ཏོག་དབྱིབས་ནད་དུག་གསར་པའི་ནད་ཡམས་ལས་མྱུར་ཏུ་ཐར་བར་སྨན་རིའི་གླིང་དུ་དྲག་སྔགས་དབལ་མོའི་སྲུང་ཟློག་དང་བྱམས་མ་འཇིགས་པ་བརྒྱད་སྐྱོབས་ཀྱི་སྐུ་རིམ་སྒྲུབ་བཞིན་པ།

དེ་རིང་སྟེ་ཕྱི་ལོ་༢༠༢༠ལོའི་ཕྱི་ཟླ་༢ཚེས་༧ཉིན་རྣམ་འདྲེན་དམུ་རྒྱལ་ཐོད་དཀར་སྲས་པོའི་རྗེས་སུ་འཛིན་ཞིང་ཞྭ་དཀར་ཅོད་པན་མཐོན་པོས་མངོན་པར་བརྒྱན་པ། ན་བཟའ་སྣ་ལྔས་ཡོངས་སུ་སྤྲས་ཏེ་དྲི་མེད་ཚངས་སྤྱོད་ཀྱི་བསླབ་པས་ཐུགས་རྒྱུད་རབ་ཏུ་བརླན་ཅིང་ཟབ་གསལ་ཡོན་ཏན་བདུན་དང་ལྡན་པའི་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཙུན་འདུས་པ་རྒྱ་མཚོས།

དེང་འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་གཙོས་པའི་འཛམ་གླིང་གི་ཡུལ་ཁམས་མང་པོར་ཏོག་དབྱིབས་ཟེར་བ་འཇིགས་སུ་རུང་ཞིང་བཅོས་པར་དཀའ་བའི་ནད་ཡམས་གསར་པ་ཞིག་ཁྱབ་བདལ་དུ་འགྲོ་དང་འགྲོ་བཞིན་པར། མི་རྣམས་ཀྱི་སེམས་ལ་བཟོད་པར་དཀའ་བའི་དངངས་སྐྲག་གི་སྡུག་བསྔལ་རབ་ཏུ་མནར་བར་བརྟེན། ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་ཐུགས་དགོངས་བཞིན། འདི་ག་གཡུང་དྲུང་བོན་གྱི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ། མ་མོ་འབུམ་གྱི་གཙོ་མོ། སྲིད་གསུམ་དབང་བསྒྱུར་སྲིད་པའི་རྒྱལ་མོ། སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་ཟིལ་གྱིས་གནོན་པའི་ཐིག་ལེ་གཏིང་རྫོགས་དྲག་སྔགས་དབལ་མོའི་སྒོ་ནས་སྲུང་བཟློག་གི་ཆོ་ག་དང༌། འགྲོ་ལ་མ་ལྟར་བྱམས་ཤིང་བུ་ལྟར་བརྩེ་བ་འཇིགས་པ་བརྒྱད་ལས་སྐྱོབས་མཛད་ཀུན་གསལ་བྱམས་མ་ཆེན་མོའི་སྔགས་བསྟོད་བཅས་ཀྱི་སྒོ་ནས། ཉིན་འགྱང་གཉིས་རིང་ཞབས་བརྟན་བསྒྲུབ་བཞིན་པ་དང་། ནད་ཡམས་ལས་སོགས་རྐྱེན་ངན་བར་ཆད་ཐམས་ཅད་མིང་མེད་དུ་ཞི་ནས་འཛམ་གླིང་སྐྱེ་འགྲོ་ཀུན་སླར་ཡང་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་པའི་ཐུགས་བསྐྱེད་ཀྱི་གཏད་པ་གནད་སྨིན་དུ་སྒྲུབ་བཞིན་པ་བཅས་ཀྱི་གནས་བསྡུས་སུ།


བཙུན་དགོན་རདྞ་སྨན་གླིང་གི་བཙུན་མ་དང་བོན་ཕྲུག་བདེ་དོན་གྱི་སློབ་ཕྲུག་རྣམས་ནས་ནད་ཡམས་འདི་ཉིད་མྱུར་ཏུ་ཞི་བར་སྐུ་རིམ་སྒྲུབ་བཞིན་པ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow