ་བཏགས་ཞིབ་མོ་དང༌། ཟས་ཞིམ་ཞི་གནས་ཞི་དུལ་ཚིག་ཕ྄ད་ཞིག འཁྲུལ་ཞིག་རྟོག་མེད་ཤེལ་ཞིག་སོགས་ཞིག་པོ་བཅོ་བརྒྱད་སོགས། རྩིག་པ་ཞིག་རལ་ཞིབ་ཚགས་བཙགས་པ་དང༌། ཞིམ་ཐིག་སྔོ་སྨན་ཞིང་རི་ཟླུམ་པོ་དང༌། མིན་ཞི་ཕྱོགས་མེ་ཏི་ཞི་དངུལ་ལམ་གཡུ། ཁིར་ཞི་འོད་ཟེར་ཞིན་ནི་འཛིན་དང་འདྲ། འདི་རྣམས་ཞང་སྐད་བརྡ་ཆད་ཟུར་ཙམ་མོ།
ཞུ༽ ཞུ་བ་ཞུས་དང་ཞུགས་མེ་ཞུགས་མར་དང༌། ཞུམ་པ་མེད་དང་ཞུན་མ་གསེར་ཞུན་ལྟར། ག་ཞུར་རྟ་སོགས་བོན་ཆོས་སྒོ་རུ་ཞུགས། སྙོམས་པར་ཞུགས་དང་གཟའ་ཞུད་ཞུང་ཞག་ཁྱུང༌། ཏིང་ཞུང་ཁྱུང་སྔོན་ཞུགས་ཤང་ཤེལ་ཚིག་ཆང༌། ཞུ་མཁན་འོད་དུ་ཞུ་དང་ཞུ་ལུབ་བརྡུང༌། ཞུ་རལ་གོས་མཐའ་རལ་དོན་ཞུན་རྩེ་ཞེས། བྱུ་རུའི་མིང་དང་མར་ཞུ་ཞུགས་ཤིང་འབུད། ཞུབ་ཅན་གོ་གྱོན་ཞུབ་བུ་ནེ་ལ་དང༌།
ཞེ༽ ཞེ་གནག་ཞེ་འགྲས་ཞེ་སྡང་ཞེ་ས་དང༌། ཞེའོ་ཞེ་ན་ཞེ་གཅིག་ཞེ་གཉིས་སོགས། ཞེང་ཆེ་ཞེང་ཚད་ཆུ་ཞིང་གབ་ཅེས་མཉམ། ཞེན་ཆགས་ཆེ་དང་ཞེན་ལོག་ཞེ་ཁྲེལ་འཕྱ། ཞེ་བརྣག་ཡིད་བརྣག་ཡིད་བརྣག་ཞེད་ནི་བྲེད་པའི་དོན། ཞེར་འདེབས་དྲན་བསྐུལ་ཞེས་སོ་ཞེས་བྱ་བ།
ཞོ༽ ཞོགས་པ་སྔ་མོ་མདུན་ཞོལ་ཞོལ་བ་འབངས། ཞོད་ར་ཆར་ཞོད་ཐན་ཞོད་རྟ་སོགས་བཞོན་པ་ཞོན། ཞོར་ལ་བཟའ་སྟེ་འགྲོ་ཞོར་འདུག་ཞོར་ཞེས། སྣ་ཞོམ་སྐྱོ་མེད་ཞོ་ཤས་འཚོ་གླ་རྔན། ཞོ་ཤ་གསུམ་སྨན་ཞོལ་པོ་ལྷ་རྟེན་གཡག རྒྱུ་ཞོག་རྔ་ཞོལ་ཆེ་དང་ལས་འཕྲོ་ཞོག ཞོགས་ཀྱིས་འདེད་པ་ཆབ་གཅིག་དག་པའི་བརྡ། ཞོགས་མ་དུམ་རྩིག་པ་ཞོམ་པ་དང༌། མར་ལ་ཞོམ་དང་ཨོལ་ཞོལ་ཅན་ལ་སོགས། གཉིས་པ་འཕུལ་ལ་གས་འཕུལ་བས་འཕུལ་གཉིས།
གཞ༽ དང་པོ་དྲན་པ་ཉེར་བཞག་མཉམ་བཞག་དང༌། རླན་གྱི་གཞའ་བྱ་བ་དང་རྣམ་བཚག་གཏང་གཞག་དང༌། ལུས་ཀྱི་གཞང་ཁ་གཞང་འབྲུམ་གཞན་དག་དང༌། གཞན་དྲིང་མི་འཇོག་གཞན་གྱིས་ཐུབ་མིན་པ། གཞའ་ཚོན་བརྡ་རྙིང་འཇའ་ཚོན་དེ་ཡི་དོད། གཞན་འཕྲུལ་དབང་བྱེད་གཞམ་སྒོ་དྲན་བསྐུལ་དོན། གཞར་བ་ཉེ་མཐུན་གླུ་གཞས་གཞའ་བ་མགུ་བ། གཞར་ཡང་ཞེས་པ་སླར་ཡང་ནམ་ཡང་འདྲ། གཞབས་འཇབ་གཞའ་ཡིབ་གཞལ་བྱ་གཞལ་ཡས་ཁང༌། ནམ་གཞག་གཏན་ཕུགས་གཞལ་ཡང་ནམ་ཡང་དོན། གཞའ་གསང་གཡུང་དྲུང་ཕྲིན་ལས་སོགས་ཀྱི་བརྡ། གཞགས་པ་བརྒྱན་པ་གཞལ་མེད་དྲིན་ལན་ཚད།
གཞི༽ གནས་ཀྱི་གཞི་བདག་གཞི་གདག་གཞི་གཞི་རྩ་སོགས། བརྟག་གཞིག་མསམ་གཞིག་གཞིབ་པ་བཤབས་འཇིབས་གཅིག གཞིས་ཀ་དཔོན་བདག་གཞི་སྐུལ་ལྷུང་བཟེད་མིང༌། ཀུན་གཞི་རྣམ་ཤེས་ཉོན་མོངས་གཞིལ་འཇོམས་དོན། གཡང་གཞི་པགས་པ་གཞི་མ་སྟེགས་སོགས། ཕྱིར་གཞིལ་ཕྱིར་བཅིལ་གཉིས་གཉེར་གཞི་ཚུགས་སོགས།
གཞུ༽ མདའ་གཞུ་གཞུ་བདུད་ནང་གཞུག་བཅུག་པ་དང༌། གཞུང་དོན་གཞུང་ལུགས་ཡིད་གཞུངས་ཆོས་སྒོར་གཞུག གཞུར་དེ་མེད་ཅེས་གཞོམ་དུ་མེད་པའི་དོན། གཞུང་སྒཻར་གཟུངས་གཞུག་གཞུར་བརྡག་ཟུར་ཟའི་ཚིག མངག་གཞུག་ཕོ་ཉ་གཡོག་བྱེད་མདའ་གཞུ་ཐང༌།
གཞེ༽ གཞེས་ཉིན་གཞེན་འདེབས་གཞེན་བསྐུལ་བཏབ་གཉིས་པོ། གནད་ནས་བསྐུལ་དང་དྲན་པར་བྱེད་པའི་དོན། འཚོ་ཞིང་གཞེས་པ་བདེ་བར་བཞུགས་པའི་སྒྲ། གཞེར་པ་བསྟེན་པ་མནངས་གཞེས་བསྣམས་གཞེས་མཛོད།
གཞོ༽ གཞོན་ནུས་དགྲ་གཞོམ་གྲིས་གཞོག་དགེ་ལ་གཞོལ། ལུས་གཞོགས་གཡས་གཡོན་གཞོགས་སློང་ལོག་འཚོ་བའི། གཅིག་ཤོས་ནོར་རྫས་གཡོ་ཐབས་ཀྱིས་ལེན་དོན། མེ་ཡིས་གཞོབ་དང་གཞོགས་སྟེགས་ཆགས་པའི་ཕྱིར། སྒེག་ཆོས་བྱེད་དང་ཟུར་མིག་ངལ་སྟེགས་མིང༌། གཞོགས་འཕྱས་ཤེས་ངོར་འཕྱ་དང་གོང་པ་དང༌། གནོད་སྦྱིན་གཞོང་ཐོགས་གཞོངས་ཤེས་ཡུལ་ལྗོངས་མིང༌། གཉིས་པ་བས་འཕུལ་༼བཞ༽གནས་སུ་བཞག་པ་དང༌། གད་མོ་བཞད་དང་མེ་ཏོག་སོགས་ཁ་བཞད། བཞད་བྱ་འུག་པ་བཞའ་ནས་བཞབས་པ་དང༌། བཞད་དཀར་བྱ་རྒོད་ལུག་ཙམ་མཆུ་ལེབ་སེར། བཞམས་པ་ངག་འཇམ་བཞགས་པ་བརྒྱན་པ་སོགས། བརླ་ཤའི་བཞག་ཤ་བརླན་པའི་བཞའ་སྟེ་གཤེར། སྐྲ་བཞར་བཞམས་སྒོ་དྲན་བསྐུལ་བྱ་བའི་དོན།
བཞི༽ སྐར་མ་མེ་བཞི་གྲོ་བཞིན་བྱི་བཞིན་དང༌། ཆོ་ག་གང་གི་གསོམ་བཞིའི་ལས་དང་ནི། ཕོ་ལོང་རྒྱུ་སྒང་བཞིང་མཉམ་མཆུ་ཡིས་གཞིབ། དེ་བཞིན་ཉིད་དང་དབང་པོ་ཆེ་བཞི་དང༌། བྱད་ཀྱི་བཞིན་དང་བཞིན་རས་མཚུངས་སྒྲ་བཞིན།
བཞུ༽ མར་བཞུ་གདན་བཞུགས་ཁྲག་བཞུར་གྲི་ཡིས་བཞུར། ནོར་བཞུན་གཡོག་བཞུན་ཁ་ལ་ཉན་པའི་དོན། བལ་དང་སྐུད་པ་བཞུན་དང་འབྱོན་པའི་བཞུད།
བཞེ༽ གནས་ནས་བཞེངས་དང་ཐུགས་ཀྱི་དགོངས་བཞེད་དང༌། བཞེས་པ་བཞེས་དང་བཞེར་བརླན་གཤེར་རླན་བརྡ། བཞོ༽ བཞོན་མ་བཞོ་དང་བཞོས་ཟིནཤིང་སོགས་བཞོགས། རྟ་སོགས་བཞོན་པ་དྲི་བཞོན་རླུང་གི་དོན།
༼ཟ༽
ཉེར་གཉིས་ཟ་ཡིག་འཇུག་པའི་མིང་གཞི་ལ།
རྐྱང་དང་འཕུལ་དང་འདོགས་འཕུལ་གསུམ་དབྱེ་སྟེ། དང་པོ་རྐྱང་དངོས་འདོགས་གཉིས་དང་པོ་ལ།
ཟ༽ ཟྭ་ཚོད་ཟ་མ་ཏོག་ཅེས་པར་བུ་སྣོད། ཟ་མ་བདུན་བརྒྱ་ཉི་ཤུ་ཞེས་བྱ་བ། ལོ་གཅིག་ཉིན་མཚན་སོ་སོར་རྩིས་པའི་གྲངས། ཟ་ར་ཚག་ནི་འཕྱང་འཕྲུལ་ཟ་མ་མོ། ཟངས་ལྕགས་ཟང་ཟིང་ནོར་དང་སྟོར་བའི་ཟགས། བོར་ཟགས་ཆུད་ཟོས་དོན་གཅིག་མཆིལ་མ་ཟགས། ཟག་ཕུང་ཟག་མེད་དངོས་མེད་ཟད་པ་མེད། གང་ཟག་མེ་དང་གཏིང་ཟབས་ཟབ་མོའི་དོན། ཆུ་ཡི་ཟམ་པ་ཁ་ཟས་འབྲུ་ཟར་མ། དམར་ཟལ་བ་ཁྲ་ཟ་ཧོར་ཟ་ཟ་ཡུལ། ཟ་འགྲམ་སེག་བརྡར་སེག་ལེ་ཞང་སྐད་ཡིན། ཟང་ནི་རྐྱང་པ་སྒྲིབ་མེད་དོན་དུ་དང༌། ཟང་ཐལ་ཟང་ཀ་ཐོགས་མེད་སྟོང་ཉིད་བརྡ། ཟ་འོག་གོས་ཆེན་ཟན་གོང་ཟན་དྲོན་དང༌། ཟས་བཟའ་ཟས་བཙང་སྲས་ཏེ་ཐུབ་པའི་ཡབ། ཆར་སོགས་ཟ་མ་ཟིམ་དང་ཟལ་མོ་འབྲི། ཟ་ཕོད་ཆེ་ནི་ལྟོ་ཆེ་ཟ་འདྲད་ཁ། སྔ་ཟ་སྔ་བ་ཟ་ཁུ་གཅིན་སྙིའི་ནད། ཟངས་རྩི་བ་སྨན་ཟ་རྐོང་ནད་ཀྱི་མིང༌། བྱིན་ཟ་མེ་དང་ཟར་མའི་རས་རིགས་གཅིག
ཟི༽ སྦྲང་ཆར་ཟིམ་བུ་ཟི་ར་དཀར་ནག་འབྲུ། ཟི་ལ་རིན་རིགས་ཟིལ་དངར་བདུད་རྩི་དང༌། རྩྭ་ཡིལ་པ་ཟིན་ཏིག་དཀར་མོ་སྨན། ཏ་ཟིག་ནོར་གླིང་འོལ་གླིང་གླིང་ཕྲན་གཅིག མིག་གིང་ཟིམ་མེར་ལྟ་དང་ཟིལ་གྱིས་གནོན། སེམས་སོགས་ཟིན་དང་མ་ཟིན་ཟིར་ཟིར་སྒྲ། ཟིན་རིས་ཟིན་བྲིས་བརྗེད་བྱང་ཚར་བའི་ཟིན།
ཟུ༽ དཔྱི་ཡི་སྟ་ཟུར་མཚོན་ཕོག་ཟུག་རྔུ་དང༌། ཟུར་འདེགས་ཁ་སྐོང་ལྷན་ཐབས་ཟུར་བཟོས་མིང༌། ཟུར་མཁར་རུས་མིང་ཟུར་གསུམ་ཟུར་དུ་བཞགས། གཉིས་མིང་ཟུང་དང་ལུས་ཟུངས་ཡིད་ལ་ཟུངས། གྲི་སོགས་ཆང་ཟུངས་འཆང་ཟུངས་མཚོན་སོགས་ཟུགས། ཟུག་གཟེར་ཀྱི་ཟུགས་ཟུར་རླུང་དབང་པོའི་མིང༌། ཟུང་ང་གླང་པོའི་སོ་འདྲ་ཕུར་པ་ཡང༌། ཁ་ཟུམ་འཁོར་ཟུག་འཁོར་ཡུག་ཟུན་མཛའ་བཤེས། ག་ཟུང་སྡིག་རྭ་ཟུར་མིག་བལྟས་པ་དང༌།
ཟེ༽ ཆ་ཤས་སེག་མ་ཉག་མ་སྣོད་མ་ཟེད། འབྲུག་སོགས་ཟེ་བ་རྙིང་ལྷུང་སྙིགས་པའི་ཟེགས། ཟེ་ཚྭ་ཟེའུ་འབྲུ་སྐྲ་ཟེངས་དེ་སྐད་ཟེར། ཟེར་ཁྱིམ་གསེར་དམར་ཟེ་མོའི་སྒྲོ་བྱི་ཐུར།
ཟོ༽ ཟོ་མ་ཁོག་སྟོང་ཟོ་ཁམས་བདེ་མིན་དྲི། གཤིས་ཀྱི་ཟོ་བཟང་ལུས་ཟོ་ཡང་ལྗི་དང༌། བཞོ་ཟོ་ཟོག་པོ་ཆུ་ཟོམ་ཆུད་ཟོས་བཏང༌། རི་ཟོམ་ཤངས་ཀྱི་ཟོམ་དང་ཟོར་བས་བྲེགས། གཏོར་ཟོར་ཟོར་ལས་ཟོལ་ཟོག་གཡོ་སྒྱུ་ཅན། ཟན་ཟོས་ཟོ་དང་དམར་མིན་ཟང་རྒྱུ་ནོར། རྒྱུ་ནོར་ཚོང་ཟོང་དྭོགས་ཟོན་སྤར་ཁ་ཟོན། གཉིས་པ་ལ་འདོགས་༼ཟླ༽ཟླ་བ་ཟླ་རི་འདྲ། དོ་ཟླ་འགྲན་ཟླ་ཟླ་རྒྱས་གཡང་རྟེན་དང༌། ཟླ་ཕྲོམ་དཀར་གསུམ་ཧོར་ཟླ་ཟླ་གྲངས་སོགས། ཟླ་བོ་མཆེད་གྲོགས་ཟླ་གྲོགས་ཆུང་མ་སོགས། ཟླ་གམ་དབྱིབས་དང་ཟླས་དབྱེ་གྲོགས་ཀྱི་ཁྱད། ལ་ཟླ་དབྱིངས་བསྟིམས་༼ཟླུ༽ཟླུམ་པོ་གཤོས་ཟླུམ་སོགས།
ཟློ༽ མྱ་ངན་ལས་ཟློ་གཞན་ལ་སྨྲའམ་ཟློ། ཟློས་གར་གར་འཆམ་རྒྱ་སྐད་བོད་སྐད་སྦྱར། སྔགས་ཟློས་རྗེས་ཟློས་སླར་ཟློག་ཟློག་བྱེད་ཟློགས། གཉིས་པ་འཕུལ་ལ་གས་འཕུལ་བས་འཕུལ་གཉིས།
གཟ༽ དང་པོ་མདུང་རྩེ་ཚེར་རྩེ་གཟེངས་རིང་རྣོ། འདུལ་གོས་གཟན་དང་རྔུལ་གཟན་ཅན་གཟན་གཟན། སྒ་གཟར་གཟར་སྟན་གཟའ་གཏད་གཟའ་རཱ་ཧུ། ལེགས་གཟབ་ཕྲག་གཟར་དབང་གཟར་བླུགས་གཟར་དང༌། གཟགས་ནས་ཟད་དང་གཟར་བུ་རི་གཟར་ལོགས། གཟར་ཐག་ཅེས་པ་གོས་འགེལ་དཔྱང་ཐག་མིང༌། གཟས་པ་གང་ལ་གཟས་ཏེ་བརྣག་པའོ། བརྡེག་པར་བརྩམས་པའི་གཟས་དང་རྩྭ་གཟན་པ།
གཟི༽ གཟི་བརྗིད་གཟི་མདངས་གཟི་འོད་གཟི་ཁྲ་བོ། སྟག་གཟིག་གཅན་གཟན་གྲུ་གཟིངས་སྤྱན་གྱིས་གཟིགས། མགྲིན་པའི་གཟིངས་དང་མནལ་གཟིམས་གཟིམ་པར་བྱ། དམིགས་པས་གཟིར་དང་གཟིགས་རྟོགས་གཟི་བྱིན་འབར།
གཟུ༽ གཟུགས་བརྙན་གཟུགས་ཅན་གཟུགས་མེད་གཟུགས་སྒྲ་སོགས། གཟུང་མོ་བྱི་དུར་གཟུང་ཡུལ་གཟུང་འཛིན་དང༌། གཟུག་བྱ་འཛུགས་བྱེད་ལུས་གཟུགས་ཤ་གཟུག་དང༌། ལྷུ་གཟུག་གཟུངས་སྔགས་གཟུགས་ཐག་གཟུངས་སྡེ་དང༌། གཟུ་ལུམ་ཅན་དང་གཟུངས་མ་ཕྱག་རྒྱའི་མིང༌། དགེ་ལ་གཟུད་དང་འཛུད་བྱེད་བཙུད་ཟིན་དབྱེ། མི་བརྗེད་གཟུངས་ཏེ་མི་བསྙེལ་གཟུངས་སྤོབས་ཆེ། གཟུགས་འཚོང་སྨད་འཚོང་མ་སྟེ་གཟུར་དུ་གསེབ། གཟུར་ཐག་དཔྱང་ཐག་གཟུར་གནས་མཁས་པ་དང༌། གཟུ་བོར་གནས་དང་གཟུ་དཔང་དྲང་པོའི་མིང༌།
གཟེ༽ ཆུ་ཡི་གཟེགས་མ་གཟེ་མ་ར་མགོ་སྨན། གཟེར་ཟུག་སྣོད་གཟེབ་ཤིང་གཟེར་གཟེངས་བསྟོད་པ། གཟེག་ཆ་གཉོད་ཀ་འམ་ནི་ཕྲ་དངོས་ཆུང༌། སྐྲ་གཟེངས་གཟེན་མ་ཚེར་ནག་གཟེན་ལ་འདུས། གཟེད་ནི་གཟར་བ་གཟེགས་ཟན་མུ་སྟེགས་རིགས།
གཟོ༽ རྐོ་བའི་གཟོང་དང་གཟོད་མ་གདོད་མའི་དུས། ད་གཟོད་ཕྱིས་དུས་ཆུད་གཟོས་རྣར་གཟོན་གཟན། གཉིས་པ་བས་འཕུལ་༼བཟ༽བཟའ་བ་ཟས་ཀྱི་དོན། བཟའ་མི་བཟའ་དུ་བཟའ་ཚང་ན་བཟའ་གོས། དཔོ་བཟའ་རྒྱ་བཟའ་པོད་བཟའ་མོ་རིགས་བཟའ། བཟང་ཤིང་ར་བ་བཟང་པོ་མི་བཟད་གཏུམ།
བཟི༽ ཆང་གིས་བཟི་དང་༼བཟུ༽ལག་པས་བཟུང་བ་དང༌། ལོགས་སུ་སྐུ་བཟུར་ལས་ལ་གཟུད་པ་དང༌། བཟུང་བྱ་ཚུལ་བཟུང་ངེས་བཟུང་རྗེས་སུ་བཟུངས།
བཟེ༽ ལྷུང་བཟེད་སྣོད་བཟེད་བཟེད་ཞལ་གཟེངས་ཅན་ཞེས། དྲང་སྲོང་མིང་སྟེ་བཟེ་རེ་བཟོད་སྲན་ཆུང༌།
བཟོ༽ ལྷ་བཟོ་བཟོ་བོ་ཤིང་བཟོ་ལ་སོགས་རིགས། བཟོད་པ་མི་བཟོད་སྲན་ཆུང་བཟོ་རིག་པ།
བཟླ༽ གསུམ་པ་འཕུལ་འདོགས་བཟླ་བྱའི་སྔགས་སོགས་བཟླས། མྱ་ངན་བཟླ་དང་བཟླས་ཟིན་ལ་བཟླ་བཟླས།
བཟླུ༽ དབྱེན་བཟླུམ་མ་མཐུན་བསྡུམ་པ་དོན་གཅིག་བརྡ། མ་བཟླུག་མ་དྲིས་༼བཟློ༽བཟློ་བ་སྐྱར་བཟློས་སྨྲ། བཟློག་བྱ་བཟློགས་ཟིན་ཕྱིར་ལ་བཟློག་པ་སོགས།
༼འ༽
ཉེར་གསུམ་འ་ཡིག་འཇུག་པའི་མིང་གྲངས་ལ།
འ༽ འ་ནི་གཙོ་མོ་འ་འུ་གཙོ་རྗེས་འཛིན། འ་ཅག་ངེད་ཅག་འ་བུ་འ་འུར་གཉིས། གློ་བུར་དོན་དང་འལ་འོལ་སབ་སོབ་དང༌། ཚིག་ཕྲད་འམ་དང་འང་སོགས་༼འི༽འི་དང་ནི།
འུ༽ འུ་ལག་འུར་སྒྲ་འུར་བྱེའུ་དང༌། འུར་བ་ཚག་པ་འུད་གཏམ་འུད་པོ་ཆེ། ཞེས་ཏེ་རྫུན་པོ་ཆེ་དང་འུབས་སུ་ཆུད། འུག་པ་འབྱུང་བྱ་འུ་ཅག་འུར་རྡོ་འཕེན། འུང་ནས་འདི་ནས་འུ་ཤ་འབྲུ་བཙོས་ཁུ། འུ་སུ་སྨན་དང་འུང་སྟེ་འོན་སྟེ་འདྲ། འུར་ཏིང་འོན་ཀྱང་འུང་ཏེང་ཡང་འུང་ཤུགས། གའུ་དཔལ་བེའུ་ལེའུ་རྡེའུ་ཆུང༌། སྤྲེའུ་བེའུ་གོའུ་ཏ་མ་དང༌། ཀོའུ་ཤི་ཀ་ཀེའུ་ཚང་རྨེའུ་རུས། འུར་འུར་ཚུབ་ཚུབ་འུ་ནི་རུས་ཆེན་གཅིག
འོ༽ འོ་མ་འོལ་ཚོད་འོན་ཏང་འོན་ཀྱང་འདྲ། འོ་ན་འོར་བ་བོར་བ་འོར་ནད་དང༌། འོད་དཔག་མེད་དང་འོག་མིན་འོ་བ་ཡོད། འོར་འགའ་རེ་འགའ་འོན་ཅིག་བྱིན་ཅིག་དང༌། བྱོན་ཅིག་སྟོན་ཅིག་འོ་ནི་འདི་ནི་དང༌། འོད་མ་ཤིང་དང་འོར་ཏེ་མ་གཏོགས་པ། འོལ་མོ་གནས་དང་འོ་འཛིན་ནུ་མ་དང༌། འོལ་ལ་གཡེན་ཁམས་འོ་བྱེས་འོ་དོད་འབོད། འོག་ཕྱོགས་འོང་དང་མ་འོངས་འོད་ཟེར་འཕྲོ། རྣ་བ་འོན་དང་འོག་པག་སྐ་རགས་བརྡ། ར་བའི་འོབས་དང་འོ་སྐོལ་རང་རེ་ཅག སྲོག་ཆགས་འོབ་དང་འོམ་བུ་ཤིང་གི་རིགས། འཐད་པའི་འོས་འཚམས་མི་འོས་འོལ་བ་བྱ། འོ་གཡོ་རྒྱཁྱི་དང་ནི་ཁྱི་ཕྲུག་ལ། འོ་ཀོན་དཀར་ཕྲོམ་འོས་པ་གཅེར་བུ་པ། འོ་གཟེ་བྱ་བ་སྒྲིམ་མྱུར་ཆ་ལུགས་མཛེས། འོལ་ཁ་དཀར་སེར་མདངས་མ་གསལ་དང་ཡུལ། འོལ་ཡང་དཔེར་ཡང་འོག་གཟུ་ཚོགས་པ་དང༌། འོན་ཅིག་ལན་གཅིག་ཐོངས་ཤིག་གམ་བྱོན་ཅིག འོལ་སྤྱི་སྙན་སྤྱི་འོད་པ་ཤྭ་འོད་དང༌། འོན་སེང་ཕག་ཉན་འོལ་མ་མཆིས་ཤེས་པ། སྤྱོད་པའི་ཡུལ་དུ་མ་གྱུར་འོ་སེ་ཤིང༌། འོག་འགྱུར་རང་འཁྲུལ་ཞིབ་མང་མ་ཟིན་དོན། འོལ་རྐ་ཆུ་རྐ་འོམ་མ་དབྱི་མོང་ཤིང༌། འོལ་ཆེ་སྐུ་དྲིན་ཆེ་སོགས་འོག་ནན་ཞེས། ཐོག་མ་ལ་འོ་འོ་རྒྱལ་མེད་པ་སོགས།
༼ཡ༽
ཉེར་བཞི་ཡ་ཡིག་སྡེ་ཚན་རྐྱང་པ་དང༌། འཕུལ་དང་གཉིས་ལ་དང་པོ་རྐྱང་པའི་སྡེ།
ཡ༽ ཡ་རབས་ཡ་མེད་ཡ་བཀྵར་སྨན། ཡ་མ་བརླ་སྟེ་སྙིང་པོ་མེད་པའི་དོན། ཡང་ལྗི་རྒྱ་ཡངས་འབྱམས་ཡས་རྒྱ་ཡན་དང༌། ཁ་ཡན་འཕྱན་གྱི་ཡན་དང་ཚིག་རྒྱན་ཡང༌། ཡས་མས་ཡར་མར་མཐའ་ཡས་ཡན་ཆད་དང༌། ཡགས་ཁ་ཤིས་ཚིག་ཆ་ཡ་ཡར་འབྲོག་ཡུལ། ཡ་ལད་རལ་གྲི་ཡ་རུ་བེའུའི་གོ། ཡས་སྟགས་འདོད་རྫས་འཇའ་སོགས་ཡལ་ལམ་མེད། ཡ་བ་རླུང་དང་ཡ་ཙ་མདུང་རལ་གྲི། གད་མོ་ཡལ་ཡལ་འཛུམ་དང་ལེགས་སམ་ཡགས། ཡལ་གམ་གཡར་དམ་ཡམ་ཤིང་སྦྱིན་སྲེག་ཤིང༌། ཡག་པ་ཡབ་བྱེད་ཡ་མན་སྔོན་སྐྱེས་ཤི། ཡམས་ནད་འོག་ནད་ཡ་ག་སྐྱོན་ཚིག་བརྡ། ཡ་གྱལ་ཟླ་བོ་མེད་དང་ནད་ཡ་མ། ཡ་ཡོར་ཐག་སྤུར་བར་མེད་སེང་སེང་བ། ཡབ་ཆ་དགོས་ཆས་ཡལ་འཇུག་རྒྱལ་བཅུག་པ། རྔ་ཡབ་རྡུལ་ཡབ་ཡཀྵ་གཙང་དག་དང༌། ཡཀྵ་གནོད་སྦྱིན་ཡ་ལག་སྐྱེས་ཕོ་མཚན། ཡ་ཡ་ཟུང་ནི་ཆ་འགྲིག་མེད་པའི་དོན། ཡ་མཚན་ཆེ་དང་ཡ་ང་ཡ་ཡོ་མེད། ཡ་གད་ཡ་རྐན་ཡང་དག་ཡང་ཡང་བརྗོད། ཡང་ན་ཡང་ཐོག་ཡང་སྲིད་ཡན་ལག་དང༌། ཡང་སོས་དམྱལ་ཁམས་ཡབ་ཡུམ་ཡལ་འདབ་དང༌། ཡལ་བར་མ་དོར་ཡམ་ཡོམ་ཆུ་སོགས་འཁྱོམས།
ཡི༽ དམ་དམ་ཡི་རང་ཡིད་ཆད་སྒྱིད་ལུག་པ། ཡི་མུག་ཡི་གེ་ཡི་དྭགས་ཡིད་སེམས་ཡིན། ཕག་ཏུ་ཡིབས་དང་དབྱིབས་སུ་ཡིབས་སུ་འདྲ། ཡིད་ཀྱི་ཤིང་རྟ་བསམ་པ་དང་འདོད་ཆགས། ཡིད་གཅུག་ཡིད་མཐུན་ཡིད་བཅགས་ཡིད་འཇོག་དོད། ཡིད་བཞིན་ནོར་བུ་ཡིབ་མ་ཉམ་ཐིང་མིང༌། ཡི་ག་འགག་དང་ཡིད་གང་ཡིད་རྟོན་པ། ཡིད་གཉིས་ཐེ་ཚོམ་ཡིག་འབྲུ་ཡིག་མཁན་དང༌། ཡིད་དུ་འོང་དང་ཡིད་དབྱུང་སུན་ཕྱུང་བ། ཡིད་སྲུང་འདོད་ལྷ་ཡིད་སྲུབས་ཡིད་བརྟན་མེད། ཡིན་ནམ་ཡི་ཆེས་ཡི་མི་ཆེས་པ་སོགས།
ཡུ༽ གྲི་སོགས་ཡུ་བ་ཁོར་ཡུག་སྒོར་མོའི་མིང༌། མ་ཡུམ་ཡུང་བ་སྒ་སེར་ཡུངས་དཀར་ནག ཡུན་རིང་ཡུད་ཙམ་ཆུ་ལམ་ཡུར་བ་དང༌། གཉིད་ཡུར་རང་ཡུལ་ཡུས་ཀ་བརྡར་བ་དང༌། ཡུ་བུ་རང་རེ་གུ་གུ་ཤིང་ནི་སྨན། ཡུགས་ས་མོ་དང་ཡུགས་ནི་བྱུགས་པའི་བརྡ། ཡུ་བོ་རྭ་མེད་བུ་ཡུག་ཁར་ཆར་འཚུབས། ཤ་བ་ཡུ་མོ་གདུང་བའི་ཡུས་ཆེ་བ། ཡུ་མོ་སྲོལ་གང་ཡུ་མོ་མདེའུ་འབྱིན་སྨན། ཡུག་པ་རྐང་པ་ཡོབ་ཡོབ་ཡུལ་ལྗོངས་ཞིང༌། ཡུངས་འབྲུ་ཡུངས་མ་ཡུ་ཤ་འཐུང་ཐུག་པ།
ཡེ༽ ཡེ་ཤེས་ཡེ་དག་ཀ་དག་ཡེ་གདོད་མ། ཡེ་འབྱམས་སྟོང་ཉིད་ཡེ་མཁྱེན་རྩིས་མཁན་མིང༌། ཡེལ་འཕྱོས་ཟུང་འཇུག་ཡེ་ཙེ་ཁྲ་སྔོན་མོ། ཡེ་འབྲོག་ཐོར་ཤོར་བདག་དང་ཡེ་ཡེར་གནས། ཡེ་ཡོད་ཡེ་མེད་ཡེ་ནི་ཐོག་མའི་མིང༌། ཡེ་གྲོལ་ཡེང་མེད་ཡེངས་སུ་འཇུག་པ་དང༌། ཡེ་ལེ་སྤྱན་གཅིག་བག་མ་མགོ་གཙང་མ། ཡེར་པ་གནས་དང་ཡེང་པ་མགོ་དགུ་བདུད།
ཡོ༽ ཡོ་ཀ་ཐམས་ཅད་ཡོ་མ་རྟ་ལ་འཇུག ཡོགས་ཀྱི་རྒྱལ་པོ་དབྱེན་ཁམས་ལ་ཡོག་དང༌། ཁ་ཡོག་དབུ་ཡོག་བྱུང་དང་ཡོངས་སུ་རྫོགས། ཡོ་བྱད་རྫས་དང་ཡོངས་འདུས་ས་རྟོལ་དང༌། ཡོངས་སུ་དག་དང་ཡོན་ཏན་འབུལ་བའི་ཡོན། སྒ་ཡི་ཡོབ་དང་རྐང་པའི་ཡོབ་གོང་རྩ། ཡོན་པོར་ཡོ་ཡོམ་ཡོས་བུ་རི་བོང་དཀར། ཡོལ་ཀོ་སྣོད་དང་ཡོག་མོ་སྔོ་ལྡུམ་སྨན། ཡོལ་ཆེན་ཐོད་ཞལ་ཡོ་ལང་བྱེད་པ་དང༌། ཡོ་ཕྱི་ཁོང་ཡངས་རྒྱ་ཆེ་སོགས་ལ་འཇུག ཡོ་འབོག་སྨན་ཤིང་ཡོགས་པ་གཡོགས་པ་དང༌། འོས་པའི་ཡོང་དང་ཡོད་མེད་ཡོད་ཡེ་ཞེས། ངེས་པར་དང་ནི་རྣམ་པ་ཀུན་ཏུ་བརྡ། མི་ཡོག་པ་སྟེ་མི་ཁེབས་པ་དང་འདྲ། ཡོས་བརྡོ་ཡོངས་འཇོམས་ཡོངས་མང་མིང༌། ཡོན་བདག་རྒྱབ་ཡོལ་ཡོལ་བ་ཕྱུག་ནད་ཡོར། ཡོངས་དམར་ཇ་མིང་ཡོབ་ཡོབ་གཡོབ་པ་སོགས། གཉིས་པ་གས་འཕལ་༼གཡ༽ཕྱ་གཡང་དཔལ་གཡང་དང༌། གཡར་ཁྲལ་དཔྱ་ཁྲལ་གཡའ་མ་སྒོག་རིགས་དང༌། གཡམ་པ་རྡོ་དང་གཡམ་ནི་གཡམ་རྒྱུག་དོན། གཡར་ངོ་བླང་ཞེས་བཅོལ་བའི་ངོ་བླངས་པ། གཡབ་མོ་དར་སོགས་གཡབས་དང་གཡུག་དང་འདྲ། བསིལ་གཡབ་གཡབ་མོས་གཡབས་འབྲོང་ངམ་གཡག གཡའ་སྒ་གཡའ་མཚམས་ཞེས་པ་སྐེ་མཆན་སོགས། གཡན་པ་ནད་མིང་གཡང་ས་སྐྱི་གཡའ་བ། གཡན་དགབ་ཅེས་པ་འདུལ་བའི་གོས་ཤིག་མིང༌། གཡང་ཟ་ཀླད་ཡུ་འཁོར་དང་ནོར་གཞན་གཡར། ཟངས་སོགས་གཡའ་སྟེ་བཙའ་ཞན་གཡས་ཀྱི་ཕྱོགས། གཡར་ལམ་མདུན་དང་གཡར་ཁམས་སྐུ་ཁམས་དང༌། གཡར་ཚ་ངོ་ཚ་གཡང་དཀར་ལུག་གི་མིང༌། གཡར་འདྲེན་སྤྱན་འདྲེན་གཡའ་ཀྱི་གཡའ་མོ་ཐང༌། གཡར་དམ་དམ་བཅའ་གཡའ་བྲེའུ་རིན་ཆེན་རྡོ། གཡར་མོ་ཁ་གཡར་སྣན་གྲགས་གླལ་བའི་གཡལ། གཡང་གཞི་པགས་པ་ཤར་བུ་མདའ་གཡབ་སོགས།
གཡི༽ གཡི་ལྤགས་དབྱིའང་གཡིགས་བུ་སྐྱིགས་བུ་འདྲ།
གཡུ༽ གཡུ་འབྲང་བདུད་རྩི་རིན་ཆེན་གཡུ་ག་ལྗང༌། གཡུང་དྲུང་གཡུལ་གཤོམ་གཡུལ་རྒྱལ་འཁྲུག་ལས་རྒྱལ། འབྲས་བུ་གཡུར་ཟ་སྨིན་དོན་གཡུང་དྭགས་ནོར། གཡུང་བ་ཞན་པ་གཡུང་མོ་རིགས་ངན་མ། གཡུར་རམ་གཉིད་ཡུར་བློ་ཡིས་བཏང་སྟེ་གཡུག
གཡེ༽ གཡེང་བ་མེད་དང་རྣམ་གཡེང་སྲེད་ལ་དགའ། གཡེམ་ལ་དད་དང་གཡེན་ཁམས་གཡེན་སྡེ་དང༌། གཡེན་བོན་སོ་གསུམ་ལོག་གཡེམ་སྲེད་ཆགས་ལས། བུད་མེད་གཡེམ་མ་གཡེལ་བ་མེད་པ་དང༌། གཡེར་མ་ཤིང་འབྲས་གཡེར་ཤིང་བ་ཡང་ཤིང༌། གཡེར་པོ་མཁས་གྲིམ་སྡར་པོ་སོགས་ལ་འཇུག ཁ་གཡེལ་སྙན་གྲགས་གཡེལ་ནི་གྲགས་པ་ཆེ། གཡེར་སྤྱོད་ཅོ་འདྲི་བྱེད་དང་དྲིལ་གཡེར་ཁ། གཡེན་སྤྱོ་སྡང་བ་བསྡིགས་པ་ཅོ་འདྲི་འཇུག གཡེ་སྟེ་གྲོང་ལས་འདོམ་ནི་ལྔ་བརྒྱ་ཕན།
གཡོ༽ གཡོན་སྤྱོས་བསྡིགས་པ་ཟས་གཡོ་གཡོས་འདས་བསྐུལ། གཡོན་མོ་བུད་མེད་གཡོ་སྒྱུ་བྱ་བྱེད་མང༌། མི་གཡོ་བསམ་གཏན་གཡོ་གཡོས་འདས་སྐུལ་ཚིག གཡོག་འཁོར་གཡོན་ཕྱོགས་གཡོ་ལྡན་གླིང་གཡོག་མིང༌། སྟོད་གཡོགས་སྒྲིབ་གཡོགས་གཡོར་མོ་གྲུ་འཛུགས་དར། རླུང་གཡོར་མིག་གཡོར་གཡོར་པོ་ཡུལ་གྱི་མིང༌། གཡོབ་བྱེད་དར་དང་ཕྱི་གཡོགས་ཞོར་སོགས་གཡོར།
༼ར༽
ཉེར་ལྔ་ར་ཡིག་དབང་བའི་མིང་གཞི་ལ། རྐྱང་པ་འདོགས་འཕུལ་གསུམ་ཡོད་དང་པོ་རྐྱང༌།
ར༽ ར་ལུག་རྭ་དང་རྭ་ཅོ་རྭ་སྒྲེང་ཡུལ། ར་མ་ཎ་དང་ཁང་པའི་ར་བ་དང༌། རབ་མཆོག་རབ་འབྱམས་རབ་ཏུ་རག་ཤ་ཕྲེང༌། སྐྱེས་རབས་སྔ་རབས་རྒན་རབས་ཚར་རབས་དུ། རབ་རིབ་མིག་ནད་རཀྵ་སྲིན་པོ་དང༌། རབས་ཆད་རགས་རིམ་རགས་པ་ཆེ་བ་སྟེ། རས་ཡུག་དར་དང་རམ་འདེག་གྲོགས་པོ་དང༌། ར་ཙེ་སེ་སྟེ་རི་དྭགས་རྣ་བའི་དང༌། ར་ཆོད་ཐུབ་ཆོད་ར་རོ་ཆང་གིས་མྱོས། རན་པ་ལྕུགས་ཕྲན་རང་བཞིན་རང་ཉམས་དང༌། ར་མདའ་རན་ཙམ་ཐ་རམ་ན་རམ་རྩྭ། ར་དུག་སྨན་ཏེ་ར་གན་ཟངས་སེར་མིང༌། རང་འཐག་འཆིག་དང་རག་ལུས་རག་ལས་འདྲ། ར་ཛ་རྒྱལ་པོ་ར་ཙ་ཞང་ཞུང་སྐད། རམས་ཚོས་མཐིང་ག་རལ་ཀྱུ་རལ་གྲི་དང༌། རངས་པོ་ཐམས་ཅད་ར་མོ་ཤག་ར་མཉེ། ཨ་རམས་རང་ཆགས་ཕན་ཚུན་མཐའ་བཅོམ་པ། རལ་གུ་བེར་གོས་བཙུན་མོའི་སྐུ་སྲུང་འཇུག རས་མ་གོས་རས་སྟག་རས་གཟིག་རས་སོགས། རམ་ཕྱིས་སྣག་བུམ་རལ་ཅོག་རལ་པ་ཅན། ར་ཡིག་གཉིས་པ་སྦྲང་བུ་ཡི་རངས་པ། རང་ཉིད་རང་རིག་རབ་བྱུང་ལ་སོགས་མང༌།
རི༽ རི་མ་ར་བ་རི་ཟམ་རི་རྩེ་སྟེ། རི་རྐང་རི་ཕྲན་རི་སུལ་རི་ཡི་གཤོང༌། རི་འོར་མཐའ་འཁོར་གྱི་ནི་གྲོང་བ་དང༌། རིན་རི་རི་སྐྱེགས་རི་སྐེགས་བྱ་ཡི་རིགས། རི་མོ་འབྲི་དང་འཇའ་རིས་རིམས་རིམས་ཀྱིས། རིགས་རྒྱུད་རིགས་གཏོགས་རིགས་དྲུག་རིས་དྲུག་བརྗོད། རིས་མེད་རིས་ཆད་ཡུལ་རིས་མངའ་རིས་ཞིང༌། ལུས་རིད་སྐམ་པ་རིང་ཐུང་མྱུར་བའི་རིངས། རི་རབ་རི་ངོགས་སྐུ་རིམ་རིང་ལུགས་སྐྱོང༌། རི་དྭགས་ཚོང་ཟོག་རིན་དང་རིན་པོ་ཆེ། རིལ་བུ་རིལ་བ་ལྷུང་བཟེད་རིགས་སྔགས་དང༌། རིལ་པོ་ཐམས་ཅད་རང་སེམས་རིག་པ་དང༌། རིམ་བཞིན་གོ་རིམ་རིམ་གྲོ་བཀུར་སྟེི་སྟེ། རིམས་ནད་རིམ་པར་བརྗོད་དང་རི་ཁྲོད་འགྲིམས། རིག་གནས་རིགས་ལྡན་རིང་བསྲེལ་རིགས་འགྲེའོ།
རུ༽ རུང་དང་མི་རུང་དགྲ་བགེགས་མུན་པ་རུབ། ལས་ལ་རུབས་དང་རྨ་ཁ་སོས་སམ་རུབ། རུམ་དུ་ཉལ་དང་རུག་པ་སྒོག་པའི་མིང༌། རུ་པ་གཟུགས་མིང་ཆུ་རུག་པ་སྔོ་སྨན། རུ་རྟ་སྨན་དང་རུས་པ་རུས་སྦལ་དང༌། རུས་ཀྲང་ཤ་མེད་རུས་པ་ཀྲང་ངེ་བ། རུས་ཚོ་པུས་མོ་རུ་སྐྱ་གྲུབ་འདེད་བྱེད། རླུང་གཡོར་སོགས་འཇུག་ད་རུང་ད་དུང་འདྲ། རུ་ཏྲ་ལོག་ལྟ་ཤ་རུལ་སོགས་བརྙིངས་པ། རུ་དར་ཕྱར་དང་རུས་ཁུས་ཟ་བ་སྟེ། གཏུམ་པོའི་དོན་དང་རིགས་རུས་ལ་སོགས་མང༌།
རེ༽ རེ་བ་འགྲུབ་དང་དེ་འདྲ་རེད་གདའོ། ཤིང་ལྟར་རེངས་དང་ཐོ་རེངས་སྐྱ་རེངས་ཤར། རེག་བྱ་འཇམ་རྩུབ་རེངས་ནི་བརྒྱལ་བའི་བརྡ། ལས་སོགས་རེམས་ཤིག་རེ་རྐོན་རེ་རལ་སྨན། རེང་བུ་བར་མོ་མི་རེང་ཕོ་རེང་དང༌། རེ་ཁ་རེའུ་མིག་རེ་ལྟེ་ཅི་ཙམ་ཐོགས། རེགས་ཏེ་བྲེགས་པ་རེག་ཟིན་ཟིན་རིས་དང༌། རེ་རྨ་བུད་མེད་རེ་ལྡེ་རེ་བ་བྱེད། རེ་ཞིག་རེས་འགའ་རེ་མོ་རེ་རེ་ཙམ། རེ་གྲོན་མེད་ཅེས་རེ་བ་ཆུད་མི་ཟ། རེའུ་ར་ཡི་བུ་དང་སྤོས་རེངས་སྤར། རེག་པ་རེ་གཅིག་རེ་གཉིས་ལ་སོགས་འགྲེ།
རོ༽ རོ་ཞིམ་ཤི་རོ་རོ་བྲོ་རོག་ལ་སྦྱིན། གཅོང་རོང་གནས་དང་ལྟོ་བ་ཕག་མིང་སོགས། རོད་པ་གོས་མིང་སེར་བ་རོམ་པོ་དང༌། ཕུག་རོན་ཕ་རོལ་རོལ་དུ་ཁྲིད་ཅེས་རྗེས། ང་རོ་སྐད་བརྡ་རོ་མ་སྙིགས་མ་སྟེ། རོ་མྱག་འདམ་རྫབ་རོ་ཙ་ཁུ་འཕེལ་དོན། རོག་པོ་ཁ་དོག་རོག་འཇོམས་སྔོ་སྨན་རིགས། རོལ་མོ་འཁྲོལ་དང་རོ་ཉེ་ཞ་ཉེ་ནག བུ་རོག་རོག་མ་ཤ་མ་རྣམས་དོན་གཅིག རོ་གཅིག་གཉིས་མེད་ཐབས་ཤེས་རོལ་པ་སྦྱོར། རོལ་རྩེད་བྱེད་དང་རོ་འཛིན་ལྕེ་ལ་བརྗོད། རོལ་མཚོ་བདུན་དང་རོ་ལངས་རོ་རྐྱང་དབུས། གཉིས་པ་ལ་འདོགས་༼རླ༽ཁ་རླངས་ས་ཆུའི་རླན། རླབས་ཆེ་བྱིན་རླབས་རྦ་རླབས་རྡུལ་དུ་རླག རླག་མོས་བུད་མེད་རླམ་ཁྱེར་ཧམ་ཁྱེར་དང༌། རླམ་པ་ཧམ་པ་རླ་རླུག་མ་ནིང་རྟགས། རླབ་རྡོལ་ལུང་དུ་མ་བསྟན་ལས་སྤྱོད་དོ།
རླི༽ རླིག་པ་རླིག་འབྲས་རླིབས་པ་རྒྱ་ཆེའི་དོན། རྐྱལ་བའི་རླིད་བུ་རླིང་ཞེས་དལ་ལྷོད་མིང༌།
རླུ༽ རླུགས་ནི་ཟས་མ་ཞུ་སྟེ་སླར་སྐྱུགས་པ། རླུང་འཚུབས་རླུབས་པ་ལུག་པ་རླུང་ལྷ་སོགས།
རློ༽ སྐམ་རློན་རློམ་སེམས་རྡུལ་དུ་རློག་ཅིག་བརྗོད། བྱིན་གྱིས་རློབས་ཤིག་ལ་སོགས་རྐྱང་འདོགས་སྡེ། གསུམ་པ་འདོགས་འཕུལ་༼བརླ༽བྱིན་གྱི་བརླབ་བྱ་དང༌། བརླབས་ཟིན་གདོན་གྱི་བརླམ་དང་བརླམས་ཟིན་འདས། བཅོམ་བརླག་ཡུལ་མིང་བརླང་པོ་རྩུབ་མོ་སྟེ། བརླ་བརྙན་སྣོན་པ་ཐལ་བར་བརླག་བྱ་དང༌། ཆུ་ཡི་བརླན་དང་བརླང་ཚིག་བརླང་སྤྱོད་གཉིས། རྩུབ་པའི་སྒྲ་འོ་རྐང་པའི་བརླ་ཤ་དང༌། བརླམ་ཁྱེར་དར་སོགས་བརླབ་ཅིང་བསྐྱོད་པ་དང༌།
བརླི༽ དུལ་བའི་བརླིང་སྤྱོད་༼བརླུ༽བྲོ་བརླུགས་གྲོགས་པོ་དང༌། བརློང་བ་ལ་སོགས་བས་འཕུལ་འདོགས་རའི་སྒྲ།
༼ལ༽
ཉེར་དྲུག་གསལ་བྱེད་ལ་ཡི་སྡེ་ཚན་རྐྱང༌།
ལ༽ ཁྲིམས་ཀྱི་ལ་བོ་ཆེ་ཞེས་ས་མཚམས་མིང༌། ལྭ་བ་གོས་མིང་ལ་ལ་འགའ་རེ་དང༌། ལ་འུར་མྱུར་དུ་ལ་ཕུག་ལག་གཡས་གཡོན། ལག་ངར་ལག་འགྲོ་ཀླུ་དང་རྒྱ་ལག་ཕྱད། ལ་ཀྵ་རྒྱ་སྐྱེགས་སྙིགས་མ་ཞེ་སའི་ལགས། ཡོད་པའི་ལགས་དང་ལྡན་ལགས་ཞེས་བྱ་ལགས། ལང་ཚོ་བ་ལང་ཡར་ལངས་ལང་ཐང་རྩེ། ལག་ལྡན་ལན་ཆགས་ལད་མོ་བྱ་བ་དང༌། ལབ་ཙེ་ལ་ཁའི་འགྲོ་ལམ་ལར་ཡར་སྤྱིར། ལ་ལར་ལས་ཀྱི་འབྲས་བུ་ལས་བྱེད་པ། ལ་བཟླ་ལ་རམ་སྟག་དང་སྲེ་མང་ལ། ལ་གོར་ལ་མོད་ལག་ཉ་སྟེར་མི་མེད། ལ་གཅན་པ་སྟེ་ལ་ཡི་ས་ཚུགས་མིང༌། ལ་རྒྱ་སྲོལ་བཟང་ལ་ཉེ་པྲ་མཚན་བརྟག ལ་ལ་ཕུད་སྨན་ལག་ཏུ་མ་ལག་ཞ་དང༌། ལ་འུ་དར་གོས་ལ་གེ་དེ་བཞིན་སྒྲ། ལ་ཏུ་ལབ་ལོབ་ལབ་མིང་ལན་ཀན་ནི། ཁ་ཁྱེར་པུ་ཤུད་སྟེགས་བུ་སོགས་ཀྱང་མཚུངས། ལག་རྔུབ་མགྱོགས་པ་ལག་ལྡུམ་མཁྲིས་ནད་མེད། ལག་ཤོད་ཐག་མཁན་དང་ནི་སྒྲོམ་བུ་འདྲ། ལས་ཀ་བྱེད་དང་ལག་སྦྲེང་སློང་མོ་བ། ལག་ཉལ་བརྒྱ་བྱིན་ཕྱག་མཚན་ལ་དང་ལུང༌། ལ་སད་ནེ་བེར་སྟག་ལ་མེ་འབར་མཚན། ལན་གླན་ལན་ལྡོན་ལན་རྒྱབ་ལན་བོན་འདྲ། ལན་གཅིག་ལན་གཉིས་སོགས་དང་ལན་སྤྲད་པ། ལན་ཚྭ་ལན་ཕྲན་ལན་བུ་སོགས་སླས་པ།
ལི༽ ལིང་པ་རྔོན་པ་བློ་ཡིས་ལིངས་ཀྱིས་བཏང༌། ལིང་ག་ཕོ་མོའི་རྟགས་དང་སྤར་ཁ་ལི། ལི་ཡུལ་ཤིང་ཏོག་ལི་དང་ལི་ཤིའི་སྨན། ལི་སྡེར་ལི་གྲི་ལིང་ཙེ་ལི་ག་དུར། ལི་ཁ་ར་དང་ལིག་བུ་མིག་ནི་རྡོ། ལིང་པོ་ཆེ་ནི་དམག་གི་གོ་བྲན་པ། ལིག་ཤི་ཝེར་ནི་ཛ་ཏིའི་མེ་ཏོག་རིགས།
ལུ༽ གློ་ལུ་ལུད་པ་ལུས་ཟིན་སྣོད་ཁ་ལུད། ལུ་མ་མཚེའུ་ལུགས་སུ་བླུག་པ་དང༌། ས་ལུད་ར་ལུག་ལུགས་སྲོལ་གྲུབ་མཐའི་ལུགས། ལུང་བསྟན་རི་ལུང་ལུང་ནོད་ཐུ་ལུམ་ལྕགས། ལུམས་བྱེད་ལུམྦུའི་ཚལ་ནི་རྒྱ་ཡུལ་ཡོད། ལུག་མུར་ལུག་རུ་དམར་སེར་ལུག་ངལ་སྨན། རྗེས་སུ་ལུས་དང་ལུང་ཐང་ཤིང་འབྲས་ཕྲེང༌།
ལེ༽ ལེ་བརྒན་དམར་སེར་གུར་གུམ་མདོག་ལ་ཟེར། ལེའུ་གློན་ལེན་བོར་ལེ་ལག་ལེ་ཚན་འདྲ། ལེགས་སྦྱར་ཁྲུས་ཤེས་རྩ་སྡོང་ལོ་འབྲས་ཁྲུས། ལེགས་མཛེས་སྲེད་ལེན་ལག་ལེན་ཉམས་སུ་ལེན། ལེ་གུ་ལྷ་གསས་དཔོན་དང་ལེབ་མོ་དབྱིབས། ལེ་འུར་ཚོ་ཚོ་བྱས་མིང་ལེ་ལོ་གཡེང༌།
ལོ༽ ལོངས་པ་ཚུལ་འཆོས་སྒེག་ཆོས་དག་གི་བརྡ། ལོང་ཁོམ་མེད་དང་ལོ་ཆུན་ཆུན་པོ་བསྡམ། ལོ་ཐོ་རྒྱལ་པོའི་དཔྱ་དང་ལོང་གཏམ་མང༌། ལོག་སྐྱེས་ནུ་མ་ལབ་ལོབ་ཚིག་ཉོག་ལོབས། ལོ་ཀ་འཇིག་རྟེན་ལོ་བཙན་བྱ་རྐང་པ། ལོ་མ་ལོ་འདབ་ལོག་ལྟ་ཕྱི་ཅི་ལོག ཟུར་གྱི་ལོགས་ཤིག་གྱོན་ལགས་ལག་ཏུ་ལོངས། ཞབས་ཀྱི་ལོང་བུ་ལོངས་སྤྱོད་བུ་ལོན་སོད། མིག་ལོང་ལོས་སོ་མད་དང་ལོ་ཏོག་རྒྱས། བྱ་བ་ལོད་དང་གཏེར་སོགས་ལོན་མ་ལོན། ལོ་ཆུས་ལོ་དུས་ལོ་ཐོ་རི་ཐུའི་མིང༌།
༼ཤ༽
ཉེར་བདུན་ཤ་ཡིག་སྡེ་ཚན་རྐྱང་འཕུལ་གཉིས།
ཤ༽ དང་པོ་རྐྱང་པ་མང་ཚིག་ཤ་སྟག་དང༌། ཤ་བཟའ་མཁའ་འགྲོ་ཤ་ཁྲག་ཤྭ་བ་རི། ཤ་མཁོན་ཤ་གཟུགས་ཤྭ་བུད་ཆུ་གཤའ་རྒྱུགས། ཤང་ལང་ཤང་དྲིལ་སྨན་སྡེ་རུས་ཆེན་ཤང༌། ཤག་འགྱེད་ཏིང་ཤགས་ཤངས་སྣ་ཤང་ལན་ནི། བདུད་རྩི་གངས་ཤམ་པ་ཡིན་ཤང་ལང་གྲི། ཤང་ཤང་བྱ་དང་སྲོག་གཅོད་ཤན་པ་དང༌། ཤན་ཕྱེ་ཤན་འབྱེད་ཤམ་ཐབས་ཤར་གྱི་ཕྱོགས། ཤལ་མ་ལི་སྡོང་གྲྭ་ཤག་ཤ་རྭི་རམ། ཤ་ཡ་ཞང་སྐད་བཤགས་པ་ལི་ཤག་དང༌། ཁ་ཤག་རྒྱ་ཤག་ལྒམ་ཤག་ལ་སོགས་མང༌། ཤན་མ་གྲུ་གཟིངས་ཤག་པོ་ཤ་རིའི་བུ། ཤ་རི་དབུ་ཆེན་ཤང་ཙེ་དྲག་པོའི་རྫས། ཤ་མོང་སྤང་རྡོལ་ཤ་འགག་གོས་དཔུང་ཟླུམ། ཤ་ཆགས་བླར་ཡོད་ཤ་ཀོན་ཁ་མཁོན་འདྲ། ཤ་འབལ་སྟ་རེ་ཤ་རི་རི་སྐེགས་བྱ། ཤ་གཅིག་ཡིད་མཐུན་ཆ་ཤས་ཉུང་ཤས་ཙམ། ཤང་ཧབ་དབང་ལག་སྙན་ཤལ་ཤག་སོ་སྙན། ཤྭ་འོད་གློ་བུར་ཆུ་བྱུང་ཤབ་ཤབ་གཏམ། ཤ་སྨེན་སྨེ་བ་ཤན་ཏེ་མ་ཁ་དྲག ཤ་ར་བྷ་ནི་སེང་གེ་རྐང་བརྒྱད་མིང༌། ཤང་ཀ་ཤི་ལ་རིན་པོ་ཆེ་ཡི་རིགས། ཤས་ཆེ་ཁ་ཤས་ཤ་བཀྲ་པགས་པའི་ནད། རི་དྭགས་ཤ་བ་ཤ་ཕོ་རུ་རྟ་སྨན། ཤམྦྷམ་ལ་སྟེ་རྟག་གཟིགས་འོལ་མོ་གླིང༌། ཤ་མཚན་ཤ་ནའི་རས་དང་ཤཱཀྱའི་རིགས། ཤར་བུ་མདའ་ཡབ་ཉི་མ་ཤར་བ་སོགས། ཤར་གྱི་ཐིག་ལེ་ཟླ་མིང་ཤ་མ་ནི། བུ་རོག་ཕྲུ་མ་ཤ་ནའི་མེ་ཏོག་སོགས།
ཤི༽ ཤིང་ཀུན་ཤིང་ཚ་ཤིང་མངར་ཤིང་དྲུང་དུ། ཤིག་གིས་ཟོས་དང་མི་ཤིགས་ག་ཤིག་ཏུ། ཤིད་ཟན་ཤིང་ཏོག་གཤིན་པོའི་དགེ་རྒྱག་དོན། ཤིན་ཏུ་བདེ་སྐྱིད་ཤིན་ཏེ་མ་སྙིགས་མ། ཆུད་ཟ་ཉམས་དང་མཐུ་ཆུང་སོགས་ལ་འཇུག བི་ཤི་སྲང་བར་ལམ་དང་འདར་ཤིག་ཤིག ཤིམ་ཤ་པ་སྟེ་ཨ་ཀ་རུའི་མིང་གྲངས། ཤིང་ཐགས་ཁ་ཁྱེར་ལན་ཀན་ཅོག་གི་མིང༌། ཤི་ཤིན་མུ་ལ་དྲན་པ་ནམ་མཁའི་མཚན། ཤི་བི་ཀ་ནི་རོ་ཁུར་བ་ཡི་ཁྱོགས། བཀྲ་ཤིས་ཤིས་བརྗོད་དགེ་ཞིང་ལེགས་པའི་དོན། ཤི་བ་ཤི་ཟིན་ཤིང་མཁན་ཤིང་རྟ་བ། བྱེའུ་ཤིང་རྟ་མོ་དང་ཤིམ་ཤིམ་ཞིམ།
ཤུ༽ ཤུན་པ་བཤུ་དང་སོང་ཤུལ་དྲག་ཤུལ་ལས། རྨ་ཤུ་ཤུ་བ་ཤུབ་བུར་སྒྲ་མེད་པ། གྲི་ཡི་ཤུབ་སོགས་ཤུག་པ་ཤུགས་དྲག་པོ། ཤུ་བྷཾ་བསོད་ནམས་དགེ་ལས་ཤུ་དག་སྨན། ཤུག་ཧུལ་གླལ་བ་ཤུལ་བ་འགྱེལ་ཞིག་མིང༌། ཤུར་བུ་སྐ་རགས་ཤུགས་སམ་སྟོབས་ཤུགས་ཆེ།
ཤེ༽ ཤེ་སྐྱ་ཐུགས་རྗེ་ཆེ་དང་ཤེ་ཐུན་སྙིང༌། ཤེ་མོང་སྟོབས་ལྡན་ཤེའུ་ཤ་ཕྲུག་སྐྱེ། ཤེད་བུ་ཤེད་བདག་ཤེད་ཅན་ཤེད་ལས་སྐྱེས། ཤེ་མུན་ནམ་མཁར་མུན་པ་གཏིབས་པ་དང༌། ཤེས་ལྡན་ཤེས་རབ་ཤེལ་རྡོ་ཤེལ་ཀ་ར། ཤེལ་ཏལ་པ་སྟེ་སྒྲོན་ཤིང་ཐང་ཆུའོ། རྣམ་ཤེས་ཡུལ་ཤེས་ཤེན་ཏེ་ལ་ངན་པ། ཤེད་མཐུན་གྲོགས་པོ་ཤེས་བྱ་ཤེལ་སྒོང་སོགས།
ཤོ༽ ཤོ་ལོ་ཀ་དང་ཤོ་འགྱེད་ཤོ་རྡེལ་དང༌། ཤོ་གམ་པ་སྟེ་ཡུལ་གྱི་ས་ཚུགས་པ། ཤོམ་ར་གྱིས་དང་གཡོ་ཤོམ་འཐབ་ར་བཅའ། ཤོ་ཚུགས་སྲོལ་ཚུགས་ཤོ་རེ་ཁ་ཤོ་འདྲ། ཤོག་བུ་ཤོ་མང་ཚུར་ཤོག་ཤོང་མི་ཤོངས། གཏམ་ཤོད་ཅིག་དང་ཤོན་འཁྲབ་ཅིག་ཤོས་དང༌། ཆེ་ཤོས་ཆུང་ཤོས་ཤོར་བ་སྐྱ་བདུན་བདུད། ཤོལ་མོ་འབྲི་མིང་ཞལ་ཤོབ་རྩེད་མོ་རྫུན། སྟེང་ཤོད་ཤོན་པ་མྱུར་བ་ཤོལ་ལྷག་པོ། གཉིས་པ་འཕུལ་ལ་ག་བ་གཉིས་ཡིན་ཏེ།
གཤ༽ དང་པོ་རོལ་མོ་གཤང་དང་གཤགས་འབྱེད་པ། དུམ་བུར་གཤགས་དང་འགབ་ཀྱི་གཤམ་མམ་མཐའ། ཆོས་ལུགས་གཤའ་མ་ཡང་དག་ཡིན་དུ་གཤའ། གཤའ་ཚེ་མོ་གཤམ་སྔགས་ཀྱི་གཤམ་བུ་གདགས། མ་གཤའ་མི་འོང་དར་གཤམ་དར་ཤམ་དང༌།
གཤི༽ གཤིན་རྗེ་གཤིན་པོ་ཞིང་ས་གཤིན་པོ་དང༌། ཐུགས་རྒྱུད་མཉེས་གཤིན་བྱམས་དང་འཇམ་པའི་དོན། མི་གཤིས་གཤིབས་དང་མཁར་སོགས་གཤིག་པར་བྱ།
གཤུ༽ གཤུང་བ་དངོས་སྐྱོན་བརྗོད་དང་གཤུ་བར་བྱ།
གཤེ༽ གཤེན་རབ་མཆོག་དང་གཤེན་རབ་སེམས་དཔའི་སྡེ། གཤེན་ལྷ་གཤེན་གཤེན་བོན་གཤེན་གཤེན་བསྟན་རྒྱས། བདེ་གཤེགས་དེ་བཞིན་གཤེགས་དང་གནས་འདིར་གཤེགས། གཤེ་བསྐུར་སྨད་ཕབ་གཤེ་བར་བྱེད་ཁ་འཐབ། ཤི་གཤེད་བརླན་གཤེར་༼གཤོ༽བྱ་གཤོག་ཤིང་སོགས་གཤོག སྤང་གི་གཤོངས་དང་དམའ་བའི་གཤོང་བུ་ཁུང༌། ཡུར་བའི་གཤོར་དང་བྲེ་དང་འཕྲང་ལ་གཤོར། དབུ་སྐྲ་གཤོར་དང་འཁྲིག་གམ་གཤོས་པ་དང༌། ཆུས་གཤོ་ཐང་གཤོལ་གཤོལ་མདའ་འཛིན་སོགས་སོ།
བཤ༽ གཉིས་པ་བས་འཕུལ་བོན་ཆོས་གཏམ་སོགས་བཤད། བཤམས་ཟིན་འཕྲང་དང་བྲེ་ལ་བཤར་བ་དང༌། བཤང་ལམ་གཤང་ལྕི་ཆུས་བཤལ་བསད་པ་བཤས། བཤའ་བྱ་བཤའ་བྱེད་བཤའ་ཚེ་ཞ་ཉེ་དཀར། སོ་སོར་བགོ་བཤའ་དུམ་བུར་བཤགས་ཟིན་པ། བཤན་པས་བཤལ་དྲུད་ནད་བཤལ་སྦུབས་འཚངས་བཤངས།
བཤི༽ མཁར་བཤིག་༼བཤུ༽ཡི་གེ་བཤུར་མ་མེ་ལ་བཤུར། རྒྱལ་བཤུལ་བཤུད་སྒྲ་ངུ་བའི་བཤུམ་བཤུམས་ཟིན། ཀོ་ལྤགས་བཤུས་ཟིན་བཤུ་བྱ་བཤུག་གླུག་འདེབས།
བཤེ༽ མཛའ་བཤེས་བཤེས་གཉེན་གཉེན་བཤེས་དགེ་བའི་བཤེས། བཤེར་བལ་བྱེད་དམ་གཏམ་གྱི་གཏུག་བཤེར་བྱེད།
བཤོ༽ བཤོ་བ་གཡོ་འདར་ཡིད་སོགས་བཤོས་པ་དང༌། ལྷ་བཤོས་བཤོས་ཟན་སྣོད་བཤོར་ཕྱི་བཤོལ་བཏབ། བཤོལ་ཟླ་ལྷག་པོ་ལ་སོགས་བས་འཕུལ་ཤའོ།
༼ས༽
ཉེར་བརྒྱད་ས་ཡིག་སྡེ་ཚན་རྐྱང་འདོགས་འཕུལ།
ས༽ གསུམ་ལ་དང་པོ་དོག་མོའི་ས་གཞི་དང༌། ས་བཅུ་ལམ་ལྔ་ས་ལམ་ས་བོན་དང༌། ས་ལེ་སྦྲམ་གསེར་སང་ཉིན་དེང་སང་དུས། སངས་རྒྱས་ཧར་སངས་གཉིད་སད་རིག་པ་སད། སམྦུ་ཊ་སྟེ་རྒྱུད་དང་སྤྱད་ཆ་ལ། ས་འཛིན་ལྷུན་པོ་ས་རི་ས་ག་སྐར། ས་ལུ་ལྗང་འབྲས་ས་གཤིན་ས་འཇམ་པོ། ས་ཡ་གྲངས་དང་སར་མི་བང་ཕྱིན་མི། སག་ཐག་མདའ་གཞུ་ཐོགས་དང་སད་སེར་སད། སད་ནེ་གའུ་སར་བུ་གསར་པ་དང༌། སག་རམ་རྩི་སྔོན་ས་ཞག་ས་སྒོ་ཅན། ས་མྱག་དབྱར་དུས་ཆུ་འཁྱིལ་ཤུལ་ཆགས་ས། ས་ཕག་ཕ་གུ་ས་དགའ་ཀུ་མུ་ཏ། ས་འབྲུ་བ་ནི་བྱ་ར་བ་ཡི་བརྡ། ས་ཧོར་ཟ་ཧོར་ཡུལ་འདྲ་ས་ལེ་གསལ། ས་བཅད་ལེའུ་ས་བླ་ས་འོག་དང༌། ས་སྲོས་མུན་རུབ་ས་སྐྱོང་རྒྱལ་པོ་དང༌། ས་སྐྱ་ཡུལ་མིང་ཉམས་སད་ཁ་སབ་པ།
སི༽ སི་ལ་སྤོས་རིགས་སི་ཏ་བུད་མེད་དང༌། སིངས་པོ་ཆང་ཐ་བདེ་བས་སིམ་པ་དང༌། སི་ཏི་དངོས་གྲུབ་སིདྡྷི་དེ་བཞིན་ཤེས། སིནྡྷཱུ་ར་ནི་ས་དང་མཁའ་འགྲོའི་མཚལ། སི་རག་རིན་རིགས་སིབ་ཀྱིས་ཐིམས་ཟིན་དང༌། སེང་ལྡེང་ཤིང་དང་སིབ་སིབ་ཆར་སོགས་འབབ། སིལ་སིལ་སྒྲ་དང་སིལ་སྙན་སིལ་ཁྲོལ་སྒྲ།
སུ༽ སུ་ཞིག་སྤྱི་སྒྲ་སུག་སྨེལ་སུག་པ་སྨན། སུག་པ་ལག་པ་སྐྱོ་བའི་སུན་པ་དང༌། སུམ་པ་སྡོང་དང་ཡུལ་མིང་མངོན་སུམ་པ། སུན་འབྱིན་སུན་ཕྱུང་སུམ་ཅུ་ཕུན་སུམ་ཚོགས། སུརྱ་ནད་དང་སུལ་མང་གོས་ཨ་རུ། ལུང་པའི་སུལ་དང་རི་སུལ་མདུན་སུས་ཤིག ཁ་སུམས་ཤིག་དང་ས་ཏུ་བཅོས་པའི་ཆང༌། སུན་མདོ་སུམ་ཆ་སུམ་རྩེན་ལྷ་ཡི་མིང༌།
སེ༽ སེ་མོ་དོ་དང་སེ་རལ་ཁ་དང་སེམས། སེམས་དཔའ་སེམས་ཅན་སེར་བ་སེ་དུག་ནད། སེ་འབྲུ་སེ་བའི་མེ་ཏོག་སེ་གོལ་གཏོགས། སེན་མོ་སེང་གེ་སེང་གེ་འཇིགས་མེད་སྔོ། ཡིད་ལ་སེམས་དང་དབུལ་སེལ་སེ་ཡབ་སྨན། མུན་སེལ་ལྷ་སེལ་ལ་སོགས་སེལ་གྱི་རིགས། སེག་རྡར་སེང་རས་རས་སྲབ་སེར་སྣ་ཆེ། བལ་སེད་སེ་ཏོ་ཞང་སྐད་ཁང་པའི་མིང༌། སེར་ཁ་ཅན་དང་སེལ་པོ་ཆག་པོའི་བརྡ། སེར་ཅན་གཤེར་ཆེ་སེང་མ་ལན་ཀན་མིང༌། སེ་རུལ་གྱང་རྙིང་སེ་རལ་སོགས་ཆགས་མ། སེང་ཁྲོམ་སྨན་སྡེ་སེར་པོ་སྤྲོ་སེང་ངེ༌།
སོ༽ སོ་པས་སོ་བཙུགས་སོ་བསོད་དལ་ལམ་སྐྱེད། འབྲུ་ཡི་སོ་བ་ཞལ་སྭོ་སོར་མོ་དང༌། སོག་པ་སོག་ཀ་བ་སྨན་སོག་པོའི་ཡུལ། ཡར་མར་སོང་དང་གདུང་སོབ་གདུང་འཚོབ་ཟེར། བཀུམ་བྱ་སོད་དང་ཁ་སོབ་ཡིད་ལ་སོམས། སོམ་ཉི་ཐེ་ཚོམ་སོམ་ཤིང་ཐང་ཤིང་རིགས། སོས་ཀ་དུས་དང་སོ་ཆ་འཁྲུད་པའི་སྨན། མེ་བུས་སོལ་བ་སེག་ལེ་སོ་ནམ་བྱ། ལག་ཏུ་སོན་འབྱོར་སོ་ཕག་སོ་བཏང་བ། སོ་མ་གསར་པ་སེག་སོར་བྱེར་བ་དང༌། སོ་གཅིག་གྲངས་སོགས་སོར་རྟོགས་ཡེ་ཤེས་དང༌། དམྱལ་ཁམས་སོ་ཐམ་པ་དང་སོ་ཐར་གདམས། སོ་མ་ར་ཛ་ཆུ་སྨན་སོ་མཚམས་དབྱེ། སོག་མ་འཇག་མ་ནད་སོས་རྒྱུ་ནོར་སོགས། གཉིས་པ་འདོགས་ལ་ར་ལ་གཉིས་ཡིན་ཏེ།
སྲ༽ དང་པོ་ར་འདོགས་སྲ་བརྟན་སྲད་བུ་དང༌། རྟ་སྲབ་སྲན་མ་འབྲུ་རིགས་སྲ་བའི་མཚོན། སྲ་མཁྲེགས་ས་རྡོ་རྒྱལ་སྲས་སྲ་འབྲས་སྨན། སྲང་ཉག་ལམ་སྲང་གོས་སྲབ་སྲམ་ལྤགས་དང༌། སྲག་པ་བྱ་དང་སྲ་རྐྱང་འདིང་བ་སོགས།
སྲི༽ སྲི་ཞུ་སྲིད་པ་སྣང་སྲིད་སྲིན་བྱ་དང༌། སྲིད་པོ་སྲིན་བུ་སྲིའུ་ཆུང་སྲི་སོགས། སྲི་ལ་མུག་པ་སྲིང་མོ་སྲིབས་དང་ཉིན། སྲིད་སྒྲུབ་སྐྱ་བསེང་བུ་ལྔའི་ཡ་གྱལ་མིང༌། རྒྱང་དུ་སྲིངས་དང་སྲིད་ཀྱི་རིང་ཐུང་དང༌། མུན་སྲིབས་མུན་པས་སྒྲིབ་དང་ཆུ་སྲིན་དང༌། སྲིང་ཤིང་སྣ་མ་ཡུལ་སྐད་ཀོ་བླང་བ། སྲིན་བལ་སྲིན་ལག་སྡིག་སྲིན་སྲིད་ཆགས་མོ།
སྲུ༽ ཡིད་སྲུབས་འདོད་ལྷའམ་འདོད་པ་སྲུལ་པོ་དང༌། ལུས་སྲུལ་པོ་གཉིས་གདོན་གྱི་བྱེ་བྲག་གཏོགས། སྲུང་བ་སྲུངས་ཤིག་འོད་སྲུངས་སངས་རྒྱས་མཚན། བཀའ་སྲུང་ས་སྲུ་སྲུ་མོ་མི་སྲུན་བདུད། སྲུབ་ཀ་སྔོ་སྨན་ཐོད་སྲུབས་བྲག་སྲུབས་སོགས། སྦྱིན་སྲེག་བྱེད་དང་སྲེག་ཟ་མེ་མིང་དང༌། སྲེ་བོ་ཁྲ་བོ་སྲེ་ད་ཡུག་པོའི་མིང༌། ཕྱག་ཏུ་སྲེལ་ཏེ་འཆང་དོན་ཕན་ཚུན་སྲེས།
སྲོ༽ སྲོ་ལོ་སྲོ་མ་ར་ཙ་སོ་ར་མཚུངས། སྲོག་རྩོལ་རླུང་དང་སྲོག་རྩ་དྲང་སྲོང་དང༌། ལམ་སྲོལ་སྲོད་འཁོར་ས་སྲོས་ནུབ་མོ་དང༌། སོ་མ་ཤིག་སྒོང་སྲོ་ཁང་སྲོ་གང་ནི། ཁྲུས་དང་བཀུ་མཉེ་དྲིལ་ཕྱེས་མེ་དང་སྟན། སྲོ་ཤི་ཡི་མུག་ཡི་ཆད་དཔའ་ཁུམ་དོན།
སླ༽ གཉིས་པ་ལ་འདོགས་ལས་སླ་ཆུ་སོགས་སླ། འཐིང་སླད་ཡན་ལག་སླར་ཡང་རྗེས་ཀྱི་སླད། པགས་སླགས་གོས་མིང་སླ་ང་མེད་སླང་འདྲ། སླར་ཡང་སླས་ནི་བཙུན་མོའི་འཁོར་གྱི་མིང༌། སླད་ཚད་མི་གཙང་གཤང་བ་༼སླི༽སླིག་ཙོ་རྫོགས།
སླུ༽ སླུ་གུ་ཆུ་སོགས་སྣོད་ཆུང་སླུ་མེད་བདེན། བླ་སོགས་སླུས་ཤག་༼སླེ༽སླེ་ཡོ་རྩྭ་ཡི་སྣོད། སླེ་ཏྲེས་སྨན་སྡེ་སླེ་ཡོན་གཡོ་སྒྱུའི་དོན། སླེ་འདམ་མཚན་མ་ཆད་པ་གནས་སུ་སླེབས། སླེའུ་ཕྱར་བ་དང་ནི་ཕེའུ་མིང༌།
སློ༽ སློག་པ་གོས་དང་མི་སློན་མི་ཟློག་དང༌། ཕྱོགས་སུ་སློན་ཏེ་ཕྱོགས་གཏོགས་སྡུད་དང་སྦྱོར། སློབ་དཔོན་སློབ་མ་སློབ་གཉེར་སློབ་པ་སླ། སློང་མོ་བ་དང་ངན་སློང་དགེ་སློང་དང༌། སློང་ཕོར་ལྷུང་བཟེད་རྒྱལ་སློད་མངའ་ཐང་སོགས། ཀུན་སློང་བསམ་པ་ནད་སློང་སློད་ཚད་སློང༌། སློ་མ་སྙུག་སྒམ་གྱེན་སློང་ཕྱི་ནང་སླང༌། སློག་དམར་རྫ་སྣོད་སློ་དམར་དུད་འགྲོའི་སློ། གསུམ་པ་གས་འཕུལ་བས་འཕུལ་གཉིས་ཡིན་ཏེ།
གས༽ དང་པོ་གས་འཕུལ་གསང་སྔགས་སྙན་གསན་འབེབས། གསང་བྱ་སྦ་བྱ་ཀུན་གསལ་ནམ་མཁའ་དང༌། ཟླ་གསང་དངོས་གྲུབ་དབལ་གསས་གར་གསས་དང༌། འཐོར་གསས་བདར་གསས་ལྷ་གསས་གསས་མཁར་དང༌། གསས་གཞི་གསས་མདའ་སོགས་ཀྱི་གསས་ལྷ་མིང༌། འོད་གསལ་བློ་གསལ་གསད་བྱའི་སེམས་ཅན་གསའ། གསར་རྙིང་གསར་བུ་མི་གཞོན་གསང་གནས་གསང༌། གསག་གསིར་གཅན་གཟན་མཆོང་རྒྱུག་གསང་ཆབ་དང༌། ཁ་གསག་ངོ་བསྟོད་གསལ་ཤིང་ཁྲིམས་ཤིང་མདུང༌། གསང་བདག་གསང་འདུས་རྣ་བ་གསང་བ་སོགས།
གསི༽ རལ་བ་གསིགས་དང་གསིང་མ་ནེའུ་ཐུང་མིང༌། དྲིལ་བུ་གསིལ་དང་དབུ་གསིལ་དུམ་བུར་གསིལ། མཁར་གསིལ་གསིལ་བའི་སྒྲ་དང་ལུས་གསིག་དང༌། དྲི་ཆུ་གསིལ་འདོར་གསིལ་ཁང་གསིལ་གདུགས་ཁང༌།
གསུ༽ བོན་ཆོས་གསུང་དང་གསུངས་ཟིན་གསུང་རབ་དང༌། དྲི་གསུར་གསུམ་པ་ཕོ་བ་གསུད་ཅེས་ནི། སྤུ་གསུད་གློ་གསུད་དང་ནི་སྒྲེག་གམ་སྐྱུག
གསེ༽ ཁམས་གསེང་ནེའུ་གསེང་གསེག་གཤང་མཁར་གསིལ་མིང༌། རྩྭ་སོགས་གསེབ་དང་རྟ་གསེབ་གསེར་དངུལ་གསེར། གསེར་བྱེ་གསེག་མ་རྡོ་ཕྱེ་གསེགས་ཀ་དབྱིབས། གསང་ནི་གསོན་དྲི་གསེལ་ཀ་ཤོག་ཀ་ལི། ཤིང་གསེ་གསེས་ཟིན་ནང་གསེས་སྤུ་གསེང་པ། གསེངས་ཟིན་གསེར་མེ་གསེར་སྐུད་གསེར་ཕུད་སྨན།
གསོ༽ གསོན་ལུས་གསོན་པོ་གསོ་ཕྱིར་ནོར་སོགས་གསོག གསོ་རིག་གསོ་དཔྱད་གསོལ་འདེབས་བཞེངས་སུ་གསོལ། གསོ་སྦྱོང་སོ་གསོད་དལ་དང་སྐད་གསོང་བ། གསོག་ཏུམ་ལྐོག་སྦས་སྐུ་གསོབ་རྐོ་བརྐྱང་སོགས། སྙན་གྱི་གསོན་དང་གསོང་པོར་དྲང་པོར་སྨྲ། གསང་ལྡེམ་པ་སྨན་གསོར་འབུག་མི་སོགས་གསོད། ལག་ཏུ་གསོར་དང་གསོམ་ཤིང་གསོ་མའི་རས། སྦ་བྱ་གསོང་དང་ཆུད་མ་གསོན་གསོག་གསོབ། གཉིས་པ་བས་འཕུལ་རྐྱང་དང་འདོགས་འཕུལ་གཉིས།
བས༽ དང་པོ་རྐྱང་འཕུལ་ཚོགས་བསགས་རྒྱུ་ནོར་བསགས། བསག་བྱ་སྦག་པ་བསངས་ཟིན་བསང་གིས་བསངས། དྲིན་ལེན་བསབ་བྱ་བསབས་ཟིན་འདྲེས་པ་བསལ། སེམས་ཅན་བསད་དང་སྔོ་བསངས་ནམ་མཁའི་མདོག བསམ་བྱ་ཡིད་ལ་བསམས་དང་བསམ་གཏན་བསྒོམ། བསམ་སེའི་བསང་གཏོར་མེས་བསངས་སྐྱོ་བསངས་དང༌། བཀག་པ་བསལ་དང་དམིགས་བསལ་སྒྲིབ་སྐྱོན་བསལ།
བསི༽ གྲང་བའི་བསིལ་དང་ཞབས་བསིལ་ལྷྭམ་ཕུད་པ། བསིལ་ཟེར་ཅན་དང་བསིལ་ཡབ་བསིལ་ལྡན་གངས།
བསུ༽ ཁ་བསུམ་གོས་བསུམས་ཟིན་དང་རྗེས་བསུབ་བསུབས། མདུན་ནས་བསུ་བསུས་དྲི་བསུང་ཞིམ་པའི་དོན། བསུག་པ་འཕུར་མཉེ་བླུག་པ་སོགས་ལ་འཇུག
བསེ༽ བསེ་ཡབ་སྨན་དང་བསེན་པ་སེམས་མཛའ་བཅུགས། བསེ་དྲི་ཅན་དང་བསེ་སྦུར་སྦུར་སྣམ་མ། ཐུགས་བསེར་ཐུགས་འཚེར་བསེར་བུ་རླུང་གི་མིང༌། བསེན་ཁུས་གཉེན་བསླུས་བསེན་མོ་འདྲེ་མོ་དང༌། བསེལ་བ་སྐྱེལ་མ་བསེ་ཀོ་བསེ་རུ་དང༌། འབྱུང་བའི་བསེན་བཟུང་བསེན་ཐུབ་མ་ལྷ་མོ། བསེ་ཁ་སྒོ་ནི་སེང་གེ་རྐང་བརྒྱད་མིང༌། བསེ་ནི་ཟངས་ཏེ་བསེ་ཁྲབ་བསེ་རྨོག་སོགས།
བསོ༽ ནོར་བསོག་བསོད་ནམས་བསོད་སྙོམས་ལྡོམ་བུ་བྱ། བསོད་ཉམས་འདོད་པ་ལྷག་པར་སྤྱོད་པའི་དོན། ངལ་བསོས་བུ་ནི་རྣམ་ཐོས་སྲས་ཀྱི་བུ། སོ་བསོད་དབེན་ཅིང་འགལ་མིང་བསོད་པའི་ཟས། བཟང་བ་ལེགས་པ་ཞིམ་པའི་བརྡ་རུ་གོ། ངལ་བསོ་བསྭོ་སྒྲ་བསྒྲག་དང་བསོན་ནི་ཕྱིན། གཉིས་པ་འདོགས་འཕུལ་ར་ལ་གཉིས་ཡིན་ཏེ།
བསྲ༽ དང་པོ་བཟོད་པའི་བསྲན་དང་ཡོ་བ་བསྲང༌། བསྲངས་ཟིན་ས་བསྲབས་སྒྲིབ་པ་བསྲབས་་་་་་པ། བྱ་བ་བསྲལ་མང་བློ་བསྲལ་ཅན་བློ་མང༌།
བསྲི༽ ཡུན་རྒྱང་རིང་བསྲིངས་ཚེ་བསྲིངས་ནོར་ཟས་བསྲི། བསྲིས་རྨེ་ཐུབ་ཆེ་བསྲིབས་པ་སྒྲིབ་པ་དང༌། གྲིབ་མ་སྲིབ་དང་མཚན་མོ་སོགས་ལ་འཇུག
བསྲུ༽ བསྲུང་བྱ་བསྲུངས་ཟིན་མི་བསྲུན་གདུག་རྩུབ་ཆེ། ཞོ་དང་མཚོ་སོགས་བསྲུབ་བྱ་བསྲུབས་ཚར་དང༌།
བསྲེ༽ མེ་ལ་བསྲོ་དང་བསྲོ་ཁང་མེ་ཁང་ངམ། ཁྲུས་ཁང་བསྐུ་མཉེ་སོགས་འཇུག་ཞལ་བསྲོ་འབུལ།
བསླ༽ གཉིས་པ་ལ་འདོགས་གྱེན་དུ་བསླང་བསླངས་ཟིན། སྐྱོན་གྱིས་མ་བསླད་བསླབ་བྱ་བསླབས་ཟིན་པ། ཟླ་ལ་བརླན་ཏེ་གྲོགས་གཏོགས་བསྡུས་སྦྱོར་སོགས།
བསླུ༽ བསླུ་མེད་བསླུ་བྲིད་བསླུ་བས་བསླུས་པ་སོགས།
༼ཧ༽
ཉེར་དགུ་ཧ་ཡིག་སྡེ་ཚན་རྐྱང་འདོགས་དང༌། མགོ་ལྡན་གསུམ་ལ་དང་པོ་རྐྱང་པ་ནི།
ཧ༽ ཧ་ཤིག་རྡོ་དང་ཧྭ་ཞེས་གཏམ་གྱི་རྒྱན། ཧ་ཧ་རྒོད་པའི་དུད་ཁྲོད་ཧྭ་ཤང་རྒྱ། ཧམས་པ་ཆེ་དང་ཧམ་པ་སྐྱ་བོ་ཆགས། ཧར་སངས་རྒྱ་ཡན་མ་ཧ་ཡ་ན་དང༌། ཧ་རི་དྲ་ནི་བརྒྱ་བྱིན་ཧ་ཅང་བདེ། ཧ་ལོ་མེ་ཏོག་ཧར་བ་གོས་རལ་བུག ཧྭགས་ནི་བུ་རམ་བཟང་ཤོས་གོ་ལའང་ཟེར། གོས་ཀྱི་ཧྭ་དང་རད་པོར་གློ་བུར་དང༌། ཧམ་ཡུ་ང་རྒྱལ་ས་བོན་ཧཾ་ཧྲི་ཧཱུྃ། ཧ་ཡང་དངུལ་རྫུ་ཧ་སིག་དགའ་སྟེ་བགད། ཧ་ར་ཡེ་ཤེས་ཧ་ཏན་ཐེག་ཆེན་དང༌། ཧ་ཀེ་རྨད་བྱུང་པུ་ཧང་བསམ་ལེགས་དང༌། ཧབ་ཤང་མཚེའུ་དབང་ལག་ཧད་ཚང་ནི། བར་དུ་སྐྱོན་ཞུགས་ཧང་བུག་གླན་ཀ་འཛུལ། ཧ་རི་འཕྲོག་བྱེད་ཧ་ཕུ་ཤ་སྤ་མའ་ཧཱ་མ་སྲོག་ལྡན་ཧ་ལ་དུག་བོང་ང༌། ཧ་དྲ་མེ་ཏོག་ཧ་ལྷ་རྟོགས་ལྡན་དང༌། ཧ་རི་ཏ་སྟེ་བུ་མོ་དང་མེ་ཏོག ཧ་ཊ་བུད་མེད་ཧད་དེ་བ་ལ་འདུག ཧཱ་མ་སྤང་བྱ་ཧ་ལམ་རན་ཙམ་སྒྲ། ཧར་གོང་དབྱིབས་དང་ཧ་ལས་ཡ་མཚར་བ།
ཧི༽ ཧི་ཧ་བདེ་བྱེད་ཧིག་ནི་སྤར་བའི་སྒྲ།
ཧུ༽ ཧུབ་འཐུང་ཧུ་ཧུ་ཀྱི་ཧུ་མྱ་ངན་སྒྲ། ཧུང་མི་རྒྱ་མི་ཧུར་རེ་མིག་གིས་བལྟ།
ཧེ༽ འབོད་སྒྲ་ཧེ་སྟེ་ཧེ་དགོངས་སུ་གསོལ་ལྟར། ཧེད་ཀྱི་འདྲོག་དང་ཧེད་རལ་སྒྲིབ་མི་རུང༌།
ཧོ༽ ཧོས་ཞེས་བོན་དང་ཧོས་ཁང་ལྷ་ཁང་མཚུངས། ཧོས་རིགས་རྒྱལ་དང་ཧོས་བཟའ་རྒྱལ་མེད་མ། ཧོས་རུ་འཁར་གསིལ་ཧོར་སོག་ཡུལ་གྱི་མིང༌། ཧོ་ཡི་སྒྲ་དང་ཧོར་པ་བྱ་རྒྱ་ཁྲ། ཧོན་ནི་ཕྱུགས་ནད་ཧོམ་ཁུ་མེ་ཧོམ་དང༌། ཧོང་ལེན་སྨན་དང་ཧོར་འདྲ་སྐུ་ཚབ་མིང༌། ཧོར་ཀོང་དབྱིབས་དང་ཧོར་དྷ་ར་གཞི་སྐུར། ཧོལ་རྒྱུག་མི་བྱ་ཧོར་གྱི་ཟླ་གྲངས་སོགས།
ཧྲ༽ གཉིས་པ་ར་འདོགས་ཧྲལ་པོ་ཧྲང་ངེ་འདུག
ཧྲི༽ ཧྲིམ་ཛའི་སྒྲ་སྐད་ཧྲིལ་ཧྲིལ་འགྲོ་ཚུལ་བརྡ། ཅི་ཧྲིལ་གང་ཞིག་ཧྲིལ་གྱིས་དྲིལ་བ་སོགས། མིག་གི་ཧྲིག་ཧྲིག་བལྟ་དང་མི་ཧྲིང་རྐྱང༌།
ཧྲུ༽ ཧྲུམ་ཧྲུམ་གཏུབ་དང་ཧྲུལ་པ་གོས་རྙིང་ངོ༌།
ཧྲེ༽ ཧྲེང་ཧྲེང་མི་དང་ལང་བརྡ་༼ཧྲོ༽ཧྲོམ་ནི་སྤུངས། གསུམ་པ་ལ་ཡི་མགོ་ལྡན་ཧ་ལ་ནི།
ལྷ༽ ལྷ་དང་ལྷ་མོ་པུས་མོའི་ལྷ་ང་དང༌། ལྷག་པར་ལྷག་མ་ལྷད་ཅན་ལྷང་ཚེར་རྡོ། མི་གཡོ་ལྷང་ངེ་ལྷན་ནེ་ལྷམ་མེ་བ། ལྷན་ཅིག་ཕྱོགས་གཅིག་ལྷམ་པ་ཧམ་པ་མཚུངས། ལྷྭམ་སྒྲོག་ཕྱུག་ལྷས་སྦ་སོགས་ལྷས་མ་དང༌། གནས་སུ་ལྷགས་སླེབས་མདུན་དུ་ལྷགས་པ་དང༌། རླུང་ལྷགས་ལྷག་སེམས་ལྷག་མཐོང་ལྷག་པའི་ལྷ། ལྷབ་ལྷུབ་དར་སོགས་ལྷབས་ལྷབས་ལྷན་ཐབས་དང༌།
ལྷུ༽ ལྷུན་ཆགས་བྱིན་ཆགས་ལྷུན་ཆེ་གཟི་བརྗིད་ཆེ། ལྷུམས་ནི་མངལ་མིང་ལྷུན་གྲུབ་ལྷུན་པོ་རི། ལྷུང་བ་ཅན་ནི་ཁམས་གསུམ་ལྷ་ཁམས་དང༌། ལྷུང་བཟེད་ལྷུར་ལེན་དང་ལེན་ལུད་པ་ལྷུད། ཤ་ལྷུ་ཚིག་ལྷུ་ལྷུན་པར་བརྗོད་པ་དང༌།
ལྷོ༽ གཉན་ནད་ལྷོག་རྒོད་ལྷོ་ཕྱོགས་ལྷོ་ནུབ་སོགས། ལྷོད་པ་མེད་དང་ལྷངས་ཆེ་ངང་རིང་བ། ལྷོ་བགྲོད་རྡུལ་དང་ལྷོག་སོགས་ལ་མགོ་ཅན།
༼ཨ༽
སུམ་ཅུ་ཨ་ཡིག་སྡེ་ཚན་རྐྱང་བ་ལ།
ཨ༽ ཨ་མ་ཨ་ཅེ་ཨ་ནེ་ཨ་ཁུ་དང༌། ཨ་ཞང་ཨ་ཇོ་ཨ་ར་ཨག་ཚོམ་དང༌། ཨྭ་བ་རྩ་དང་ཨག་བཙོང་སྒོག་པ་དང༌། ཨངྒ་ར་སྟེ་རླུང་གོས་ཨར་པོ་དང༌། གྲངས་ཀྱི་ཨང་གི་ཨ་མེས་ཨ་མྱེས་དང༌། ཨ་གཏད་སེམས་གཏད་ཨ་མྲ་ཤིང་གི་འབྲས། ཨ་རུ་ཨ་གར་ཨ་བྱག་ཨ་ཀྲོང་སྨན། ཨ་སུ་ར་ནི་སྡེ་བརྒྱད་འདུ་གནས་ཕུག ཨ་ཧེ་ཨེ་མ་ཨ་དཀར་ཐེག་པ་བདུན། ཨ་ཏི་མུ་ཝེར་སངས་རྒྱས་མཁའ་རྒྱལ་བ། ཨ་ཐུན་བོན་སྐུ་གཙོ་མཆོག་ཨ་ཊ་པ། བརྗིད་དམ་བསྒྱིངས་པ་ཨ་འཐང་གཟུང་འཛིན་དང༌། ཨ་ནུ་ཆུང་ངུ་རྗེས་སྐྱེས་ཨག་ཤོ་ངག ཨག་སྲིན་སྡེ་མིག་ཨ་བྱི་འཕྲུལ་ངག་སྒྲ། ཨ་འདྲན་རྭང་ནི་རི་རབ་ལྷུན་པོ་དང༌། ཨ་པར་ཁ་ཕྱེ་འམ་ནི་གྲོལ་བའི་བརྡ། ཨག་ཙིར་ངག་འཁྱལ་ཨ་འདྲན་རབ་ཏུའོ། ཨ་ཐམ་ཡ་ནི་ངག་དམ་ཞིག་ཟེར་རོ། ཨག་ཀྱོ་གཙང་དག་ཨ་སང་དབྱངས་སམ་སྐད། ཨག་ཁར་ཁ་གསལ་ཨ་ཞིན་བསྟན་འཛིན་དང༌། ཨང་ཝེར་རྣམ་རྒྱལ་ཨག་ཤེ་ཨར་སངས་སྨྲ། དེ་རྣམས་ཞང་སྐད་ཨ་ཤོ་ཀ་འདི་ནས། ཨ་དྷི་ལྷག་པར་ཨརཿསྨྱུང་ངམ་གསོར། ཨ་ཧ་གསལ་བ་ཨ་ལོ་ཀ་གསོང་པོ། ཨ་མཱ་ལྷན་ཅིག་ཨཱ་ལི་བསོད་སྙོམས་པ། ཨ་ཙ་ཡ་ནི་བསགས་པ་ཨ་སི་ནི། སྲིད་པ་དང་ནི་ཨ་ཏི་རྫོགས་པ་ཆེ། ཨ་བི་རབ་གསལ་ཨ་ཙ་ལ་གཡོ་མེད། ཨཱ་ས་ར་སྟེ་ཡ་མ་བརླ་དང་མཚུངས། ཨ་ཧི་ལྷ་མ་ཡིན་དང་ཨཱ་ཏ་པ། ངོ་ཚའམ་འཛེམས་པ་ཨ་ཀ་ནམ་མཁའ་དང༌། གཙོ་བོ་ལ་འཇུག་ཨ་ནུཿཕྲ་མ་སྟེ། ཨཱ་མཱ་ཕོ་བ་ཨ་ལ་ཕད་བུའི་མིང༌། ཨ་དྲ་དུམ་བུ་དང་ནི་འདི་ལྟར་བརྡ། ཨ་པ་དྲ་ཡ་ཕང་བ་ཨ་ལི་ཕྲེང༌། ཨ་མི་ཏ་ནི་དཔག་མེད་ཨ་གྷ་དང༌། ཨ་བྷཱཾ་སྡིག་པ་ཨ་པ་ནག་པོའི་མིང༌། ཨཱ་དི་གནའ་བོ་ཨ་ལམ་ནུས་པ་དང༌། ཨཱ་ཤི་མནོ་བསམ་ཨ་ཀཾ་སྡུག་བསྔལ་དང༌། ཨཱ་ཧ་གདམས་པ་དང་ནི་སྨྲ་འམ་ཞུས། ཨཱ་བ་འཇུག་གནས་རྣམས་ཀྱང་ལེགས་སྦྱར་སྐད། ཨ་མི་དེ་བ་འོད་དཔག་མེད་པ་དང༌། ཨརྨ་ལི་དང་ཨ་རལ་མཁའ་འགྲོ་དང༌། ཨ་རབ་ཇག་རྐུན་ཨ་ནན་ཁང་སོགས་སྒོ། ཨརྱ་འཕགས་པ་ཨ་ཟ་མོ་དབྱི་མོང༌། ཡཀྵ་ཡ་ནི་གཏེར་གྱི་སྒྲོན་མ་དང༌། ཨ་རྫ་ཀ་ནི་ལྕམ་པ་ཨ་ཤད་ནི། ཚིག་གི་བྱེ་བྲག་ཨ་རུ་ཀ་བ་གླང༌། ཨ་ཆང་ནག་ཨ་ཏི་ཤ་ཕུལ་བྱུང༌། ཨན་སྟོང་ཚགས་པ་དང་པོ་ཨ་ཕྱི་ནི། ཕ་ཡི་མ་མིང་ཨ་ཙམ་ཅན་ར་མ། ཨར་མོ་ནི་ཀ་རྡོ་ལེབ་སྟན་ཕྲ་རིང༌། ཨ་འཕྲག་རུམ་དང་ཨ་རེ་ཡུད་ཙམ་དང༌། ཨ་ན་ཁྲིའུ་གླེག་བམ་སྟེགས་བུ་ཁྲི། ཨ་ཐོ་བ་ནི་ལྟོགས་ནས་ཟས་འདོད་པ། ཨ་བ་ལེ་ནི་གདུབ་ཨ་ཧོ་ནི། རྨད་དུ་བྱུང་བ་༼ཨི༽ཨི་ཐི་སྙིང་པོ་དང༌། ཨི་ཛམ་ཛམྦུ་ཨིནྟྲ་ནཱི་ལ་ནི། ཟུར་ཆགས་ཨནྟ་རྙིལ་བརྗོད་རིན་ཆེན་རིགས།
ཨུ༽ ཨུ་དུམ་ཝ་ར་མེ་ཏོག་ཨཱུ་ཨཱུ་ཏི། བསྲུང་སྦས་དོན་ནོ་ཨུདྤལ་ཀུ་མུ་ཏ། ཨུག་ཆོས་ཁུག་ཆོས་ཨུ་རྩ་ཏ་ཀ་ཞེས། གྱིས་ཤིག་བརྡ་དང་ཨུ་མ་འདི་ནས་སམ། དབང་ཕྱུག་ཡུལ་མིང་ཨུ་བ་མན་ངག་དོན། ཨུ་ཙུགས་གསོ་བ་ཨུ་ཡ་གསང་བ་དང༌། ཨུ་ཏྲ་སེག་ནི་གསང་རྒྱུད་སྲོག་ཅེས་དོན། ཨུན་མིང་གྲགས་སྙན་ཨུན་ཞི་དུ་ལ་དང༌། ཨུན་ཏིང་སྒྲ་དབྱངས་ཨུར་མོ་གནམ་ལྕགས་མིང༌། ཨུན་ནི་དུས་ཏེ་དེ་རྣམས་ཞང་སྐད་བརྡ། ཨུ་ཆུབ་ཨུ་ནན་གཉིས་ནི་ནན་ཏན་སྨྲ།
ཨེ༽ ཨེ་ན་ཡ་ནི་ཤ་བ་གླ་བ་ཟེར། ཨེ་ཀོ་ཡེ་ཡིན་ཨེཏ྄་ཨ་ལིའི་འདབ། ཚེར་མ་ཅན་ཤིང་འདབ་བམ་ཀླུ་ཡི་མིང༌། ཨེ་མ་ཧོ་ནི་ངོ་མཚར་གྱི་ནི་སྒྲ།
ཨོ༽ ཨོ་ལོ་ངོ་མཚར་ཨོང་དོ་འཕང་གོ་མིང༌། ཨོ་རྒྱན་ཡུལ་དང་ཨོག་མདུད་ཨོས་ཀོ་ནི། མ་ལེའི་གཤངས་དང་ཨོམ་སོང་ཨོད་གླང་གཉིས། གསུང་གི་སྒྲ་སྟེ་ཞང་ཞུང་སྐད་ལའོ། ཨོག་མ་ཨོལ་གོང་ཨཱོ་ཡིག་ལྡན་སོགས། བརྡ་སྐད་ཡིག་སྦྱོར་འགག་མེད་མཐའ་ཡས་ཀྱང༌། མཐར་ཐུག་སྐྱེ་མེད་ཨ་ཡིས་མདོ་རུ་བསྡུས།།

༄༅།། མ་ནོར་སྟབས་བདེའི་ཀ་ཕྲེང་བཞུགས།

དེ་ལྟར་གངས་ཅན་བོད་ཀྱི་བརྡ་སྐད་ཀྱི། མིང་བཞི་གསལ་བར་སྟོན་པའི་བསྟན་བཅོས་ཆེ། དགོས་འབྱུང་ནོར་བུའི་གཏེར་ཆེན་ཞེས་བྱ་བ། ཀཱ་ལི་གསལ་བྱེད་སུམ་ཅུའི་གོ་རིམ་བཞིན། མིང་རྐྱང་སྨད་འདོགས་ཡ་ར་ལ་ཝ་དང༌། མགོ་ཅན་ར་ལ་ས་གསུམ་སྔོན་འཇུག་ལ། ག་ད་བ་མ་ལྔ་བ་ཡིག་ནི། སྦྲག་འཕུལ་དང་ནི་རྗེས་འཇུག་ག་ད་དང༌། ད་ན་བ་མ་འ་ར་ལ་ས་སོགས། བརྗོད་བྱར་གང་འཐོབ་གསལ་བྱེད་རང་རང་གི། སྡེ་ཁུངས་ཆབ་ཅིག་བལྟ་བདེར་བཀོད་པ་སྟེ། འདི་ཡི་ཁོངས་སུ་མ་འདུས་བོད་ཀྱི་བརྡ། གཅིག་ཀྱང་མེད་དེ་འཁྲུལ་གཞི་མ་ལུས་པ། གསལ་བར་རྟོགས་པའི་བརྡ་སྤྲོད་ཨེ་མ་རྨད།
།།  སྐབས་འདིར་ཡང་འཇུག་ས་ཡིས་དབང་བའི་རིགས། མི་ནོར་བལྟ་བདེའི་ཆེད་དུ་ཀཱ་ཕྲང་ལྟར། སླར་འདིར་ཕྱོགས་གཅིག་བསྡུས་ཏེ་འགོད་པ་ལ།
ཀ༽ ན་བཟའ་ཀླུབས་དང་ཡི་གེ་ཀློགས་ཤིག་སྐུལ། དཀྲིགས་འཁྲིགས་གོང་འོག་བརྟན་པ་ཞོ་ཐུགས་གསོལ། དཀྲུགས་ཟིན་གཞན་དང་བྱ་སོགས་དཀྲོགས་པར་བྱ། དཀྲོངས་བསྐྱེད་བྱ་དང་དཀྲོགས་ཏེ་སློག་པ་དང༌། སྲོག་བཀུམས་བཀྱིགས་ཐག་བསྡོམས་ཟིན་རྒྱལ་པོས་བཀྲབས། བསད་པའི་བཀྲོངས་དང་གསུང་རབ་བཀླགས་ཟིན་པ། ཡན་ལག་བརྐྱངས་གྲུབ་དིག་ལྐུགས་སྐབས་ལ་བབས། སྐུགས་རྒྱལ་བཞག་དང་སྐུངས་སྦེད་དམ་སྐོངས་ཤིག ལྐུགས་ཤུན་པགས་པ་སྐོབས་ཆུད་བྱ་དཀའ་གྲུབ། སྐྱབས་གནས་སྐྱབས་འགྲོ་སྐྱགས་པ་ཕྱི་སའོ། སྐྱིགས་བུ་ནད་མིང་བྱ་སྐྱིགས་བྲག་ཁུང་མིང༌། སྐྱུགས་པ་ཟིན་དང་ངོ་སྐྱེངས་རྒྱ་སྐྱེགས་ཚོས། རི་སྐྱེགས་རི་སྐེག་གོང་མོ་མཆུ་སྐྱེགས་ནི། ཡ་མཆུའི་གཡས་གཡོན་དག་ལས་སྐྱེས་པའི་སྤུ། ཆུ་སྐྱེགས་བད་ཀན་ཆུ་སྐྱུར་སྐྱུགས་པ་ཟེར། གསེར་སྐྱེམས་ཕུད་དང་ཆུ་སྐྱོམས་ཟིན་སྐྱོབས་ཤིག སྲབ་སྐྱོགས་སྐྱོགས་གཟར་སྐྲངས་པོ་སྐྲངས་འབུར་དང༌། ཐུགས་དམ་བསྐངས་ཚར་ཆུ་སོགས་བསྐམས་ཟིན་དང༌། སྦས་པའི་བསྐུངས་ཟིན་ཡན་ལག་བསྐུམས་གྲུབ་དང༌། དྲིན་གྱིས་བསྐྱངས་དང་བསྒྱབས་ཟིན་བསྐྱམས་གྲུབ་དང༌། བྱ་བ་བསྐྱུངས་གྲུབ་སོགས་ནི་འདས་པའི་དོན།
ཁ༽ ཁམས་ལ་འཕྲོད་མིན་འབྱུང་ཁམས་ཞིང་ཁམས་དང༌། ཁམས་གསུམ་ཁམས་བེད་ཁུགས་སོ་ས་ཁུགས་དང༌། འཁྱིལ་ཁུགས་བྱུང་ཁུངས་ཁེངས་པ་ཡོད་མེད་དང༌། ཁེབས་འགེབས་སྣོད་ཁེངས་ཁམེས་སམ་ཁྱེམས་ཀྱང་ཟེར། ཁོངས་སུ་གཏོགས་དང་ཁྱམས་ཁང་མི་ཁྱམས་ཁུར། ཁྱུགས་ཁྱུགས་འཁྱུག་དང་ཡར་ལ་ཁྱོགས་ཤིག་དང༌། ཁྲིགས་གཅོད་གདམས་པ་ཁྲིགས་སུ་བསྒྲིག་པ་དང༌། ཁྲིགས་ཆགས་ཁྲིམས་ལུགས་ཚུལ་ཁྲིམས་ཁྲུམས་སྟོད་སྨད། སྲ་མཁྲེགས་ཆེ་མཁྲངས་འཁམས་པ་རྒྱལ་བའི་བརྡ། བློ་དང་ཡན་ལག་འཁུམས་དང་མཐའ་འཁཽབས་ཡུལ། རྒན་འཁོགས་ལས་མཁོམས་བྱ་བའི་འཁོབས་ཆེ་ཆུང༌། གྲང་འཁྱགས་གཞན་འཁྱམས་ཉི་མའི་འཁྱིམས་སམ་ཁྱིམ། ཆུ་འཁྱོངས་མགོ་མཇུག་འཁྱོངས་དང་སྤྲིན་འཁྲིགས་པ། བྲེད་ནས་འཁྲིམས་ཤེས་འཁུམས་དོན་སྐུ་འཁྲུངས་པ། འཁྲུགས་སོགས་ཡང་འཇུག་ས་ཡིས་བྱས་པའི་ཁ།
ག༽ གེགས་ཏེ་བར་གཅོད་གོམ་འདྲིས་ཆེ་ཆུང་དང༌། གྲངས་རྩིས་སྙན་གྲགས་ཆེ་དང་གྲབས་སུ་བྱེས། ལས་གྲིམས་སྐུད་གྲིམས་རིག་པ་གྲིམས་པ་དང༌། ཆག་གྲུགས་མཆེད་གྲོགས་གྲོགས་པོ་གྲོངས་ཟིན་ཤི། གླགས་བལྟ་ལོག་འདྲེན་གླགས་ཁ་གླགས་མི་རྙེད། གླེགས་བམ་ ཡི་གེ་རལ་པའི་གླེགས་བུ་དང༌། སྒོ་གླེགས་ལེབ་མོར་གླེབས་མནན་ཐུགས་དགོངས་གསལ། ཐུགས་དགྱེས་བགེགས་རིགས་གོམ་པས་བགོམས་ཟིན་པ། རིང་དུ་འགྱངས་ཟིན་བགྲང་བྱ་བགྲངས་གྲུབ་པ། རྙོག་མ་བགྲུངས་ཚར་མགྱོགས་མྱུར་འཕྲོ་འགགས་པ། འགངས་ཆེ་ཕྱེ་སོགས་འགམས་གྲུབ་བགུམས་ཟིན་ཤི། གོས་འགེབས་མགོ་ཀླད་འགེམས་དང་དོན་ལ་འགེགས། སྣོད་འགེངས་ཡུན་འགྱངས་དེ་ལ་འགོངས་པ་དང༌། ཡར་འགྱོགས་ལྟོ་འགྲངས་འགྲམས་ཚད་འགྲིམས་འགྲུལ་དང༌། ཆུ་འགྲེམས་གྲོགས་འགྲོགས་འཆི་བའི་འགྲོངས་པ་དང༌། རྒྱགས་པ་དྲེགས་པ་ཟས་ཀྱིས་རྒྱུགས་པ་དང༌། ཤ་རྒྱགས་གད་རྒྱངས་རྒྱུངས་པ་ཐག་རྒྱོངས་ཤིག དེ་རྣམས་དམིགས་བསལ་མ་གཏོགས་མིང་གཞི་རང༌། རྡོ་བརྒྱབས་ལམ་བརྒྱགས་གློ་དང་འགྲོ་བརྒྱུགས་ཟིན། མནའ་སྒོགས་ཏིང་འཛིན་སྒོམས་དང་ཟན་སྒོངས་ཤིག མེ་སྒྱོགས་རྡོ་རྒྱོགས་ཕྱོགས་གཅིག་སྒྲིགས་ཤིག་དང༌། སྒྲིགས་ལམ་སྐུད་པ་སྒྲིམས་ཤིག་སྒྲུངས་བཤད་པ། ལྷ་སྒྲུབས་ཤིག་དང་ཟོས་པའི་སྒྲེགས་པ་དང༌། ལྟོགས་པའི་སྒྲིབས་དང་དར་སོགས་སྒྲེངས་ཤིག་དང༌། ཡི་གེ་སྒྲོགས་ཤིག་མནའ་དང་ལམ་བསྒགས་ཟིན། འཕྲང་བསྒུགས་རོག་ལ་བསྒུགས་ཟིན་ལྷ་བསྒོམས་བསྒོངས། སེང་གེ་རྣམ་བསྒྱིངས་བཀའ་བསྒྲགས་གྲངས་བསྒྲངས་ཟིན། ཕྱོགས་གཅིག་བསྒྲིགས་གྲུབ་སྒྲིབ་པས་བསྒྲིབས་ཟིན་པ། འོན་བསྒྲིབས་འཁོན་བསྒྲིབས་བློ་བསྒྲིབས་སྐུད་བསྒྲིམས་ཚར། ཤིང་བསྒྲུགས་ཆོས་བསྒྲུགས་དར་བསྒྲེངས་སོགས་འདས་པ།
ང༽ ངོམས་པ་མེད་དང་རི་ངོགས་འཇུག་ངོགས་དང༌། ཆུ་ངོགས་སྐྱོ་ངོགས་སྣང་ངོགས་སྙན་དངགས་དང༌། སྐྲག་དངངས་ད་ལྟ་གཞན་དུ་མངགས་གྲུབ་པ། འཐུག་རྔམས་ཧམ་པའི་རྔམས་དང་ཆང་བརྔུབས་ཟིན། སྔགས་འཆང་གསང་སྔགས་རིགས་སྔགས་གཟུངས་སྔགས་སོགས། སྐྲག་སྔངས་བྱེད་དང་བསྟོད་བསྔགས་སྐྲག་བསྔངས་ཟིན། སྐྱོན་བསྔོགས་མཚངས་བརྗོད་སྐྱོ་བསྔོགས་འཁྲུག་པ་བྱེད།
ཅ༽ ཡིད་ལ་གཅགས་འཇག་ཡིད་གཅུགས་མཛའ་གཅུགས་དང༌། ཁོན་གཅུགས་མི་མཛའ་གཅུགས་མེད་འགྲས་མེད་དང༌། ཞབས་བཅགས་གྲུབ་དང་ནོར་བཅངས་ཉེས་པ་བཅབས། རྟ་ལ་བཅིབས་དང་སྐྲ་བཅིངས་ནང་དུ་བཅུགས། དེ་རྣམས་འདས་སྒྲ་འབྱུང་བ་ལྕགས་ལྕགས་ཀྱུ། ཉ་ལྕིབས་ཚ་ལྕིབས་ལག་ལྕིབས་སྤྱན་ལྕིབས་པགས། ལྕིགས་ཕུར་སྒོ་ཡི་ཡག་ཤིང་ཡོད་ལྕོགས་དང༌། མི་ལྕོགས་ཅི་ལྕོགས་སོགས་ཀྱང་མིང་གཞི་དངོས།
ཆ༽ ཆབས་ཅིག་ཆགས་སེམས་ཆགས་རྒྱ་ཡིག་རྒྱ་སྟེ། སྲོག་ཆགས་ལན་ཆགས་ཆགས་མེད་ཆང་ཆེམས་འཕྲིན། རྩེར་ཆིབས་ཆིབས་པ་བཞོན་མིང་སྐ་རགས་ཆིངས། ནང་དུ་ཆུགས་ཤིག་ཆུམས་པ་ཆགས་པའི་མིང༌། ཡིད་ལ་ཆོངས་ཤིག་དེས་ཆོག་དགྲ་ཆོམས་ཤིག བསམ་ཡས་མཆིམས་ཕུ་མཆིམས་རུས་རྩལ་གྱིས་མཆོངས། ཁ་འཆམས་གར་འཆམས་འགས་འཆགས་སྒྲིབ་པ་འཆགས། དོན་འཆུགས་དང་ནི་ཞེན་པའི་འཆུམས་ཟིན་པ། གྲོས་འཆོམས་ཤིག་དང་འཆོབས་ཤིག་གསོངས་ཤིག་བརྡ། ཉུང་ངུར་ཆུམས་དང་དགྲ་ཆོམས་སྐུལ་ཚིག་གོ། ཇ༽ ཁྲིམས་འཇགས་བློར་འཇགས་གཞིས་དང་སྦྱོར་འཇགས་དང༌། འཇིགས་སྐྲག་འཇིགས་མེད་མཆུས་འཇིབས་འཇིགས་བྱེད་དང༌། འཇིགས་རུང་ཚ་རྔམས་ཀྱི་ནི་འཇིགས་སྟང་དང༌། སེར་སྣའི་འཇུངས་དང་ཤ་འཇུམས་དགྲ་སོགས་འཇོམས། གྲིས་འཇོགས་ཞེ་སའི་ལྗགས་དང་སྨན་ལྗོངས་སོགས།
ཉ༽ ཉམས་རྒྱས་བརྟས་དགའ་ཉམས་ལེན་དམ་ཉམས་སོད། ཉམས་སད་བསོད་ནམས་མདོག་བརྙིངས་འདས། ཁ་བརྙོངས་ཚིག་བརྟག་སྙིགས་དུས་དྭངས་སྙིགས་ཕྱེ། སྙུགས་སྲིངས་དོན་ལ་མངའ་སྙེམས་ང་རྒྱལ་སྙེམས། སྙེམས་རྟོག་རྣམ་རྟོག་བཏང་སྙོམས་བསོད་སྙོམས་པ། ཡར་སྙོགས་རྙང་སྙོགས་ལག་པས་བརྟག་པ་སྟེ། ཞེ་སྙོམས་སྤྲོད་ལ་ལག་པས་རྙོབས་ཤིག་སོགས། ད་ལྟ་སྐུལ་ཚིག་གཉིས་ལ་འཇུག་པ་མང༌། ཆེ་ཆུང་ཁ་ཡོ་བསྙམས་དང་རྗེས་སུ་བསྙགས། སྐྱོང་ཤད་བརྙངས་དང་རྙོངས་ཤིག་ལག་བརྙབས་དང༌། ལྷུང་བཟེད་བསྙིགས་མ་ཡོ་བྱད་བསྙུངས་དེ་བསྡུས། བསྙུངས་རིང་བསྙུངས་གནས་སྙུགས་ཤིག་མངའ་བསྙེམས་པ། བསྙེངས་བྲལ་མི་འཇིགས་དོན་དང་རྗེས་བསྙེགས་པ། བསྙེམས་པ་ང་རྒྱལ་འདི་རྣམས་འདས་ཤིག་གཏོགས།
ཏ༽ ཕྱུར་བུར་གཏམས་ཟིན་གཏམས་དཀྲིགས་གྲངས་ཀ་དང༌། བརྔུང་གཏགས་བཏང་དང་ཆུ་གཏིགས་མུན་སྤྲིན་གཏིབས། ཞབས་ལ་གཏུགས་སོགས་འདས་སྐུལ་ཕྱོགས་ཁུངས་གཏོགས། བློས་གཏངས་མེ་བཏངས་མིང་བཏགས་ཐགས་དམ་བཏགས། ཐག་པས་བཏགས་དང་ཕན་བཏགས་བཏགས་གྲོལ་འཁོར། ཁ་བཏགས་དར་དང་རྨེང་གཞི་གདན་སོགས་བཏིངས། ཆུ་བཏུངས་ཤ་གཏུབས་མགོ་བཏུམས་སྤུ་བཏོགས་པ། རྟགས་མཚན་ཆེ་རྟགས་རྟོགས་ལྡན་ཉམས་རྟོགས་ལྡན། བློ་ཡིས་རྟོགས་དང་མ་གཏོགས་ལེགས་པར་བརྟགས། བརྟབས་ནི་བློ་འཚབས་ཕོ་པ་ལྟོགས་པ་དང༌། སྐུར་བལྟམས་མཆོད་མེ་ཡོན་ཏན་དུ་མར་བལྟམས། གོས་བལྟབས་ཟིན་དང་ཡ་སྟགས་འདོད་རྫས་མིང༌། ལྟངས་འཛིན་བཞུགས་སྟངས་ལྟ་སྟངས་གོས་སྟབས་དང༌། སྟབས་སེང་སྤྱི་བཞུར་སྟབས་ཅིག་སྟབས་བདེ་དང༌། བྱེད་སྟེམས་གཞོགས་སྟེགས་མུ་སྟེགས་སྟེགས་བུ་དང༌། སྟོབས་ཤུགས་ཞལ་དུ་སྟོབས་ཤིག་བྱིན་ལེན་བསྟབས། ཞལ་བསྟབས་བསྟིམས་སོགས་འདས་སྐུལ་མིང་གཞི་སོགས། དམྱལ་བར་བསྟུངས་ཟིན་སྣ་བསྟུངས་སྟུངས་ཤིག་སོགས།
ཐ༽ ཐམས་ཅད་ཐབས་མཁས་ཐགས་འཐག་ཐམས་སུ་བཅུག ཐིགས་ཟག་ཐུགས་རྗེ་རས་ཐུབས་སྟོང་ཐེབས་དང༌། གླ་ཐེབས་གནས་སུ་ཐེངས་དང་ཡར་ཐེགས་ཤིག ལག་ཏུ་ཐོགས་དང་ཐོམས་ཤིག་སོམས་ཤིག་སྨྲ། ཐོགས་བཅས་ཐོགས་མེད་ལག་ཐོགས་ཡོད་མེད་དང༌། བློ་ཡིས་ཐོངས་དང་སྤུ་སོགས་ཐོགས་ཤིག་དང༌། མཐོངས་སྐར་རྒྱ་མཐོངས་ནམ་མཁའི་མཐོངས་ཡང་པོ། ཁ་དན་འཐབས་དང་མུན་སྤྲིན་འཐིབས་པ་དང༌། དབུགས་འཐུམས་ནན་ཆགས་འཐེམས་དང་བྲེད་ནས་འཐོམས། མགོ་འཐུམས་བློ་འཐུམས་ལ་སོགས་ཐ་ཡིག་སྡེ།
ད༽ ལ་དྭགས་དྭགས་པོའི་ཡུལ་དང་རི་དྭགས་སོགས། དྭངས་མའི་བཅུད་ད་དུངས་པ་གུས་བྱས་སོགས། དུགས་ལུམ་ཕྱིར་དེངས་རེ་དྭོགས་ཐལ་དྲགས་པ། ཟས་དྲངས་དྲུངས་ནས་ཕྱུངས་དང་སླང་དྲེགས་ཆགས། ཆེ་དྲེགས་ཁུར་དྲོགས་ཁུར་པོ་བཟོས་པའི་མིང༌། ཐར་པར་དྲོངས་ཟིན་འཚོ་བ་དྲོངས་ཤིག་དང༌། གདངས་དྲག་གསུང་དང་སྙུན་གདངས་མི་གདགས་པ།
ཕན་གདགས་གདམས་ངག་གཉེར་གདམས་ཞལ་ཁ་གདངས། དམ་གདགས་གདང་ལ་གདགས་དང་གདགས་གཞི་བྲལ། ཚ་གྲངས་གདུངས་ཟིན་འཕེན་གདུགས་ཁྲི་གདུགས་དང༌། ཉིན་མོའི་གདུགས་གོང་གདུགས་ཚོད་སྤོས་བདུགས་ཤིག ལག་པ་གདེངས་དང་གདེངས་ཀ་གཞུ་བདུངས་དང༌། བཀྲག་མདངས་ཚོན་མདངས་དཔྲལ་མདོངས་རྨ་བྱའི་མདོངས། བྱ་འདབས་རྒྱ་ཕིབས་འདུམས་ཟིན་གྱེན་དུ་འདེགས། ཕྱིར་འདེངས་སོང་གྲུབ་སྲང་ལ་འདེགས་ཟིན་པ། མིང་འདོགས་རྒྱན་འདོགས་ཆོས་འདོམས་འདོམས་ཤིག་དང༌། གསང་གནས་འདོམས་དང་ནང་འདོམས་རྟ་འདྲོགས་ཟིན། ངེས་ཤེས་འདྲོངས་དང་རྡབས་བསིགས་ས་ལ་རྡབས། རྡིགས་སྒྲ་ཐབས་རྡུགས་བྲོ་བརྡུངས་རྡུངས་ཤིག་དང༌། ས་ལ་རྡོབས་ཤིག་ཆ་ལང་བརྡབས་རྡོབས་ཤིག བཙོག་པའི་བརྡེགས་ཟིན་རྡེགས་ཤིག་ལྡེབས་རིས་དང༌། མིག་ལྡོངས་ ལྕེས་བལྡགས་བསྐྱར་བལྡབས་ཆུ་བལྡུགས་པ། སྡིགས་འཛུབ་གཞན་སྡིགས་དར་སྡིངས་ཕྱོགས་སྡོམས་ཤིག ཉེས་པ་བསྡམས་དང་གཞཉ་བརྡིགས་འཁོན་འགྲས་བསྡུམས། བསྟན་བཅོས་བསྡེབས་དང་ཕྱོགས་གཅིག་བསྡོམས་སོགས་འདས།
ན༽ ནགས་ཚལ་མནན་ན་ནེམས་དང་འགལ་བའི་ནོངས། གནང་གཞེས་ཉིན་དང་རུས་གནུབས་ན་བཟའ་མནམས། བསམ་ངན་མནགས་དང་རྣངས་བླངས་མང་ཚིག་རྣམས། ཟས་ཀྱིས་བརྣངས་ཟིན་སྣབས་དང་སྣས་སྣོམས་ཤིག སྣུབས་སྐར་ཕྱག་ཏུ་བསྣམས་ཟིན་སྲོལ་བསྣུབས་ཚར།
པ༽ པགས་ཟན་དཔངས་མཐོ་དར་དཔྱངས་ཐག་པ་དཔྱོངས། སྟག་ལྤགས་གཟིག་ལྤགས་གནས་ནས་སྤགས་པ་དང༌། ཟས་སྤགས་སྤངས་པར་བྱས་དང་རྡུལ་གྱི་སྤབས། རྣ་སྤབས་སྤྱི་སྤུངས་མང་དུ་སྤུངས་པ་དང༌། རྡུལ་སྤུགས་སྤྲུགས་འདྲ་ཁེ་སྤོགས་སྤངས་ཤིག་དང༌། སེམས་སྤོབས་ཆེ་དང་སྤོབས་པ་མི་འཇིགས་ཆེ། མཐའ་ལ་སྤྱུགས་དང་སྤྱོམས་ཞེས་བདག་བསྟོད་དོ།
ཕ༽ ཆང་གི་ཕབས་དང་ཕངས་པ་མེད་པ་དང༌། གཏན་ཕབས་ཆར་ཕབས་ཐུར་དུ་ཕབས་ཟིན་པ། རྒྱ་ཕིབས་སྐར་ཕིབས་བྱོན་ཕེབས་དབུལ་ཕོངས་དང༌། གླ་ཕོགས་ཕྱགས་ལྷྭམ་ཕྱགས་མས་ཕྱག་པ་དང༌། ཕྱིར་ཕྱུངས་ཕྱུགས་ནོར་ཕྱོགས་མཚམས་རྒྱབ་ཕྱོགས་སོགས། བློ་ཡིས་ཕྲིགས་ཚུད་ཕྲོགས་ཤིག་ཁྱད་པར་འཕགས། མདའ་འཕངས་འཕགས་ཡུལ་རྒྱ་གར་ལུས་ཀྱི་འཕོངས།
བ༽ བགས་ཀྱིས་ཞིབ་སྲ་སྐམ་དང་ཆར་པ་བབས། སྐས་བབས་བེམས་པོ་གདན་དང་བོགས་འདོན་པ། ལུས་བོངས་ཆེ་ཆུང་བྱམས་པ་བྱམས་མ་དང༌། བྱབས་ཁྲུས་ཟས་ཀྱི་སྦགས་མ་བྱིངས་མང་སྡེ། བྱུགས་ཤིག་བསོད་སྙོམ་བྲིམས་དང་དོང་དུ་བྲུབས། སྐྲ་བྲེགས་བྲོགས་ཤིག་བྱ་བླགས་མང་པོ་དང༌། རྣ་བ་བླགས་དང་ཉམས་སུ་བླངས་ཟིན་པ། སྤྱི་བླུགས་ཁྲུས་བུམ་ལུགས་བླུགས་ཕྱོགས་བསྡུས་བླུགས། རྣ་བ་བློགས་ཤིག་བྱིན་འབེབས་ཕབས་ཟིན་པ། ཕོབས་ཤིག་སྐྱོན་སྦགས་སྦུབས་སུ་ཆུད་པ་དང༌། དབུགས་གཏོང་དབུགས་དབྱུང་དབྱངས་སྙན་སྒྲ་དབྱངས་སྒྲོག དབྱངས་ཀྱིས་བསྙད་པའི་སྡེ་དང་དབྱིངས་ཉིད་དང༌། གཟུགས་དབྱིབས་མངའ་འབངས་འབག་བཙོག་འབགས་པ་དང༌། འབིགས་བྱེད་རི་བོ་སྣ་འབིགས་ཆོས་ལ་འབུངས། ཐོག་འབུབས་བྱེད་དང་མིག་འབུགས་སྨན་འབོགས་བྱེད། ཆུ་འབོགས་སྡོམ་པ་འབོགས་བྱེད་འབྱམས་ཡས་དང༌། རབ་འབྱམས་ཡེ་འབྱམས་འབྱམས་ཀླས་འབྱོངས་ལས་སྒྲོབ། ཉེ་བར་འབྲོངས་དང་སྦགས་འདྲེས་སྦགས་རྒྱུའི་སྦོད། ཆུར་སྦངས་ཕྱོགས་གཅིག་སྦམས་དང་ལུས་སྦུངས་ཆེ། སྟོབས་ཀྱི་སྦུངས་ཤུགས་སྦུངས་བསྐྱེད་ཁུང་བུའི་སྦུབས། ཆུ་ལ་སྦོངས་ཤིག་སྦྱངས་ཟིན་སྦྲིབས་ནི་ལྟོགས།
མ༽ ཟས་མྱག་རུལ་དོན་དམངས་རིགས་དམིགས་བསལ་དང༌། དམིགས་བུ་ལོང་ཁྲིད་པ་མིང་དམིགས་མེད་དང༌། དམིགས་གཏད་གཏོད་དང་ནད་དམིགས་དམིགས་སུ་བཟུང༌། རྨུགས་པ་བྱིང་རྨུགས་རྨུགས་འཛིན་གནོད་སྦྱིན་མིང༌། དབུ་རྨོགས་དབུ་འཕང་བློ་རྨོངས་རྨོངས་སྤུ་དང༌། སྨིགས་པ་སྲོག་ཆགས་འབུ་སོགས་ཡང་འཇུག་དབང༌།
ཙ༽ ཙབས་རུ་ཚྭ་དང་གཙབས་ཞེས་སྐྱུར་བའི་དོན། གཙིགས་པ་འཚིགས་པ་མཆེ་བ་གཙིགས་པ་དང༌། གཙིགས་ཆེ་གལ་ཆེ་མི་གཙིགས་སྤྱོད་པ་ངན། ཆེ་རྟགས་གཙིགས་བྱིན་གཙིགས་བཞག་དམ་ལ་བཞག གཙུབས་པ་བསྲུབས་པ་གཙེགས་ཏེ་སེམས་དཀྲུགས་དོན། ཚགས་གཙག་ཐོ་བཙམས་སྲོལ་བཙུགས་མིག་བཙུམས་པ། གོས་བཙེམས་ནོར་བཙོངས་ཟིན་དང་རྩངས་ཕག་འབུ། རྩབས་རུ་འབྲས་བཙོས་ཁུ་བ་རྩབས་ཧྲལ་ཟས། འཁོར་ལོའི་རྩིབས་དང་རྩེགས་ལོག་རྩེགས་ཤིག་དང༌། ཆོས་སོགས་རྩོམས་ཤིག་བརྩམས་དང་ལས་བརྩམས་ཟིན། གཅིག་ཐོག་གཅིག་བརྩེགས་བརྩེངས་པའི་གོས་ཐུང་བ། སྤྱོད་པ་གཏམ་སོགས་བརྩེངས་དང་མཐོན་པོར་བརྩེགས།
ཚ༽ ཚངས་རིས་ལྷ་གནས་ཚངས་པ་ཚངས་ཐིག་དང༌། ཚངས་པར་སྤྱོད་པ་དག་ཚངས་ཚགས་སུ་ཆུད། ཆུ་དང་རྩམ་ཚགས་མི་ཚངས་སྤྱོད་པ་དང༌། ནད་ཚབས་གྱོང་ཚབས་ཆེ་དང་ཚངས་དབྱངས་དང༌། ཚངས་སྐུད་ཚགས་དམ་ཚིགས་མ་སྙིགས་མ་དང༌། གཏན་ཚིགས་དུས་ཚིགས་ལྷུ་ཚིགས་སྨྱུག་མའི་ཚིགས། ཚིགས་སུ་བཅད་དེ་ཤ་ཚུགས་བསྐྱད་མི་ཚུགས། ཐོར་ཚུགས་ཕྲན་ཚེགས་ཞལ་ཚོམས་ཨོག་ཚོམ་འདྲ། ནང་ཚོམས་ཚོགས་པ་འཚོགས་དང་ཚོགས་འཁོར་བསྐོར། ཚོགས་ཅན་མ་སྟེ་སྨད་འཚོང་མ་ཡི་མིང༌། ཕྱོགས་མཚམས་མཚམས་མེད་ལས་དང་མཚམས་སྦྱོར་ལྔ༌། མཚམས་བཅད་མཚམས་སྤྲིན་མཚུངས་བྲལ་ནོར་གྱི་འཚངས། ནང་དུ་འཚངས་དང་དཔུང་འཚབས་བློ་འཚབས་པ། གར་འཚམས་ཐོ་འཚམས་དུ་འཚམས་རླངས་ཚུབས་འཚུབས། ནོར་དང་རྒྱལ་བའི་འཚིངས་དང་ཡོ་བྱད་དང༌། ལྷན་ཅིག་འཚོགས་སོགས་ཡང་འཇུག་ཅན་ཚ་སྡེ།
ཛ༽ མཛངས་པ་མཁས་པ་དང་ནི་ཡ་རབས་མཛངས། འཛངས་པ་ནོར་ཟད་དོན་དང་ཕན་ཚུན་འཛིངས། འཁོན་འཛིངས་ནགས་ཚལ་འཛིངས་དང་རྒྱུ་སྤུན་འཛིངས། སྲོལ་དང་བསྟན་པ་ཤིང་སོགས་འཛུགས་པ་དང༌། དམུ་རྫིངས་ནད་དང་རྫུས་སྐྱེས་རྫུབས་པ་སྟེ། འགྲོ་རྫོངས་བྱ་དང་རྫོགས་པའི་སངས་རྒྱས་དང༌། རྫོགས་བྱང་རྫོགས་ལྡན་ཆུ་རྫོགས་རྫོགས་ཚིག་གོ། ནོར་བརྫོངས་གླུད་བརྫོངས་ནང་དུ་བརྫོངས་བ་སོགས།
ཝ༽ སྟག་ལྤགས་གཟིག་ལྤགས་པགས་པའི་རིགས་སོགས་དང༌།
ཞ༽ ཞགས་པ་ཞབས་དྲུང་ཞབས་པད་ཕྱག་ཞབས་དང༌། ཞབས་ཏོག་ཞུ་དང་ཞབས་འབྲེང་ཞབས་བསིལ་ཁྲུས། ཞུགས་མར་ཞུགས་མེ་སྒོར་ཞུགས་སྙོམས་པར་ཞུགས། ཞུགས་ཤང་ཤེལ་ཚིག་ཆང་སོགས་ཞུགས་ཤིང་འབུད། ཞོགས་པ་སྔ་མོ་ཞོག་ཀྱིས་འདེད་དེ་དག ཞོགས་མ་དུམ་བུ་གཞབས་འཛམ་གཞགས་པ་རྒྱན། གཞིབས་པ་གཤིབ་པ་འཇིབས་པ་ཡིད་གཞུངས་པ། བདེ་བར་བཞུགས་དང་ལུས་གཞོགས་གཞོགས་སློང་ནི། ལོག་འཚོའི་གཅིག་སྟེ་གཞོགས་སྟེགས་ཆགས་པའི་ཕྱིར། གཞོགས་འཕྱས་ཤེལ་ངོར་གཞོངས་ཤེས་ཡུལ་ལྗོངས་མིང༌། བཞབས་པ་འཛབ་པ་བཞབས་པ་ངག་འཇམ་དོན། བཞགས་པ་རྒྱན་པ་བཞམས་སྒོ་དྲན་བསྐུལ་དོན། བཞེངས་པ་གདན་ལས་བཞེངས་སོགས་ཞ་ཡིག་སྡེ།
ཟ༽ ཟངས་ལྕགས་བོར་ཟགས་མཆིལ་ཟགས་སྟོར་བའི་ཟགསས། གཏིང་ཟབས་ཟངས་རྩི་བ་ནི་སྨན་གྱི་སྡེ། ལུས་ཀྱི་ཟུངས་དང་ཡིད་ལ་ཟུངས་ཤིག་དང༌། གྲི་སོགས་ཆུང་ཟུངས་འཆང་ཟུངས་མཚོན་སོགས་ཟུགས། ཁྱི་ཟུགས་སྙིགས་མའི་ཟེགས་དང་སྐྲ་ཟེངས་སེ། ཟློག་བྱེད་ཟློགས་ཤིག་གཟགས་ནས་ཟད་པ་དང༌། གྲུ་གཟིངས་སྤྱན་གྱིས་གཟིགས་དང་མགྲིན་པའི་གཟིངས། མནལ་གཟིམས་ཟིན་དང་གཟུགས་མེད་ཡོད་པ་སོགས། གཟུངས་སྔགས་གཟུངས་ཐག་གཟུངས་མ་ཕྱག་རྒྱའི་མིང༌། མི་བསྙེལ་མི་བརྗེད་གཟུངས་དང་གཟངུས་སྤོབས་ཆེ། ཆུ་ཡི་གཟེགས་མ་གཟེངས་བསྟོད་སྐྲ་སོགས་གཟེངས། གཟེགས་གཟན་མུ་སྟེགས་རིགས་དང་རྗེས་བཟུངས་ཟིན། གཟེངས་ཅན་དྲང་སྲོང་མིང་ཞིག་བཟློགས་གྲུབ་པ།
འ༽ འུབས་སུ་ཆུད་དང་མ་འོངས་ར་བའི་འོབས།
ཡ༽ རྒྱ་ཡངས་ཡགས་ཁ་ཡགས་ལེགས་ཡམས་ནད་དང༌། ཕག་ཏུ་ཡིབས་དང་དབྱིབས་དང་ཡིབས་གཉིས་འདྲ། ཡུགས་ས་མོ་དང་ཡུགས་ནི་བྱུགས་པའི་བརྡ། ཡེངས་སུ་འཇུག་དང་ཡོགས་ཀྱི་རྒྱལ་པོ་དང༌། ཡོངས་སུ་རྫོགས་དང་ཡོངས་འདུས་ས་རྡོལ་དང༌། ཁོངས་ཡངས་དང་ནི་ཡོགས་པ་གཡོག་པ་འདྲ། ཡོངས་འཇོམས་ཡོངས་སྤྱོད་ཡོངས་མང་ཡོངས་དམར་ཇ། དར་གཡབས་གཡིགས་བུ་སྐྱིགས་བུ་གཡིགས་སྦྲིད་པ། སྟོད་གཡོགས་སྒྲིབས་གཡོགས་ཕྱི་གཡོགས་ལ་སོགས་མང༌།
ར༽ སྐྱེས་རབས་སྔ་རབས་སོགས་དང་རབས་ཆད་པ། རྒན་རབབས་རགས་རིམ་རགས་པ་ཆེ་བའི་བརྡ། རམས་ཚོས་མཐིང་ག་རངས་སོ་ཐམས་ཅད་དང༌། ཨ་རམས་རང་ཆགས་ཕན་ཚུན་མཐའ་བཅོམ་པ། ཡི་རངས་རིམས་རིམས་ཀྱི་དང་རིགས་རྒྱུད་རིགས། རིམས་ནད་རིགས་ལྡན་རིགས་འདྲེ་རིགས་དྲུག་ཁམས། ལས་ལ་རུབས་དང་ཤིང་ལྟར་རེངས་པ་དང༌། ཐོ་རེངས་སྐྱ་རེངས་རེངས་ནི་བརྒྱལ་བའི་དོན། ལས་སོགས་རེམས་ཤིག་རེགས་ཏེ་བྲེགས་པ་མཚུངས། ཁ་རླངས་རླབས་ཆེ་བྱིན་རླབས་བརླབས་རློབས་ཤིག རླིབས་པ་རྒྱ་ཆེ་རླུགས་ནི་སླར་སྐྱུགས་པ། རླུབས་པ་ལུག་པ་གདོན་གྱིས་བརླབས་ཟིན་དང༌། བློ་བརླུགས་གྲོགས་པོ་ལ་སོགས་ཡ་འཇུག་དབང༌།
ལ༽ ཞེ་སའི་ལགས་དང་ལྡན་ལགས་ཞེས་བྱ་ལགས། ཡར་ལོངས་བློ་ཡིས་ལིངས་ཀྱིས་བཏང་བ་དང༌། ལུགས་སུ་བླུག་དང་ལུགས་སྲོལ་ཁྲིམས་ལུགས་སོགས། ལུམས་བྱེད་ལེགས་སྦྱར་སྐད་སོགས་ལོངས་སྤྱོད་དང༌། ལོངས་པ་ཚུལ་ཆོས་ལོགས་སུ་ཚིག་ལོབས་ཤིག ལག་ཏུ་ལོངས་དང་གྱང་ལོགས་ལ་སོགས་སོ།
ཤ༽ དྲི་ཚོར་ཤངས་དང་ཏིང་ཤགས་མི་ཤིགས་བརྟན། ཤུགས་དྲག་སྣོད་ཏུ་མི་ཤོངས་གཤགས་འགྱེད་པ། དུམ་བུར་གཤགས་དང་འདྲ་གཉིས་གཤིབས་པ་དང༌། བདེ་གཤེགས་དེ་བཞིན་གཤེགས་དང་སྤང་གི་གཤོངས། བཤགས་པ་བྱ་དང་མཆོད་པ་བཤམས་ཟིན་པ། སྦུབས་འཚངས་བཤངས་དང་བཤུམས་ཟིན་ལ་སོགས་ཤེས།
ས༽ སངས་རྒྱས་ཧར་སངས་ཡན་དང་སིངས་པོ་ཆང༌། ཁ་སུམས་ཤིག་དང་སེམས་ཉིད་སེམས་དཔའ་ཆེ། སེམས་ཅན་ཡིད་ལ་སེམས་དང་སོམས་ཤིག་དང༌། མང་ཚིག་སོགས་ཉིན་སྲིབས་རྒྱང་དུ་སྲིངས། མུན་སྲིབས་མུན་སྒྲིབ་ཡིད་སྲུབས་འདོད་ལྷ་འདོད། སྲུངས་ཤིག་བསྲུངས་ཟིན་འོད་སྲུངས་སངས་རྒྱས་མཚན། ཐོད་སྲུབས་བྲག་སྲུབས་པགས་སླགས་གནས་སུ་སླེབས། རལ་པ་གསིགས་དང་བོན་ཆོས་གསུངས་ཟིན་པ། གསེགས་ཀ་དབྱིབས་དང་སྤུ་སོགས་གསེངས་ཟིན་པ། ཚོགས་བསགས་སྦག་པ་བསངས་ཟིན་བསང་གིས་བསངས། དྲིན་ལན་བསབས་ཟིན་སྔོ་བསངས་ནམ་མཁའི་མདོག ཡིད་ལ་བསམས་གྲུབ་མེས་བསངས་སྐྱོ་བསངས་དང༌། ཁ་བསུམས་གོས་བསྲུམས་རྗེས་བསྲུབས་ཡོ་བ་བསྲངས། ས་བསྲབས་སྒྲིབ་པ་བསྲབས་དང་ཡུན་བསྲིངས་པ། བསྲིབས་པ་སྒྲིབ་པ་བསྲུངས་ཟིན་ཞོ་བསྲུབས་འདས། བསྲེག་བྱ་བསྲེགས་གྲུབ་གྱེན་དུ་བསླངས་ཟིན་པ། བསླབ་བྱ་བསླབས་ཟིན་ཡང་འཇུག་ཅན་གྱི་ས།
ཧ༽ ཧྭགས་ནི་བུ་རམ་བཟང་ཤོས་གོའང་ཟེར། གནས་སུ་ལྷགས་སླེབས་མདུན་དུ་ལྷགས་པ་དང༌། རླུང་ལྷགས་དང་ནི་མེ་སོགས་ལྷབས་ལྷབས་འབར། ལྷུམས་ཞུགས་མངལ་མིང་ལྷོངས་ཆེ་ངང་རིང་བ།
ཨ༽ མཐར་ཐུག་སྐྱེ་མེད་ཨ་ལ་ཡང་འཇུག་དབེན། གཞན་ཡང་བས་འཕུལ་ཅན་གསོགས་འདས་ཚིག་ལ། ཡང་འཇུག་འཐོབ་རིགས་རེ་འགའ་མ་གཏོགས་པ། ཕལ་ཆེར་འདི་རུ་མ་ཚང་ཡང་འཇུག་དབེན། དེ་ནས་རྣམ་དབྱེ་ཕྲད་སོགས་རྒྱས་བཤད་ནི། སྲིད་སྒྲོན་ངག་འཛིན་གཉིས་ལ་བསྟན་མོད་ཀྱང༌། སྐབས་འདིར་ས་བཅད་མི་འཆོལ་ཙམ་བརྗོད་ན། རྣམ་དབྱེའི་མིང་གྲངས་ངོ་བོ་ལས་བྱེད་པ། དགོས་ཆེད་འབྱུང་ཁུངས་འབྲེལ་བ་རྟེན་གནས་དང༌། འབོད་སྒྲ་དང་བརྒྱད་ཕྲད་ལ་སླར་བསྡུ་དང༌། ལ་དོན་ཨི་ལྡན་རྒྱན་སྡུད་ལྷག་བཅས་དང༌། འབྱེད་སྡུད་འབྱུང་ཁུངས་འབོད་སྒྲ་དང་བརྒྱད་ཕྱེ། དང་པོ་ཨོ་ཡིག་རྐྱེན་ནི་བཅུ་གཅིག་སྟེ། གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ། སོ་ཏོ་དང་བཅས་རྗེས་འཇུག་རང་འདྲ་ལ། ཨོ་ལྡན་སྦྱོར་དང་ད་དྲག་ཅན་མཐར་ཏོ། དེ་ནས་སླར་བསྡུ་འམ་རྫོགས་ཚིག་དག་ལ་འཇུག གཉིས་པ་ཨུ་ཡིག་རྐྱེན་ལྡན་ན་ལ་དང༌། བདུན་ཏེ་སུ་རུ་དུ་ཏུ་ར་ན་ལ། སྦྱོར་ཚུལ་མཐའ་རྟེན་མཐར་སུ་སྦྱར་ལ། འ་དང་མཐའ་མེད་རྗེས་སུ་ར་འམ་རུ། ཚིག་རྐང་ཚང་དང་མ་ཚང་སོ་སོར་སྦྱར། ང་ད་ན་མ་ར་ལ་རྣམས་ལ་དུ། ག་བ་ད་དྲག་མཐར་ཏུ་ན་ལ་གཉིས། རྗེས་འཇུག་ཡི་གེར་མི་ལྟོས་རང་དབང་ཅན། དེ་དག་རྣམ་དབྱེ་གཉིས་བཞི་བདུན་པ་སྟེ། ལས་དང་དགོས་ཆེད་རྟེན་གནས་རྣམ་གསུམ་དང༌། དེ་ཉིད་ཚེ་སྐབས་ལྔ་ལ་འཇུག་པ་ཡིན། གསུམ་པ་ཨི་ལྡན་ཀྱི་གྱི་གི་འི་ཡི། ལྔ་ནི་དྲུག་པ་འབྲེལ་སྒྲ་སྤྱི་བྱེ་དང༌། ཚིག་རྒྱན་གཉིས་ལ་འཇུག་སྟེ་སྦྱོར་ཚུལ་ནི། རྗེས་འཇུག་ད་བ་ས་ཀྱི་ག་ང་གི། ན་མ་ར་ལ་གྱི་དང་འ་མཐའ་ཅན། མཐའ་མེད་ཕྲད་སྦྱོར་གཅིག་ཕྱིར་ཚིག་བཅད་རྐང༌། ཚང་ན་འི་དང་མ་ཚང་ཡི་སྦྱོར་རོ། དེ་ལྔར་སས་བརྒྱན་ཀྱིས་གྱིས་གིས་འིས་ཡིས། ལྔར་གྲུབ་རྣམ་དབྱེ་གསུམ་པ་བྱེད་པོའི་སྒྲ། སྐབས་འགར་རྒྱུ་མཚན་སྦྱོར་ཚུལ་འབྲེལ་སྒྲ་མཐུན། བཞི་པ་ཨང་ཡིག་རྐྱེན་ནི་ཀྱང་ཡང་འང༌། ག་ད་བ་ས་ད་དྲག་ཅན་མཐར་ཀྱང༌། ང་ན་མ་ར་ལ་རྣམས་རྗེས་སུ་ཡང༌། འ་དང་མཐའ་མེད་འང་དང་ཡང་གཉིས་ཀྱང༌། ཚིག་རྐང་མ་ཚང་ཡང་ན་ཚང་ན་འང༌། དེ་ནི་ཚིག་རྒྱན་མཐུན་དང་མི་མཐུན་དང༌། སྡུད་པ་ལ་འཇུག་ཡང་ནི་བྱེ་བྲག་དབྱེ། ལྔ་པ་ཨེ་ཡིག་རྐྱེན་ནི་ཏེ་དེ་སྟེ། སྦྱོར་ཚུལ་ན་ར་ལ་ས་ཏེ་རྐྱང་དང༌། ད་མཐར་དེ་དང་ག་ང་བ་མ་འ། མཐའ་མེད་རྣམས་ལས་སྟེ་འཐོབ་པའོ། དེ་དག་ལྷག་བཅས་སྒྲ་སྟེ་མཚམས་སྦྱོར་དང༌། དམ་བཅའ་གཞན་འདྲེན་གསུམ་དབྱེ་དེ་ནང་ལ། དེ་སྒྲ་ཐ་སྙད་དུས་དང་དངོས་པོ་གསུམ། ཐ་སྣད་འདས་དང་ལྷག་བཅས་རྣམ་གྲངས་བརྗོད། དུས་ནི་འདས་དང་མ་འོངས་གཉིས་ལ་དང༌། དངོས་པོ་བདེན་པ་བདག་དང་ཕ་རོལཔོ། གསང་པའི་དངོས་པོ་བཞི་དང་དགུ་ལ་འཇུག དྲུག་པ་ཨཾ་ཡིག་རྐྱེན་ལ་འཇུག་བཅུ། དྲག་མཐར་ཏ་ཅས་རྗེས་འཇུག་རང་རང་མཐར། རང་འདྲ་ཨཾ་སྦྱར་གཾ་ངཾ་དཾ་ནཾ་བཾ། མཾ་འཾ་རཾ་ལཾ་སཾ་ཏཾ་བཅས་བཅུ་གཅིག རྣམ་བརྟག་སྒྲེ་སྟེ་དྲི་བ་ཐེ་ཚོམ་དང༌། གདམ་ང་འབྱེད་སྡུད་ལའང་སྐབས་འགར་འཇུག བདུན་པ་ཨས་རྐྱེན་ནས་ལས་གཉིས་པོ་ཡང༌། འཇུག་ཡུལ་བྱུང་ཁུངས་དངོས་དང་འདྲ་མཚུངས་དང༌། རིགས་ཀྱི་དགར་ཆོས་མཐུན་མིན་བྱ་ཡོན་རྫས། སྡུད་པ་མཚམས་སྦྱོར་དུས་དང་རྒྱུ་མཚན་བཅས། བཅུ་གཅིག་ལ་འཇུག་སྐབས་འགར་ནས་ལས་དབྱེ། བརྒྱད་པ་འབོད་སྒྲ་ཀྱེ་ཀ་ཝ་ཡེ་གསུམ། མཆོག་འབྲིང་དམན་གསུམ་རིམ་བཞིན་སྦྱར་བར་བྱ། གཞན་ཡང་རང་དབང་ཅན་གྱི་ཕྲད་སྣ་ཚོགས། ནི་སྒྲ་དགར་དང་ངེས་བཟུང་བསྣན་ཁ་སྐོང༌། དང་སྒྲ་འབྱེད་སྡུད་ཚེ་སྐབས་རྒྱུ་མཚན་གདམས། གང་སྒྲ་སྤྱི་ཁྱབ་སྒྲ་ཡིན་དེར་མཚུངས་པའི། ཅི་ཇིས་སུ་གསུམ་ཅི་ནི་ཞིག་སླར་སྟེ། འདྲ་ཕྱིར་ལ་འཇུག་ཇི་ནི་སྙེད་སྲིད་དང༌། ལྟར་བཞིན་སྐད་དོ་སུ་ནི་གང་ཟག་ལ། བདག་སྒྲ་པ་བ་པོ་གསུམ་སྒྲ་མཐུན་ནི། པ་བ་པོ་དང་པུ་བུ་འུ་བཅས་པ། ནང་ཚན་པ་བ་གཉིས་ནི་ག་ད་ན། བ་མ་ས་དང་ད་དྲག་ཅན་རྣམས་ལ། ང་འ་ར་ལ་མཐའ་མེད་བ་ཕྱེད་ཝར། འབོད་རྣམས་བ་སྦྱར་འགའ་ཞིག་བརྗོད་བདེར་སྦྱར། འ་མཐའ་བོ་དང་བཞན་བཅུ་པོ་སྦྱར་འཐད། པུ་ནི་ག་མཐར་གཞན་དགུ་བུ་འ་མཐར། འུ་དང་དགག་སྒྲ་མ་མི་མིན་མེད་མོ། རང་དབང་ཅན་ཕྲད་མ་མི་སྔོན་དགག་དང༌། མིན་མེད་རྗེས་དགག་མོ་ནི་མིང་ཟླར་འཇུག ཚིག་གི་འཕྲོ་འཐུད་ཅིང་ཞིང་ཤིང་གསུམ་དང༌། ངེས་བཟུང་ཅེས་ཞེས་ཤེས་གསུམ་དྲི་ལེན་ལ། ཅེ་ན་ཞེ་ན་ཤེ་ན་ཅེ་འོ་དང༌། ཞེ་འོ་ཤེ་འོ་ངེས་བཟུང་སྐུལ་ཚིག་ལ། ཅིག་ཞིག་ཤིག་བཅས་འཐོབ་ཚུལ་ག་ད་བ། ད་དྲག་ཅན་ཅ་ང་ན་མ་འ་ར། ལ་དང་མཐའ མེད་རྣམས་ལ་ཞ་ཡིག་དབང༌། ས་མཐའ་དམིགས་བསལ་མ་གཏོགས་ཤ་ཉིད་སྦྱོར། འདི་སྒྲ་ད་དུས་དངོས་སུམ་པ་ལ་འཇུག ད་སྒྲ་སྐབས་སུ་བབས་པའི་ཚིག་བརྡ་དང༌། ནིད་ནི་ངོ་བོ་ཁོ་ན་སྟོན་པའི་སྒྲ། ཙམ་ནི་ལྷག་མ་འཇོག་དང་ཚད་དམན། ཐམས་ཅད་ཀུན་ཀ་ཡོ་ཀ་དུ་མ་འགོག་སྒྲ་སྟོན། གཞན་ཡང་ཚག་ཕྲད་འཐོར་བུ་སྣ་ཚོགས་དང༌། བསྡུས་དང་ཟུར་ཆག་ལ་སོགས་མི་འདྲ་མང༌། འདི་སོགས་ཕྲད་ཀྱི་དཔེར་བརྗོད་སྲིད་སྒྲོན་ལ། བསྟན་ཕྱིར་སྐབས་འདིར་ཡིག་ཚོགས་འཇིགས་ནས་བཞག ཞར་བྱུང་གནད་འགའ་ཉེ་བ་བསྙན་པ་དང༌། ཉུང་བ་བསྙུངས་དང་ཐིམ་པ་བསྟིམས་པ་དང༌། ཆག་པ་བཅག་པ་འགྱེལ་བ་བསྒྱེལ་བ་དང༌། མཐུན་པ་བསྟུན་པ་གུག་པ་བཀུག་པ་དང༌། གས་པ་བཀས་པ་ནན་པ་བསྙན་པ་དང༌། ནོར་བ་བསྣོར་བ་ལ་སོགས་སྔ་མ་ནི། དོན་གྱི་ཁྱད་པར་ཕྱི་མ་བྱས་པའི་མིང༌། ཏིང་ངེ་འཛིན་དང་ལྷང་ངེ་ལྷན་ནེ་བ། ཉུང་ངུ་ཐུང་ངུ་ཡོད་དོ་ཅོག་ལ་སོགས། རྗེས་འཇུག་ནུས་པས་རང་འདྲ་མིང་རོག་མང༌། གཞན་ཡང་རྔ་དང་རྔ་བོ་རྔེའུ་དང༌། ཉ་དང་ཉ་བོ་ཉེའུ་མདའ་མདའ་བོ། མདེའུ་རྡོ་དང་རྡོ་བོ་རྡེའུ་དང༌། མི་དང་མི་བོ་མིའུ་རྫ་རྫིའུ་བོ། རྫི་འུ་ཤ་དང་ཤ་བོ་ཤེའུ་སོགས། རིམ་བཞིན་དང་པོ་དངོས་པོ་རང་མིང་དང༌། བར་པ་ཆེན་པོ་འམ་ནི་མཆོག་ལ་འཇུག ཐ་མ་ཆུང་ངུ་དང་ནི་དམན་པའི་མིང༌། ཁང་པ་ཁང་བུ་ཁྲི་དང་ཁྲི་འུ་དང༌། གྲི་དང་གྲི་འུ་སྒོ་དང་སྒེའུ་དང༌། སྟ་རེ་སྟེ་འུ་མཐེ་བོ་མཐེ་འུ་དང༌། སྤྲ་དང་སྤྲེ་འུ་བྱ་དང་བྱི་འུ་དང༌། མཚོ་དང་མཚེ་འུ་ལ་སོགས་སྔ་མ་ནི། དངོས་པོའི་རང་མིང་ཕྱི་མ་ཆུང་ངུའི་མིང༌། ཁྱི་དང་ཁྱི་གུ་རང་མོ་རྔེ་འུ་དང༌། རྟ་དང་རྟེ་འུ་བ་དང་བེ་འུ་དང༌། ར་མ་རེ་འུ་ལུག་དང་ལུག་གུ་དང༌། ཤ་བ་ཤེ་འུ་སོགས་ནི་སྔ་མ་ནི། སེམས་ཅན་རང་མིང་ཕྱི་མ་ཕྲུ་གུའི་མིང༌། གཞན་ཡང་འཕུལ་དང་མཐའ་རྟེན་སྦྱར་རུང་མིན། རྔ་ཡབ་གེ་སར་སིལ་སྙན་མངོན་སུམ་དང༌། ཕུན་སུམ་ཚོགས་དང་སྐད་ཅིག་ཐང་ཅིག་དང༌། ཤོག་ཅིག་གྱུར་ཅིག་ཁ་ཅིག་སྡོད་ཅིག་དང༌། ལྷན་ཅིག་ཆབས་ཅིག་སོགས་ལ་གས་འཕུལ་སྤང༌། གཤའ་མ་གཤགས་འབྱེད་སོགས་ལ་མེད་ན་ནོར། གསར་པ་སར་པ་ལྟ་བུ་ཡོད་མེད་འདྲ། སྐྱིལ་ཀྲུང་ད་སྤང་དགུང་ལོ་མཚན་དགུང་དང༌། ལང་ཁྲིད་དམིགས་བུ་སོགས་ལ་མེད་ན་ནོར། སྙན་དངགས་དང་ནི་སྙན་ངག་གང་ཡང་རུང༌། ཕྱག་དར་ལག་དར་གད་མོ་སྐྲ་ཤད་སོགས། བས་འཕུལ་མེད་ཅིང་བསེར་བུ་སྐྱོ་བསངས་དང༌། རྒྱ་མོ་བཟའ་དང་བོད་བཟའ་མོ་རིགས་བཟའ། ཕྱི་བདར་མདུན་དུ་བདར་སོགས་མེད་ན་ནོར། སྔོ་སངས་ལྟ་བུ་ཡོད་མེད་གང་ཡང་རུང༌། ཐ་གྲུ་ཐ་མ་ཚར་དངར་ཚོན་རྩི་སོགས། མས་འཕུལ་མེད་དོ་མཐེ་བོང་མཐེ་འུ་ཆུང༌། མཚེ་མ་སྔོ་སྨན་མཚེ་དང་ཁྱིམ་མཚེས་དང༌། མས་འཕུལ་མེད་ནོར་ཚོང་པ་ཚོང་དུས་དང༌། སྐུ་ཁམས་ཚོགས་པ་ཚོགས་དང་ཕྲ་མ་དང༌། ཁོན་འཛིན་ཁྲོ་བོ་ཁྲོས་དང་རིམ་གྲོ་དང༌། ཕྲ་མོ་ཕལ་ཆེར་ཁྲོན་ཆུ་ཕོངས་པ་དང༌། ཕྱུག་པོ་ཕྲན་ཚེག་ཕྲག་པར་ཕྱང་བ་དང༌། རྒྱལ་ཕམ་ཚིག་ཕྲད་སོགས་ནི་འས་འཕུལ་མེད། མཐའ་འཁོབ་འཁྲི་ཤིང་ཚུལ་འཆོས་སོགས་མེད་ནོར། ཕྲིན་ལས་ཕྲེང་བ་སོགས་ནི་གང་ཡང་རུང༌། རྗེས་འཇུག་ཡི་གེ་མྱུ་གུ་ལུ་གུ་རྒྱུད། ཤཱཀྱ་སོགས་ལ་ག་ཡིག་མཐའ་རྟེན་སྤང༌། ཕྲག་དོག་ཕྲག་པ་ཤུག་པ་སོགས་ལ་མེད་ནོར། པུས་མོའི་ལྷ་ང་སྒོ་ང་སླ་ང་སོགས། ང་མཐའ་མེད་ཀྱང་བསྡུས་ན་པུས་ལྷང་དང༌། གསེར་སྒོང་ལྕགས་སླང་ལྟ་བུ་མང་པོར་འགྲེ། ཡི་དམ་ཡི་རང་རི་དྭགས་སྲི་ཞུ་དང༌། ཡི་ཆད་སོགས་ལ་ད་མཐའ་སྤང་བར་བྱ། ཡིད་བཞིན་ཡི་བཞིན་ཡིེད་ཆེས་ཡི་ཆེས་དང༌། སྐད་ཅིག་སྐ་ཅིག་ལྟ་བུར་གང་ཡང་རུང༌། སེ་མོ་དོ་ལ་ན་སྤང་བྱན་མོ་དང༌། སེན་མོ་ལྟ་བུར་ན་མཐའ་མེད་ན་ནོར། ལྷ་བཙུན་བཟའ་བཏུང་གདུ་བུ་ལེ་བརྒན་དང༌། རྗེ་བཙུན་སོགས་ལ་བ་མཐའ་བྱས་ན་ནོར། རྒྱ་འདྲེ་ཁ་མཆུ་ར་མདའ་ར་མཉེ་སྨན། ན་བཟའ་རྩྭ་མཆོག་གྲོང་དང་རྒྱ་མཚོ་དང༌། སྐྱེ་མཆེད་སོགས་ལ་མ་ཡི་མཐའ་བརྟེན་མེད། ལྷ་རྗེ་མདོ་རྒྱུད་ང་རྒྱལ་བྱ་རྒོད་དང༌། རྡོ་རྗེ་བེ་རྒ་ལྷ་རྟེན་སྐུ་རྟེན་སོགས། ར་ཡི་མཐའ་མེད་དུར་ཁྲོད་སོགས་མེད་ན་ནོར། མདོར་བསྡུས་རྒྱ་ཆེར་རྒྱུར་གྱུར་ཉེར་བཞི་སོགས། ལ་དོན་བསྡུས་ཚེ་འཐོབ་ལ་ལྷུག་ཚིག་མིན། བདེར་གཤེགས་བདེར་བཀོད་སོགས་ལ་གང་ཡང་རུང༌། སྙུན་གྱི་གསོལ་སྨན་ཁ་དྲོ་གྲྭ་ལྔ་སོགས། ལ་མཐའ་མི་དགོས་རིག་སྔགས་གསུང་རབ་དང༌། མཁྱེན་རབ་གཤེན་རབ་ནམ་འཕང་གོ་འཕང་མཆོག བསྐྱེད་རིམ་རྫོགས་རིམ་འདུ་ཤེས་མཁའ་སྤྱོད་དང༌། ས་སྤྱོད་རྒྱལ་སོགས་དོ་ཤལ་ཉམ་ཆུང་དང༌། ཉམ་ཐག་ཉམ་ང་ལོག་རྟོག་སོམ་ཉི་དང༌། ཆོམ་རྐུན་ཆོ་ག་སོགས་ལ་ས་མཐའ་མེད། ལྷས་བྱིན་ཀླུས་བྱིན་གདམས་ངག་སོགས་མེད་ན་ནོར། དྲི་བཟངས་རྒྱུད་མངས་གོ་རིམས་འཁོར་ལོས་བསྒྱུར། སོགས་ཀྱང་ས་མཐའ་ཡོད་མེད་གཉིས་ཀ་བཞེད། ཀླད་ཀོར་སྟོད་ཀོར་གདུབ་ཀོར་པད་ཀོར་དང༌། ཐོན་ཀོར་འོད་ཀོར་སོགས་ལ་ས་མགོ་མེད། ངུར་སྨྲིག་སྨྲིག་རྒྱུ་སྙུག་མ་སོགས་མེད་ན་ནོར། ཡི་གེ་ཞལ་ཏ་ད་ལྟ་ཐ་དད་རྣམས། བར་ཚིག་མི་བྱེད་བླུན་པོའི་ལུགས་མང་སྤང༌། རྒྱས་པར་གོང་དུ་མིང་གཞིའི་སྐབས་བསྟན་ཀྱང༌། འཁྲུལ་གཞི་ཆེ་རིགས་མདོ་ཙམ་སླར་བཤད་དོ། མདོ་གཅོད་ཤད་ལ་དཀར་ཤད་ནག་ཤད་དང༌། ཚེག་ཤད་དྲག་ཤད་སྦྲུལ་ཤད་བཀྱོག་ཤད་དྲུག དཀར་ཤད་ཚིག་རྐང་མཚམས་སུ་ཉིས་ཤད་དང༌། ལེའུ་མཚམས་བཞི་ཤད་ག་མཐར་ཆིག་ཤད་ཐོབ། ནག་ཤད་ཚིག་རྐང་མཚམས་སུ་ཆིག་ཤད་དང༌། རྫོགས་མཚམས་ཉིས་ཤད་ཚེག་ཤད་དོན་མང་དང༌། འབྲིང་པོ་འབྱེད་དང་དོན་བསྡུས་རྫོགས་མཚམས་དང༌། འགྲེས་རྐང་སྐུང་ཚེ་དབང་ངོ་གཏེར་ཤད་དམ། དྲག་ཤད་གཏེར་བྱོན་སོགས་ལ་སྐབས་ཀྱི་དབྱེ། སྦྲུལ་ཤད་བར་མཚམས་ཡིག་མགོའི་དོད་དུ་སྦྱར། མ་མ་གཏོགས་པ་གཞན་རྣམས་ཕྱི་ཚེག་སྤང༌། བཀྱོག་ཤད་སྦྱར་ཁྱེར་ཕྱོགས་སུ་བར་ཚེག་གསུམ། མ་ལོང་ལ་འབྲི་ལོང་ན་ཉིས་ཤད་རང༌། རྒུད་ལྗིབ་རྣམས་ལ་བཀྱོག་ཤད་ཚབ་ལ་ནི། ཚེག་ཤད་འབྲི་བ་མཁས་པའི་ལུགས་སུ་སྣང༌།
སླར་སྨྲས་པ།
དེ་ལྟར་གངས་ཅན་བོད་བརྡ་སྦྱོར་ཚུལ་གྱི། །མིང་གི་རྣམ་བཤད་དགོས་འབྱུང་ནོར་བུའི་གཏེར། །གསུང་རབ་ཆུ་གཏེར་གླིང་ལ་ལེགས་དཔྱད་ནས། དགོངས་དོན་རབ་གསལ་ཀཱ་ལིའི་ཕྲེང་བ་བཀོད། རིག་གཞུང་རྒྱ་མཚོའི་སྙིང་པོ་བརྡ་དག་གནས། སུ་ཞིག་བསླབ་དང་གང་གིས་རྟོགས་གྱུར་པ། ཡོན་ཏན་ཀུན་ལ་བདེ་བླག་ཉིད་འཇུག་ཅིང༌། དོན་གྱི་འབྲས་བུ་མཐོང་བའི་མིག་ཏུ་འགྱུར། འདི་ན་དོན་གཉེར་གསར་བུ་ལ་སྨན་པའི། གོ་སླ་དོན་ཚང་གསལ་བར་བཤད་པ་ལས། ཚིག་ཚོགས་ཀྱིས་བཅིང་འཁྱོག་པོར་བསྐོར་བ་སོགས། མཁས་ཁྱད་ངོམས་པའི་དཀའ་གནད་སྦམས་པ་མེད། དེ་ཕྱིར་སྐལ་ལྡན་བློ་གསལ་ཁོང་དགེ་རྣམས། འདིར་འཇུག་འབྲི་ཀློག་ནས་བརྩོམ་མིང་གཞི་དང༌། ཕྲད་དང་རྣམ་དབྱེ་དུས་གསུམ་བྱ་བྱེད་བཅས། བརྡ་སྤྲོད་རྒྱ་མཚོའི་གཞུང་དོན་མཐར་ཕྱིན་མཛོད། དེང་སང་གྲགས་སྙན་ཙམ་ལ་ཡིད་སྨོན་གྱི། རེ་བས་འཇུག་ཀྱང་ངལ་ན་གཏོང་སླ་བའི། སློབ་མ་རྣམས་ལ་ཇི་ལྟར་གསལ་བ་ཡི། བསྟན་བཅོས་བཤད་པ་ཕྱུགས་ལ་རྒྱན་བཏགས་བཞིན། དེ་ལྟར་མ་གྱུར་ཀུན་གྱིས་རྟོགས་འགྱུར་བར། རིང་ནས་འདོད་ཕྱིར་རང་ཉིད་སྒོ་གསུམ་གྱི། ངལ་བ་རྣམས་སྤངས་གཞུང་མང་ལེགས་བརྟགས་ཤིང༌། སྙིང་པོའི་མིང་གཞིའི་ལེགས་བཤད་མཆོག་འདི་བྱས། འཁྲུལ་པས་ནོངས་དང་གཡེང་བས་ནོར་གྱུར་བའི། ཉེས་ཆ་མཆིས་ཚེ་མཁས་ལ་མཐོལ་བགྱིད་ཀྱིས། བློ་སྤྱན་མཆོག་གིས་དྲི་མ་རྣམས་སྦྱངས་ནས། བསྟན་པ་ཕྱོགས་བཅུར་སྤེལ་བའི་འཛིན་སྐྱོང་གསོལ། འདི་དགེ་རྒྱལ་བསྟན་གདུགས་དཀར་འཁྱིལ་བའི་འོག སྲིད་གསུམ་འགྲ་ཀུན་ལེགས་ཚུད་རྒུད་པ་ཡི། ཚ་གདུང་ལས་གྲོལ་ཞི་བའི་བྱང་ཆེན་འབྲས། བླ་མེད་བདུན་རྩིའི་གཏེར་ལ་ཡོངས་སྤྱོད་ཤོག
ཅེས་གངས་ཅན་བོད་ཀྱི་བརྡ་ཡང་དག་པར་སྦྱོར་བའི་མིང་གཞིའི་བསྟན་བཅོས་དགོས་འབྱུང་ནོར་བུའི་གཏེར་ཆེན་ཞེས་བྱ་བ་འདི་ཉིད་ཇི་ལྟར་སྦྱར་བའི་ཚུལ་ཡང༌། ཁྲི་ཀ་ཀུན་བཟང་རྒྱལ་མཚན་གྱིས་མཛད་པའི་མིང་གཞི་རིན་ཆེན་གཏེར་ཁྱིམ། ཀུན་གྲོལ་གྲགས་པས་སྦྱར་བ་ཟ་མ་ཏོག དགེ་བསོད་ཅན་དུང་དཀར་འཁྱིལ་དབྱངས། སྡེ་དགེ་ལུང་རྟོགས་རྒྱ་མཚོས་མཛད་པའི་མིང་གཞི། གཙང་སྔགས་ཁྲུན་སྨར་ཅན་མིང་གཞི། གཤེན་མཁས་ཤཱི་ལ་དྷ་ཛ་ཅན་བརྡ་སྤྲོད་ཉི་ཤུ་བདུན་པ། དེ་ཡི་རང་འགྲེལ་གཤེན་བསྟན་གསལ་བའི་ཉི་མ། རྗེ་སྨན་རིའི་མཁན་ྋཉི་མ་བསྟན་འཛིན་གྱིས་མཛད་པའི་འབེལ་གཏམ་ཉི་འོད་གཞོན་ནུ། དེ་ཡི་འགྲེལ་ཀླུ་དགོན་སྤྲུལ་སྐུ་བསྟན་པ་རྒྱལ་མཚན་གྱིས་བཀྲལ་བ་ཉི་མའི་སྙིང་པོ་སོགས་མིང་གཞིའི་བསྟན་བཅོས་ཇི་སྙེད་ཅིག་དང༌། གཞན་ཡང་ཐུ་མས་མཛད་པའི་སུམ་རྟགས་གཞུང་དང༌། དེ་ཡི་འགྲེལ་པ་སྣང་ལོ་པ་སངྒཱ་ཤྲི་རིའི་མཆན་ཊིག དབུས་པ་བློ་གསལ་གྱི་འགྲེལ་པ། ཞ་ལོ་དྷརྨ་པཱ་ལིའི་འགྲེལ་པ། དགེ་ཡེ་ཚུལ་སེང་གི་འགྲེལ་པ་ཉི་འོད། རབ་འབྱམས་སྨྲ་བ་ཆོས་རྒྱན་གྱི་འགྲེལ་པ་བློ་གསལ་མགུལ་རྒྱན། པཎ་ཆེན་གསེར་མདོག་ཅན་གྱི་འགྲེལ། ཞྭ་ལུ་རིན་ཆེན་ཆོས་སྐྱོང་བཟང་པོས་སྦྱར་བའི་མཁས་པའི་ངག་སྒྲོན། ཞྭ་ལུ་ཆོས་ལེགས་ཅན་མཁས་པའི་ཡིད་འཕྲོག ཡར་འབྲོག་རིན་ཏོག་གི་ཟ་མ་ཏོག དཔའ་བོ་གཙུག་ལག་ཕྲེང་བའི་གསལ་བཤད་སྒྲོན་མེ། འོལ་ཕྲུག་ཀརྨ་རབ་རྒྱས་ཀྱི་མཁས་པའི་རྒྱན། ཟུར་མཁར་བ་བློ་གྲོས་རྒྱལ་པོའི་མཁས་པའི་དགའ་སྟོན། སྨན་ལུང་པ་བློ་མཆོག་རྡོ་རྗེའི་ཟུང་འཇུག་ཡིད་ཀྱི་ཤིང་རྟ། པཎ་ཆེན་བྱམས་གླིང་པའི་ཞིབ་མོ་རྣམ་འཐག ཀུན་མཁྱེན་གོ་རིམས་པའྀ་འགྲེལ། སྟག་ལུང་ཆོས་རྗེའི་འགྲེལ། ཁ་རག་སྤྲུལ་སྐུའི་འགྲེལ། རབ་འབྱམས་པ་རྣམ་གྲོལ་གྱི་འགྲེལ། དྲུང་ཡིག་འཇམ་དབྱངས་ཀྱི་དྲི་བ་དྲི་ལན། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱི་འགྲེལ་པ་སྣང་བྱེད་ནོར་བུ།
ཀུན་མཁྱེན་སི་ཏུ་ཆོས་འབྱུང་གི་མཁས་མཁས་མགུལ་མུ་ཕྲེང༌། རྡོ་རིང་པཎྟིཏ་ཡི་འགྲེལ་པ་ཨུདྤལ་ལའི་རྣ་རྒྱན། དངུལ་ཆུ་དྷརྨ་བྷ་ཊའི་འགྲེལ་པ། དབྱངས་ཅན་གྲུབ་རྡོར་བའི་ལེགས་བཤད་ལྗོན་དབང་དང་དཀའ་གནད་གསལ་སྒྲོན། རྟོགས་ལྡན་ལྷག་བསམ་པའི་སྣང་བ་དམ་པ། རི་བོ་མདངས་ཅན་མཁན་རིན་པོ་ཆེས་མཛད་པའི་རྣམ་གསལ། རིན་ཆེན་དོན་གྲུབ་ཀྱི་ཀུན་ཏུ་བཟང་པོའི་དགོངས་རྒྱན་སོགས་ལེའུ་ཚན་བརྒྱད་ཙམ། དཀར་དྲུང་པདྨ་རྡོ་རྗེ་ཅན་ཐུ་མའི་དགོངས་རྒྱན་དང་སྙིང་པོ་རབ་གསལ་དྭངས་ཤེལ་མེ་ལོང་སོགས་དང༌། ཁུ་ནུ་བ་བསྟན་འཛིན་རྒྱལ་མཚན་གྱི་ངག་སྒྲོན་མཆན་འགྲེལ། གཞན་ཡང་མིང་གཞིའི་བསྟན་བཅོས་ཡོད་རིགས། བརྡ་འགྲེལ་རྒྱས་སྡུས་རང་གཞན་གྱི་ལུགས་མང་ཕལ་ཆེར་ལ་བརྟག་དཔྱད་ཞིབ་པར་བགྱིས་པས། འགའ་ཞིག་མིང་གཞི་བརྗོད་བྱ་ཐམས་ཅད་ལྟ་ཞོག རེ་ཟུང་ཡོད་རིགས་ཀྱང་དུས་གསུམ་བྱ་བྱེད་ལས་སོགས་དབྱེ་བ་མེད་པ་དུས་གསུམ་གང་རུང་ལྟེས་དབང་གང་ཕྲད་ཁ་ཤས་ལས་མེད་པ་དང༌། བརྡ་འགྲེལ་འགའ་ཞིག་རང་བསྟོད་གཞན་སྨད་ཀྱི་ཚིག་འཁྱལ་བརྩོད་པ་ལས་དོན་གྱི་སྙིང་པོས་དབེན་པ་དང༌། འགའ་ཞིག་རྒྱས་བཤད་ཡིན་ཁུལ་གྱི་དཔེ་བརྗོད་འགྲོ་མིན་སྣ་ཚོགས་བསྲེས་ཏེ་ཚིག་ཉོག་མང་ཞིག་བསྟན་པ་སོགས་ཡིད་རྟེན་ཆེ་བར་མི་འདུག་རུང༌། འདི་ནི་བརྩོད་མེད་གཟུ་བོར་གནས་པའི་མཁས་དབང་དུ་མའི་ལེགས་བཤད་སྙིང་པོར་ཕྱུང་སྟེ། མིང་གི་བསྟན་བཅོས་རྒྱས་བཤད་དབྱངས་བཞི་མགོ་ཅན་འཕུལ་འདོགས་སོ་སོར་ཕྱེས་ཤིང་མཐོང་ཙམ་བདེ་བླག་ཉིད་དུ་རྟོགས་པའི་དགོས་འབྱུང་ནོར་གཏེར་ཞེས་བྱ་བ་འདི་ཉིད། རྒྱ་ཞང་བོད་སོགས་བརྡ་དག་ལ་གོམ་འདྲིས་ཅུང་ཟད་སོང་བའི་གཤེན་གྱི་དྲང་སྲོང་གཡུང་དྲུང་རྒྱལ་མཚན་དཔལ་བཟང་པོའམ་འཇིགས་མེད་ནམ་མཁའི་རྡོ་རྗེ་ཞེས་བྱ་བས་འབྱུང་ལྡན་སུམ་བརྒྱའི་ནང་ཚན་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ཟླ་བ་བདུན་པའི་ཚེས་བཅུ་ལ་ཞང་ཞུང་ཁྱུང་ཆེན་སྤུངས་རིར་གཡུང་དྲུང་རིན་ཆེན་འབར་བའི་ཀེའུ་ཚང་དུ་མཇུག་ཡོངས་སུ་གྲུབ་པར་བགྱིས་པས། དགེ་དེས་རྒྱལ་བསྟན་ལུང་རྟོགས་ཀྱི་བརྡ་དོན་ཐམས་ཅད་ཐོགས་མེད་ཁྲོལ་ཏེ་བདག་དོན་ལྷུན་གྱིས་གྲུབ་ཅིང་གཞན་དོན་འཁོར་བ་མ་སྟོངས་བར་དུ་གཟུགས་སྐུས་བཀོད་པས་སེམས་ཅན་གྱི་དོན་མཐར་ཕྱིན་ཏེ་སྟོན་འཁོར་དགོངས་པ་ཐ་དད་མེད་པར་གདོད་མའི་ནང་དབྱིངས་ལྷུན་གྲུབ་སྒོ་བརྒྱད་བུམ་སྐུའི་ཀློང་དུ་ཡེ་སངས་རྒྱས་པའི་རྒྱུ་རུ་གྱུར་ཅིག ། སརྦ་མངྒ་ལམ། དགེའོ། །

བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག་ངག་འཛིན་ཟུར་བཀོལ་བཞུགས།

འཇམ་དབྱངས་སྨྲ་སེང་ལ་བཏུད་དེ། ཐབས་ཤེས་ཟུང་སྦྲེལ་བྱིན་རླབས་ཀྱིས། དཔའ་བོ་འབྲུ་ལྔ་ལས་སྤྲོས་པའི། འཕྲུལ་གྱི་ཐོ་ཡིག་བཞི་བཅུར་འབྱུང༌། དེ་དག་འབྱུང་བ་ཆེ་ཆུང་དབྱེ། ཀ་ལི་གསལ་བྱེད་སུམ་ཅུ་ལ། ཐང་བབ་སྡེ་ཚན་ཕྱེད་དང་བརྒྱད། དེ་སྟེང་སྐབས་སྦྱོར་བཅུ་བསྣན་པས། འཕྲུལ་གྱི་ཐོ་ཡིག་བཞི་བཅུར་བརྗོད། ག་ང་ད་ན་བ་མ་འ། ར་ལ་ས་བཅས་རྗེས་འཇུག་བཅུ། ས་མཐའ་ཅན་གྲགས་དེ་ནང་ལས། ག་ད་བ་མ་འ་སྔོན་འཇུག ལྔ་སྟེ་འ་མཐའ་ཅན་ཡང་ཟེར། ད་ས་གཉིས་ནི་ཡང་འཇུག་དབང༌། དེ་ལྷག་ཉི་ཤུ་མིང་གཞི་ལས། སྔོན་རྗེས་གང་དུ་འཇུག་མི་འགྱུར། མགོ་ཅན་ར་ལ་ས་གསུམ་དང༌། སྨད་འདོགས་ཡ་ར་ལ་ཝ་བཞི། མིང་གཞི་ཀ་ལི་སུམ་ཅུའི་ནང༌། ར་མགོ་ཐོབ་པ་བཅུ་གཉིས་ཏེ། རྐ་རྒ་རྔ་རྗ་རྙ་རྟ་རྡ། རྣ་རྦ་རྨ་རྩ་རྫ་རྣམས་སོ། ལ་མགོ་ཐོབ་པ་བཅུ་ཡིན་ཏེ། ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ། ལྤ་ལྦ་ལྷ་སྟེ་བཅུ་པོ་ཡིན། ས་མགོ་ལྡན་པ་བཅུུ་གཅིག་ནི། སྐ་སྒ་སྔ་སྙ་སྟ་སྡ་སྣ། སྤ་སྦ་སྨ་སྩ་མགོ་ཅན་ཚང༌། སྨད་འདོགས་ཡ་སྟ་ཐོབ་པ་བདུན། ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ། ར་སྟ་ཐོབ་པ་བཅུ་གསུམ་སྟེ། ཀྲ་ཁྲ་གྲ་ཏྲ་དྲ་ནྲ་པྲ། ཕྲ་བྲ་མྲ་ཤྲ་སྲ་ཧྲ་བཅས། ལ་བཏགས་ཐོབ་པ་དྲུག་དང་ལྡན། ཀླ་གླ་བླ་ཟླ་རླ་སླ་ཡིན། ཝ་ཟུར་འདོགས་རུང་ཡི་གེ་ནི། ཀྭ་ཁྭ་གྭ་ཉྭ་དྭ་ཙྭ་ཚྭ། ཛྭ་ཞྭ་ཟྭ་རྭ་ལྭ་ཤྭ་སྭ། ཧྭ་ཨྭ་བཅས་ཏེ་བཅུ་དྲུག་སྲིད། གཞན་ཡང་ཝ་ཟུར་ཐོབ་པ་མང༌། འཇུག་ཡུལ་མིང་གཞི་སུམ་ཅུ་ལ། འབྱུང་ཁམས་དབྱེའམ་ཕ་མོ་དབྱེ། ཀ་ཅ་ཏ་པ་ཙ་ལྔ་ཕོ། ཁ་ཆ་ཐ་ཚ་མ་ནིང༌། ག་ཇ་ད་བ་ཛ་ཝ་ཞ། ཟ་འ་ཡ་ཤ་ས་བཅུ་གཉིས། མོ་ཡིག་བརྗོད་དོ་ཤིན་ཏུ་མོ། ང་ཉ་ན་མ་བཞི་པོ་སྟེ། ར་ལ་ཧ་གསུམ་མོ་གཤམ་བཅས། བསྡོམས་པས་མོ་ཡིག་བཅུ་དགུར་འདོད། ཨ་ནི་ཀུན་གྱི་སྲོག་ཏུ་ཞུགས། སྔོན་འཇུག་ག་ད་གཉིས་མ་ནིང༌། བ་ཕོ་མ་ནི་ཤིན་ཏུ་མོ། འ་ནི་མོ་འོ་འཇུག་ཚུལ་ཡང༌། སྔོན་འཇུག་མ་ནིང་ག་ད་གཉིས། མིང་གཞི་ཕོ་དང་མོ་ལ་འཇུག བ་ནི་ཕོ་སྟེ་མིང་གཞི་ནི། ཕོ་དང་མོར་འཇུག་མ་ཤིན་མོ། མིང་གཞི་མ་ནིང་ཤིན་མོར་འཇུག འ་ནི་མོ་སྟེ་མིང་གཞི་ནི། མོ་དང་མ་ནིང་ལ་འཇུག་གོ། འཇུག་ཡུལ་སོ་སོའི་གྲངས་དདབྱེ་ནི། ག་ཡིས་རྐྱང་འཕུལ་བཅུ་གཅིག་དང༌། ད་ཡིས་རྐྱང་དྲུག་འདོགས་འཕུལ་དགུ། བ་ཡིས་རྐྱང་འཕུལ་བཅུ་དང་ནི། རྩེག་འཕུལ་ཉི་ཤུ་འདོགས་ཅན་དགུ། སྦྲག་འཕུལ་དྲུག་ཏུ་ངེས་པའོ། མ་ཡིས་རྐྱང་འཕུལ་བཅུ་གཅིག་དང༌། ཡ་རའི་འདོགས་འཕུལ་བཞི་ངེས་སོ། འ་ཡིས་རྐྱང་འཕུལ་བཅུ་དང་ནི། འདོགས་འཕུལ་དགུ་བཅས་ཁྱོན་བསྡོམས་པས། རྐྱང་འཕུལ་ཞེ་བརྒྱད་རྩེག་འཕུལ་ནི། ཉེར་ཐམ་འདོགས་འཕུལ་སོ་གཅིག་དང༌། སྦྲག་འཕུལ་དྲུག་བཅས་བརྒྱ་དང་ལྔ། མི་འཇུག་ངེས་པ་ཞོར་རྟོགས་སླ། དོན་ཆེད་མ་ནིང་གཉིས་པོ་ནི། གཙོ་ཆེར་ད་ལྟར་ཆེད་དུ་སྟེ། བདག་གཞན་གཉིས་དང་དེ་འབྲེལ་ལས། འདས་སྐུལ་ལ་ཡང་རེས་འགའ་ཙམ། ཕོ་ནི་གཙོ་བོར་འདས་པ་དང༌། དངོས་གཞན་བྱ་བ་བསྒྲུབ་ལ་འཇུག ད་ལྟ་སྐུལ་ཚིག་སྲིད་ཙམ་ཡིན། ཤིན་ཏུ་མོ་ནི་བདག་གཞན་གཉིས། དེ་འབྲེལ་བྱེད་ལས་བྱ་ལས་དང༌། དུས་གསུམ་ཀུན་ལ་ཁྱབ་པར་འཇུག མོ་ནི་བདག་དང་ད་ལྟ་བ། གཙོ་བོར་མ་འོངས་སྟོན་ཕྱིར་རོ། བདག་གཞན་བྱ་བྱེད་དུས་གསུམ་གྱི། དཀའ་གནད་དགྲོལ་ལ་མཁས་པར་བྱ། བྱས་ཟིན་རྣམས་ནི་འདས་པ་སྟེ། བས་འཕུལ་ཡང་འཇུག་ཤས་ཆེར་འབྱུང༌། བྱེད་སྒང་རྣམས་ནི་ད་ལྟ་བ། སྔོན་འཇུག་མེད་པ་ཤས་ཆེ་ལ། ཡོད་ཀྱང་བ་དང་ཡང་འཇུག་སྤང༌། འས་འཕུལ་ན་རོ་འབྲེལ་ཆེར་ཡོང༌། བྱ་འགྱུར་རྣམས་ནི་མ་འོངས་པ། འཕུལ་བྱེད་ལྔ་ལ་རིས་མེད་ཀྱང༌། ག་ད་བ་རྣམས་ཤས་ཆེ་ལ། ན་རོ་ཡང་འཇུག་ཕལ་ཆེར་སྤང༌། བྱེད་པོས་གཞན་བསྐུལ་སྐུལ་ཚིག་སྟེ། ཕལ་ཆེར་འ་མཐའ་ཅན་སྤང་སྟེ། ན་རོ་ཡང་འཇུག་འབྲེལ་ཆེར་སྲིད། བྱེད་པ་པོ་དང་བྱེད་པའི་ལས། ད་ལྟ་བ་རྣམས་འཐོབ་ཚུལ་གཅིག དེ་བཞིན་བྱ་ཡུལ་བྱ་ལས་དང༌། མ་འོངས་པ་རྣམས་སྦྱར་འཐོབ་འདྲ། ག་དས་འཕུལ་བའི་བྱ་བ་ལ། བྱེད་པར་འ་འཇུག་བྱ་བྱེད་གཉིས། འགྱུར་མེད་དག་ཀྱང་འཐོབ་པ་མང༌། བ་འཇུག་བྱ་བར་བྱེད་པ་འ། ཕལ་ཆེར་འཕུལ་མེད་པ་ཡང་མང༌། མ་འཇུག་བྱ་བར་བྱེད་པ་ག འཕུལ་མེད་གཉིས་ཀྱང་སྲིད་པ་ཙམ། ཕལ་ཆེར་བྱ་བྱེད་འགྱུར་བ་མིན། འ་འཇུག་བྱ་བྱེད་གཉིས་ཀ་རང༌། འཕུལ་མེད་བྱ་བྱེད་མི་འགྱུར་ཞིང༌། ལུས་སྲོག་གཉིས་ཀ་གཞན་འགྱུར་བའི། བྱ་བྱེད་དག་ནི་ཅི་རིགས་སོ། དེ་ནས་རྗེས་འཇུག་ཕོ་མོ་སོགས། དབྱེ་ཚུལ་མི་འདྲ་སྣ་ཚོགས་ཀྱང༌། འདིར་བཞེད་ག་ད་བ་ས་ཕོ། ང་མ་འ་མོ་ན་ར་ལ། མ་ནིང་ཞིབ་དབྱེ་ཕོ་ལ་གསུམ། མོར་གཉིས་མ་ནིང་གསུམ་དུ་ཕྱེ། སྒྲ་ནི་དྲག་ཞན་བར་གསུམ་གྱི། དྲག་པ་ཕོ་གསུམ་ནང་ཕྲད་དམ། འབྲིང་དང་ཞན་པ་དེ་བཞིན་གྱི། ནང་གསེས་དྲག་ཞན་ཞིབ་དབྱེ་ཤེས། དོན་ནི་རྟགས་མཚུངས་མིང་མཐའ་འདྲེན། ཕོ་ཡིས་ཕོ་མིང་འདྲེན་ལྟར་འགྲེ། ཡང་འཇུག་ད་ས་གཉིས་པོ་ནི། ཕལ་ཆེར་འདས་སྐུལ་གཉིས་འཐོབ་མང༌། ད་ནི་ན་ར་ལ་གསུམ་མཐར། ས་ནི་ག་ང་བ་མར་དབང༌། ད་དྲག་དངོས་མིན་ཡོད་ལྟར་སྦྱར། འ་མཐའ་ཀུན་དོར་དགའ་བ་སོགས། འགའ་ཞིག་མེད་ན་ནོར་དོགས་བཞག ༈ དེ་ནས་རྣམ་དབྱེ་ཕྲད་སོགས་ལ། རྣམ་དབྱེའི་མིང་གྲངས་ངོ་བོ་ལས། བྱེད་པ་དགོས་ཆེད་འབྱུང་ཁུངས་དང༌། འབྲེལ་བ་རྟེན་གནས་འབོད་སྒྲ་བརྒྱད། དབྱེ་བྱ་ཕྲད་ལ་སླར་བསྡུ་དང༌། ལ་དོན་ཨི་ལྡན་རྒྱན་སྡུད་དང༌། ལྷག་བཅས་འབྱེད་སྡུད་འབྱུང་ཁུངས་དང༌། འབོད་སྒྲ་དང་བཅས་བརྒྱད་ཕྱེ་ལ། སླར་བསྡུ་རྫོགས་ཚིག་དོན་གཅིག་སྟེ། རྗེས་འཇུག་རང་འདྲ་ན་རོ་སྦྱར། གོ་ངོ་དོ་ནོ་བོ་མོ་འོ། རོ་ལོ་སོ་དང་ཤུགས་བསྟན་ཏོ། སྦྱོར་ཚུལ་བྱ་བྱས་སླར་བསྡུ་དངོས། མ་འོངས་སླར་བསྡུ་ཙམ་གཉིས་དབྱེ། ལ་དོན་སུ་རུ་དུ་ཏུ་ན། ལ་ར་རྣམ་དབྱེ་གཉིས་བཞི་བདུན། ལས་དང་དགོས་ཆེད་རྟེན་གནས་གསུམ། དེ་ཉིད་ཚེ་སྐབས་ལྔ་ལ་འཇུག སྦྱོར་ཚུལ་མཐའ་རྟེན་ས་མཐར་སུ། འ་དང་མཐའ་མེད་རའམ་རུ། ང་ད་ན་མ་ར་ལ་དུ། ག་བ་ད་དྲག་ཅན་མཐར་ཏུ། ན་ལ་རྗེས་འཇུག་ལ་མི་ལྟོས། ཨི་ལྡན་འབྲེལ་བ་སྟོན་བྱེད་སྒྲ། ཀྱི་གྱི་གི་འི་ཡི་ལྔ་ནི། འབྲེལ་སྒྲ་དངོས་དང་ཚིག་རྒྱན་འཇུག ད་བ་ས་ཀྱི་ག་ང་གི། ན་ལ་ར་ལ་གྱི་འ་མཐའ། མཐའ་མེད་གཉིས་ལ་འི་དང་ཡི། དེ་ལྔར་སས་བརྒྱན་བྱེད་སྒྲ་སྟེ། ཀྱིས་གྱིས་གིས་འིས་ཡིས་ལྔར་གྲུབ། བྱེད་སྒྲ་དངོས་དང་རྒྱུ་མཚན་དབྱེ། སྦྱོར་ཚུལ་འབྲེལ་སྒྲ་དང་མཚུངས་སོ། ཚིག་རྒྱན་རྒྱན་སྡུད་ཀྱང་ཡང་འང༌། ཚིག་རྒྱན་གཉིས་དང་སྡུད་སོགས་དབྱེ། ག་ད་བ་ས་དྲག་མཐར་ཀྱང༌། ང་ན་མ་ར་ལ་མཐར་ཡང༌། འ་དང་མཐའ་མེད་འང་དང་ཡང༌། ཁ་སྐད་མི་དགོས་དགོས་ཕྱིར་རོ། དེ་ནས་ཡང་ནི་བསྣན་བསྐྱར་གཉིས། འཇུག་ཀྱང་རྗེས་འཇུག་ལ་མི་ལྟོས། ལྷག་བཅས་ཏེ་དེ་སྟེ་གསུམ་ནི། མཚམས་སྦྱོར་དམ་བཅས་གཞན་འདྲེན་དབྱེ། ན་ར་ལ་ས་ཏེ་རྐྱང་དང༌། ད་དེ་ག་ང་བ་མ་འ། མཐའ་མེད་རྣམས་ལ་ས་སྟེ་སྦྱར། འབྱེད་སྡུད་རྣམ་བརྟག་ཅན་གྱི་སྒྲ། རྗེས་འཇུག་བཅུ་ལ་མ་མཐའ་སྦྱར། གམ་ངམ་དམ་ནམ་བམ་མམ་འམ། རམ་ལམ་སམ་དང་ཏམ་བཅས་ཏེ། རྗེས་འཇུག་རང་འདྲར་མཐའ་ལ་སྦྱར། འཇུག་གྲངས་འབྱེད་སྡུད་ཐེ་ཚོམ་དང༌། དྲི་བ་གདམ་ང་ལྔ་ལ་འཇུག ར་རུ་འི་ཡི་འང་ཡང་འོ། འུ་འམ་རྣམས་ནི་ཚིག་རྐང་ལ། ཁ་སྐང་མི་དགོས་ཚེག་མེད་དང༌། དགོས་ཚེ་བར་ཚེག་བྱེད་པའོ། འབྱུང་ཁུངས་སྟོན་སྒྲ་ནས་ལས་གཉིས། འབྱུང་ཁུངས་དགར་སྡུད་ལྷག་བཅས་དང༌། རྒྱུ་མཚན་ལ་སོགས་མང་དུ་འཇུག འབོད་སྒྲ་ཀྱེ་དང་ཀྭ་ཡེ་དང༌། ཝ་ཡེ་མཆོག་འབྲིང་དམན་པའི་ཁྱད། དེ་ནས་རང་དབང་ཅན་གྱི་ཕྲད། ནི་སྒྲ་དགར་དང་ངོས་བཟུང་དང༌། བསྣན་དང་ཁ་སྐོང་བཅས་ལ་འཇུག དང་སྒྲ་འབྱེད་སྡུད་ཚེ་སྐབས་དང༌། རྒྱུ་མཚན་གདམས་ངག་སྟོན་ལ་འཇུག གང་སྒྲ་སྤྱི་ལ་ཁྱབ་པའི་སྒྲ། དེ་མཚུངས་ཅི་ཇི་སུ་གསུམ་ཡིན། དེ་སྒྲ་ཐ་སྙད་དབང་དུ་གསུམ། དུས་གཉིས་དངོས་པོའི་དབང་དུ་བཞི། བདག་སྒྲ་པ་བ་པོ་དང་གསུམ། སྒྲ་མཐུན་པ་བ་པོ་དང་ནི། པུ་བུ་འུ་བཅས་ནང་ཚན་ལ། པ་བ་གཉིས་ཀྱི་སྦྱོར་ཚུལ་ཡང༌། ག་ད་ན་བ་མ་ས་དང༌། ད་དྲག་ཅན་རྣམས་པ་སྦྱར་ཞིང༌། ང་འ་ར་ལ་མཐའ་མེད་ཀྱི། བ་ཕྱེད་ཝར་འབོད་རྣམས་ལ་བ། འགའ་ཞིག་པ་བ་བརྗོད་བདེར་སྦྱར། བོ་ནི་འ་མཐའ་གཞན་བཅུ་པོ། སུ་ནི་ག་མཐར་གཞན་དགུ་བུ། འ་མཐར་འུ་སྦྱར་དགག་སྒྲ་ནི། མ་མི་མིན་མེད་མོ་བཅས་ཀྱང༌། རྗེས་འཇུག་མི་བལྟོས་རང་དབང་ཅན། མ་མི་སྔོན་དགག་མིན་མེད་རྗེས། མོ་ནི་མིན་ཟླ་སོགས་ལ་འཇུག ཚིག་གི་འཕྲོ་མཐུད་ཅིང་ཞིང་ཤིང༌། ངོེས་བཟུང་ཅེས་ཞེས་ཤེས་དང་གསུམ། དྲི་ལེན་ཅེ་ན་ཞེ་ན་དང༌། ཤེ་ན་ཅེ་འོ་ཞེ་འོ་དང༌། ཤེ་འོ་ངེས་བཟུང་བསྐུལ་ཚིག་ལ། ཅིག་ཞིག་ཤིག་བཅས་འཐོབ་ཚུལ་ཡང༌། ག་ད་བ་དྲག་ཅན་མཐར་ཅ། ང་ན་མ་འ་ར་ལ་དང༌། མཐའ་མེད་རྣམས་ལ་ཞ་ཡིག་སྦྱར། ས་མཐར་དམིགས་བསལ་མ་གཏོགས་ཤ། གཞན་ཡང་ཕྲད་ནི་སྣ་ཚོགས་ཀྱང༌། འདི་སྒྲ་ད་དུས་དངོས་སམ་འཇུག ད་སྒྲ་སྐབས་སུ་བབ་པའི་ཚིག ཉིད་ནི་ངོ་བོ་ཁོ་ན་སྟོན། ཙམ་ནི་ལྷག་མ་འགོག་པ་དང༌། ཚད་དང་དམན་པའི་སྒྲ་ལ་འཇུག ཐམས་ཅད་ཀུན་ཀ་ཡོ་ཀ་དང༌། དུ་མ་རྣམས་བཅས་མང་ཚིག་སྒྲ། མ་ལུས་འབའ་ཞིག་ཤ་སྟག་རྣམས། ལྷག་མ་འགོག་སྒྲ་སྟོན་པའི་ཚིག ཞར་བྱུང་ཚིག་ཕྲད་འཐོར་བུ་དང༌། བསྡུས་དང་ཟུར་ཆག་ལ་སོགས་མང༌། བར་འབྱེད་ཚིག་ནི་ང་མ་གཏོགས། གཞན་རྣམས་ཤད་གོང་ཕྱི་ཚེག་སྤང༌། མདོ་གཅོད་ཤད་ལ་དཀར་ཤད་དང༌། ནག་ཤད་ཚེག་ཤད་དྲག་ཤད་དང༌། སྦྲུལ་ཤད་བཀྱོག་ཤད་དང་དྲུག་དབྱེ། དེ་ལྟར་བརྡ་སྤྲོད་རྒྱ་མཚོའི་བཅུད། མ་ལུས་ཆ་ཚང་རྩ་ཚིག་འདི། བརྡ་དག་པོ་སྟེ་འཇིགས་མེད་པས། འུབ་ཆུད་ཀློང་ནས་ཐོལ་བྱུང་བྲིས། ཤུ་བྷཾཿ དགེའོ།

༡༽ དཀར་ཤད།  ༼ ། ༽
༢༽ ནག་ཤད།  ༼  ༽
༣༽ ཚེག་ཤད།  ༼  ༽
༤༽ དྲག་ཤད།  ༼  ༽
༥༽ སྦྲུལ་ཤད།  ༼ ༈ ༽
༦༽ བཀྱོག་ཤད། ༼  ༽

བརྡ་སྤྲོད་ཀུན་གྱི་སྙིང་པོ་སྲིད་པའི་སྒྲོན་མེ་བཞུགས།
བོད་སྐད་དུ། བརྡ་སྤྲོད་ཀུན་གྱི་སྙིང་པོ་སྲིད་པའི་སྒྲོན་མེ་ཞེས་བྱ་བ། །
གདོད་ནས་སྐུ་གསུམ་ལྷུན་རྫོགས་ཀྱང༌། །
བརྩེ་ཆེན་ཐུགས་རྗེས་མཐའ་མེད་འགྲོ། །
འདུལ་ཕྱིར་གཟུགས་སྐུའི་འཕྲུལ་ངོམས་པའི། །
སྟོན་པ་མཆོག་དེས་བདེ་ལེགས་སྩོལ།
སྒྲ་དབྱངས་རིག་པའི་མཛོད་འཛིན་པ། ཨེར་སངས་ཡུམ་དང་སྨྲ་བའི་སེང༌། མཚོ་བྱུང་སྒྲ་དབྱངས་རྒྱལ་མོ་སོགས། སྙིང་མགྲིན་རྒྱན་བཞུགས་རྣམ་དཔྱོད་སྩོལ། སྨྲ་བའི་དབང་ཕྱུག་དྲན་པ་དང༌། ཤ་རི་གྱིམ་ཚ་ཤི་ལ་དྷཱ། ཀུན་གྲོལ་གྲགས་དང་ཉི་བསྟན་སོགས། སྒྲུ་བསྒྱུར་བརྒྱུད་བཅས་ཕྱག་བགྱིའོ། སྲིད་དང་ཞི་བར་གནས་པའི་ཁམས། བརྗོད་དོན་གསལ་བར་གཏན་འབེབས་པའི། འཕྲུལ་ཆེན་ཡིག་སྦྱོར་ཀུན་གྱི་སྙིང༌། བརྡ་སྤྲོད་སྲིད་པའི་སྒྲོན་མེ་སྤྲོ།
ཐབས་ཤེས་ཕུལ་བྱུང་སྲིད་པ་གཤེན། ཟུང་སྦྲེལ་ཐུགས་རྗེའི་བྱིན་རླབས་ཀྱིས། དཔའ་བོ་ལྔ་ལས་སྤྲོས་པའི། འཕྲུལ་གྱི་ཐོ་ཡིག་བཞི་བཅུར་བྱུང༌། དེ་ལ་གསལ་བྱེད་དབྱངས་གཉིས་ཏེ། ཐབས་ཀྱི་རང་བཞིན་གསལ་བྱེད་དམ། ཀཱ་ལི་རྩ་བ་ལུས་སོགས་བརྗོད། ཤེས་རབ་རང་བཞིན་དབྱངས་ཤ་ལི། ཡན་ལག་སྲོག་སོགས་གདག་པ་སྟེ། དོན་དུ་འཕྲུལ་ཡིག་བཞི་བཅུར་འདོད། དེ་དག་འབྱུང་བ་ཆེ་ཆུང་གི། དབྱེ་ཚུལ་རྒྱ་ཆེ་ཀུན་འབུམ་དང༌། གཙུག་ལག་དཔལ་འབུམ་མ་རྒྱུད་ཀྱི། སྐྱེ་མེད་ཐིག་འགྲེལ་མདོ་སོགས་ཀྱང༌། ཕལ་ཆེར་མཐུན་པས་དཔའ་བོ་ཡི། འབྲུ་ལྔ་ཨཱོ་རཾ་སྲུཾ་ཁཾ་ཡཾ། ལྔ་ལས་སྤྲོས་པའི་འབྱུང་ཆེན་ཚུལ། ཨཱོ་ལས་ནམ་མཁའི་ཡི་གེ་ནི། ཀྵ་ཀ་ཁ་ག་ང་ཧ་ཨ། ཨཾ་སྟེ་འབྲུ་བརྒྱད་བྱུང་བ་ཡིན། དེ་བཞིན་རཾ་ལས་མེ་ཡིག་བརྒྱད། ཨེ་ཅ་ཆ་ཇ་ཉ་ར་བྷི། ཥ྄ཊ་བྱུང་སྲུཾ་ལས་ས་ཡིག་བརྒྱད། ཨོ་ཏ་ཐ་ད་ན་ལ་ས། མྷིང་ཤར་ཁཾ་ལས་ཆུ་ཡིག་བརྒྱད། ཨུ་པ་ཕ་བ་མ་ཟ་འ། ཨ་བྱུང་ཡཾ་ལས་རླུང་ཡིག་ནི། ཨི་ཙ་ཚ་ཛ་ཝ་ཡ་ཤ། ཞ་བརྒྱད་སྲིད་དེ་བྱུང་ཁུངས་རྟོགས། དེ་དག་འབྱུང་ཆུང་སྡེ་ལྔ་རུ། ཕྱེ་ནས་སྒྲ་གདངས་དྲག་ཞན་དབྱེ། ཀྵ་ཨེ་ཨོ་ཨུ་ཨི་ཨཾ་ཨ། ཥཊ་བརྒྱད་རླུང་སྡེ་ཆེན་པོའོ། ཀ་ཅ་ཏ་པ་ཙ་ཞ་ར། ཧ་བརྒྱད་ས་སྡེ་དྲག་པོའོ། ཁ་ཆ་ཐ་ཕ་ཚ་ཟ་ལ། ཨ་བརྒྱད་ཆུ་སྡེ་འབྲིང་པོ་སྟེ། ག་ཇ་ད་བ་ཛ་འ་ཤ། བྷི་བརྒྱད་མེ་སྡེ་ཞན་པའོ། ང་ཉ་ན་མ་ཝ་ཡ་ས། མྷིང་བརྒྱད་མཁའ་སྡེ་རྔུབ་པའོ། བྱུང་ཁུངས་སྡེ་ཚན་བརྒྱད་པོ་ལ། ཡི་གེ་ལྔ་ལྔར་ཕྱེ་བ་ལ། དང་པོ་ཀྵ་ཀ་ཁ་ག་ང༌། མགྲིན་པའི་གནས་སྐྱེ་ཤིང་གི་ཁམས། གཉིས་པ་ཨེ་ཅ་ཆ་ཇ་ཉ། རྐན་ནས་སྐྱེ་སྟེ་མེ་ཡི་ཁམས། གསུམ་པ་ཨ་ཏ་ཐ་ད་ན། ལྕེ་ནས་སྐྱེ་སྟེ་ས་ཡི་ཁམས། བཞི་པ་ཨུ་པ་ཕ་བ་མ། མཆུ་ནས་སྐྱེ་སྟེ་ཆུ་ཡི་ཁམས། ལྔ་པ་ཨི་ཙ་ཚ་ཛ་ཝ། སྣ་ནས་སྐྱེ་སྟེ་རླུང་གི་ཁམས། དྲུག་པ་ཨཾ་ཞ་ཟ་འ་ཡ། སོ་ནས་སྐྱེ་སྟེ་ལྕགས་ཀྱི་ཁམས། བདུན་པ་ཨཿར་ལ་ཤ་ས། སྤྱི་བོ་ནས་སྐྱེ་རི་ཡི་ཁམས། བརྒྱད་པ་ཥ྄ཊ་ཧ་མ་བྷི་མིང༌། ཁོག་སྐྱེས་ནམ་མཁའི་ཁམས་སུ་ངེས། ཀཱ་ལི་གསལ་བྱེད་སུམ་ཅུ་ལ། ཡི་གེ་བཞི་བཞིར་ཕྱེ་བ་ཡི། ཐང་བབ་སྡེ་ཚན་ཕྱེད་དང་བརྒྱད། དང་པོ་ཀ་ཁ་ད་ང་དང༌། གཉིས་པར་ཅ་ཆ་ཇ་ཉ་དང༌། གསུམ་པར་ཏ་ཐ་ད་ན་དང༌། བཞི་པར་པ་ཕ་བ་མ་དང༌། ལྔ་པར་ཙ་ཚ་ཛ་ཝ་དང༌། དྲུག་པར་ཞ་ཟ་འ་ཡ་དང༌། བདུན་པར་ར་ལ་ཤ་ས་དང༌། ཕྱེད་དང་བརྒྱད་ལ་ཧ་ཨ་གཉིས། བྷི་མྷིང་གཉིས་བསྣན་སྡེ་ཚན་བརྒྱད། དེ་སྟེང་དབྱངས་ཡིག་ཀྵ་ཨི་ཨུ། ཨེ་ཨོ་ཨཾ་ཨཿཥ྄ཊི་བརྒྱད་བཅས། འཕྲུལ་གྱི་ཐོ་ཡིག་བཞི་བཅུར་བརྗོད། སྡེ་ཚན་དང་པོའི་ག་ང་གཉིས། གསུམ་པའི་ད་ན་བཞི་པ་ཡི། བ་མ་དྲུག་པའི་འ་ཉིད་དང༌། བདུན་པའི་ར་ལ་ས་བཅས་དབྱུང༌། དེ་ལ་མཐའ་རྟེན་རྗེས་འཇུག་བཅུ། ས་མཐའ་ཅན་སོགས་གྲགས་པ་ཡིན། དོན་དུ་མིང་རྗེས་གཉིས་ཀར་འཇུག དེ་ལས་ག་ད་བ་མ་འ། ལྔ་ནི་སྔོན་དུ་འཇུག་པས་ན། སྔོན་འཇུག་ལྔ་འམ་འ་མཐའ་ཅན། དོན་དུ་སྔོན་མིང་རྗེས་གསུམ་འཇུག ད་དང་ས་གཉིས་རྗེས་འཇུག་མཐར། འཇུག་པས་ཡང་འཇུག་ཅེས་སུ་གྲགས། དེ་ལྷག་ཀ་ཁ་ཅ་ཆ་ཇ། ཉ་ཏ་ཐ་པ་ཕ་ཙ་ཚ། ཛ་ཝ་ཞ་ཟ་ཡ་ཤ་ཧ། ཨ་སྟེ་ཉི་ཤུ་མིང་གཞི་ལས། སྔོན་རྗེས་གང་ལའང་འཇུག་པ་མིན། དེ་དག་ཚེག་བར་གཉིད་ཉིད་ལ། གཉིས་སམ་སུམ་སྦྲེལ་དབྱངས་དང་བཞི། ནམ་ཡང་མི་འཇུག་སྦྱར་བའང་མིན། དཔེར་ན་ཀཞོཉ་ལྟ་བུ། སྐབས་སྦྱོར་ཡན་ལག་སོགས་འདོགས་ཚུལ། མཛད་མདོ་དྲི་མེད་གཟི་བརྗིད་ལས། ཡིག་འབྲུ་སུམ་ཅུས་ཁོག་ཀྱང་དབུབ། འགོ་ཡིས་ལམ་དྲང་ཤད་མདོ་བཅད། ཚིག་གིས་བར་ཕྱེ་མི་འཁྲུག་སྙོམས། གུག་འགྲེང་ན་རོ་ཞབས་ཀྱུ་དང༌། ཡ་སྟ་ར་སྟ་བཅས་པ་ཡི། སྐབས་སྦྱོར་ཡན་ལག་རྒྱས་པར་འདོགས། ཞེས་དང་སྐྱེ་མེད་ཐིག་ལེ་ལས། འཕྲུལ་ཡིག་བཞི་བཅུས་གོ་ཕྱེ་བ། ཀྵ་ཡིས་ལམ་དྲང་ཨསཿབར་འབྱེད། ཥ྄ཊ་ཡིས་མདོ་བཅད་ཨི་ཨུ་ཨེ། ཨོ་ཨཾ་སྐབས་སྦྱོར་ཡན་ལག་བཏགས། བྷི་མྷིང་སྤུགས་པས་བཞི་བཅུར་འགྱུར། ཞེས་དང་རིན་ཆེན་ཕྲེང་རྒྱུད་སོགས། ཀུན་མཐུན་སྐབས་སྦྱོར་ཡན་ལག་བཅུ། ཀྵ་ནི་འགོ་འདྲེན་ཨཿནི་ཚེག ཨོ་ནི་ན་རོ་ཨཾ་ཀླད་ཀོར། ཞེས་པའི་གསལ་བྱེད་སུམ་ཅུ་ལ། ཨ་ཨི་ཨུ་ཨེ་ཨོ་ཨཾ་དྲུག གསལ་བྱེད་ཀུན་ལ་ཐོབ་པ་སྟེ། དཔེར་ན་ཀ་ཀི་ཀུ་ཀེ་ཀོ། ཀཾ་ལྟར་སུམ་ཅུ་ཀུན་ལ་འགྲེ། ཨ་ནི་ཀུན་གྱི་སྲོག་ཏུ་ཞུགས། དབྱངས་དང་གསལ་བྱེད་གཉིས་ཀའང་ཡིན། མགོ་ཅན་གསུམ་དང་སྨད་འདོགས་བཞི། མགོ་ཅན་ར་ལ་ས་གསུམ་དང༌། སྨད་འདོགས་ཡ་ར་ལ་ཝ་བཞི། མིང་གཞི་ཀ་ལི་སུམ་ཅུ་ལ། མགོ་འདོགས་ཐོབ་པའི་རྣམ་གྲངས་ནི། ར་མགོ་ཐོབ་པ་བཅུ་གཉིས་ཏེ། ཀ་ཁ་ང་ཇ་ཉ་ཏ་ད། ན་བ་མ་ཙ་ཚ་ཛ་རྣམས་ལ། ར་མགོ་སོ་སོར་བཏགས་པ་ནི། རྐ་རྒ་རྔ་རྗ་རྙ་རྟ་རྡ། རྣ་རྦ་རྨ་རྩ་རྫ་རྣམས་གྲུབ། ལ་མགོ་ཐོབ་པ་བཅུ་ཡིན་ཏེ། ཀ་ཁ་ང་ཅ་ཇ་ཏ་ད། པ་བ་ཧ་རྣམས་ལ་བཏགས་པས། ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ། ལྤ་ལྦ་ལྷ་སྟེ་བཅུ་པོ་འགྲུབ། ས་མགོ་ལྡན་པ་བཅུ་གཅིག་ནི། ཀ་ཁ་ང་ཉ་ཏ་ད་ན། པ་བ་མ་ཙ་སོ་སོ་ལ། ས་མགོ་བཏགས་པ་སྐ་སྒ་སྔ། སྙ་སྟ་སྡ་སྣ་སྤ་སྦ་སྨ། སྩ་རྣམས་གྲུབ་བོ་མགོ་ཅན་ཚང༌། སྨད་འདོགས་ཡ་སྟ་ཐོབ་པ་བདུན། ཀ་ཁ་ག་པ་ཕ་བ་མ། ཡ་བཏགས་ཀྱ་ཁྱ་གྱ་པྱ་ཕྱ། བྱ་མྱ་བདུན་པོ་གྲུབ་པ་ཡིན། ར་སྟ་ཐོབ་པ་བཅུ་གསུམ་སྟེ། ཀ་ཁ་ག་ཏ་ད་ན་པ། ཕ་བ་མ་ཤ་ས་ཧ་རྣམས། ར་སྟ་བཏགས་པས་ཀྲ་ཁྲ་གྲ། ཏྲ་དྲ་ནྲ་པྲ་ཕྲ་བྲ་མྲ། ཤྲ་སྲ་ཧྲ་བཅས་གྲུབ་པ་ཡིན། ལ་བཏགས་ཐོབ་པ་དྲུག་དང་ལྡན། ཀ་ཁ་ག་ཉ་ད་ཙ་ཚ། ཛ་ཞ་ཟ་ར་ལ་ཤ་ས། ཝ་ཟུར་འདོགས་རུང་ཡི་གེ་ནི། ཀ་ཁ་ག་ཉ་ད་ཙ་ཚ། ཛ་ཞ་ཟ་ར་ལ་ཤ་ས། ཧ་ཨ་བཅས་ཏེ་བཅུ་དྲུག་གོ། ཀྭ་ཁྭ་གྭ་ཉྭ་དྭ་ཙྭ་ཚྭ། ཛྭ་ཞྭ་ཟྭ་རྭ་ལྭ་ཤྭ་སྭ། ཧྭ་ཨྭ་བཅས་གྲུབ་གང་ཐོབ་ན། རིན་ཆེན་ཕྲེང་རྒྱུད་ལས་བཤད་པ། ཀྭ་ནི་འབོད་པའི་ཚིག་ཡིན་ཏེ། ཁ་ནི་འདབ་ཆག་བྱེ་བྲག་དང༌། གྭ་དོར་ཤ་བའི་མགོ་ལས་སྐྱེ། ཉྭ་ནི་ལུས་ཀྱི་བྱེ་བྲག་ཡིན། དྭ་བ་ཨྭ་བ་སྨན་དང་ཤིང༌། ཧྭ་ཞེས་བྱ་བ་གཏམ་གྱི་རྒྱན། རྩྭ་ནི་དུད་འགྲོའི་ཁ་ཟས་ཏེ། ཚྭ་ནི་ཆུ་ཡི་སྙིང་པོར་འདོད། ཞྭ་ནི་མགོ་ཡི་རྒྱན་ཉིད་དང༌། ཟྭ་ནི་སྔོ་ཡི་བྱེ་བྲག་སྟེ། རྭ་ནི་དུད་འགྲོའི་མགོ་ལས་སྐྱེ། ལྭ་ནི་གོས་ཀྱི་བྱེ་བྲག་དང༌། ཤྭ་ནི་གློ་བུར་ཆུ་དྲག་དང༌། སྭ་ནི་ཁ་ནས་སྐྱེ་བའོ། ཞེས་དང་ཇྭ་ནི་གསེར་ཇྭ་སོགས། འདོད་ཀྱང་དེང་སྐབས་སོ་དང་ཛོ། ལག་ལེན་ན་རོས་བརྒྱན་པར་སྣང༌། གཞན་ཡང་གྲྭ་པ་ཡི་དྭགས་དང༌། རི་དྭགས་གཡུང་དྭགས་ལ་སོགས་མང༌། འཇུག་ཡུལ་མིང་གཞི་སུམ་ཅུ་ལ། ས་ཆུ་མེ་དང་མེ་ཡི་མེ། མེ་ཙམ་དབྱེའམ་ཕོ་མ་ནིང༌། མོ་དང་ཤིན་ཏུ་མོ་མོ་གཤམ། ལྔ་རུ་དབྱེ་བའི་ལུགས་གཉིས་ལ། དང་པོ་གཤེན་མཁས་སོགས་བཞེད་དང༌། གཉིས་པ་རྒྱ་འགྱུར་ཕྲེང་རྒྱུད་སོགས། གཞན་སྡེ་གྲགས་ཆེར་ཀུན་གྱི་ལུགས། གང་བྱས་ཁྱད་མེད་སྐབས་འདི་རུ། ཟུང་སྦྲེལ་ལུགས་གཉིས་མཐུན་ཕྱིར་སྤྲོ། ཀ་ཅ་ཏ་ཙ་ལྔ་ནི། སའམ་ཕོ་ཡི་ཡི་གེར་བཞེད། ཁ་ཆ་ཐ་ཕ་ཚ་ལྔ་ནི། ཆུའམ་མ་ནིང་ཡི་གེ་དང༌། ག་ཇ་ད་བ་ཛ་ཝ་ཞ། ཟ་འ་ཡ་ཤ་ས་བཅུ་གཉིས། མེ་དང་མོ་ཡིག་ཅེས་སུ་འདོད། ང་ཉ་ན་མ་བཞི་པོ་ནི། མེ་ཡི་མེའམ་ཤིན་ཏུ་མོ། ར་ལ་ཧ་གསུམ་མེ་ཙམ་དང༌། མོ་གཤམ་གྱི་ནི་ཡི་གེར་བརྗོད། མེ་ཙམ་མེ་ཡི་མེ་གཉིས་སམ། མོ་གཤམ་ཤིན་ཏུ་མོ་ཡིག་ཀྱང༌། དོན་དུ་མོ་ཡིག་ལ་གཏོགས་ཕྱིར། མེའམ་མོ་ཡིག་བཅུ་དགུར་ཤེས། ཨ་ནི་ཀུན་གྱི་སྲོག་ཏུ་ཞུགས། མདོར་ན་ས་ཕོ་ཆུ་མ་ནིང༌། མེ་ནི་མོ་ཡིག་མེ་མེ་ཡི་མེ། ཤིན་ཏུ་མོ་དང་མེ་ཙམ་ནི། མོ་གཤམ་ཕན་ཚུན་དོན་གཅིག་གོ། ད་ནི་སྔོན་མིང་རྗེས་གསུམ་གྱི། འཇུག་ཚུལ་རིམ་པས་བཤད་བྱ་སྟེ། གང་གིས་འཇུག་བྱེད་གང་ལ་འཇུག ཇི་ལྟར་འཇུག་དང་ཅིའི་ཕྱིར་འཇུག རེ་རེར་རྣམ་པ་བཞི་རེས་འཆད། སྔོན་ལ་གང་གིས་འཇུག་ཅེ་ན། ག་ད་བ་མ་འ་ལྔ་སྟེ། སྔོན་འཇུག་ལྔ་ཞེས་གང་དུའང་བཤད། དེ་ལྔ་ཕོ་མོ་སོགས་དབྱེ་ཚུལ། ག་ད་གཉིས་ནི་ཆུ་མ་ནིང༌། བ་ནི་སའམ་ཕོ་ཡིན་ལ། མ་ནི་ནམ་མཁའ་ཤིན་ཏུ་མོ། འ་ནི་མེའམ་མོ་ཡིག་གོ། འཇུག་ཚུལ་མེ་སོགས་མ་སྤྲོས་ཀྱང༌། ཕོ་མོ་སོགས་ཤེས་ཞར་རྟོགས་སླ། གཉིས་པ་བརྡབ་༼སྐྱོན་༽ཡིག་ཚོགས་མང་ཕྱིར་བཞག མིང་གཞི་གང་ལ་འཇུག་བྱེད་ན། སྔོན་འཇུག་ག་ད་མ་ནིང་ཕྱིར། མིང་གཞི་ཕོ་དང་མོ་ལ་འཇུག མ་ནི་སྔོན་འཇུག་ཤིན་ཏུ་མོ། མིང་གཞི་མ་ནིང་མོ་གཉིས་འཇུག འ་ནི་སྔོན་འཇུག་མོ་ཡིན་པས། མིང་གཞི་མོ་དང་མི་ནིང་ལའོ། དེ་ཡང་རྒྱས་པར་བཀྲོལ་བ་ན། འཇུག་ཡུལ་མིང་གཞི་ཕོ་མོའི་གྲངས། དེ་ལ་རྐྱང་རྩེག་འདོགས་སྦྲག་བཞི། སོ་སོའི་གྲངས་དང་འཇུག་ཚུལ་སྤྲོ། དེ་ཡང་རྐྱང་འཕུལ་ཞེས་གྲགས་པ། མིང་གཞི་ཁོ་ན་ཨ་སྲོག་ཅན། དེ་ལ་གུག་འགྲེང་ན་རོ་དང༌། ཞབས་ཀྱུ་དབྱངས་ལྔ་གང་ལྡན་ལ། སྔོན་འཇུག་གང་རུང་འཕུལ་ལ་བྱ། རྩེག་འཕུལ་ར་ལ་ས་གསུམ་གྱི། མགོ་ཅན་གང་རུང་བས་འཕུལ་ཅན། འདོགས་འཕུལ་ཡ་ར་ལ་གསུམ་གྱི། སྨད་འདོགས་ཅན་ལ་ད་མ་འ། གང་རུང་འཕུལ་དང་སྦྲག་འཕུལ་ནི། ར་ལ་ས་མགོ་གང་རུང་འོག མིང་གཞི་སྨད་འདོགས་སུམ་སྦྲག་ལ། སྔོན་འཇུག་བ་ཡིས་འཕུལ་ལ་བརྗོད། དབྱངས་བཞི་གང་དགོས་རྒྱན་ཀྱང་རུང༌། མཐའ་རྟེན་མིང་དང་འོས་དང་སྦྱར། འཇུག་ཡུལ་ཕོ་མོའི་གྲངས་དབྱེ་ལ། ག་ཡིག་འཇུག་པའི་མིང་གཞི་ནི། ཕོ་ཡིག་ཅ་ཏ་ཙ་གསུམ་དང༌། མོ་ཡིག་ཉ་ད་ན་ཞ་ས། ཡ་ཤ་ས་བརྒྱད་བཅས་པ་ལ། ག་ཡིས་རྐྱང་འཕུལ་བཅུ་གཅིག་དཔེར། གཅོད་གཏུབས་གཙིགས་གཉེར་གདང་གནོན་དང༌། གཞུང་གཟིགས་གཡས་གཤེགས་གསུང་ལྟར་མང༌། ད་ཡིག་འཇུག་པའི་མིང་གཞི་ནི། ཕ་ཡིག་ཀ་པ་གཉིས་ལ་དང༌། མོ་ཡིག་ག་ང་བ་མ་བཞི། ད་ཡི་རྐྱང་འཕུལ་དྲུག་དང་ནི། ད་ཡིག་མ་གཏོགས་འདོགས་འཕུལ་དགུ། དང་པོ་རྐྱང་འཕུལ་དྲུག་གི་དཔེར། དཀོན་དཔོན་དགའ་དངུལ་དབལ་དམག་ལྟར། གཉིས་པ་འདོགས་འཕུལ་དགུ་ཡི་དཔེར། དཀྱིལ་དཀྲོག་དཔྱད་དཔྲལ་དགྱེས་དགྲམ་དང༌། དབྱིངས་དབྲི་དམྱལ་ལྟར་མང་པོར་འགྲེ། བ་ཡིག་འཇུག་པའི་མིང་གཞི་ནི། ཕོ་ཡིག་ཀ་ཅ་ཏ་ཙ་བཞི། མོ་ཡིག་ག་ང་ཇ་ཉ་དང༌། ན་ཛ་ཞ་ཟ་ར་ཤ་ས། བཅུ་གཉིས་བསྡོམས་པས་བཅུ་དྲུག་དབང༌། དེ་ལས་ནང་གསེས་ཀ་ཁ་གཉིས། རྐྱང་རྩེག་འདོགས་སྦྲག་བཞི་ཀ་དང༌། ཏ་ཙ་ད་གསུམ་རྐྱང་པ་ཁོ་ན་དང༌། ཟ་ས་གཉིས་ལ་རྐྱང་འདོགས་གཉིས། ར་ལ་འདོགས་པ་དངོས་བཅས་འཇུག དེ་བས་བ་ཡིས་རྐྱང་འཕུལ་བཅུ། རྩེག་འཕུལ་ཉི་ཤུ་འདོགས་འཕུལ་དགུ། སྦྲག་འཕུལ་དྲུག་ཏུ་ངེས་པ་སྟེ། དང་པོ་རྐྱང་འཕུལ་འཇུག་ཡུལ་ནི། གོང་གསལ་ཕོ་ཡིག་ཀ་ཅ་ཏ། ཙ་བཞི་མོ་ཡིག་ག་ད་ཞ། ཟ་ཤ་ས་དྲུག་འཇུག་སྟེ་དཔེར། བཀའ་བཅག་བཏབ་བཙུག་བགེགས་བདུད་བཞི། བཟའ་བཤའ་བསད་ལྟར་རྣམ་གྲངས་མང༌། གཉིས་པ་རྩེག་འཕུལ་ཉི་ཤུའི་དཔེར། བརྐོ་བསྐང་བརྟག་བལྟ་བསྟོད་བརྩེག་བསྩལ། བརྒལ་བསྒོ་བརྔན་བསྔོ་བརྗེས་བརྙེམ་བསྙེན། བརྡར་བལྡད་བསྡོག་བརྣག་བསྣན་བརྫང་ལྟར། གསུམ་པ་འདོགས་འཕུལ་དགུ་ཡི་དཔེར། བཀྱེ་བཀྲ་བཀླག་དང་བགྱི་བགྲང་བཟླས། བརླབ་བསྲང་བསླང་ལྟར་གཞན་ལ་འགྲེ། བཞི་པ་སྦྲག་འཕུལ་དྲུག་གི་དཔེ། བརྐྱང་བསྐྱེད་བསྐྲད་བརྒྱད་བསྒྱིངས་བསྒྲད་ལྟར། མ་ཡིག་འཇུག་པའི་མིང་གཞི་ནི། མ་ནིང་ཁ་ཆ་ཐ་ཚ་བཞི། མོ་ཡིག་ག་ང་ཇ་ཉ་ད། ན་ཛ་བདུན་ཏེ་བཅུ་གཅིག་ལ། རྐྱང་འཕུལ་དང་ནི་ཁ་ག་གཉིས། འདོགས་འཕུལ་བཞི་ལ་འཇུག་སྟེ་དཔེར། རྐྱང་འཕུལ་མཁས་མཆོག་མཐུ་མཚོ་དང༌། མགོན་མངག་མཇུག་མཉེན་མདོག་མནན་མཛོད། འདོགས་འཕུལ་མཁྱེན་མཁྲིས་མགྱོགས་མགྲོན་ལྟར། འ་ཡིག་འཇུག་པའི་མིང་གཞི་ནི། མོ་ཡིག་ག་ཇ་ད་བ་ཛ། མ་ནིང་ཁ་ཆ་ཐ་ཕ་ཚ། བཅུ་པོ་དག་ལ་རྐྱང་འཕུལ་དང༌། དེ་ནང་ག་ད་བ་ཁ་ཕ། ཡ་རའི་འདོགས་འཕུལ་དགུ་ཡོད་དེ། དེ་ལ་རྐྱང་འཕུལ་བཅུ་ཡི་དཔེར། འགག་འཇིག་འདུག་འབར་འཛུམ་འཁོར་འཆད། འཐད་འཕགས་འཚིག་ལྟར་འདོགས་འཕུལ་དགུ། འགྱེད་འགྲོ་འདྲ་འབྱོར་འབྲི་འཁྱམས་འཁྲིད། འཕྱོ་འཕྲོས་ལྟར་ཏེ་གཞན་ལ་ཤེས། དེ་ལྟར་སྔོན་འཇུག་ལྔ་པོ་ཡིས། རྐྱང་འཕུལ་ཞེ་བརྒྱད་སྲིད་པ་ནི། ག་ཡིས་རྐྱང་འཕུལ་བཅུ་གཅིག་དང༌། དས་འཕུལ་དྲུག་དང་བས་འཕུལ་བཅུ། མས་འཕུལ་བཅུ་གཅིག་ད་བ་འ་གསུམ་ལ། རེ་རེར་དགུ་རེ་མ་ལ་བཞི། བསྡོམས་པས་སོ་གཅིག་སྦྲག་འཕུལ་ནི། བ་ཡིས་དྲུག་སྟེ་ཡོངས་སུ་བསྡོམས། རྐྱང་འཕུལ་ཞེ་བརྒྱད་རྩེག་འཕུལ་ལ། ཉི་ཤུ་འདོགས་འཕུལ་སོ་གཅིག་དང༌། སྦྲག་འཕུལ་དྲུག་བཅས་བརྒྱ་དང་ལྔ༌། མི་ནོར་གྲངས་ཀྱི་རྩིས་རྒྱ་བསྟན། གཞན་ཡང་སྔོན་འཇུག་མིང་གཞི་ལ། མི་འཇུག་ངེས་པ་འདི་རྣམས་ཏེ། མ་ནིང་རང་ལ་རང་མི་འཇུག ཕོ་ནི་མ་ནིང་ལ་མི་འཇུག ཅེས་པ་སྔོན་འཇུག་ག་ད་བ། མིང་གཞི་ཁ་ཆ་ཐ་ཕ་ཚ། ལྔ་ལ་འཇུར་པར་མི་འགྱུར་རོ། ཤིན་ཏུ་མོ་དང་མོ་ཡིག་གཉིས། ཕོ་ལ་འཇུག་པར་མི་འགྱུར་རོ། ཅེས་ཏེ་སྔོན་འཇུག་མ་དང་འ། མིང་གཞི་ཀ་ཅ་ར་པ་ཙ། ལྔ་པོ་དག་ལ་འཇུག་པ་མིན། རང་གི་སྡེ་ཚན་དང་ཕྲད་ན། ཕོ་ཡང་མོ་ལ་མི་འཇུག་སྟེ། བ་ནི་རང་སྡེའི་པ་བ་མ། མ་ནིང་ཕོ་དང་མོར་མི་འཇུག ག་ནི་རང་སྡེའི་ཀ་ཁ་དང༌། ད་ནི་རང་སྡེའི་ཏ་ད་ན། ཤིན་མོ་མ་ནིང་མོར་མི་འཇུག མ་ནི་རང་སྡེའི་པ་ཕ་བ། མོ་ཡིག་མོ་ལ་མི་འཇུག་སྟེ། འ་ནི་རང་སྡེའི་ཞ་ཟ་འ། ཡ་སོགས་འཇུག་པར་མི་འགྱུར་རོ། ཅིས་ཀྱང་མི་འཕུལ་བཞི་ཡོད་དེ། ཝ་དང་འ་དང་ཧ་ཨའོ། དེ་ལྟར་འཇུག་དང་མི་འཇུག་གི། ངེས་པ་རྒྱས་པར་བསྟན་ཟིན་ཏོ།
ད་ནི་ཇི་ལྟར་འཇུག་ཅེ་ན། ག་ད་གཉིས་ནི་རན་པའི་ཚུལ། བ་ནི་དྲག་པའི་ཚུལ་གྱིས་འཇུག མ་ནི་མཉམ་པའི་ཚུལ་གྱིས་དང༌། འ་ནི་ཞན་པའི་ཚུལ་གྱིས་ཏེ། སྐད་གདངས་མཐོ་དམན་རན་པ་དང༌། དྲག་པོ་མཉམ་དང་ཞན་ཚུལ་ལོ།
དོན་ཆེད་ཅི་ཕྱིར་འཇུག་ཅེ་ན། མ་ནིང་ག་ད་གཉིས་པོ་ནི། གཙོ་ཆེར་ད་ལྟའི་ཆེད་དུ་སྟེ། བདག་གཞན་གཉིས་དང་དེ་འབྲེལ་ལས། འདས་སྐུལ་གཉིས་ལའང་རེ་འགའ་ཙམ། དེ་ཡང་དཔེར་བརྗོད་འདི་སོགས་གཞན། གསལ་བྱེད་གོ་རིམ་ལྟར་འཚད་དེ། ག་ཡིས་འཇུག་པའི་མིང་གཞི་ནི། ཅ་ཉ་ཏ་ད་ན་ཙ་ཞ། ཟ་ཡ་ཤ་ས་བཅུ་གཅིག་སྟེ། དེ་དག་ད་ལྟར་བ་ཡི་དཔེར། ཤིང་གཅོད་དོན་གཉེར་སྦྱིན་པ་གཏོང༌། གྱེན་འདེགས་འོག་གནོན་སྲོལ་འཛུག་དང༌། དགྲ་འཇོམས་འཕྲག་གཟར་དར་གཡོབ་དང༌། མཆོད་གཤོམ་དགྲ་གསོད་ལྟ་བུའི་མཐར། པ་བ་གང་འཐོབ་བྱེད་ཚིག་ལ། བདག་སྒྲ་པོ་སྦྱར་དངོས་པོ་བདག གཅོད་པ་པོ་དང་གཉེར་པ་པོ། གཅོད་པ་པོ་དང་གཉེར་པ་པོ། ལྟ་བུ་ཀུན་ལ་སྦྱར་བས་འགྲུབ། བདག་འབྲེལ་བྱེད་པའི་ལས་འཇུག་སྟེ། བྱེད་ཚིག་ལ་དོན་ར་སྦྱར་བས། གཅོད་པར་བྱེད་དང་གཉེར་བར་བྱེད། གཏོང་བྱེད་འདེགས་བྱེད་ལྟ་བུར་ཤེས། བདག་དང་བདག་འབྲེལ་བྱེད་ལས་ཀུན། ད་ལྟར་བ་ཡི་ཁོངས་སུ་འདུ། དངོས་པོ་གཞན་ལ་འཇུག་པ་ནི། བྱ་ཚིག་འབྲེལ་སྦྱར་བྱ་དངོས་སྟོན། བཅད་བྱའི་ཤིང་དང་གཉེར་བྱའི་ནོར། བཏང་བྱའི་རྫས་དང་འདེགས་བྱའི་ཁྲི། མནན་བྱའི་བདུད་དང་གཟུག་བྱའི་སྲོལ། གཞོམ་བྱའི་དགྲ་དང་གཟར་བྱའི་འཕྲག གཡབ་བྱའི་དར་དང་བཤམ་བྱའི་མཆོད། བསད་བྱེད་དགྲ་ལྟར་མདོར་བསྡུ་ན། བཅད་བྱ་གཉེར་བྱ་གཏང་བྱ་སོགས། ལྟ་བུ་བྱ་ཚིག་རྐྱང་སྦྱར་ཤེས། གཟར་བ་པོ་དང་གཟར་བྱའི་གོས། ལྟ་བུ་ཚིག་གྲོགས་མ་སྦྱར་ན། འཇུག་ཡུལ་བདག་གཞན་ཁྱད་མེད་པ། མང་པོ་ཡོད་པ་ཤེས་དགོས་སོ། གཞན་འབྲེལ་བྱ་ལས་ལ་འཇུག་ཚུལ། གཅད་པར་བྱ་དང་གཉེར་བར་བྱ། སོགས་མང་བྱ་ཚིག་སྦྱར་བའམ། མ་སྦྱར་གཅད་པ་གཉེར་བ་ལྟར། བྱ་ཚིག་རྐྱང་པས་རྟོགས་པར་སྲིད། གཞན་དང་གཞན་འབྲེལ་བྱ་ལས་རྣམས། མ་འོངས་པ་ཡི་ཁོངས་སུ་འདུ། བྱས་ཟིན་འདས་པ་འགའ་ལ་འཇུག ལག་གཏད་སྙན་གཙེར་མགྲོན་ལ་གཟབས། ལག་གཡབས་ཤིང་གཤགས་སྙན་གསནད་ལྟར། ཏ་ཙ་ཟ་ཡ་ཤ་ས་ལས། ཕལ་ཆེར་འཇུག་པར་མ་མངོན་ནོ། གཞན་ལ་སྐུལ་ཚིག་ལག་ཏུ་གཏོད། ཆས་གཟོབས་དར་གཡོབས་སྙན་གསོནད་ལྟར། ཏ་ཟ་ཡ་ས་ལས་གཞན་ཉུང༌། འདས་ཚིག་ཚར་གྲུབ་ཟིན་སྒྲ་དང༌། སྐུལ་ཚིག་གསལ་བྱེད་ཅིག་ཤོས་སོགས། སྦྱར་ན་གསལ་བར་སྟོན་མོད་ཀྱང༌། མིན་ཀྱང་སྔོན་རྗེས་ཡང་འཇུག་བལྟོས། འདས་སྐུལ་ལ་སོགས་དབྱེ་རྟོགས་ནུས། མ་ནིང་ད་ཡིག་འཇུག་པའི་གཞི། ཀ་ག་ད་པ་བ་མ་དྲུག དངོས་པོ་བདག་ལ་འཇུག་པའི་དཔེར། བསྒྲོད་དཀའ་གཞན་དགོར་འཇིག་དངངས་དང༌། བློས་དཔོག་དབང་དམོད་ལྟ་བུའི་མཐར། པ་བ་བཞག་པའི་བྱེད་ཚིག་ལ། བདག་སྒྲ་པོ་སྦྱར་དཀའ་བ་པོ། ལྟ་བུ་རྒྱ་ཆེར་ཤེས་པར་བྱ། བདག་འབྲེལ་བྱེད་ལས་དཀའ་བར་བྱེད། ལྟ་བུ་བྱེད་ཚིག་སྦྱར་བས་གསལ། དུས་གསུམ་ལ་ནི་ད་ལྟར་འདུ། དངོས་པོ་གཞན་ལ་འཇུག་པ་ནི། དཀའ་བའི་ལས་དང་དགའ་བྱའི་ཡུལ། བསྔང་བྱ་དཔག་བྱ་དབང་བྱ་དང༌། དམོད་བྱ་ལྟ་བུར་བྱ་ཚིག་སྦྱར། བྱ་ལས་དཀའ་བར་བྱ་ལྟར་འགྲེ། འདོགས་འཕུལ་དཀྱིལ་འཁོར་ཞོ་དཀྲོག་དང༌། ཐུགས་དགྱེས་དགྲ་བོ་རྟོག་དཔྱོད་དང༌། ཁྲིམས་དཔྲོལ་དབྱིངས་ཉིད་དུམ་བུར་དབྲོལ། དམྱལ་བ་སོགས་དགུ་དེ་ནང་གི། ཞོ་དཀྲོག་ཐུགས་དགྱེས་རྟོག་དཔྱོད་དང༌། ཁྲིམས་དཔྲལ་དབྲོལ་དམྱལ་རྣམས་ལྟ་བུར། བདག་དང་བྱེད་ལས་གཞན་བྱ་ལས། ཚིག་གྲོགས་སྦྱར་ན་སོ་སོར་སྟོན། དཀྲོག་པ་པོ་ཡིས་དཀྲོག་པར་བྱེད། དཀྲོག་བྱའི་ཞོ་ནི་དཀྲོག་པར་བྱ། དགྱེས་པ་པོ་ཡིས་དགྱེས་པར་བྱེད། དགྱེས་བྱའི་ཡུལ་ལ་དགྱེས་པར་བྱེད། དཔྱོད་པ་པོ་ཡིས་དཔྱོད་པར་བྱེད། དཔྱོད་བྱའི་ཡུལ་ལ་དཔྱད་པར་བྱ། དཔྲོལ་པ་པོ་ཡིས་དཔྲོལ་བར་བྱེད། དཔྲལ་བྱའི་ཁྲིམས་ནི་དཔྲལ་བར་བྱ། དབྲོལ་བ་པོ་ཡིས་དབྲོལ་བར་བྱེད། དབྲལ་བྱའི་གོས་སོགས་དབྲལ་བར་བྱ། དམྱལ་བ་པོ་ཡིས་དམྱལ་བར་བྱེད། དམྱལ་བའི་ཡུལ་དམྱལ་བར་བྱ། བྱ་དོད་འགྱུར་སྦྱར་མ་འོངས་གསལ། དཀྲོག་འགྱུར་དགྱེས་འགྱུར་ལྟ་བུའི་མཚོན། ཞོ་དཀྲོག་དཀྲོག་བྱ་སོགས་བདག་གཞན། དབྱེར་མེད་མང་པོ་རྟོགས་པར་བྱོས། གཞན་དང་བྱ་ལས་མ་འོངས་གཏོགས། བྱས་ཟིན་འདས་ཚིག་སྐུད་པས་དཀྲིས། བློས་དཔྱད་དུམ་བུ་དབྲལད་ལྟར་དང༌། སྐུལ་ཚིག་འདྲེ་དཀོརད་གཏིང་མཐའ་དཔོགས། ལ་སོགས་འདས་སྐུལ་ག་པ་བ། མ་གཏོགས་མང་བར་འཇུག་པ་མིན། སྡོན་འཇུག་ཕོ་སྟེ་བ་ཡིག་ནི། དགོས་པ་ཅིའི་ཕྱིར་འཇུག་པ་ནི། གཙོ་བོར་དུས་ནི་འདས་པ་དང༌། དངོས་གཞན་བྱ་བ་བསྒྲུབ་ལ་འཇུག འཇུག་ཡུལ་ཀ་ག་ཅ་ཏ་ད། ཙ་ཞ་ཟ་ཤ་ས་བཅུ་པོ། རྐྱང་འཕུལ་འདས་དཔེ་སྣོད་ཆུས་བཀང༌། གོས་བགོས་གྲིས་བཅད་དམ་བཏགས་བདུད། མིག་བཙུམས་སྐྲ་བཞརད་བཟོ་བཟོས་དང༌། ཆུས་བཤལད་དགྲ་བསད་ལྟ་བུར་མང༌། རྩེག་འཕུལ་ཀ་ག་ང་ཀ་ཉ། ཏ་ད་ན་ཙ་ཛ་བཅུ་དཔེར། ས་བརྐོས་དམ་བསྐངས་ཕར་ལ་བརྒལད། ལམ་བསྒགས་མདོས་བརྔནད་དགེ་བ་བསྔོས། ནོར་བརྗེས་ལག་བརྙབས་རྗེས་སུ་བསྙེགས། ལེགས་བརྟགས་མིག་བལྟས་བོན་ཆོས་བསྟནད། རྔ་བརྡུངས་ལྕེས་བལྡགས་ཕྱོགས་གཅིག་བསྡོམས། ཡིད་བརྣགས་ཕྱག་བསྣམས་ལས་བརྩམས་སོ། བཀའ་བསྩལད་གླུད་བརྫོངས་ལྟ་བུ་མང༌། འདོགས་འཕུལ་བཀྱེས་བཀྲལ་བཀླགས་བགྱིས་དང༌། བགྲངས་བཟླས་བརླབས་བསྲངས་བསླངས་ལྟ་བུ། སྦྲགས་འཕུལ་བརྐྱངས་བསྐྱབས་བསྐྲད་བརྒྱབས་དང༌། བསྒྱེལད་བསྒྲེངས་ལྟ་བུ་རྣམས་མང་བསྒྲེ། དེ་ལ་འདས་ཚིག་གསལ་བྱེད་སྒྲ། ཚར་ཟིན་གྲུབ་གྱུར་སླར་བསྡུ་སྦྱར། བཀང་ཚར་བཀང་ཟིན་བཀང་གྲུབ་དང༌། བཀང་གྱུར་བཀང་ངོ་སོགས་སྦྱར་བས། གསལ་བར་སྟོན་ཀྱང་མ་སྦྱར་ནའང༌། སྔོན་འཇུག་བ་ཡི་ནུས་པ་དང༌། བསྐངས་བསྒྲུབས་ལྟ་བུ་ཡང་འཇུག་གི། ནུས་པས་འདས་ཚིག་རྟོགས་པར་བྱེད། དངོས་པོ་གཞན་ལ་འཇུག་པ་ནི། བཀང་བྱའི་སྣོད་དང་བགོ་བྱའི་ལུས། བཅད་བྱའི་ཤིང་དང་གཏོང་བྱའི་ཡུལ། སོགས་དང་བྱ་བ་བསྒྲུབ་པའི་ལས། བསྐྱབ་པར་བྱ་དང་བསྒྲུབ་པར་བྱ། བཅད་པར་བྱ་སོགས་སྦྱར་བས་གསལ། ཡང་ན་འདས་དང་གཞན་བསྒྲུབ་དཔེར། བཀུརད་ཏོ་བཀུར་བྱ་བཀུར་བར་བྱ། བསྒྲུབས་སོ་བསྒྲུབ་བྱ་བསྒྲུབ་པར་བྱ། བསྔོས་ཟིན་བསྔོ་བྱ་བསྔོ་བར་བྱ། བརྗེས་གྱུར་བརྗེ་བྱ་བརྗེ་བར་བྱ། བསྙད་དོ་བསྙད་བྱ་བསྙད་པར་བྱ། མིག་བལྟས་བལྟ་བྱ་བལྟ་བར་བྱ། བསྡུས་སོ་བསྡུ་བྱ་བསྡུ་བར་བྱ། ཕྱག་བསྣམས་བསྣམ་བྱ་བསྣམ་པར་བྱ། བརྩམས་གྲུབ་བརྩམ་བྱ་བརྩམ་པར་བྱ། བརྫངས་ཚར་བརྫང་བྱ་བརྫང་བར་བྱ། གཞན་ཡང་བྱ་བྱེད་སྒྲ་མེད་ཀྱང༌། བསྐངས་བསྐང་སྐོང་སྐོངས་རིམ་པ་བཞིན། འདས་དང་བྱ་བ་སྐོང་བ་པོ། སྐུལ་ཚིག་གོང་ལྟར་གཞན་ལ་འགྲེ། བ་ནི་ད་ལྟར་སྐུལ་ཚིག་གཉིས། མཐའ་མ་བཀག་ཙམ་འགྲོ་བ་ནི། ཀ་ཁ་གཉིས་ལ་ད་ལྟར་བ། བཀན་བགོད་བགྱིད་བགྲོང་ལྟ་བུ་དང༌། གཞན་སྐུལ་བཀནད་བགོགས་བགོས་བགྲོངས་ལྟར། འཇུག་པའི་ཚིག་ཟླས་མི་འཇུག་རིགས། ཞར་སྟོན་ད་ལྟར་སྐུལ་ཚིག་གཉིས། ཕལ་ཆེར་བས་འཕུལ་སྤང་བ་མང༌། རྐོ་བ་རྐོང་བ་རྒོལ་བ་དང༌། སྒོམ་པ་དང་རྔོན་པ་དང༌། སྔོ་བ་རྗོད་པ་རྙོབ་པ་དང༌། སྙེག་པ་རྟག་པ་ལྟ་བ་དང༌། སྟོན་པ་རྡུང་བ་ལྡད་པ་དང༌། སྡོམ་པ་རྣག་པ་སྣམ་པ་རྩོམ། རྩོལ་བ་རྫོང་བ་བྱེད་ཚིག་མཐར། བདག་སྒྲ་པོ་སྦྱར་དངོས་པོ་བདག རྐོ་བ་པོ་དང་སྐོང་བར་བྱེད། རྒོལ་བར་སྒོམ་པར་རྔོན་པར་བྱེད། སྔོ་བྱེད་རྗོད་བྱེད་རྙོབ་བྱེད་དང༌། སྙེག་བྱེད་ལྟ་བུར་བྱེད་ལས་སྟོན། རྐོས་སྐོང་རྒོལད་སྒོགས་རྔོན་སྔོས་རྗོད། རྙོབས་སྙོགས་རྟོགས་ལྟོས་སྟོནད་རྡུངས་ལྡོད། སྡོམས་རྣགས་སྣོམས་རྩོམས་སྩོལད་རྫོངས་སོགས། ཅིག་ཤིག་སྦྱར་བས་སྐུལ་ཚིག་གསལ། མ་སྦྱར་སྔོན་རྗེས་ཤུགས་རྟོགས་ནུས། སྔོན་འཇུག་ཤིན་ཏུ་མོ་མ་ཡིག དགོས་པ་ཅི་ཕྱིར་འཇུག་པ་ནི། དངོས་པོ་བདག་དང་གཞན་གཉིས་དང༌། དེ་འབྲེལ་བྱེད་དང་བྱ་ལས་དང༌། དུས་གསུམ་ཀུན་ལ་ཁྱབ་པར་འཇུག འཇུག་ཡུལ་མིང་གཞི་ཁ་ག་དང༌། ཆ་ཇ་ཉ་ཐ་ད་ན་ཚ། ཛ་བཅས་དངོས་པོ་བདག་གི་ཆེད། རྐྱང་འཕུལ་འཇུག་ཚུལ་མཁས་མགུ་མངག མཆོད་མཇལ་མཉམ་མཐུན་མདུན་མནབས་དང༌། མཚོན་མཛད་ཚིག་རོག་པ་བ་དང༌། བདག་སྒྲ་པོ་སསྦྱར་མཁས་པ་པོ། མགུ་བ་པོ་དང་མངག་པ་པོ། མཆོད་པ་པོ་སོགས་སྟོན་པ་དང༌། ཚིག་གྲོགས་ལ་དོན་བྱེད་ཚིག་སྦྱར། མཁས་པར་བྱེད་སོགས་བྱེད་ལས་དང༌། དངོས་པོ་གཞན་ལ་བྱ་ཚོག་དང༌། འབྲེལ་སྦྱར་མཁས་བྱའི་གནས་ཞེས་སམ། མཁས་བྱ་མགུ་བྱ་མངག་བྱ་ལྟེ། བྱ་ལས་མཁས་པར་བྱ་ལྟ་བུ། བྱ་ཞིག་སྦྱར་རམ་མཁས་པར་འགྱུར། མགུ་བར་འགྱུར་ལྟར་འགྱུར་བཏགས་ན། མ་འོངས་པའང་གསལ་སྟོན་འགྱུར། དུས་གསུམ་ལ་ཡང་མཁས་པར་བྱས། ལྟ་བུ་བྱས་ཟིན་འདས་པ་དང༌། མཁས་པོ་དང་མཁས་པར་བྱེད། ལྟ་བུ་བདག་དང་བྱེད་ལས་དང༌། མཁས་སྒང་མཁས་མུས་སོགས་ད་ལྟ། མཁས་བྱའི་གནས་ལ་མཁས་པར་བྱ། མཁས་པར་འགྱུར་ཅེས་བྱ་ཡུལ་ལམ། དངོས་པོ་གཞན་དང་བྱ་ལས་རྣམས། མ་འོངས་པར་འདུ་དེ་ལྟ་བུར། ཀུན་ལ་སྦྱར་བས་དུས་གསུམ་རྟོགས། འདོགས་ཕུལ་མཁྱེན་མཁྲང་མགྱོགས་མགྲོན་ལྟར། མཁྱེན་སོགས་རེ་འགའ་བྱས་བྱེད་སྦྱར། སྔར་བཞིན་དུས་སོགས་སྟོན་པར་འགྱུར། སྔོན་འཇུག་མོ་སྟེ་འ་ཡིག་ནི། འཇུག་པའི་དགོས་པ་གང་ཞེ་ན། དངོས་པོ་བདག་དང་ད་ལྟ་བ། གཙོ་བོར་མ་འོངས་སྟོན་ཕྱིར་རོ། འ་ཡིས་འཕུལ་བའི་མིང་གཞི་ནི། ཁ་ག་ཆ་ཇ་ཐ་ད་ཕ། བ་ཚ་ཛ་བཅུ་རྐྱང་འཕུལ་དང༌། དེ་ལ་ཁ་ག་ད་ཕ་བ། ལྔ་ལ་ཡ་རའི་འདོགས་འཕུལ་དགུ། ཡོད་པས་རྐྱང་འཕུལ་བདག་འཇུག་དཔེར། འཁེལ་འགོད་འཆིང་འཇོམས་འཐབ་གདོན་འཕོ། འབད་འཚོལ་འཛུམ་བཅས་རེ་རེའི་མཐར། བྱེད་ཚིག་པ་བ་བདག་སྒྲ་པོ། སྦྱར་བས་སྐུད་པ་འཁེལ་པ་པོ། འགོད་པ་པོ་དང་འཆིང་བ་པོ། འཇོམས་པ་འཐབ་པ་འདོན་པ་པོ། འཕོ་བ་འབད་པ་འཚོལ་བ་པོ། འཛུམ་པ་པོ་ལྟར་བྱེད་ལས་དང༌། ད་ལྟར་བ་ལ་འཇུག་པ་མང༌། འཁེལ་འགེལ་འཆང་འཇིལ་འཐག་འདོན་འཕོ། འབོག་འཚོལ་འཛུད་སོགས་ཤིན་ཏུ་མང༌། སྦྱར་ཚུལ་ཚིགས་གྲོགས་པ་བ་ལ། ལ་དོན་ར་དང་བྱེད་ཚིག་སྦྱར། འཁེལ་བར་བྱེད་སོགས་བྱེད་ལས་དང༌། འཁེལ་བཞིན་པ་དང་འགེལ་སྒང་དང༌། འཆང་གི་ཡོད་དང་འཇིལ་མུས་དང༌། འཚོལ་གྱི་ཡོད་དང་འཛུད་ཀྱི་འདུག ལྟ་བུ་ད་ལྟའི་དུས་སྟོན་འགྱུར། འོན་ཀྱང་བཞིན་སྒྲ་ད་ལྟའི་ཆེད། འཇུག་མིན་རྩོད་པ་མང་དུ་སྣང༌། མ་འོངས་དུས་ལ་འཇུག་པ་ནི། འཁལ་འགལ་འཆལ་འཇུག་འཐག་འདུག་འཕོ། འབད་འཚོགས་འཛུགས་སོགས་ཚིག་གྲོགས་ལ། འགྱུར་དང་རྩིས་དང་གྲབ་སོགས་སྦྱར། འཁལ་བར་འགྱུར་དང་འཁལ་རྩིས་ཡིན། འཁལ་གྲབས་ཡོད་སོགས་མ་འོངས་དཔེར། མདའ་སོགས་འཕོངས་དང་འཕོངས་ཤིག་དང༌། གནས་ནས་འཕོས་གྲུབ་འཕོས་ཤིག་ལྟར། འདས་སྐུལ་ལའང་སྲིད་ཙམ་འཇུག འདོགས་འཕུལ་འཁྱིལ་འཁྲོ་འགྱིང་འགྲན་དང༌། འདྲ་འཕྱོ་འཕྲོས་འབྱོན་འབྲོང་ལྟར་རོ། གཞན་ཡང་སྔོན་འཇུག་ལྔ་པོ་ཡང༌། བྱ་བྱེད་དུས་སོགས་མ་བལྟོས་པར། མིང་གི་གཞི་ལ་འཇུག་པའི་ཚུལ། ཤིན་ཏུ་མང་བས་ཟུར་བཀོལ་གྱི། དགོས་འབྱུང་ནོར་གཏེར་ནང་དུ་གཟིགས། སྐབས་འདིར་བརྡ་སྤྲོད་དཀའ་གནད་མདུན། རྩ་ཚིག་བདག་གཞན་བྱ་བྱེད་ལས། འདས་དང་མ་འོངས་ད་ལྟ་སོགས། རྣམ་དཔྱོད་སོར་མོས་འགྲོལ་བར་བྱེད། ལས་གང་བྱེད་པོ་ལ་བདག བྱ་བའི་ཡུལ་ལ་གཞན་ཏེ་གཉིས། དེ་ལ་དང་པོ་བྱེད་པ་པོ། བྱེད་པ་བྱེད་པའི་ལས་དང་གསུམ། བྱེད་པ་པོ་དང་བྱེད་པོ་དང༌། བྱེད་མཁན་དངོས་པོ་བདག་རྣམས་གཅིག བྱེད་པ་བྱེད་དངོས་རྫས་དངོས་ཡོད། དངོས་མེད་གཉིས་ཀྱང་བྱེད་པར་འདུ། བྱེད་པ་པོ་འགྲེལ་བྱེད་ལས་གསུམ། མདོར་ན་དངོས་པོ་བདག་ལ་འདུ། གཉིས་པ་བྱ་བ་བསྒྲུབ་ཡུལ་དང༌། བྱ་རྒྱུ་བྱ་ལས་རྣམ་པ་གསུམ། བྱ་ཡུལ་དངོས་པོ་གཞན་ཅེས་བྱ། བྱ་རྒྱུ་བྱ་དངོས་བསྒྲུབ་བྱ་གཅིག བྱ་བ་བྱ་ལས་གཞི་ཡི་ལས། མཚུངས་རྣམས་དངོས་པོ་གཞན་ལ་འདུ། ཡང་ན་བྱ་བྱེད་ལས་གསུམ་ལྟར། བྱེད་པ་པོ་ལ་བྱེད་པོ་ཞེས། བྱ་བའི་ཡུལ་ལ་ལས་ཞེས་དང༌། བྱེད་པོས་ལས་བགྱི་བྱ་བ་བརྗོད། དུས་གསུམ་ལྟར་ན་འདས་པ་དང༌། མ་འོངས་ད་ལྟར་གསུམ་ལ་འདུ། དེ་དག་ཅུང་ཟད་གསལ་བཀྲོལ་ན། བྱེད་པ་པོ་དང་བྱེད་མཁན་འདྲ། གང་ཟག་ཤས་ཆེ་བེམ་གསུམ་དབྱེ། མིང་དང་བྱ་བྱེད་མ་ཕྱེད་ན། མིང་མཐའི་པ་བ་འདྲ་འདྲེས་ཀྱིས། བྱེད་ཚིག་བྱ་ཚིག་ངོས་མི་ཟིན། མིང་ནི་བུམ་པ་རྡོ་བ་སོགས། བདག་སྒྲའི་པོ་ཡིག་སྦྱར་ན་ཡང༌། བུམ་པ་པོ་དང་རྡ་བ་པོ། ཞེས་འགྲུབ་བབ་འཆོལ་འཁྱལ་གཏམ་ལས། བྱེད་པ་པོ་ནི་སྟོན་མི་ནུས། བྱེད་ཚིག་གཅོད་པ་ལྟ་བུ་དང༌། བྱ་ཚིག་བཏུང་བ་ལྟ་བུ་ལ། བདག་སྒྲའི་པོ་ཡིག་སྦྱར་མ་ཐག གཅོད་པ་པོ་དང་བཏུང་བ་པོ། ཞེས་པ་གང་ཟག་ལ་འགྱུར་ཚེ། བྱེད་པ་པོ་བརྗོད་བྱ་བྱེད་མིན། བྱེད་པ་ཞེས་པ་ཡན་ལག་དང༌། ཆ་ཤས་བེམ་པོ་སོགས་ལའང་འཇུག བྱེད་ལས་བསྒྲུབ་བྱ་དེ་ཉིད་ཡིན། དེ་ལའང་རྫས་དངོས་ཡོད་མེད་གཉིས། རིམ་པ་བཞིན་དུ་ལྕགས་ཀྱུ་དང༌། ལག་པ་དག་གི་དཔེ་ཤེས་བྱ། དེ་གཉིས་འགག་དོན་བྱེད་པར་འདུ། བྱེད་པོའི་རྫས་དང་དངོས་བྱེད་པའང་གཅིག བྱེད་ལས་བསྒྲུབ་ལ་མཚུངས་པ་སྟེ། འཛིན་བྱེད་ལྕགས་ཀྱུ་ཞེས་པ་དང༌། འཛིན་བྱེད་ལག་པ་དབྱེར་མེད་དོ། གཞན་ཡང་གཅོད་བྱེད་འཆིང་བྱེད་སོགས། མང་པོ་གསལ་རྣམས་བྱེད་པར་འདུ། འོན་ཀྱང་རྗེད་བྱེད་རྨོངས་བྱེད་སོགས། བགེགས་ཀྱི་མིང་དུ་མ་འཁྲུལ་ཅིག བྱེད་ལས་ཞེས་སུ་གྲགས་པ་ནི། བྱེད་པ་པོ་དང་བྱེད་པ་གཉིས། འབྲེལ་བའི་འདུ་བྱེད་དེ་ཡིན་དཔེར། ལྕགས་ཀྱུ་ལག་པའི་འཛིན་སྟངས་སོ། འདི་རྣམས་བདག་ཅེས་བྱ་བྱེད་ལས། གསུམ་གྱི་ནང་ན་བྱེད་པར་གཏོགས། དུས་ཀྱི་དབང་ལ་ད་ལྟར་འདུ། ལག་བཀན་སྙོག་མ་བགྲུང་ལ་སོགས། རང་དབང་ཅན་འགར་ངེས་པ་མེད། བྱ་ཡུལ་ཞེས་པ་བྱེད་པ་པོས། བྱ་བ་གང་རུང་བྱེད་པའི་ཚེ། བསྒྲུབ་བྱ་དེ་ཡི་བརྟེན་ས་འམ། བྱ་བ་བསྒྲུབ་ས་དེ་ཉིད་ཡིན། དཔེར་ན་སྐྱབས་སུ་འགྲོ་བའི་ཡུལ། མཆོག་གསུམ་ཡིན་ལ་སྐྱབས་ཚིག་མིན། བྱ་རྒྱུ་བྱ་དངོས་བྱེད་པ་པོས། བསྒྲུབ་བྱའམ་བསྒྲུབ་རྒྱུ་དེ་ཉིད་ཡིན། གཅད་བྱའམ་བཅད་རྒྱུ་ཤིང་སྡོང་ལྟར། འདི་ལ་རྫས་དངོས་ཡོད་མེད་གཉིས། རིམ་བཞིན་ཆུ་དང་རྣམ་རྟོག་དཔེ། འདི་གཉིས་དོན་དུ་བྱ་རྒྱུ་འདུ། དགག་རྒྱུའི་ཆུ་དང་རྣམ་རྟོག་གཉིས། དགག་པར་བྱ་ལ་དབྱེར་མེད་དོ། འདི་གཉིས་བྱ་བྱེད་ལས་གསུམ་གྱི། ལས་ཞེས་བྱ་བའང་འདི་ཉིད་ཡིན། བྱ་བ་བྱ་ལས་མཚུངས་པ་སྟེ། བྱ་བ་གཞི་ལ་ཡོད་པའི་ལས། དཔེར་ན་གཅད་པར་བྱ་ལྟ་བུ། འདི་རྣམས་གཞན་ཞེས་བྱ་བྱེད་སོགས། ནང་ན་བྱ་བའི་ལས་ལ་གཏོགས། དུས་ནི་མ་འོངས་པ་ལ་འདུ། ༈ དུས་གསུམ་སྒོས་ཀྱི་ངོས་འཛིན་ནི། བྱེད་པོས་ཁྱབ་རུང་མ་ཁྱབ་རུང༌། བྱ་བ་ཀུན་ལ་རིས་མེད་དོ། བྱས་ཟིན་རྣམས་ནི་འདས་པ་ཡིན། བས་འཕུལ་ཡང་འཇུག་ཤས་ཆེར་འབྱུང༌། བྱེད་སྒང་རྣམས་ནི་ད་ལྟར་བ། སྔོན་འཇུག་མེད་པ་ཤས་ཆེ་ལ། ཡོད་ཀྱང་བ་དང་ཡང་འཇུག་སྤང༌། འས་འཕུལ་ན་རོ་འབྲེལ་ཆེར་ཡོད། བྱ་འགྱུར་རྣམས་ནི་མ་འོངས་པ། འཕུལ་བྱེད་ལྔ་ལ་རིས་མེད་ཀྱང༌། ག་ད་བ་རྣམས་ཤས་ཆེ་ལ། ན་རོ་ཡང་འཇུག་ཕལ་ཆེར་སྤང༌། བྱེད་པོ་གཞན་སྐུལ་སྐུལ་ཚིག་གོ། ཕལ་ཆེར་འ་མཐའ་ཅན་སྤང་སྟེ། ན་རོ་ཡང་འཇུག་འབྲེལ་ཆེར་སྲིད། བྱེད་པོ་གཞན་ལ་མེད་རྣམས་ལ། སྐུལ་ཚིག་གིས་ནི་དགོས་པ་ཆུང༌། སྐུལ་ཚིག་མ་འོངས་པ་ལ་འདུ། འདས་སྒྲ་གསལ་བྱེད་ཟིན་གྲུབ་གྱུར། ཚར་དང་སླར་བསྡུ་ན་རོ་སྦྱར། ད་ལྟར་བཞིན་སྒང་ཀྱི་གྱི་གི། མ་འོངས་འགྱུར་རྩིས་གྲབས་སོགས་མང༌། བྱེད་པོས་དངོས་སུ་ཟིན་པའི་སྒྲ། བསྐོར་བཅག་བསྒྱེལ་བཀས་བསད་བསྒྲིལ་བཅད། བཀུག་སོགས་རང་སྒྲར་བྱ་བྱེད་དུས། དངོས་སུ་གསལ་ཕྱིར་བདག་གཞན་སོགས། དབྱེ་བའི་རྒྱུ་མཚན་དེ་ཡིན་ལ། འཁོར་འགྱེལ་གས་ཆད་ཆག་ཤི་འགྲིལ། གུག་ལ་སོགས་པར་བྱེད་པ་པོས། དངོས་སུ་ཟིན་པའི་སྒྲ་མེད་ཀྱང༌། དུས་གསུམ་ཁོངས་ལ་འདས་པར་འདུ། བདག་གཞཉ་དབྱེ་བའི་ལུགས་མེད་དོ། བཅད་པ་གཏུབ་པ་ལྟ་བུ་ནི། བྱེད་པ་པོ་དངོས་གསལ་བའི་ཕྱིར། བདག་གཞན་སྟོན་དངོས་ཟིན་པ་ཡི། འདས་སྒྲ་ཡིད་ཅེས་བཤད་པར་སྣང༌། བྱེད་པ་པོ་དང་བྱེད་པའི་ལས། ད་ལྟར་བ་རྣམས་འཐོབ་ཚུལ་གཅིག དེ་བཞིན་བྱ་ཡུལ་བྱ་ལས་དང༌། མ་འོངས་པ་རྣམས་སྦྱོར་འཐོབ་འདྲ། དེ་ཡང་སྔོན་འཇུག་མ་ནིང་སྟེ། ག་དས་འཕུལ་བའི་བྱ་ལ། བྱེད་པར་མོ་ཡིག་འ་འཇུག་གམ། བྱ་བྱེད་འགྱུར་མེད་དག་ཀྱང་འཐོབ། དེ་ཡང་ག་ཡིག་འཇུག་པའི་གཞི། ཅ་ཏ་ད་ཙ་ཞ་ཟ་སོགས། བྱ་བའི་ཆེད་འཇུག་དེ་དག་གི། བྱེད་པ་འས་འཕུལ་ལུས་སྲོག་འགྱུར། དཔེར་ན་ཡིད་ལ་གཅགས་འཇག་དང༌། གཏུབ་འཐུབ་གཏུམ་འཐུམ་གདབ་འདེབས་དང༌། གདགས་འདོགས་གདེང་འདིང་གདེག་འདེགས་དང༌། གདོན་འདོན་གདུལ་འདུལ་གདམ་འདོམས་དང༌། གཙེ་འཚེ་གཙེར་འཛེར་གཞལ་འཇལ་དང༌། གཞག་འཇོག་གཞིལ་གཞུགས་འཇུག་དང༌། གཞོམ་འཇོམས་གཟུག་འཛུགས་གཟུད་འཛུད་དང༌། གཟུང་འཛིན་གཞིག་འཇིག་གཉིས་རེ་དང༌། བྱ་ཚིག་བྱེད་ཚིག་བྱིན་པའི་ཚེ། གཅགས་བྱ་འཇག་བྱེད་གཏུབ་བྱ་དང༌། འཐུབ་བྱེད་ལ་སོགས་བྱ་བྱེད་སྟོན། ཉ་ན་ཡ་ས་འཇུག་པ་དཀོན། ག་འཇུག་བྱ་བྱེད་འགྱུར་མེད་དཔེར། གཅད་བྱ་གཅོད་བྱེད་གཉེར་བྱ་གཉེར་བྱ་གཉེར། གཏད་བྱ་གཏོ་བྱེད་གདུ་བྱ་གདུ། གནན་བྱ་གནོན་བྱེད་གཙིགས་བྱ་གཙིགས། གཞིག་བྱ་གཞིག་བྱེད་གཟིགས་བྱ་གཟིགས། གཡབ་བྱ་གཡོབ་བྱེད་གཤེགས་བྱ་གཤེགས། གསང་བྱ་གསང་བྱེད་ལ་སོགས་མང༌། ད་ཡིས་འཕུལ་བ་ག་བ་གཉིས། བྱ་བའི་ཕྱིར་འཇུག་བྱེད་པ་འ། དཔེར་ན་དགབ་བྱ་འགེབ་བྱེད་དགག་འགེགས་དང༌། དག་ལ་འགེལ་དགས་དགོད་འགོད་དང༌། དགག་འགོག་དགྲམ་འགྲེམས་དགྲལ་འགྲེལ་དང༌། དགྲོལ་འགྲོལ་དགྲོང་འགྲོངས་དགངས་འགེངས་དང༌། དགུག་འགུགས་དབབ་འབེབས་དབུལ་འབུལ་དང༌། དབུག་འབིགས་དབུབ་འབུབས་དབོ་འགོ་དང༌། དབྱི་འཕྱིད་དབྱེ་འབྱེད་དབྱུང་འབྱིན་དང༌། དབྲི་འབྲིད་དབྲོག་འཕྲོག་དབོག་འབོག་ཟུང༌། བྱ་བྱེད་སྦྱར་བས་སོ་སོར་སྟོན། དས་འཕུལ་བྱ་བྱེད་འདྲ་བ་ནི། དཀྲོག་བྱ་དཀྲོག་བྱེད་དགར་བྱ་དགོར། དངར་བྱ་དངོར་བྱེད་དཔག་བྱ་དཔོག དབང་བྱ་དབང་བྱེད་དམོད་བྱ་དམོད། ལ་སོགས་མང་དུ་འཇུག་པའོ། ཕཡིག་བ་འཇུག་བྱ་བ་ལ། བྱེད་པ་འ་འམ་འཕུལ་མེད་མང༌། དེ་ཡང་ཀ་ཅ་ཏ་ཙ་ཞ། ཟ་བཅས་རྐྱང་འདོགས་བྱ་བ་ལ། བ་འཕུལ་བྱེད་པ་འ་འཇུག་དཔེར། བཀོལ་འཁོལ་བཀུར་འཁུར་བཀོན་འཁོན་དང༌། བཀྱིག་འཁྱིག་བཀྲི་འཁྲི་བཀྲུ་འཁྲུ་དང༌། བཅའ་འཆའ་བཅོ་འཆོས་འཆག་དང༌། བཅབ་འཆབ་བཅང་འཆང་བཅིང་འཆིང་དང༌། བཅུ་འཆུ་བཅོལ་འཆོལ་བཙིར་འཚིར་བཙུམ་འཚུམས་དང༌། བཙེམ་འཚེམ་བཙོ་འཚོད་བཞོ་འཇོ་དང༌། བཞུ་འཇུ་བཟུང་འཛིན་བཟའ་འཇའ་ཟུང༌། བྱ་བྱེད་ཚིག་སྦྱར་གསལ་སྟོན་ཡང༌། མ་སྦྱར་ཚིག་ནུས་དག་གིས་རྟོགས། རྩེགས་འདོགས་སྦྲག་སོགས་བས་འཕུལ་གྱི། བྱ་བ་དག་ལ་བྱེད་པ་ནི། འཕུལ་མེད་མང་སྟེ་ས་བཅད་ཙམ། བརྐོ་རྐོ་བསྐང་སྐོང་བརྒལ་རྒོལ་དང༌། བསྒྲུབ་སྒྲུབ་བརྔམ་རྔོམ་བསྔོ་སྔོ་དང༌། བརྗེ་རྗེ་བརྙབ་རྙོབ་བསྙམ་སྙམས་དང༌། བརྟོལ་རྟོལ་བལྟ་ལྟ་བསྟབ་སྟོབ་དང༌། བརྡར་རྡོར་བལྡག་ལྡོག་བསྡུ་སྡུད་དང༌། བརྣག་རྣོག་བསྣན་སྣོན་བརྩིག་རྩིག་དང༌། བསྩལ་སྩོལ་བརྫང་བྱ་རྫོང་བྱེད་དང༌། བཀླག་ཀློག་བརླབ་རློབ་བསྲེག་སྲེག་དང༌། བསླབ་སློབ་སོགས་ལྟར་ཤིན་ཏུ་མང༌། དོན་ཏུ་མ་འོངས་བས་འཕུལ་ཅན། ཡོད་ཅོག་བྱ་བའི་ལས་ལ་འདུ། དེ་དག་བྱེད་པ་ད་ལྟ་བའི། འཕུལ་མེད་ཚིག་ཀུན་འགྲོ་བར་ཤེས། སྔོན་འཇུག་ཤིན་ཏུ་མོ་སྟེ་མ། འཇུག་པའི་བྱ་བ་བྱེད་པ་ག འཕུལ་མེད་གཉིས་ཀྱང་སྲིད་ཙམ་ལས། ཕལ་ཆེར་བྱ་བྱེད་འགྱུར་བ་མིན། དེ་ཡང་ན་ཡིག་མས་འཕུལ་བས། མནན་བྱ་གནོན་བྱེད་བྱེད་པ་ལ། འཕུལ་མེད་མཉན་བྱ་ཉན་བྱེད་ལྟར། ཕལ་ཆེར་འགྱུར་མེད་མགོན་མེད་མཁས་བྱ་མཁས། མགོན་བྱ་མགོན་བྱེད་མངའ་བྱ་མངའ། མཆོད་མལ་མཉེས་མཐུན་མདུད་མནར་མཚུངས། མཛད་སོགས་རེ་རེ་གཉིས་རེར་བཀྲལ། བྱ་བྱེད་ཚིག་སྦྱར་དེས་སྟོན་ལྟར། མོ་ཡིག་འ་འཇུག་བྱ་བྱེད་ནི། གཉིས་ཀ་རང་ལས་གཞན་མ་ཡིན། དཔེར་ན་འཁོད་འགྲིབ་འཆར་འཇུ་འཐེན། འདག་འཕོ་འབྲིད་འཚལ་འཛོམ་རེ་རེར། གཉིས་བཀོད་བྱ་བྱེད་ཚིག་བྱིན་སྟོན། འཕུལ་མེད་བྱ་བྱེད་མི་འགྱུར་ཞིང༌། པ་དང་བ་གཉིས་ས་མགོ་ཅན། ན་རོ་ཡོད་མེད་ཁྱད་ཙམ་ལས། སྦྱོར་འཐོབ་གཅིག་ཡིན་དཔེར་བརྗོད་ན། སྤང་སྤོང་སྤར་སྤོར་སྤུར་སྤུར་དང༌། སྤུག་སྤུག་སྤེལ་སྤེལ་སྤོ་སྤོད་དང༌། སྤྲིང་སྤྲིང་སྤྱད་སྤྱོད་སྤྲད་སྤྲོད་དང༌། སྤྲུལ་སྤྲུལ་སྤྲུག་སྤྲུག་སྤྲོ་སྤྲོ་དང༌། བ་མགོ་ཅན་ལ་སྦང་སྦོང་དང༌། སྦར་སྦོར་སྦ་སྦེད་དང༌། སྦྱར་སྦྱོར་སྦྱང་སྦྱོང་སྦྲག་སྦྲོག་དང༌། སྦྲན་སྦྲོན་སྦྲུ་སྦྲུ་སྦྲེལ་སྦྲེལ་ལྟར། ཤེས་བུ་ཤེས་བྱེད་ལྟ་བུ་ཡང༌། མང་དུ་འབྱུང་བ་ཞར་རྟོགས་བྱ། ལུས་སྲོག་གཉིས་ཀ་གཞན་འགྱུར་བའི། བྱ་བྱེད་དག་ནི་ཅི་རིགས་སོ། ལསུ་ནི་གསལ་བྱེད་སྲོག་དབྱངས་ཏེ། དེ་གཉིས་བྱ་བྱེད་ལ་འགྱུར་བས། བླང་བྱ་ལེན་བྱེད་འབར་བྱ་སྤོར། འཕུལ་བྱ་སྤུར་བྱེད་འབྱོན་བྱ་སྤྱོན། ལྟར་རོ་འགའ་ཞིག་གོང་བསྟན་གྱི། བྱེད་པ་འ་འཇུག་སྐབས་སུའང་གསལ།
༈ དེ་ནས་རྗེས་འཇུག་རྣམ་བཞག་ལ། སྔར་བཤད་རྗེས་འཇུག་བཅུ་པོ་ཡང༌། ཕ་མོ་ཁམས་སོགས་དབྱེ་བའི་ཚུལ། བཞེད་ཚུལ་མི་འདྲ་སྣ་ཚོགས་ཀྱང༌། འདིར་ནི་རྒྱུད་ལུང་དཔྱད་བཟོད་ཀུན། སྙིང་པོར་ཕྱུང་སྟེ་འཆད་པ་ལ། ག་ད་བ་ས་བཞི་ཕོ་ས། ང་མ་འ་གསུམ་མོ་དང་མེ། ན་ར་ལ་གསུམ་མ་ནིང་ཆུ། ནང་གསེས་ཞིབ་ཏུ་དབྱེ་བ་ན། ཕོར་གསུམ་མོར་གཉིས་མ་ནིང་གསུམ། དེ་ཡང་འཇུག་ཚུལ་གང་གིས་དང༌། གང་ལ་ཇི་ལྟར་ཅི་ཕྱིར་འཇུག བཞི་རིམ་བསྟན་ཏེ་གང་གིས་ནི། རྗེས་འཇུག་ཡི་གེ་བཅུ་གས་འཇུག གང་ལ་མིང་གཞི་ཀུན་ཁྱབ་ལ། དཔེར་ན་མིང་གཞི་ཀ་ལྟ་བུར། ཀག་ཀང་ཀད་ཀན་ཀབ་ཀམ་ཀའ། ཀར་ཀལ་ཀས་ལྟར་ཀུན་ལ་འགྲེ། ཇི་ལྟར་འཇུག་ལ་སྒྲ་དོན་གཉིས། སྒྲ་ནི་དྲག་ཞན་བར་གསུམ་གྱི། དྲག་པ་ཕོ་ལ་རབ་འབྲིང་ཐ། ཕོ་ཡིག་ག་ལ་ཡང་འཇུག་ཅན། སྐྱེས་བུ་རབ་སྟེ་དྲག་པའི་དྲག ཕོ་ཡིག་བ་ལ་ཡང་འཇུག་ཅན། སྐྱེས་བུ་འབྲིང་སྟེ་དྲག་པའི་འབྲིང༌། ག་བ་ཡང་འཇུག་མེད་པ་དང༌། ད་སའི་མཐའ་ཅན་ཐ་མ་སྟེ། དྲག་པའི་ཞན་པ་ཞེས་སུ་གྲགས། དེ་བཞིན་ཞན་པ་མོ་ལ་ཡང༌། ཞན་པ་ང་མ་ཡང་འཇུག་མེད། འ་མཐའ་ཅན་ནི་ཤིན་ཏུ་མོ། བར་མ་མ་ནིང་ན་ར་ལར། ཡང་འཇུག་ཡོད་དམ་མེད་ཀྱང་རུང༌། མིང་གཞི་ཕོ་ཡིག་མཐར་ཡོད་དང༌། མིང་གཞི་མ་ནིང་རྗེས་སུ་ནི། ཡང་འཇུག་དང་བཅས་ཞུགས་པ་ན། དྲག་དང་ཕྲད་པས་དྲག་པར་འགྱུར། མིང་གཞི་ཕོ་ཡིག་རྗེས་སུ་ནི། ཡང་འཇུག་མེད་པར་ཞུགས་པ་ན། ཞན་དང་ཕྲད་པས་ཞན་པར་འགྱུར། དེ་ཉིད་འགྱུར་བ་མ་ནིང་ཡིན། མིང་གཞི་མོ་ཡིག་རྗེས་སུ་ནི། ཡང་འཇུག་དང་བཅས་ཞུགས་པ་ནི། དྲག་ཞན་གཉིས་ཀའི་ཆ་ལྡན་ཕྱིན། མཚན་གཉིས་མ་ནིང་ཞེས་སུ་གྲགས། མིང་ཞི་མ་ནིང་རྗེས་སུ་ནི། ཡང་འཇུག་མེད་པར་ཞུགས་པ་ན། དྲག་ཞན་གང་དུའང་མི་འགྱུར་བས། མཚན་མེད་མ་ནིང་ཞེས་སུ་འདོད། སྦྱོར་ཚུལ་སྔོན་རྗེས་མིང་གཞི་གསུམ། ཕོ་མོ་མ་ནིང་རང་མཐུན་གྱི། ནང་ཕྲད་སུམ་ལྡན་ཡང་འཇུག་བཅས། དེ་ཡང་དྲག་པོ་སུམ་ལྡན་དཔེར། སྔོན་མིང་ཕོ་ཡིག་གཉིས་གཞིར་བཞག དེ་ལ་སྐྱེས་རབ་ཕོ་གས་ཡིག མཐའ་བརྟེན་བཅགས་བཏགས་བཙགས་ལྟ་བུ། དྲག་པའི་དྲག་པ་ཞེས་སུ་འདོད། ཕོ་མོ་གཉིས་དང་མོ་གཉིས་མཐར། གས་བརྒྱན་དྲག་དང་ཆ་མཐུན་ཏེ། རིམ་བཞིན་དྲག་པའི་འབྲིང་ཐར་ཤེས། ཕོ་གཉིས་སྐྱེས་འབྲིང་བས་བརྒྱན་པས། བཅབས་བཏབས་ལྟ་བུ་དྲག་པའི་འབྲིང༌། ཕ་མོ་གཉིས་དང་མོ་གཉིས་མཐར། བས་བརྒྱན་དྲག་འབྲིང་ཆ་མཚུངས་བཞེད། སྐྱེས་ཐ་ག་བ་ད་ས་སྦྱར། བཀག་བཏབ་བཅད་བཀས་དྲག་པའི་ཞན། ཕོ་མོ་གཉིས་དང་མོ་གཉིས་མཐར། སྐྱེས་ཐས་བརྒྱན་ཚེ་ཞན་ཆ་མཚུངས། ངས་མས་བརྒྱན་པའི་མོ་གསུམ་ནི། འགམས་འབངས་འཛངས་ལྟར་ཞན་པའི་དྲག ཕོ་མོ་ཕོ་གཉིས་ཕྲད་སོགས་འགྲེ། ང་མ་འ་བརྟེན་ཤིན་ཏུ་མོ། གསུམ་ཕྲད་མཉམ་མནམ་མངའ་མནམ་ལྟར། ཞན་པའི་ཞན་དང་ཕོ་ཡིག་གཉིས། མཐའ་རྟེན་མ་ནིང་ན་ར་ལ། གང་རུང་དང་ནི་མ་ནིང་གཅིག རྗེས་འཇུག་མ་ནིང་ཡང་འཇུག་བཅས། བརྟེན་པས་བཀན་བཅར་བཙལ་དང་ནི། མ་ནིང་ཁནད་ཆརད་ཐལད་ལྟ་བུ། དྲག་དང་ཕྲད་པས་དྲག་པར་འགྱུར། མོ་ཡིག་གཉིས་ལ་རྗེས་འཇུག་ནི། མ་ནིང་གསུམ་པོ་གང་རུང་བརྟེན། འདན་འབར་འགལ་ལྟར་ཞན་ཕྲད་ཞན། དེ་གཉིས་འགྱུར་བ་མ་ནིང་བརྗོད། མོ་ཡིག་གཉིས་ལ་མ་ནིང་གང༌། ཡང་འཇུག་བཅས་ཞུགས་འགནད་འདརད་འཇལད། ལྟ་བུ་མཚན་གཉིས་མ་ནིང་གྲགས། མ་ནིང་མིང་མཐར་མ་ནིང་གང༌། ཁན་ཐར་ཕལ་ལྟར་དྲག་ཞན་གང༌། མི་འགྱུར་མཚན་མེད་མ་ནིང་ངོ༌། ལུགས་འགར་ནང་ཕྲད་སོགས་མ་བཤད། སྔོན་མིང་གང་ཡང་རུང་བའི་མཐར། ག་བ་ང་མ་ཡང་འཇུག་ཅན། ཡོད་ཚད་ཀུན་དང་མེད་པ་ཅན། དྲག་ཞན་དབྱེ་ལུགས་སྔར་ལྟར་ལ། མ་ནིང་ན་ར་ལ་གསུམ་པོ། འཇུག་གཞི་སྔོན་འཇུག་གང་ཡང་རུང༌། མིང་གཞི་ཕོ་མོ་མ་ནིང་དབྱེ། འཇུག་ཚུལ་སྔར་ལྟར་བྱས་པས་ཤེས། ཞར་འབྱུང་ཡང་འཇུག་ཐོབ་ཚུལ་ནི། ཕལ་ཆེར་འདས་སྐུལ་གཉིས་ལ་འཇུག མིང་གཞི་འགའ་ཞིག་ལ་འཐོབ་སྟེ། ནོར་གཏེར་མཇུག་ཏུ་ཕྱེས་ཡོད་གཟིགས། ད་ནི་ན་ར་ལ་གསུམ་མཐར། ས་ནི་ག་ང་བ་མར་དབང༌། དེང་སྐབས་ཡང་འཇུག་ད་ཡིག་ནི། དངོས་སུ་སྦྱར་བའི་ལུགས་མེད་ཀྱང༌། མིང་མཐར་སྦྱར་ཚུལ་ཡོད་ལྟར་བྱ། དེ་བཞིན་མཐའ་མེད་པ་རྣམས་ལ། འ་མཐའ་ཤུགས་ཀྱིས་འཐོབ་མོད་ཀྱང༌། ཡིག་ཟོར་ཡངས་ཕྱིར་ཕྱིས་པར་སྣང༌། དགའ་བ་ལ་སོགས་མེད་ན་ནོར། རྩེག་འདོགས་དབྱངས་ལྡན་ཀུན་ལ་སྤོངས། དོན་ལ་སྔ་མ་ཕྱི་མ་གཉིས། སྔ་མ་གང་ལྟར་འགྱུུར་བ་ནི། སྡེབ་ཀྱི་མིང་གཞིར་སྔོན་འཇུག་སྔ༌། གང་འཇུག་བརྗོད་དོན་དེར་བརྟགས་ན། བདག་གཞན་དུས་གསུམ་སྐུལ་མིང་སོགས། སྔར་བསྟན་སྔོན་འཇུག་སྐབས་སུ་ཡང༌། རྗེས་འཇུག་མ་འབྲེལ་བཤད་མི་གཏུབ། ད་ལྟ་རྗེས་འཇུག་སྐབས་འདི་རུ། སྔོན་འཇུག་མ་འབྲེལ་བརྗོད་མི་ནུས། འཇུག་ཡུལ་མིང་གཞི་མེད་པ་ན། སྔོན་འཇུག་གཉིས་ཀ་འཇུག་གཞི་བྲལ། དེ་ཕྱིར་གསུམ་ག་མཉམ་སྡེབ་གཅེས། ཕྱི་མ་ཇི་ལྟར་འགྱུར་བ་ལ། རྟགས་མཚུངས་སྒྲ་མཚུངས་སྦྱར་ཚུལ་གཉིས། རྟགས་མཚུངས་ཕོ་མོ་མ་ནིང་གི། རྗེས་འཇུག་ཕོ་ཡིས་ཕོ་མིང་འདྲེན། མོ་ཡིས་མོ་དང་མ་ནིང་གིས། མ་ནིང་ལ་འདྲེན་རྗེས་འཇུག་ཕོས། མིང་གཞིའི་ཕོ་ཡིག་དྲངས་པའི་དཔར། ཐུགས་ཀ་ཐབ་ཀ་གཅིག་ཀ་དང༌། ཐད་ཀ་ཐབས་ཅིག་ཆབས་ཅིག་དང༌། ཉག་ཅིག་སྐད་ཅིག་རྒྱས་པ་དང༌། ཟབ་པ་བཅག་པ་དཔྱད་པ་ལྟར། ཀ་ཅ་པ་ལ་འདྲེན་པ་མང༌། མོ་ཡིས་མོ་དྲངས་བཀང་བ་དང༌། སྙང་གི་ལྗང་གུ་དང་མ་དང༌། གསུམ་ག་དཔའ་བ་སོགས་མང་འགྲེ། ག་བ་མ་ལས་འདྲེན་བདེ་ཉུང༌། མ་ནིང་མཐའ་ཡིས་མ་ནིང་དྲངས། སྟོན་ཁ་གཏེར་ཁ་ཐལ་ཁ་ལྟར། མིང་གཞི་ཁ་ལ་དྲངས་པ་མང༌། འོན་ཀྱང་རྣམ་དབྱེ་ཕྲད་སོགས་མིན། ཉུང་ཀར་རྒྱ་ཀར་དཀར་མིང་ཡང༌། འདྲེན་བདེའི་ཤུགས་ཀྱིས་དེ་ལྟར་མཛད། སྒྲ་མཐུན་སྟག་མ་ལྷས་མ་དང༌། ནང་པ་དམ་པ་གཞོན་པ་དང༌། བར་པ་ཞོལ་པ་རྐང་པ་དང༌། སྐམ་པ་རམ་པ་ལྕམ་པ་དང༌། བུམ་པ་ལ་སོགས་ཕོ་ཡིས་མོ། མོ་ཡིས་ཕོ་དང་མ་ནིང་གིས། མོ་ལ་དྲངས་པ་མང་སྲིད་ཀྱང༌། མིང་གི་རིགས་གྱུར་རྟགས་མཚུངས་སོགས། མི་འགྲོ་མིང་གཞི་སྒྲ་མཐུན་སྦྱོར། རྣམ་དབྱེ་ཕྲད་སོགས་ཕལ་ཆེར་ཀྱང༌། རྟགས་མཐུན་མང་ཞིང་འགའ་ཞིག་ཀྱང༌། སྒྲ་མཐུན་གཙོ་བོར་སྟོན་པའང་ཡོད། གཞན་ཡང་ཡི་དམ་ཡི་དྭགས་དང༌། གུ་གེ་ལུ་གུ་ཡི་གེ་དང༌། སླ་ང་སྒོ་ང་ལྷ་ང་དང༌། ཉ་ག་སོགས་ལ་རྗེས་འཇུག་ག ཡོད་ཀྱང་ཕ་རོལ་རྗེས་འཇུག་དེ། ཡོད་པས་ཚིག་ནུས་དོན་འགྲུབ་ཕྱིར། ཁྱད་མེད་གཟིགས་ན་ཕྱིས་པར་སྣང༌། གསེར་སྒོང་ལ་སོགས་དེ་བས་ཀྱང༌། ཟོར་ཡངས་བྱ་ཕྱིར་ང་ཡིག་ཡར། སྦྱར་ལ་བསྡུས་ལྟར་མང་ལ་ཉུང༌། ཟུར་ཆག་ལ་སོགས་མི་འདྲ་མང༌། གསུམ་པ་རྣམ་པར་འབྱེད་པ་ལའང༌། རྣམ་གྲངས་ངོས་འཛིན་དབྱེ་བྱ་དང༌། རང་དབང་ཅན་དང་གསུམ་ཡིན་ཏེ། དང་པོ་རྣམ་གྲངས་ལ་ཡང་བརྒྱད། ངོ་བོ་ལས་དང་བྱེད་པ་དང༌། དགོས་ཆེད་འབྱུང་ཁུངས་འབྲེལ་བ་དང༌། རྟེན་གནས་དང་ནི་འབོད་སྒྲའོ། དང་པོ་ངོ་བོ་ཙམ་སྟོན་དང༌། ཡི་གེ་གཅིག་གམ་དུ་མར་འདུས། རང་རང་ག་ནི་མིང་གྲུབ་སྟེ། དཔེར་ན་ག་སྔོན་རྗེས་འཇུག་ན། མིང་གཞི་ཤེ་འཚོགས་གཤེན་ཞེས་གྲུབ། མིང་གི་ངོ་བོ་སྟོན་དེས་མཚོན། གཉིས་པ་ལས་སུ་བྱ་བ་ཞེས། བྱ་ཡུལ་བྱ་བ་བྱས་ནུས་སྟོན། བྱེད་པོ་དངོས་སུ་གསལ་དགོས་མེད། བུམ་པར་བཅུད་བླུག་ལྟ་བུའོ། གསུམ་པ་བྱེད་པའི་སྒྲ་ཞེས་པ། བྱེད་ལས་བྱས་པར་སྟོན་བསྟནད་བཞིན། བཞི་པ་དགོས་ཆེད་ཅེས་བྱ་བ། སླད་དོན་ཆེད་ཕྱིར་སྒྲས་ཟིན་ནས། བྱ་བ་བྱས་པས་བྱ་ཡུལ་དེར། ཕ་གནོད་ནུས་པའི་ཁྱད་སྟོན་དཔེར། ལྷ་ལ་མཆོད་པ་ཕུལ་ལྟ་བུ། ལྔ་པ་བྱུང་ཁུངས་ཞེས་པ་ནི། བྱུང་དང་འབྱུང་སའི་ཁུངས་སྟོན་ཏེ། སྤྲིན་ལས་ཆར་པ་བབས་ལྟ་བུ། དྲུག་པ་འབྲེལ་བའི་སྒྲ་ཞེས་པ། དངོས་སོགས་ཕན་ཚུན་འབྲེལ་ཙམ་ལས། བྱ་བའི་ནུས་པ་ཅུང་མེད་དེ། བདག་གི་མགོ་བོ་ལྟ་བུའོ། བདུན་པ་གནས་གཞི་རྟེན་གནས་ཞེས། ཡུལ་དེར་ཡོད་པའི་དོན་ཙམ་ལས། བྱ་བ་ནམ་ཡང་བྱེད་མིན་ཏེ། དཔེར་ན་སྟེང་དུ་ལྷ་གནས་བཞིན། བརྒྱད་པ་འབོད་པའི་སྒྲ་ཞེས་པ། གཞན་ལ་འབོད་སྒྲ་སྦྱར་བ་ལས། གཞན་པའི་སྒྲ་དོན་ཡོད་མིན་ཏེ། དཔེར་ན་ཀྱེ་ཀྱེ་རྒྱལ་པོ་ལྟར། ༈ དབྱེ་ན་རྣམ་དབྱེ་བརྒྱད་པོ་ལ། རེ་རེར་གཅིག་ཚིག་གཉིས་ཚིག་དང༌། མང་ཚིག་སྦྱར་བས་གསུམ་གསུམ་འབྱུང༌། དཔེར་ན་སེམས་དཔའ་སེམས་དཔའ་དག སེམས་དཔའ་རྣམས་ལྟར་ཉེར་བཞིར་ཡོང༌། གཉིས་པ་དབྱེ་བྱ་ཕྲད་ཀྱི་མིང༌། སླར་བསྡུ་ལ་དོན་ཨི་ལྡན་དང༌། རྒྱན་སྡུད་ལྷག་བཅས་འབྱེད་སྡུད་དང༌། འབྱུང་ཁུངས་འབོད་སྒྲ་དང་བཅས་བརྒྱད། དང་པོ་སླར་བསྡུ་ཟླ་སྡུད་དང༌། ར྄དྷོགས་ཚིག་དོན་གཅིག་མིང་གི་གྲངས། དེ་ལ་བྱས་ཟིན་སླར་བསྡུ་དངོས། མ་འོངས་སླར་བསྡུ་ཙམ་པོར་དབྱེ། གང་རུང་མིང་མཐའི་རྗེས་འཇུག་ལ། ཨོ་འམ་ན་རོ་སྦྱར་བའི་ཚེ། གོ་ངོ་དོ་ནོ་བོ་མོ་འོ། རོ་ལོ་སོ་དང་ཤུགས་བསྟན་གྱི། དྲག་མཐར་ཏོ་དང་མཐའ་མེད་འོ། དེ་དག་དཔེར་བརྗོད་རིམ་པ་བཞིན། བཞག་གོ་བཟང་ངོ་བློས་དཔྱད་དོ། ཡིན་ནོ་བཏབ་བོ་འཁོར་འཛོམ་མོ། དགའ་འོ་དར་རོ་ལྷ་རྒྱལ་ལོ། ཤིས་སོ་བསྟནད་ཏོ་གྲུབ་གྱུར་ཏོ། བསྐུལད་ཏོ་དེ་འོ་ལྟ་བུའོ། བྱ་འོ་སྙམ་སྟེ་བསྒྲུབ་པོ་བསམ། ལྟ་བུ་སླར་བསྡུ་ཙམ་པོར་བཞེད། དོན་དུ་སླར་བསྡུ་བ་ལ་འདུ། སྐབས་དོན་རྫོགས་སྒྲ་སྟོན་ཕྱིར་རོ། གཉིས་པ་ལ་དོན་འདི་ལྟ་སྟེ། སུ་རུ་དུ་ཏུ་ན་ལ་ར། རྣམ་དབྱེ་གཉིས་བཞི་བདུན་པ་སྟེ། ལས་དང་དགོས་ཆེད་རྟེན་གནས་གསུམ། དེ་ཉིད་ཚེ་སྐབས་ལྔ་ལ་འཇུག སྦྱོར་ཚུལ་མཐའ་རྟེན་ས་མཐར་སུ། འ་དང་མཐའ་མེད་རའམ་རུ། ང་ད་ན་མ་ར་ལ་དུ། ག་བ་ད་དྲག་ཅན་མཐར་ཏུ། ན་ལ་རྗེས་འཇུག་ལ་མི་ལྟོས། དང་པོ་ལས་སུ་བྱ་བའི་དཔེར། དབུས་སུ་ནོར་བཞག་ལྷོ་རུ་འགྲོ། བྱང་དུ་རྟ་རྒྱུག་སྣོད་དུ་བླུག མདུན་དུ་འབྲུ་སྤུངས་གནམ་དུ་གཏོར། ཤར་དུ་ཕྱག་བཙལ་མལ་དུ་ཉལ། ལག་ཏུ་གཏད་ལ་རྒྱབ་ཏུ་ཁུར། ཕྱི་རོལད་ཏུ་བསྡད་མཐར་བཀར་རོ། དབུས་ན་བཞག་སྟེ་ལྷོ་ལ་འགྲོ། ཞེས་ལྟར་ན་ལ་ཕལ་ཆེར་མཚུངས། དཔེ་དེའི་འགྲེལ་བ་དབུས་མཚོན་ན། དབུས་ནི་རྣམ་དབྱེ་དང་པོ་འམ། བྱ་བའི་ཡུལ་ཡིན་སུ་ལ་དོན། ནོར་ནི་བྱེད་པའི་དངོས་པོ་མཚོན། ལས་དང་བྱ་བ་དོན་གཅིག་ཉིད། བཞག་ནི་བྱ་བ་བྱས་ལྟར་བསྒྲེ། གཉིས་པ་དགོས་ཆེད་དག་ལ་གཉིས། དངོས་དང་རྗེས་འབྲེལ་གཉིས་ཀྱི་དངོས། བྱ་བས་དགོས་ཆེད་ཕན་ནུས་སྒྲ། ཕྱིར་སླད་ཆེད་སྒྲས་ཟིན་དང༌། མ་ཟིན་གཉིས་ལ་སྒྲས་ཟིན་དཔེར། ཐར་པའི་ཕྱིར་དུ་དགེ་ལ་འབུངས། ལོངས་སྤྱོས་སླད་དུ་སྦྱིན་པ་གཏོང༌། མཐོ་རིས་ཆེད་ལ་བསྡོམ་པ་བསྲུང༌། མི་འཁྱག་དོན་ལ་གོས་དྲོར་བགོ། མ་ཟིན་རྒྱན་དུ་གསེར་དངུལ་བརྡུང༌། དབུལ་པོར་ནོར་སྟེར་མེ་ཏོག་ཏུ། ཆུ་བླུག་ཚོགས་ན་མང་ཇ་བསྐོལ། འཆི་བའི་གསོས་སུ་བདུད་རྩི་ནོད། ལྟ་བུར་ཆེད་དོན་སྒྲ་སྦྱར་ཚེ། རྒྱན་གྱི་ཕྱིར་དུ་གསེར་དངུལ་བརྡུང༌། དབུལ་པོའི་སླད་དུ་སྦྱིན་པ་གཏོང༌། མེ་ཏོག་ཆེད་ལ་ཆུ་བླུག་ལྟར། གོ་བར་བྱེད་དགོས་གཞན་ལ་འགྲེ། འདི་ལའང་བྱེད་པོ་ཤུགས་བསྟན་ནོ། རྗེས་འབྲེལ་ཏི་ཁྲོད་འགྲིམས་པ་ལ། གདམས་ངག་མང་པོ་ཚང་དགོས་ཤིང༌། ཡི་གེ་འབྲི་ན་སྣག་ཤོག་ལྟར། གསུམ་པ་རྟེན་གནས་སྟེང་དུ་ལྷ། རྒྱ་མཚོར་ནོར་བུ་འོག་ཏུ་ཀླུ། མཁའ་ལ་གཟའ་སྐར་བཀྲ་ལྟ་བུ། བྱེད་པོའང་མེད་པ་ཤེས་པར་བྱ། འདི་གསུམ་ལ་ནི་དངོས་པོ་གཉིས། ཚོགས་པའི་ནུས་པ་སྟོན་པ་ཡིན། བཞི་པ་བདེན་པའམ་དེ་ཉིད་ནི། བྱ་དངོས་དང་ནི་བྱ་བ་སོགས། ངོ་བོར་གཅིག་གྱུར་དེ་ཉིད་ཡིན། དཔེར་ན་དཔངས་སུ་མཐོ་བ་དང༌། མི་བསླུ་བ་ཏུ་ངེས་པ་དང༌། མི་རྟག་དེ་ག་རང་དུ་འདུག འོད་དུ་འབར་ལ་འདོ་དུ་གནས། དགྲ་བཅོམ་དུ་གྲུབ་གསེར་དུ་མངོན། དཔལ་དུ་གྱུར་ལ་རྟག་ཏུ་གནས། རབ་ཏུ་གྲུབ་སྟེ་ཤིན་ཏུ་བདེན། བླ་ན་འཕགས་དང་ཡིད་ལ་གསལ། དངོས་པོར་གྲུབ་སོགས་ལྟ་བུའོ། དེ་ལ་དབྱེ་ན་རྣམ་པ་དྲུག དངོས་གཅིག་ཁོ་ནའི་ཁྱད་ཆོས་དང༌། རྣམ་འགྱུར་བྱ་རྒྱུ་བྱ་བ་གཅིག བྱེད་ལས་གསལ་བྱེད་སྐུལ་ཚིག་དང༌། སྨོན་པ་སོགས་ལ་འཇུག་སྟེ་དཔེར། ཁྱད་ཆོས་ཁྱོད་སྐུ་ལྷག་པར་བརྗིད། འོད་དུ་འཚེར་བུ་ལྟ་བུའོ། རྣམ་འགྱུར་བདག་ཉིད་ལྷ་རུ་གསལ། ཉོན་མོངས་ཡེ་ཤེས་སུ་འགྱུར་ལྟར། བྱ་རྒྱ་བྱ་བ་གཅིག་རྒྱུར་ནི། བདག་མེད་རོན་ལ་བལྟ་བར་བྱ། ཀུནད་ཏུ་བཟང་པོ་བསྒོམ་པར་བྱ། བྱེད་ལས་རྣམ་དཀར་སྒྲུབ་པར་བྱེད། ལོག་ལྟ་དགྲ་བགེགས་འཛོམས་པ་བྱེད། སྐུལ་ཚིག་རང་རིག་བསྟན་ཏུ་གསོལ། འཁྲུལ་རྟོག་བདག་འཛིན་འཇོམས་སུ་གསོལ། སྨོན་པ་ཉོན་མོངས་ཞི་བར་ཤོག བདག་མེད་དོན་དམ་རྟོགས་པར་ཤོག འདི་སྐབས་ན་ལ་མི་འཇུག་ངེས། ལྔ་པ་ཚེ་སྐབས་ལ་འཇུག་ཚུལ། འདི་ལ་བྱ་ཡུལ་མི་དམིགས་ཏེ། བྱ་བ་གཉིས་ཚོགས་ནུས་པ་ཡིན། དོན་དུ་དུས་ཚད་སྟོན་པའི་དཔེར། དེ་ཡི་དུས་སུ་དགོང་མོ་རུ། ཉི་མའི་གུང་དུ་ཉིན་ཕྱེད་དུ། དུས་ཚོད་གཞན་དུ་དུས་ནམ་དུ། ཉི་ཤར་དུ་ནི་ཕྱེད་ཡོལ་དུ། དུས་ནི་རྟག་ཏུ་ཉི་ནུབ་ཏུ། རྒྱུནད་ཏུ་སྔོན་ལ་མ་འོངས་ལ། སྔ་མོར་སླེབ་སོགས་དེ་དག་མཐར། ཚེ་སྐབས་དུས་མཚམས་ཁ་རྣམས་སྦྱར། དཔེར་ན་དེ་ཡི་དུས་ཀྱི་ཚེ། དགོང་མོའི་སྐབས་དང་ཉིན་དུང་དུས། ཉིན་ཕྱེད་མཚམས་དང་ཉི་ཤར་ཁར། འགྲོ་ཁར་ཉལ་ཁར་ལྟར་སྦྱར་སྟོན། བསྡོམས་ཚིག་བཅས་དང་ཕྲད་པ་ན། ར་མ་ཐས་དང་སྒྲའི་སྡུད་སྒྲ་སྟོན། མཚོར་བཅས་ལྷར་བཅས་མིར་བཅས་ལྟར། ན་ལ་བར་གྱི་གསལ་བྱེད་ལའང༌། འཇུག་སྟེ་དགའ་ན་མི་དགའ་གྱིས། ཡོད་ལ་མེད་ཀྱང་ཁྱེར་ལྟ་བུ། གཞན་ཡང་གོང་བཤད་དེ་དག་ལ། དགག་སྒྲ་སྦྱར་བས་སོ་སོ་ཡི། མཚན་ཉིད་མ་ལྡན་ལྡོག་ཕྱོགས་སྨྲ། དཔེར་ན་དབུས་སུ་ནོར་མི་བཞག ཐར་པའི་ཕྱིར་དུ་དགེར་མི་འབུང༌། སྟེང་གི་ཕྱོགས་སུ་ལྷ་མི་གནས། དཔངས་སུ་མི་མཐོ་དེ་དུས་མིན། ལྟ་བུ་གཉིས་པའི་རྗེས་མཐུན་ཙམ། གསུམ་པ་ཨི་ལྡན་འབྲེལ་སྒྲ་ནི། ཀྱི་གྱི་གི་འི་ཡི་ལྔ་སྟེ། བརྗོད་དོན་ལ་གསུམ་འབྲེལ་སྒྲ་དངོས། མཐུན་དང་མི་མཐུན་ཚིག་རྒྱན་ནོ། དང་པོ་ཡན་ལག་ཡན་ལག་ཅན། རྟེན་དང་བརྟེན་པ་ཡུལ་ཡུལ་ཅན། གཞི་མཐུན་བཞིར་དབྱེ་སྦྱོར་ཚུལ་ཡང༌། ད་བ་ས་དང་དྲག་མཐར་གྱི། ན་མ་ར་ལ་བཞི་མཐར་གྱི། ག་ང་གཉིས་གི་འ་མཐའ་དང༌། མཐའ་མེད་ཅན་ལ་འི་དང་ཡི། དེ་ཡང་འབྲེལ་སྒྲ་ཞེས་པའི་དོན། རང་ལུས་ཡན་ལག་ཆ་ཤས་སམ། དངོས་རྫས་རང་རང་འབྲེལ་ཆོས་རྣམས། རང་དང་འབྲེལ་བར་བསྒྲུབ་པའམ། རང་གི་ཡིན་ཞེས་བསྒྲུབ་འཇུག་དཔེར། ཁྱོད་ཀྱི་རྒྱབ་ཀྱི་གཡས་ཀྱི་ཕྱོགས། མདུན་གྱི་སྒྲོམ་གྱི་ཤར་གྱི་ངོས། ཞོལ་གྱི་བདག་གི་བྱང་གི་ཆར། ལུང་མདའི་ཆུ་ཡི་ལྟ་བུ་ལ། འབྲེལ་བ་ཚིག་གྲོགས་སྦྱར་བའི་ཚེ། ཁྱོད་ཀྱི་ལག་དང་རྒྱབ་ཀྱི་གོས། བདག་གི་ནོར་སོགས་འབྲེལ་ཆོས་སྟོན། དེ་ལ་དབྱེ་ན་དང་པོ་ནི། ཡན་ལག་ཅན་དང་ཡན་ལག་དཔེར། ཁྱོད་ཀྱི་མགོ་བོ་རྒྱབ་ཀྱི་ཚིགས། གཡས་ཀྱི་རྐང་པ་མདུན་གྱི་བྲང༌། འགྲམ་གྱི་སོ་དང་མཚེར་གྱི་སྣེ། མགུལ་གྱི་རྩ་ཆེན་བདག་གི་མིག ཁོང་གི་སྐྲ་དང་ལག་པའི་སོར། བྱ་ཡི་སྡེར་མོ་ལྟ་བུའི་མཚོན། གཉིས་པ་རྟེན་དང་བརྟེན་པ་གཉིས། རྟེན་ཤིང་བརྟེན་པ་བྱ་ལྟར་དཔེར། རྒྱབ་ཀྱི་ཤིག་དང་གནམ་གྱི་སྐར། ཤིང་གི་བྱ་དང་གྲོང་པའི་མི། ཆུ་ཡི་ཉ་ལྟར་ཀུན་ལ་མཚོན། གསུམ་པ་ཡུལ་དང་ཡུལ་ཅན་དཔེ། ཡུལ་ཅན་བདག་དང་ཡུལ་དངོས་རྫས། ཁྱོད་ཀྱི་གོས་དང་གཞན་གྱི་ནོར། བདག་གི་རྟ་དང་ཕྱུག་པོའི་མཛོད། ང་ཡི་ཁང་པ་ལྟ་བུའོ། བཞི་པ་ངོ་བོ་གཅིག་གྱུར་རམ། གཞི་མཐུན་ཞེས་ངོ་བོ་དང༌། འབྲེལ་གཉིས་ཐ་དད་ཡོད་མིན་ཏེ། ཁྲབ་ཀྱི་མིག་དང་གསེར་གྱི་བུམ། རང་གི་སེམས་དང་གཙང་པོའི་ཆུ། ནམ་མཁའི་དབྱིངས་ལྟར་མཚོན་པར་བྱོས། གཉིས་པ་མཐུན་པའི་ཚིག་རྒྱན་ནི། བཤད་ཀྱི་ཉོན་ལ་འབུལ་གྱི་བཞེས། རུང་གི་བྱིས་དང་དགའ་ཡི་བགོད། ལྟ་བུ་སྐུལ་ཚིག་འབྲེལ་བ་མང༌། གསུམ་པ་མི་མཐུན་པ་ལ་དཔེར། དྲང་པོ་ཁོ་ནར་གསུངས་མོད་ཀྱི། ཐབས་མཁས་དབང་གིས་འཁྱོག་པོའང་གསུང༌། ཁྱོད་ཀྱིས་ནུས་ཀྱི་གཞན་མི་ནུས། མི་གཟུགས་ཡིན་གྱི་ལྷ་མ་ཡིན། མི་རྟག་ཡིན་གྱི་རྟག་པ་མིན། ནོར་འདོད་འབྱུང་གི་གཞན་ལ་མིན། དགའ་ཡི་འགྲེ་འོ་སྡུག་གི་མིན། ལྟ་བུ་འགོག་སྒྲ་འབེལ་ཆེར་སྲིད། ༈ འབྲེལ་སྒྲར་ས་ཞུགས་བྱེད་སྒྲ་ཞེས། ཀྱིས་གྱིས་གིས་འིས་ཡིས་འགྲུབ་སྟེ། གཙོ་ཆེར་བྱེད་པ་པོ་ལ་དང༌། བེམ་ཤེས་ཆ་ཤས་རིགས་བྱ་བ། ཡོན་རྫས་སོགས་མང་རིས་མེད་འཇུག སྦྱོར་ཚུལ་འབྲེལ་སྒྲ་ལྟར་མཚུངས་ཀྱང༌། འ་མཐའ་ཕྱིས་ཤུལ་ས་སྦྱར་འཐད། དེ་ཡང་བྱེད་པ་པོ་དངོས་དཔེར། གཤེན་རབ་ཀྱིས་བསྟནད་དཔོན་གྱིས་གསུང༌། བདག་གིས་གཤོད་ལ་མགར་བས་འཆོས། བླ་མ་ཡིས་གསུང་ལྟ་བུར་མཚོན། བེམ་པོ་ལ་ཡང་རྦབ་ཀྱིས་གསོད། གདན་གྱི་སླེབས་དང་ཤིང་གིས་གནོན། རྡོ་བས་རྡུང་ལ་གྲི་ཡིས་བཅད། ཆ་ཤས་དག་ལ་ཤངས་ཀྱིས་སྣོམ། སྙན་གྱིས་གསོན་ལ་མིག་གིས་ལྟ། ལག་པས་འཛིན་ལ་ལྕེ་ཡིས་ལྡག ཡོན་ཏན་བྱ་སོགས་ཤུགས་ཀྱི་བསྒྲལ། ཟིལགྱིས་གནན་ལ་དཔུང་གིས་བཏུལ། དྲག་པོས་གཟིར་ལ་མཐུ་ཡིས་གཞོམ། ལྟ་བུ་རིགས་རྫས་སོགས་མང་འགྲེ། དོན་དུ་བྱེད་སྒྲ་ཉིད་ལ་འདུ། བྱེད་སྒྲ་འདི་ལ་དགག་བཞག་མང༌། སོམ་ཉིའི་དྲ་བར་ཚུད་ཉེན་པས། གསལ་ཁ་ཅུང་ཟད་བཀྲོལ་བ་ན། ལྷ་བཟོའི་པིར་གྱིས་ཚོགས་ཁང་དུ། ལྷ་འབྲི་ལྟ་བུར་དཔེར་མཚོན་ན། ལྷ་བཟོ་བྱེད་པ་པོ་དངོས་ཏེ། འབྲི་མཁན་འབྲི་བ་པོ་སོགས་མཐུན། འི་འདི་བདག་པོ་རྫས་གཉིས་ཀྱི། འབྲེལ་སྒྲ་བྱེད་པོ་དོན་ལ་གོ། བྱེད་པ་དངོས་གསལ་བརྡ་འཆད་ཡིན། པིར་ཚོན་བྱེད་པ་པོའི་དངོས་པོ། ཡིད་ལ་རྫས་དངོས་ཡོད་མེད་གཉིས། འདི་ནི་རྫས་ཡོད་དངོས་པོ་སྟེ། འདི་དུས་བྱེད་པ་པོ་ལ་བལྟོས། བྱེད་པོའི་དངོས་པོ་ཞེས་སུ་འདོད། གྱིས་འདི་བྱ་སྟོན་བྱེད་སྒྲའོ། པིར་ཚོན་འདུ་བྱེད་གཡོ་རྩོལ་ལ། བྱེད་པའི་ལས་ཞེས་བཤད་པ་དང༌། ཚོགས་ཁང་འདི་ནི་འབྲི་བའི་ཡུལ། དུ་འདི་ལ་དོན་སྒྲ་ཡིན་ལ། དེ་མེད་བྱ་ཡུལ་སྟོན་མི་ནུས། ལྷ་འདི་བྱ་བའི་དངོས་པོ་འམ། རྫས་དངོས་ཡོད་པའི་བྱ་བ་དང༌། དོན་དུ་འབྲི་རྒྱུ་དེ་ཉིད་ཡིན། ཚོན་སོགས་རིམ་བཞིན་བཀྱེ་བལ། འདི་སྐབས་བྱ་ཡུལ་ལ་བལྟོས་པ། བྱ་བའི་ལས་ཞེས་བརྗོད་པ་ཡིན། འབྲི་འདི་ལ་བལྟོས་བདག་གཞན་དང༌། དུས་གསུམ་དབྱེ་བ་འབྱེད་དགོས་ཏེ། བྱེད་པའི་ལས་ལ་བདག་ཅེས་བྱ། བྱ་ཡུལ་བྱ་དངོས་བྱ་ལས་གཞན། དུས་གསུམ་དབྱེ་བ་བདག་ཅེས་བྱ། བྱ་ཡུལ་བྱ་དངོས་བྱ་ལས་གཞན། དུས་གསུམ་དབྱེ་བ་བྲིས་ཟིན་འདས། བྲི་སྒང་ད་ལྟེ་འབྲི་བར་འགྱུར། མ་འོངས་སྐུལ་ཚིག་བྲིས་ལྟ་བུ། དེ་ལས་ཅུང་ཟད་བསྡུས་པའི་དཔེར། བདག་གིས་མེ་སྤར་བྱེད་པ་མེད། བྱེད་པོ་རྐྱང་པ་སྤར་ནུས་བྲལ། དེ་ཕྱིར་གི་འདི་བྱེད་པ་ལག ཤུགས་བསྟན་འབྲེལ་སྒྲ་ས་འདི་ཉིད། བྱེད་སྒྲ་མངོན་སྟོན་བྱེད་ལས་འདུ། བྱ་ཡུལ་ཤུགས་བསྟན་ཐོབ་སོགས་ཤེས། བྱ་དངོས་མེ་ལ་སྤར་འདི་ཉིད། བྱ་ལས་མེ་སྤར་ལས་དེ་གྲུབ། དེ་ལས་ཤིན་ཏུ་བསྡུས་པའི་དཔེར། བདག་གིས་སྤར་ལྟར་བདག་གིས་ཁོངས། བྱེད་པོ་བྱེད་པ་བྱེད་ལས་འདུ། སྤར་ལ་བྱ་ཡུལ་བྱ་བ་དང༌། བྱ་ལས་འདུ་སྟེ་བདག་གཞན་དང༌། ཟིན་སྒང་འགྱུར་སྦྱར་དུས་གསུམ་ཚང༌། སྤྲོ་བསྡུའི་དབྱེ་ཚུལ་དེ་ལྟ་བུར། འཁོར་འདས་སྣོད་བཅུད་རྟེན་གཡོ་ཀུན། དཔེ་དེས་གཞལ་ལས་བདག་གཞན་སོགས། དཀའ་གནད་སྦྲུལ་མདུད་ཞིག་ལྟར་འགྲོལ། ཞར་འབྱུང་རྒྱུ་མཚན་ལ་འཇུག་དཔེར། བསྒྱུར་དུ་གཏུབ་ཀྱིས་བསྒྱུརད་ཅིག་ལྟར། སྐབས་འགར་འཇུག་ལ་མང་དུ་མིན། བཞི་པ་རྣམ་དབྱེ་དེ་དག་གི། སྦྱར་ཚུལ་ལས་འཕྲོས་ཚིག་རྒྱན་སོགས། འཆད་ལ་རྒྱན་སྡུད་ཅེས་བྱ་བ། ཀྱང་ཡང་འང་གསུམ་མཐུན་མི་མཐུན། ཚིག་རྒྱན་གཉིས་དང་སྡུད་པ་དང༌། ཡང་ལ་བྱེ་བྲག་བཅས་ཏེ་བཞི། དེ་དག་སྒྲ་དོན་སྦྱོར་ཚུལ་ཡང༌། ག་ད་བ་ས་དྲག་མཐར་ཀྱང༌། ང་ན་མ་ར་ལ་མཐར་ཡང༌། འ་དང་མཐའ་མེད་འང་དང་ཡང༌། ཁ་སྐོང་མི་དགོས་སྐོང་ཕྱིར་རོ། དང་པོ་མཐུན་པའི་ཚིག་རྒྱན་ཞེས། སྔ་ཕྱི་གཉིས་མཐུན་སྟོན་ཏེ་དཔེར། རྟག་ཀྱང་རྟག་ལ་ཡོད་ཀྱང་ཡོད། ཐོབ་ཀྱང་ཐོབ་ལ་མཛེས་ཀྱང་མཛེས། ཕྱིནད་ཀྱང་ཕྱིན་ལ་སྦྱོང་ཀྱང་སྦྱོང༌། སྙན་ཡང་སྙན་ལ་བསམ་ཡང་བསམ། དཀར་ཡང་དཀར་ཏེ་གསལ་ཡང་གསལ། གདའ་འང་གདའ་སྟེ་འདྲ་ཡང་འདྲ། ལྟར་དང་གཉིས་པ་མི་མཐུན་རྒྱན། ཕྱུག་ཀྱང་མི་ཕན་བཏུད་ཀྱང་འཁྲོ། ཐུབ་ཀྱང་མི་བྱེད་མཛེས་ཀྱང་རྒས། བསྟནད་ཀྱང་མི་གོ་མཐོང་ཡང་ཡོལ། མཐུན་ཡང་འགྲས་ཏེ་བསམ་ཡང་བརྗེད། ཤར་ཡང་ནུབ་སྟེ་གསལ་ཡང་འགྲིབ། དགའ་ཡང་དུ་སྟེ་འགྲོ་ཡང་ཉལ། ལྟར་དང་གསུམ་པ་སྡུད་རྒྱན་ཏེ། སྔ་ཕྱིའི་ཚིག་དོན་སྡུད་པའི་དཔེར། དཔོན་པོས་ཀྱང་གུས་གཡོག་ལྟ་ཅི། གཡུ་ཡང་ཡིན་ཏེ་ལྗང་གུའང་ཡིན། ལྷས་ཆར་ཕབས་ཏེ་ཀླུས་ཀྱང་འབེབས། མཁས་པ་ཡང་ཡིན་གྲུབ་ཐོབ་ཡིན། འདི་ནའང་འདུག་གོ་ལོ་ལྟ་བུའི་མཚོན། བཞི་པ་ཞར་བསྟན་དེ་ནང་ལ། ཡང་གི་སྒྲ་ནི་བསྣན་བསྐྱར་གཉིས། འཇུག་སྟེ་རྗེས་འཇུག་ལ་མི་ལྟོས། བསྣན་པ་སྔ་མའི་སྟེང་དུ་སླར། རྣམ་གྲངས་གཞན་བསྣན་ཡིན་ནོ་དཔེར། ཡང་ན་འདི་ལྟར་བྱ་སྟེ་འམ། དེ་ནས་ཡང་གསུང་ཡང་གསོན་དང༌། ཡང་གཅིག་ལྟ་བུར་མཚོན་པ་དང༌། བསྐྱར་བ་སྔ་མ་བལྡབ་པ་སྟེ། ཡང་ན་ཡང་དུ་ཡང་ཡང་ལྟར། ལྔ་པ་ལྷག་བཅས་ཏེ་དེ་སྟེ། བརྗོད་དོན་ལྷག་ལུས་ཡོད་པར་གོ། དེ་ལའང་མཚམས་སྦྱོར་ལྷག་བཅས་དང༌། དམ་བཅའ་བ་ཡི་ལྷག་བཅས་དང༌། གཞན་འདྲེན་ལྷག་བཅས་དང་གསུམ་སྟེ། ལྷག་བཅས་སྒྲ་དོན་སྦྱོར་ཚུལ་ལ། ན་ར་ལ་ས་ཏེ་རྐྱང་དང༌། ད་དེ་ག་ང་བ་མ་འ། མཐའ་མེད་རྣམས་ལ་ས་སྟེ་འཐོབ། དང་པོ་མཚམས་སྦྱོར་ལྷག་བཅས་དཔེར། བསྟེན་ཏེ་བསྒྲུབ་ལ་སླར་ཏེ་ཚིག སྩལ་ཏེ་ཉན་ལ་བསྟནད་ཏེ་བཤད། མཆོད་དེ་ལས་བྱ་དགག་སྟེ་སྐྱོར། སོང་སྟེ་བཟུང་ལ་རྒྱབ་སྟེ་བསད། བསྒོམ་སྟེ་རྟོགས་ལ་དགའ་སྟེ་རྒྱུགས། འགྲོ་སྟེ་གནས་བསྐོར་ལྟ་བུ་དང༌། རིམ་ཅན་གཅིག་ཅར་གཉིས་དབྱེ་ན། རིམ་ཅན་དེ་ཡིན་གཅིག་ཅར་ནི། མདུན་སོ་བསྟན་ཏེ་བགད་ལྟ་བུ། གཉིས་པ་དམ་བཅའི་ལྷག་བཅས་ལ། རྒྱུ་མཚན་ངེས་ཚིག་རྣམ་གྲངས་གསུམ། དང་པོ་རྒྱུ་མཚན་འདྲེན་པའི་སྒོ། དམ་བཅའ་བ་ནི་མི་རྟག་སྟེ། བྱས་པའི་ཕྱིར་རོ་ལྟ་བུ་དང༌། གཉིས་པ་ངེས་ཚིག་འདྲེན་པ་ནི། སངས་རྒྱས་ཞེས་ཏེ་ཉོན་མོངས་སངས། ཡེ་ཤེས་རྒྱས་པ་ལྟ་བུའོ། གསུམ་པ་རྣམ་གྲངས་འདྲེན་པ་ནི། ཕར་ཕྱིན་དྲུག་སྟེ་སྦྱིན་ཚུལ་དང༌། བཟོད་བརྩོན་བསམ་གཏན་ཤེས་རབ་བོ། གསུམ་པ་གཞན་འདྲེན་ལྷག་བཅས་ནི། འདི་ནི་མི་སྟེ་འདི་ལྷའོ། འདི་ནི་རྔ་སྟེ་འདི་གཤང་ངོ༌། ལྟ་བུ་ལྷག་སྒྲས་གཞན་འདྲེན་ནོ། ༈དྲུག་པ་འབྱེད་སྡུད་ཅེས་བྱ་འམ། རྣམ་པར་བརྟག་པ་ཅན་གྱི་སྒྲ། རྗེས་འཇུག་བཅུ་དང་ཏ་བཅས་ལ། སོ་སོར་མ་མཐར་སྦྱར་བའི་ཚེ། གཾ་ངཾ་དཾ་ནཾ་བཾ་མཾ་འཾ། རཾ་ལཾ་སཾ་དང་ཏམ་བཅས་པའི། རྗེས་འཇུག་རང་འདྲར་མཐའ་ལ་དང༌། དྲག་མཐར་ཏམ་སྦྱར་དབྱེ་གཞི་ལས། འབྱེད་སྡུད་ཐེ་ཚོམ་དྲི་གདམ་ང༌། དང་པོ་འབྱེད་དམ་བཀྲ་བའི་དཔེ། སྐུ་ནི་ལྔ་སྟེ་བོན་སྐུ་འམ། རྫོགས་སམ་སྤྲུལ་ལམ་ངོ་བོ་འམ། མི་འགྱུར་གཡུང་དྲུང་སྐུ་འོ་ལྟར། གཉིས་པ་གཟུགས་སམ་ཚོར་བའམ། འདུ་ཤེས་སམ་ནི་འདུ་བྱེད་དམ། རྣམ་ཤེས་ཕུང་པོར་སྡུད་པའོ། གསུམ་པ་ཐེ་ཚོམ་ཡིན་ནམ་མིན། འབྱུང་ངམ་མི་འབྱུང་དོན་འདི་ཉིའད། ཤེས་སམ་མི་ཤེས་ལྟ་བུ་མང༌། བཞི་པ་དྲི་ཚིག་གཞན་ཞིག་ལ། ཁྱོད་ཀྱིས་ཡི་གེ་འབྲི་ཤེས་སམ། དྲང་ངེས་ལ་སོགས་ཤེས་སམ་ལྟར། ལྔ་པ་གདམ་ང་གསེར་ལེན་ནམ། དངུལ་ལེན་བཏུང་བྱ་ཇ་འཐུང་ངམ། ཆང་འཐུང་ལྟ་བུ་གདམ་ང་སྟོན། ཞར་བྱུང་དར་འདྲ་དཔེ་སྲིད་དམ། ལྟ་བུ་དགག་ཚིག་ལའང་འཇུག གཞན་ཡང་ར་རུ་འི་ཡི་དང༌། འང་ཡང་འོ་འུ་འམ་རྣམས་ཀྱང༌། ཚིག་རྐང་ཁ་སྐོང་མི་དགོས་ན། ཚེག་མེད་བྱ་འོ་ཁ་སྐོང་ཚེ། བར་ཚེག་བྱ་སྟེ་དཔེར་བརྗོད་ནི། དགོན་པར་ཉི་མ་འཆར་ཁ་རུ། མང་ཇའི་དུང་གཏོང་ཚོགས་པ་ཡི། མགོ་འཛུག་གསོལ་ཇའང་འདྲེན་པ་ཡང༌། སྤྱི་ལུགས་བྱའོ་ཁྱེའུ་ཆུང་གིས། གཏོར་མའམ་ཆང་ཕུད་མཆོད་ལྟ་བུ། བདུན་པ་བྱུང་ཁུངས་སྟོན་པའི་སྒྲ། ནས་དང་ལས་གཉིས་འཇུག་པའི་ཡུལ། བྱུང་ཁུངས་དངོས་དང་འདྲ་མཚུངས་དང༌། རིགས་ཀྱི་དགའ་ཆོས་མཐུན་མི་མཐུན། བྱ་བ་ཡོན་ཏན་རྫས་སྡུད་པ། མཚམས་སྦྱོར་དུས་དང་རྒྱུ་མཚན་བཅས། བཅུ་གཅིག་ལའོ་དེ་དག་ནང༌། འཇུག་ཚུལ་སྤྱི་དང་སྐས་ལས་ལྷུངས། ལྟ་བུ་ནས་ལས་ཁྱད་མེད་འགྲོ། བྱེ་བྲག་རིགས་མཐུན་ནས་འཇུག་སྟེ། ཆོས་པའི་ནང་ནས་སྒོམ་ཆེན་མཆོག མི་མཐུན་པ་སོགས་ལས་འཇུག་སྟེ། མི་ལས་བདུད་བྱམས་ལྟ་བུ་འོ། བྱ་བ་འགྲོ་ལས་བསྡད་པ་དགའ། ཡོན་ཏན་རྩིས་ལས་སྒྲ་རིག་འམ། རྫས་ནི་དངུལ་ལས་གསེར་ཉིད་ལེགས། ལྟ་བུ་ཕལ་ཆེར་ལས་འཇུག་མ། སྡུད་པ་མཚམས་སྦྱོར་དུས་གསུམ་ལ། ནས་ཉིད་འཇུག་སྟེ་སྡུད་པ་ནི། བོད་ནས་ཞང་ཞུང་བར་ལྟ་བུ། མཚམས་སྦྱོར་དེ་ནས་ཕྱག་བཙལ་ལྟར། དུས་ནི་ཡེ་ནས་གདོད་ནས་ལྟར། རྒྱུ་མཚན་དག་ལ་ལས་འཇུག་སྟེ། དུད་པ་ལས་ནི་མེ་ཡོད་ཤེས། རྣམ་འགྱུར་ལས་ནི་བསམ་པ་ཤེས། ལྟ་བུ་རྒྱ་ཆེར་མཚོན་པར་བྱ། བརྒྱད་པ་འབོད་སྒྲ་དངོས་ནི་ཀྱེ། ཤུགས་བསྟན་ཀ་ཡེ་ཝ་ཡེ་སྟེ། མཆོག་འབྲིང་དམན་པའི་ཁྱད་དབྱེ་སྟེ། ཀྱེ་ཀྱེ་མི་དབང་ཀ་ཡེ་གྲོགས། ཝ་ཡེ་བྲན་འཁོར་མངགས་གཞུགས་ལྟར། ཚིག་ལྷུག་འབོད་པ་ཐོག་མར་གཙོ། ཚིག་བཅད་གནས་གསུམ་ཁྱད་མེད་དཔེར། ཀྱེ་ཀྱེ་དཔལ་ལྡན་བླ་མ་རྗེ། ཡི་དམ་ལྷ་ཀྱེ་ཐུགས་རྗེས་གཟིགས། དངོས་གྲུབ་སྩོལ་མཛོད་ཌིཀྐི་ཀྱེ། ཀ་ཡེ་སྒྲ་བླའི་དམག་ཚོགས་ལྟར། རྒྱ་ཆེར་སྤྲོས་ནའང་ཆོག་པ་ཡིན། གསུམ་པ་རང་དབང་ཅན་གྱི་ཕྲད། དགར་བསྣན་འབྱེད་སྡུད་སྤྱི་ཁྱབ་སྒྲ། ཐ་སྙད་བདག་སྒྲ་དགག་སྒྲ་དང༌། འཕྲོ་འཐུད་ངེས་བཟུང་དྲིན་ལན་དང༌། སྐུལ་ཚིག་གཞན་ཡང་སྣ་ཚོགས་བཅས། བཅུ་གཅིག་གྲངས་སུ་སྟོན་པ་ལ། དང་པོ་ནི་སྒྲ་ཞེས་པའི་ཕྲད། མཆོག་དམན་ཐ་དད་དགར་བ་དང༌། ངེས་བཟུང་བསྣན་དང་ཁ་སྐོང་བཅས། མཆོག་དགར་གཤེན་རབ་མི་ཡི་མགོན། གྱེར་ནི་ཆོས་ལས་མཐུ་བྱིན་ལྡན། དམན་དགར་ཝ་ནི་སྡེར་ཆག་ཐ། གདོལ་བའི་རིགས་ནི་རིགས་དམན་ནོ། ཐ་དད་དགར་ལ་གསེར་བུམ་ནི། དངུལ་བུམ་ལས་ནི་རྒྱུ་བཟང་ཞིང༌། རྡོ་ནི་ཤིང་ལས་ཆེས་སྲ་ལྟར། ངེས་བཟུང་འདི་ནི་དངོས་གྲུབ་སྟེ། ཁྱོད་ནི་འཆི་བ་མི་དྲན་ལྟར། བསྣན་པ་ཁྱེད་ནི་བླ་མ་སྟེ། བྱིན་རླབས་མཐུ་ནི་ཤིན་ཏུ་ཆེ། ལྟར་ཏེ་ཐམས་ཅད་བསྣན་ཁོངས་སུ། ཁ་སྐོང་ལྟ་སྤྱོད་དང་ནི་ལྡན། དགེ་སྦྱོར་མཆོག་ནི་ཡིན་པར་གོ། ཚིག་ལྷུག་ནི་སོགས་མ་སྦྱར་ཡང༌། དོན་ནི་ཉམས་པར་མི་འགྱུར་རོ། གཉིས་པ་དང་སྒྲ་འབྱེད་དང་སྡུད། ཚེ་སྐབས་རྒྱུ་མཚན་གདམ་ང་དཔེར། འབྱེད་པ་འགྲ་བ་དག་ལ་དྲུག ལྷ་དང་མི་དང་ལྷ་མིན་དང༌། བྱལ་སོང་དང་ནི་ཡི་དྭགས་དང༌། དམྱལ་བ་དག་གོ་དབྱེ་གཞི་གཅིག སོ་སོར་འབྱེད་པ་དག་ལ་བྱ། སྡུད་པ་ལྷ་དང་ལྷ་མིན་དང༌། མི་དང་དུད་དང་དམྱལ་བ་རྣམས། རིགས་དྲུག་བརྗོད་ལ་བསྡུ་བ་ལྟར། ཚེ་སྐབས་དཔྱིད་ཟླ་ཤར་བ་དང༌། ཞིང་དང་སོ་ནམས་མགོ་འཛུགས་ཏེ། སྟོན་ཁ་ལོ་ཏོག་སྨིན་པ་དང༌། བརྔ་བར་བྱ་བའི་ལས་བྱེད་དོ། རྒྱུ་མཚན་དགོན་པ་མཇལ་བ་དང༌། བླ་མ་གྲྭ་སོགས་ཡོད་པར་ཤེས། དུད་པ་མང་པོ་མཐོང་བ་དང༌། འཚོ་བ་གུང་ཚིགས་བཟོ་བ་རྟོགས། གདམས་ལག་ཉེ་ལམ་དོན་སྒོམ་དང༌། འབྲས་བུ་ཐར་པ་འཐོབ་པར་འགྱུར། སོ་ནམས་ཀྱིས་དང་འབྲུ་མོད་ལྟར། རྒྱ་ཆེར་དེས་མཚོན་རྟོགས་པར་མཛོད། གསུམ་པ་གང་སྒྲ་སྤྱིར་ཁྱབ་སྟེ། མིང་གི་ཐོག་མཐའ་སོགས་འཇུག་དཔེར། གང་ཁྱོད་འགྲོ་དོན་ཁོ་ན་བརྩོན། དེ་ལྷག་བཀའ་དྲིན་ཆེ་བ་གང༌། ལྟ་བུ་གང་ཡིན་གང་དུ་འགྲོ། གང་ཞིག་གང་བྱེད་གང་འདུལ་དང༌། དེ་གང་ལས་གང་གདམ་ངག་གང༌། མི་གང་ལ་སོགས་ཤིན་ཏུ་མང༌། ཤུགས་བསྟན་ཅི་དང་ཇི་དང་སུ། སྤྱི་ལ་ཁྱབ་ཆེའི་སྒྲ་ཡིན་ཏེ། ཚིག་གྲོགས་ཞིག་སྦྱར་ཅི་ཞིག་དང༌། ཇི་ཞིག་སུ་ཞིག་ལྟ་བུ་དང༌། ཅི་ལ་འདྲ་སླད་ཕྱིར་འཇུག་སྟེ། ཅི་འདྲ་ཅི་སླད་ཅི་ཕྱིར་རོ། ཇི་ལ་ལྟར་བཞིན་སྙེད་སྲིད་སྐད། འཇུག་སྟེ་ཇི་ལྟར་ཇི་བཞིན་དང༌། ཇི་སྙེད་ཇི་སྲིད་ཇི་སྐད་དོ། སུ་ནི་གང་ཟག་མི་རིགས་སོགས། ནང་ཁུལ་མ་གཏོགས་སྤྱིར་མི་ཁྱབ། དཔེར་ན་སུ་ཡིན་སུ་ཡིས་བཏང༌། སུ་རེད་སུས་ཟེར་འདི་དག་སུ། ལྟར་མང་གཞན་ལ་ཞུས་ནས་སུ། ལྟ་བུ་རྐང་པ་སྐོང་ལའང་འཇུག བཞི་པ་དེ་སྒྲ་ཐ་སྙད་དང༌། དུས་དང་དངོས་པོ་གསུམ་ལ་འཇུག ཐ་སྙད་ནང་གསེས་འདས་པ་དང༌། ལྷག་བཅས་རྣམ་གྲངས་བརྗོད་དང་གསུམ། དུས་ནི་འདས་དང་མ་འོངས་གཉིས། དངོས་པོ་བདེན་པ་བདག་གི་བ། ཕ་རོལ་གསང་དངོས་བཞི་སྟེ་དགུ། ཐ་སྙད་ཅེས་པ་མིང་ཚིག་གང༌། ལོ་རྒྱུས་ཐ་སྙད་བརྗོད་ལ་བྱ། དེ་ལ་སྔོན་སོ་འདས་པའི་དཔེར། སངས་རྒྱས་དེ་ནི་ཐུགས་རྗེ་ཆེ། དེ་འཛངས་དེ་ནི་དཀྱེལ་ཆེའོ། ལྷག་བཅས་འགྱོད་དེ་བཤགས་པ་བྱ། བསྡད་དེ་ལས་བྱ་བཅད་དེ་བཟའ། རྣམ་གྲངས་དེ་ལ་མཆོད་པ་འབུལ། ལྟ་བུ་བྱ་བས་ཡུལ་དེ་གསལ། འདི་ནི་བླ་མ་ཆེན་པོ་སྟེ། མཁས་ཤིང་གྲུབ་པའང་དེ་ཡིན་ལྟར། རྣམ་གྲངས་མང་བགྲང་ངོ་བོ་གཅིག དུས་ནི་འདས་པ་ལ་འཇུག་དཔེར། རྫོགས་ལྡན་དུས་ཀྱི་བདེ་སྐྱིད་དེ། སྔ་ལོའི་ལོ་ལ་དེ་ལྟར་བྱུང༌། མ་འོངས་སང་ཉིན་ལས་དོན་དེ། ཕྱི་ལོའི་དུས་དེར་བགྱིའོ་སྙམ། ད་ལྟར་མི་འཇུག་དུས་འདི་ཟེར། དངོས་པོ་བདེན་པ་ལ་འཇུག་དཔེར། དེ་རང་ཡིན་ལ་དེ་བདེན་ནོ། དེ་ཁོ་ན་འཾ་དེ་དེ་བཞིན། བདག་གི་བ་ནི་ངའི་རྟ་དེ། དེ་ནི་རང་ཁྱིམ་དེ་ངའི་ཡིན། ལྟ་བུ་རང་འབྲེལ་དངོས་ཀུན་མཚོན། བདག་རང་ལ་ནི་དེ་མི་འཇུག ཕ་རོལ་དེ་ནི་བུམ་པ་དང༌། དེ་ནི་ཁྱོད་ཀྱི་བུ་དེའོ། གཞན་ནཾ་ཕ་རོལ་དངོས་ཀུན་ནོ། གསང་བའི་དངོས་པོ་དེ་མ་སྟོན། དེ་ནི་མ་ཟེར་དེ་བྱུང་ངམ། དེ་ཉིད་བསྒྲག་པར་མི་བྱ་ལྟར། གསང་དངོས་མི་སྨྲ་དེས་གོ་འགྱུར། ལྔ་པ་བདག་སྒྲ་ཕོ་རྟགས་ཅན། ཞེས་པ་པ་བ་པོ་གསུམ་དང༌། མི་མཐའི་སྒྲ་མཐུན་པ་བ་པོ། ཤུགས་བསྟན་པུ་བུ་འུ་བཅས་ལ། དེ་ནང་པ་དང་བ་གཉིས་ཀྱི། སྦྱོར་ཚུལ་ག་ད་ན་བ་མ། ས་དང་ད་དྲག་ཅན་མཐར་པ། ང་འ་ར་ལ་མཐའ་མེད་ཀྱི། བ་ཕྱེད་ཝར་འགོད་རྣམས་ལ་བ། འགའ་ཞིག་པ་བ་བརྗོད་བདེ་གང༌། སྦྱར་རོ་བདག་སྒྲ་ཞེས་བྱ་བ། གང་ཞིག་གང་ལ་ཡོད་པའམ། ལྡན་པའི་དོན་ཅན་དེ་ལ་བརྗོད། བདག་སྒྲ་དངོས་དང་ཤུགས་བསྟན་གཞན། གཉིས་ལ་དང་པོ་བདག་སྒྲ་དངོས། རྗེས་འཇུག་མི་བལྟོས་བལྟོས་པ་གཉིས། མི་བལྟོས་རང་དབང་ཅན་ཡིན་ཕྱིར། དཔེར་ན་རྟ་གཡག་ལུག་སོགས་ཀྱི། མིང་རྐྱང་བདག་པོ་གསལ་བ་མིན། བདག་སྒྲའི་པ་ཡིག་སྦྱར་བའི་ཚེ། རྟ་པ་གཡག་པ་ལུག་པ་སྟེ། ཞོན་འདེད་འཚོ་མི་ཡོད་པ་གོ། གུ་གེ་པ་དང་པུ་ཧྲིང་པ། རུ་ཐོག་པ་དང་མངའ་རིས་པ། ལྟ་བུ་རྗེས་འཇུག་བལྟོས་པའི་སྒྲ། ལུགས་འགར་བདག་སྒྲ་ཚིག་ཡ་གྱུར། དེ་ལ་བ་དང་ཆ་ལ་བ། ཞེས་སུ་བཤད་དེ་རེ་འགའ་བདེན། གཉིས་པ་ཤུགས་བསྟན་མིང་མཐའ་ལ། པ་བ་གང་རུང་ཡོད་པ་དཔེར། ཀ་བ་བུམ་པ་ལྟ་བུ་ནི། བདག་སྒྲ་མ་ཡིན་འཁྲུལ་མི་བྱ། འོན་ཀྱང་སྦྱོར་འཐོབ་ཁྱད་མེད་དཔེར། རྩིག་པ་སྲིད་པ་ཤན་པ་དང༌། ཞིམ་པ་མཉམ་པ་མཁས་པ་དང༌། སྟོནད་པ་གྱུརད་པ་བསྩལད་པ་དང༌། གང་བ་དགའ་བ་ཐར་བ་དང༌། འཇལ་བ་དགེ་བ་ལྟ་བུའོ། དེ་སོགས་བྱ་བྱེད་ཚིག་ཡོད་རིགས། བདག་སྒྲའི་པོ་ཡིག་སྦྱར་མ་ཐག བདག་པོ་དངོས་སུ་སྟོན་སྒྲ་འཆར། ཞིབ་པ་གང་དུ་བྱ་བྱེད་སྐབས། བཤད་ལྟར་ཤེས་ལ་གཞན་ཡང་ནི། རང་དབང་ཅན་གྱི་མིང་འགའ་དཔེར། རྐང་པ་ལྒང་པ་ཡུལ་པ་དང༌། ལུང་པ་མདའ་པ་ལྟ་བུ་རྣམས། སྦྱོར་འཐོབ་མ་ངེས་མིང་ཟླ་སྟེ། འདོད་རྒྱལ་ཐོག་མའི་མིང་ཡིན་ཕྱིར། གསར་གྱི་ཕྲད་སོགས་སྦྱར་མི་བཏུབ། པ་བོ་ལྡན་པའི་མིང་ཡང་མང༌། སྦྱོར་ཚུལ་འ་མཐའ་བོ་འཐོབ་ལ། གཞན་དགུར་མཐའ་མེད་བཅས་ལ་པོ། དཔེར་ན་དོག་པོ་ཆད་པོ་དང༌། བརྟན་པོ་ཟབ་པོ་དམ་པོ་དང༌། སྲས་པོ་འབྱུང་པོ་བཅུ་པོ་དང༌། མཚར་པོ་དལ་པོ་འ་མཐའ་ལ། དཔའ་བོ་དགྲ་བོ་ཇོ་བོ་དང༌། སྐྱེ་བོ་ཟླ་བོ་ལྟ་བུར་མང༌། གཞན་ཡང་པུ་བུ་འུ་གསུམ་ཡང༌། ག་མཐར་པུ་དང་གཞན་དགུ་བུ། འ་མཐར་འུ་སྦྱར་གཅིག་པུ་དང༌། ཅོག་པུ་ཙོག་པུ་གང་བུ་དང༌། ཤེད་བུ་ལེན་བུ་ཤུབ་བུ་དང༌། དུམ་བུ་གཏོ་བུ་གོར་བུ་དང༌། དལ་བུ་སྐྱེས་བུ་ཁྱེའུ་བུ་དང༌། སྤྲེའུ་དྲེའུ་བེའུ་སོགས། ཤིན་ཏུ་མང་པོར་འཇུག་པར་བྱེད། དྲུག་པ་དགག་སྒྲ་མོ་རྟགས་ཅན། མ་དང་མི་མིན་མེད་མོ་བཅས། འཇུག་ཚུལ་རྗེས་འཇུག་སོགས་མི་ལྟོས། ཐོག་བར་ཐ་སྙད་གང་ལའང་འཇུག དགག་སྒྲ་དངོས་ནི་མ་ཡིན་ཕྱིར། མ་བྱེད་མ་མཐོང་མ་བསྟན་དང༌། མ་བསླབ་མ་ཤེས་མ་བསྒྲག་ལྟར། ཤུགས་བསྟན་མ་མིན་མེད་རྣམས་དཔེར། མི་ཤེས་མི་མངོན་མི་སྟོན་དང༌། མི་སློབ་མི་སྒྲོག་ལྟ་བུ་སྟེ། མ་དང་མི་གཉིས་སྔོན་དགག་དང༌། ང་མིན་ཁྱོན་མིན་བསླབ་པ་མིན། བརྗོད་མིན་ཤེས་མིན་དེ་མིན་དང༌། ང་མེད་ཁྱོད་མེད་བསླབ་པ་མེད། མཐོང་བ་མེད་སོགས་མིན་མེད་གཉིས། རྗེས་སུ་དགག་ལ་འཇུག་པ་མང༌། མ་ཡིག་བར་གྱི་གསལ་བྱེད་དཔེར། རྒྱ་མ་བོད་དང་ར་མ་ལུག ས་མ་འབྲོག་སོགས་ལྟ་བུའོ། བྲལ་དང་དབེན་ཡང་རྗེས་མཐུན་ཏེ། འཇིག་བྲལ་སྡིག་དབེན་ལྟར་རྟོགས་མཛོད། དགག་སྒྲའི་མ་སོགས་བྱ་བྱེད་ལས། དུས་གསུམ་ཀུན་ལ་ཁྱད་མེད་འཇུག མ་ཡིག་མིང་ཟླ་ཡོད་པའང༌། རྗེས་འཇུག་ཀུན་ལ་རིས་མེད་མཐར། ཐོག་མ་གོང་མ་གདོད་མད་ང༌། བརྟན་མ་འདབ་མ་བཤམ་མ་དང༌། མཐའ་མ་བར་མ་ཆལ་མ་དང༌། དབུས་མ་ལྟར་དང་ཇ་མ་དང༌། ཆང་མ་འཇོ་མ་ལྟ་བུ་མང༌། འགའ་ཞིག་མོ་ཡིག་སྦྱར་བའི་ཚེ། ཇ་མ་མོ་དང་ཆང་མ་མོ། ལྟ་བུ་མོ་ཡིག་བདག་སྒྲའང་སྟོན། མིང་མཐར་མ་ཡོད་མང་སྟེ་དཔེར། གད་མོ་ཉིན་མོ་བདེ་མོ་དང༌། ཞིབ་མོ་དམའ་མོ་དགའ་མོ་དང༌། གཡང་མོ་ལྟ་བུའི་མཚོན་པར་བྱ། བདུན་པ་ཚིག་གི་འཕྲོ་འཐུད་ལ། ཅིང་ཞིང་ཤིང་གསུམ་འཇུག་པ་སྟེ། འཐོབ་ཚུལ་ག་ད་བ་དྲག་མཐར། ཅིང་དང་ང་ན་མ་འ་ར། ལ་དང་མཐའ་མེད་རྣམས་ལ་ཞིང༌། ས་མཐར་དམིགས་བསལ་ཤིང་ཚབ་ཞིང༌། དེ་མིན་ཤིང་སྦྱར་འོག་ཏུ་ཡང༌། ཅེས་ཞེས་ཤེས་དང་ཅེ་འོ་དང༌། ཞེ་འོ་ཤེ་འོ་ཅེ་ན་དང༌། ཞེ་ན་ཤེ་ན་ཅིག་ཞིག་ཤིག རྣམས་ལའང་སྦྱོར་འཐོབ་དེ་དང་མཚུངས། དེ་ཡང་འཕྲོ་མཐུད་དཔེར་བརྗོད་ནི། ཕྱུག་ཅིང་སྐྱིད་ལ་འབད་ཅིང་བསྒྲུབ། གཏུབ་ཅིང་གཏོར་ལ་བསྟནད་ཅིང་འཆད། ཐརད་ཅིང་བྲོས་ལ་བསྐུལད་ཅིང་རྦད། མཐོང་ཞིང་འཇིགས་ལ་ཕྱིན་ཞིང་སླེབ། བསམ་ཞིང་བསྒོམ་ལ་དགའ་ཞིང་བགོད། སྦྱར་ཞིང་བསྡེབ་ལ་སྤྲུལ་ཞིང་འགྱེད། དྲི་ཞིང་བཤད་ལ་ཤེས་ཤིང་དགེ། ལྟ་བུར་རྒྱ་ཆེར་ཤེས་པར་བྱ། བརྒྱད་པ་སྔ་མའི་ངེས་བཟུང་སྒྲ། ཅེས་ཞེས་ཤེས་གསུམ་སྦྱར་བའི་དཔེར། རྟག་ཅེས་བྱ་དང་ཡོད་ཅེས་བརྗོད། བསྒྲུབ་ཅེས་བྱ་ལ་བསྟནད་ཅེས་ཐོས། བཟང་ཞེས་ཟེར་ལ་སྙན་ཞིང་འཇེབས། བསམ་ཞེས་ཟེར་རོ་དགའ་ཞེས་འཛུམ། བཀུར་ཞེས་བྱའོ་འདུལ་ཞེས་ཐུལ། འདི་ཞེས་བྱ་ལ་མཁས་ཤེས་ཟེར། མཁས་ཞེས་བརྡ་གསར་ནོར་དོགས་དབྱེ། དགུ་པ་དྲིན་ལན་མཚམས་སྦྱོར་སྒྲ། ཅེ་ན་ཞེ་ན་ཤེ་ན་དང༌། ཅེའོ་ཞེའོ་ཤེའོ་གསུམ། སྦྱོར་འཐོབ་གོང་བཤད་འཕྲོད་འཐུད་ལྟར། དཔེར་བརྗོད་དངོས་པོ་རྟག་ཅེ་ན། མི་རྟག་ཅེའོ་བསད་ཅེ་ན། མི་གསོད་ཅེ་འོ་སྒྲུབ་ཅེ་ན། བསྒྲུབ་པོ་ཅེའོ་སྟོན་ཅེ་ན། སྟོན་ནོ་ཅེ་འོ་མཐོང་ཞེ་ན། མ་མཐོང་ཞེ་འོ་ཕྱིན་ཞེ་ན། ཕྱིན་ནོ་ཞེ་ན་བསམ་ཞེ་ན། མི་བསམ་ཞེ་འོ་གདའ་ཞེ་ན། མི་གདའ་ཞེ་འོ་བཀར་ཞེ་ན། བཀར་རོ་ཞེ་འོ་བསྐུལ་ཞེ་ན། མི་བསྐུལ་ཞེ་འོ་བལྟ་ཞེ་ན། མི་བལྟ་ཞེ་འོ་མཁས་ཤེ་ན། མཁས་སོ་ཤེའོ་ལྟ་བུར་ཀུན་ལ་འགྲེ། བཅུ་པ་ངེས་བཟུང་སྐུལ་དང་ཚིག་གཉིས། ཅིག་ཞིག་ཤིག་གསུམ་འཇུག་པ་སྟེ། སྦྱོར་འཐོབ་ཚུལ་ནི་སྔར་དང་འདྲ། དང་པོ་ངེས་བཟུང་དཔེར་བརྗོད་ནི། ཚ་དྲག་ཅིག་འདུག་གནད་ཅིག་བལྟ། ཚིག་སྡེབ་ཅིག་བརྩོམ་འཕྲིནད་ཅིག་བཤད། དབང་ཞིག་བསྐུ་ལ་བསྟན་ཞིག་འདིང༌། སྐོམ་ཞིག་འཐུང་ལ་མདའ་ཞིག་འཕེན། མཁར་ཞིག་རྩིག་ལ་དངུལ་ཚིག་བརྡུང༌། འདྲེ་ཞིག་བཀར་ལྟར་གཞན་ལ་ཤེས། གཉིས་པ་སྐུལ་ཚིག་གསལ་བྱེད་དཔེར། དགྲ་བོ་ཁུག་ཅིག་སེམས་བསྐྱེད་ཞིག རྒྱོབ་ཅིག་སྟོནད་ཅིག་དབང་ཞིག་སྐུརད། དོན་ཞིག་སྒྲུབས་ལ་གཏམ་ཞིག་ཤོད། མདའ་ཞིག་འཕོངས་ལ་གར་ཞིག་རྩེས། ངལ་ཞིག་སོས་ལ་བརྡ་ཞིག་སྟོན། ལས་ཤིག་གྱིས་ལྟར་རྣམ་མང་འགྲེ། གྲངས་ཀྱི་གཅིག་དང་མ་འཁྲུལ་མཛོད། གཅུ་གཅིག་གཞན་ཡང་ཕྲད་སྣ་ཚོགས། མདོར་བསྟུན་བརྗོད་དེ་འདི་སྒྲ་དང༌། ད་ལྟ་ཉིད་སྒྲ་ཙམ་སྒྲ་དང༌། མང་སྒྲ་ལྷག་མ་འགག་སྒྲ་སོགས། འདི་ནི་ད་ལྟའི་དུས་ཉིད་དང༌། ཉེ་དང་དངོས་སུ་པ་ལ་འཇུག དཔེར་ན་ད་ལྟའི་དུས་འདི་ལ། ལུས་འདི་རྫས་འདི་དངོས་པོ་འདི། ལྟར་ལས་ལྐོག་གྱུར་འདས་མ་འོངས། འདི་ཞེས་བརྗོད་དོན་མཚོན་མི་ནུས། ད་ནི་སྐབས་སུ་བབས་པའི་ཚིག དཔེར་ན་ད་ལན་སྐབས་འདི་རུ། ད་ལྟ་ད་ཅིའི་སེམས་ཅན་འདི། ད་ནི་འདི་ནས་མར་ལ་ལྟར། ཉིད་ནི་ངོ་བོ་ཁོ་ན་སྟོན། ངོ་བོ་ཉིད་དང་དེ་ཉིད་དང༌། བོན་ཉིད་ཆོས་ཉིད་ལྟ་བུ་དང༌། ཙམ་ནི་ལྷག་མ་འགོག་པ་དང༌། ཚད་དང་དམན་པའི་སྒྲ་ལ་འཇུག དཔེར་ན་ལྷག་མ་འགོག་པའི་སྒྲ། མཇལ་བ་ཙམ་གྱིས་བདེ་བ་སྟེར། ཐོས་པ་ཙམ་གྱིས་སྡུག་བསྔལ་ཞི། བསྒོམ་པ་ཙམ་གྱིས་སྒྲིབ་གཉིས་འབྱང༌། ཚད་ལ་འཇུག་དཔེ་རི་རབ་ཙམ། ཉུངས་འབྲུ་ཤིག་ཙམ་ལྟ་བུའོ། དམན་པར་འཇུག་ཚུལ་མི་ལུས་ཙམ། ཁ་ཙམ་ཚིག་ཙམ་ལྟ་བུའོ། ཐམས་ཅད་ཀུན་ཀ་ཡོ་ཀ་དང༌། དུ་མ་རྣམས་ནི་མང་ཚིག་སྟེ། ལྷ་མི་ཐམས་ཅད་དེ་དག་ཀུན། དེ་རུ་ཡོ་ཀ་གྲངས་དུ་མ། འགྲོ་དྲུག་རྣམས་ལ་ལྟ་བུའོ། མ་ལུས་འབའ་ཞིག་ཤ་སྟག་རྣམས། ལྷག་མ་འགོག་སྒྲ་སྟོན་ཏེ་དཔེར། གཙོ་འཁོར་མ་ལུས་དོན་མ་ལུས། དངོས་གྲུབ་འབའ་ཞིག་གསེར་འབའ་ཞིག དྲང་གཏམ་ཤ་སྟག་བདེན་ཤ་སྟག ལྟ་བུར་རྒྱ་ཆེར་འགྲེལ་བར་མཛོད། ཞོར་བསྟན་ཚིག་ཕྲད་སྣ་ཚོགས་དང༌། བསྡུས་དང་ཟུར་ཆགས་ལ་སོགས་པ། ཞིབ་པར་བརྗོད་ཀྱིས་མི་ལོང་ཡང༌། རག་འཐོར་ཙམ་ཞིག་བརྗོད་པ་ན། སྐྱིད་ཉམས་ལ་དང་གང་ལ་ལ། བྱོས་ཤིག་གུ་དང་སྨྲ་རེ་མཁས། འཕུར་ལ་ཁད་དང་འཇབ་ལ་ཁད། གཙང་ཞིང་མཛེས་དང་ཡོད་ཀྱིན་གདའ། ཡིན་ནོ་ལོ་དང་ཨ་རེ་མཚར། ཨེ་རེ་སྡུག་དང་ལྷང་ངེ་བ། ལྷན་ནེ་བ་དང་ཤད་དེ་ཤད། ཡ་ལ་ལ་དང་འུ་རུ་རུ། ལྡེམས་སེ་ལྡེམས་དང་ཁྲོ་ལོ་ལོ། པུ་རུ་རུ་དང་ལྷབས་སེ་ལྷབས། བསྡུས་དང་ཟུར་ཆགས་ལ་སོགས་ཀྱང༌། མ་ཡིན་དག་ལ་བསྡུས་པ་མིན། འོ་ན་འོན་དང་ཡི་གེ་ཡིག དེ་རིང་དེང་དང་དེང་སང་དེང༌། ཅུང་ཟད་ཅུང་དང་ཅི་ཡང་མེད། ཅང་མེད་བདེར་གཤེགས་བདེ་གཤེགས་དང༌། ག་ལ་ལ་ཞེས་ག་ལ་དང༌། གང་ལ་གལ་དང་ས་བོན་སོན། ལ་སོགས་ཤིན་ཏུ་མང་བ་རྣམས། བློ་ལྡན་མཁས་པས་རྟོགས་པར་བྱོས། བར་ཚེག་ཚེག་ནི་ང་མ་གཏོགས། གཞན་རྣམས་ཤད་གོང་ཕྱི་ཚེག་སྤོངས། མདོ་གཅོད་ཤད་ལ་དཀར་ཤད་དང༌། ནག་ཤད་ཚིག་ཤད་དྲག་ཤད་དང༌། སྦྲུལ་ཤད་བཀྱོག་ཤད་དང་དྲུག་སྟེ། དེ་དག་སོ་སོའི་ཐོབ་ཐང་ནི། དཀར་ལྷུག་པའི་དོན་མང་གི། མི་མཚམས་དོན་འབྲིང་འབྱེད་པ་དང༌། དོན་ཉུང་རྫོགས་དང་ཚིག་བཅད་ཀྱི། ག་མཐའ་ཅན་མཐར་ཚིག་ཤད་དང༌། ལྷུག་པའི་རྫོགས་ཚིག་མཐའ་ཅན་དང༌། ཚིག་བཅད་རྐང་མཐར་ཉིས་ཤད་འཐོབ། སྤྱན་ཁྱེར་ཕྱོགས་སུ་བར་ཚེག་གསུམ། མ་ལོང་བཀྱོག་ཤད་ལོང་ན་ཤད། བམ་པོ་ལེའུ་ཡོངས་རྫོགས་སྐབས། བཞི་ཤད་བྱེད་པ་ཡིག་དཀར་ལུགས། ནག་ཤད་ཚིག་རྐང་མཚམས་སུ་དང༌། ཚིག་ལྷུག་དོན་མང་འབྲིང་ཉུང་རྫོགས། ཀུན་འདྲ་ཚིག་ཤད་རྫོགས་མཚམས་སུ། བཅད་ལྷུག་མ་ཕྱེས་ཉིས་ཤད་ནི། ཡིག་ནག་རྒུར་ལྗིབ་རྣམས་ལ་འཐོབ། ག་མཐར་ཤད་མེད་པ་ཡང་འདོད། ཚིག་མང་དོན་མང་ལྷ༌༑ ལྷ་མིན༑ མི༑ ཀླུ༑ ཀྭ༑ ཀྱེ༑ ཧེ༑ ལྟ་བུར། དོན་མང་དང་ནི་འབྲིང་འབྱེད་པ། དོན་ཉུང་རྫོགས་དང་འགྲེས་༼   ༽ རྣམས་དང་མདུན་རྒྱབ་མགོ་ཕྱོགས་སུ། བར་ཚེག་གསུམ་མ་ལོང་ན་འཐོབ། དྲག་ཤད་མི་འདྲ་རིགས་གཉིས་སོགས། གཏེར་བྱུང་རྣམས་དང་སྐབས་འབྱེད་བྱེད། སྦྲུལ་ཤད་བར་མཚམས་ཡིག་མགོའི་དོད། ལྟ་བུར་སྦྱར་རོ་ཤེས་ལྡན་ཚོགས། དེ་ལྟར་འཕྲུལ་ཆེན་ཡིག་སྦྱོར་གྱིས། འཁོར་འདས་བརྟན་གཡོའི་བརྗོད་དོན་ཀུན། སྨྲ་བའི་སྒྲ་ལ་ཐོགས་མེད་ཕྱིར། བརྡ་སྤྲོད་ཀུན་སྙིང་འདི་ཀོ་རྨད། བཀའ་དང་བསྟན་བཅོས་དགོངས་དོན་འགྲེལ། ཕྱི་ནང་རིག་ཕྲག་མ་ལུས་སོགས། ལུགས་གཉིས་རྣམ་བཞག་གང་བྱེད་ཀྱང༌། བརྡ་སྤྲོད་ཡིག་སྦྱོར་འདི་ཁོ་ན། དེ་ཕྱིར་ཕྱི་རབས་དཔྱོད་ལྡན་ཀུན། ཡོན་ཏན་ཀུན་གཞི་ཡིག་སྦྱོར་དོན། མཁས་ན་སྲིད་ཞིའི་བརྗོད་དོན་ཀུན། སྦྲུལ་གྱི་མདུད་བཞིན་འགྲོལ་བར་ངེས། འདི་དོན་འབད་བརྩོན་མཐར་ཕྱིན་ན། བརྗོད་དོན་དཀའ་གནད་མ་ལུས་ཁྲོལ། མཁས་དབུས་མགྲིན་གཟེངས་ཆེར་བཏེགས་བཞིན། འཆད་རྩོད་རྩོམ་སོགས་མངའ་བརྙེས་འགྱུར། ཨེ་མ་བརྡ་སྤྲོད་རྒྱ་མཚོའི་བཅུད། སྙིང་པོ་སྲིད་པའི་སྒྲོན་མེ་འདི། བོན་ཆོས་སློབ་འབངས་ཤིང་རྟས་བསྐུལ། རྨོང་མུན་གསལ་ཕྱིར་འདིར་དྲངས་སོ། འོན་ཀྱང་འགལ་འཁྲུལ་ཆུ་འཛིན་དྲི། མཆིས་ཚེ་མཁས་པའི་རྣམ་དཔྱོད་ཀྱི། རྫི་རླུང་འཕྱོ་བས་གཏོར་ནས་སུ། ལེགས་ཆ་འབུམ་སྣང་སྤྲོ་རུ་གསོལ། བརྩོན་པའི་དགེ་ཚོགས་བསིལ་ཟེར་ཅན། སྙིགས་རྒུད་ཚ་གདུང་ཀུན་གཞིལ་ནས། བསྟན་འགྲོའི་ཀུན་ངྷ་ཆེར་འཛུམ་སྟེ། དགའ་བདེའི་དྲི་བསུང་འཐུལ་བར་སྨོན། གྱེར་བསྟན་བཻའཊུར་ལྷུན་པོའི་རི། ལུང་རྟོགས་བང་རིམ་མངོན་མཐོ་བཞིན། སྐྱེས་བུའི་ངལ་གསོའི་རྟེན་གནས་སུ། ནུབ་མེད་མཁའ་ལྟར་རྟག་བརྟན་ཤོག། །།
ཅེས་པ་བརྡ་སྤྲོད་སྲིད་པའི་སྒྲོན་མེ་ཞེས་བྱ་བ་ཚིག་ཉུང་དོན་རྒྱས་སུམ་རྟགས་ཀུན་ཚང་གོ་སླ་ཁྱེར་བདེ་རྩ་འགྲེལ་ཟུང་མཐུན་འདི་ཉིད། རྒྱ་ཞང་བོད་སོགས་བརྡ་སྤྲོད་དག་ལ་ཅུང་ཟད་གོམས་པའི་བརྡ་སྤྲོད་པ་ག༵་བཙུ༵ན་འཇིག༵ས་མེ༵ད་ན༵མ་མཁ༵འ་དཔ༵ལ་བཟ༵ང་པོ༵ས་ཞང་ཞུང་ཁྱུང་ཆེན་སྤུངས་རིར་མགྱོགས་པར་ཕབས་པ་རེས་ཤིག་རྫོགས་སོ།། །། དགེའོ།། བཀྲ་ཤིས།། ཤུད་བྷཾ།།